Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ནས་མང་ཚོགས་ལ་འགྲེམས་སྟོན་བྱས་པ།

Posted on 2012-08-162012-08-16 By ཁ་བརྡ་ 27 Comments on ༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ནས་མང་ཚོགས་ལ་འགྲེམས་སྟོན་བྱས་པ།

མཁོ་འདོན་པཿ རྡོ་རྗེ་ཚེ་བརྟན།

༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ནས་མང་ཚོགས་ལ་འགྲེམས་སྟོན་བྱས་པ།
ས་གནསྲ ལྡི་ལི། དུས་ཚོད། ་༢༠༡༢་ལོའི་ཟླ་༨་པའི་ཚེས་༡༥ དགོང་དྲོའི་ཆུ་ཚོད་༥:༣༠་ནས་༧:༣༠

དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་མཉམ་རུབ་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཉིས་བརྒྱ་ལྷག་བསྐོངས་ནས་རྒྱ་གར་རྒྱལ་ཁབ་ཆེན་པོའི་རང་བཙན་གྱི་ཉིན་མོ་ཐེངས་དྲུག་ཅུ་རེ་དྲུག་པ་དེ་སྲུང་བརྩི་ཞུས་པ་དང་ཆབས་ཅིག་ཕྱི་ལོ་༡༩༡༣་ལོར་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མཛད་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ཏེ་དེར་འདུས་ཀྱི་མང་ཚོགས་ཡོངས་ལ་འགྲེམས་སྟོན་བྱས་ཡོད་ལ།

དེ་ལས་མང་བ་། “༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ནས་མང་ཚོགས་ལ་འགྲེམས་སྟོན་བྱས་པ།” »

གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་སྤེལ་བའི་རྩོམ་སྐུལ་གསལ་བསྒྲགས།

Posted on 2012-08-16 By ཁ་བརྡ་ 17 Comments on ཤེས་རིག་ལས་ཁུངས་ཀྱིས་སྤེལ་བའི་རྩོམ་སྐུལ་གསལ་བསྒྲགས།

༄༅། །རྒྱ་ཆེའི་ཀློག་པོ་སྤྱི་དང་ཤེས་བྱའི་གནས་ལ་འབད་འབུངས་གནང་བཞིན་པའི་མ་འོངས་སོན་རྩ་རྣམས་ལ་ཞུ་རྒྱུར། ཁྱེད་རྣམ་པས་མཁྱེན་གསལ་ལྟར། ཕ་ཡུལ་ཤེས་བྱའི་བང་མཛོད་ནི། མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་གཙོས་པའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན་པས། འདིར་ང་ཚོས་འཕྲོད་བསྟེན་དང་། གནའ་དེང་གི་རྒྱུན་ཤེས། མཚར་གཏམ། བརྩམས་སྒྲུང་དང་། དེ་བཞིན་ཚན་རིག་ཤེས་བྱ་ལ་སོགས་པའི་སྒྱུར་རྩོམ་རིགས་བཅས་སློབ་ཕྲུག་གི་ཁམས་དང་མོས་པ་གཙོ་ཆེར་དམིགས་ནས་པར་སྐྲུན་ཞུས་དང་ཞུ་བཞིན་ལགས་ན། དམིགས་ཡུལ་དེ་ཉིད་འགྲུབ་པར་ཁྱེད་རྣམས་ཀྱི་ཕྱར་གྲུ་མཉམ་འདེགས་ནི་མེད་དུ་མི་རུང་བའི་ཆ་རྐྱེན་དུ་འགྱུར་ཡོད།

དེ་ལས་མང་བ་། “ཤེས་རིག་ལས་ཁུངས་ཀྱིས་སྤེལ་བའི་རྩོམ་སྐུལ་གསལ་བསྒྲགས།” »

གསལ་བསྒྲགས།

ཨོྃ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ།

Posted on 2012-08-162012-08-16 By ཁ་བརྡ་ 23 Comments on ཨོྃ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ།

མགོན་པོ་ཕྱག་གཉིས་པ།

ཕྱག་འཚལ་ཆོས་དབྱིངས་མྱུར་མ་དཔའ་མོ།།
ཞབས་གཉིས་གཡས་བསྣོལ་གཡོན་བསྣོལ་བྱས་ཏེ།།
འཁྱག་འཁྱོག་བྱ་གག་འགྲོས་དང་འདྲ་བར།།
ཀུན་ནས་བསྐོར་རྒྱུག་བྱས་ན་མགྱོགས་མ།།

ཕྱག་འཚལ་པགས་རྩག་ཡུལ་དུ་ལུས་མ།།
ནུ་ཁེབས་མ་གཏོགས་སྟོད་གཡོགས་མེད་མ།།
འདོམས་རས་མ་གཏོགས་སྨད་ཤམ་མེད་མ།།
ཀུན་ནས་བསྐོར་དགའ་གཅེར་རུར་བརྒྱུགས་མ།།

དེ་ལས་མང་བ་། “ཨོྃ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ།” »

སྙན་ངག

སློབ་གཉེར་དང་དུས་རབས།

Posted on 2012-08-16 By ཁ་བརྡ་ 10 Comments on སློབ་གཉེར་དང་དུས་རབས།

དུས་རབས་དང་། སློབ་གཉེར། དད་མོས། ལྟ་ཚུལ་བཅས་ཀྱི་དོན་དངོས་དཔྱད་གླེང་།

སེར་ཤུལ་རིན་ཆེན་དོན་གྲུབ།

“༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ལས། ལྷག་དོན་དགོན་པའི་ནང་ལ་ཡོད་པའི་དགེ་ཚུལ་གཞོན་ནུ་དེ་ཚོའི་གྲས་ལ་དེང་དུས་ཀྱི་སློབ་སྦྱོང་བྱེད་ཡ་དེ་ཚོ་དམིགས་བསལ་གྱིས་ལྟ་རྟོག་མ་བྱས་པར་དེ་སྔའི་ལམ་དང་ལུགས་སོ་ཞིག་ཡིན་ཟེར་ནས་དཔེ་ཆ་ཚིག་སྐམ་པོ་ཞིག་བསླབས། ཉེས་རྟགས་འདྲ་བཏང་། དེ་འདྲ་ཞིག་མ་གཏོགས་མེད་བསྡད་ནས་ཕྱིན་པ་ཡིན་ན་ལོ་གཉིས་གསུམ་བཞི་ལྔ་ཞིག་གི་དུས་ཚོད་སྐྱེལ་དུས་སློབ་གྲྭར་འགྲོ་བའི་དུས་ཚོད་དེ་ཡང་འདས། དེའི་རིང་ལ་ཚིག་སྐམ་པོ་ཞིག་བསླབས་བཞག་པ་དེ་ཡིས་སོ་སོའི་མི་ཚེ་གང་པོ་དགོན་པ་ནས་བསྡད་དེ་ཁུང་འཁྱོལ་ན་འགྲིག་གི་རེད་དེ། གང་འཚམ་ཞིག་ནས་དགོན་པར་སྡོད་འདོད་མེད་པའི་བཟོ་འདྲ་བོ།

དེ་ལས་མང་བ་། “སློབ་གཉེར་དང་དུས་རབས།” »

སྣ་ཚོགས།

དེས་བཅོས་མ་མིན་པའི་མང་ཚོགས་ཀྱི་གནས་བབ་དངོས་མཚོན་གྱི་འདུག

Posted on 2012-08-15 By རིག་འབྱུང་དོན་གྲུབ་བཀྲ་ཤིས་

” རྒྱ་ནག་ཏུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་དུས་སྟོན་སྐབས་གནས་ཚུལ་སྤེལ་བ་ཧ་ཅང་ཉུང་བ་མ་ཟད། གནས་ཚུལ་ཉུང་ཉུང་དེའང་དོན་དངོས་དང་མི་མཐུན། དེ་ནི་བུ་མོ་ཞིག་ཡོལ་བའི་ཕག་ཏུ་གབ་སྟེ་གླུ་གཞས་གཏོང་བཅུག་ནས་སྡིངས་ཆའི་སྟེང་བུ་མོ་ཆུང་ཆུང་ཞིག་གིས་ལེན་པ་ལྟ་བུའི་ཟོལ་བཅོས་བྱས་པ་དེ་གཅིག་པུ་མ་རེད། བྱེད་ཐབས་དེས་གཞས་གཏོང་མཁན་དང་ལད་ཟློས་བྱེད་མཁན་གཉིས་ལ་བཟོད་པར་དཀའ་བའི་ཕོག་ཐུག་བཏང་ཡོད། དེས་རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལམ་མཚོན་གྱི་ཡོད་པ་རེད། ཁྱེད་ཀྱིས་སྲིད་གཞུང་དང་མི་སྒེར་གྱི་བྱ་བྱེད་གང་ལའང་ཡིད་ཆེས་བྱ་ཐབས་མེད་པ་དེ་རེད།” རྒྱས་པ་འདི་རུ་བསྣུན་ཏེ་སྐར་ཁུང་དྲ་བ་བརྒྱུད་ཀློགས།

འགྱུར་རྩོམ།

རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་འདེབས།

Posted on 2012-08-152012-08-15 By ཆུ་སྐྱེས་སྒྲོལ་མ། 32 Comments on རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་འདེབས།

བསམ་གླིང་ཚེ་རིང་ལྷ་མོ།

ཞལ་གྱི་དཀྱིལ་འཁོར་བྱམས་པའི་འཛུམ་གྱིས་བསུས།།
དབུ་སྐྲའི་ཐོར་ཅོག་མཐོན་ཐིང་ནམ་མཁར་འདྲེས།།
ཡེ་ཤེས་དཔག་ཡས་འཕགས་མ་རྗེ་བཙུན་མ།།
མི་ཕྱེད་དད་པའི་གླུ་འདིར་ཡུད་ཙམ་དགོངས།།
དྲི་མེད་གངས་རི་དཀར་པོས་རབ་བརྒྱན་ཅིང་།།
འགྲོ་བ་ཉམ་ཆུང་དད་ལྡན་བསོད་ནམས་ཅན།།
སོས་དལ་བག་ཕེབས་ང་ཅག་བོད་ཡུལ་འདིར།།
ད་ཆ་དམར་པོའི་དཔུང་གིས་ཡོངས་བཅོམ་ཞིང་།།

དེ་ལས་མང་བ་། “རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་འདེབས།” »

སྙན་ངག

ལོ་བརྒྱ་དང་ཚེ་རིང་གཉིས་ལ་ཁྲིམས་ཐག་བཅད་པ།

Posted on 2012-08-15 By ཁ་བརྡ་ 2 Comments on ལོ་བརྒྱ་དང་ཚེ་རིང་གཉིས་ལ་ཁྲིམས་ཐག་བཅད་པ།

ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་སྟེ་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ཉིན་རྔ་པ་རྫོང་རྨེའུ་རུ་མའི་ཞང་ཐོག་ནས་མི་མང་བརྒྱ་ཕྲག་བརྒལ་བས་ངོ་རྒོལ་སྐད་འབོད་བྱས་སྐབས་༸གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་མི་མང་གི་སྣེ་ཁྲིད་པའི་ཉེས་མིང་འོག་རྨེའུ་མ་ཞང་རུ་ཆེན་དང་པོའི་དཔལ་ལྡན་ཚང་གི་མག་པ་ལོ་བརྒྱ། རང་ལོ་ ༣༣ ཡིན་པ་ཁོང་ལ་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་ལས་མང་བ་། “ལོ་བརྒྱ་དང་ཚེ་རིང་གཉིས་ལ་ཁྲིམས་ཐག་བཅད་པ།” »

གསར་འགྱུར།

རྒྱལ་གཅེས་དཔའ་བོ་བསྟན་ཉི་དང་རིག་འཛིན་རྡོ་རྗེ་གཉིས་ཀྱི་པར།

Posted on 2012-08-15 By ཁ་བརྡ་ 14 Comments on རྒྱལ་གཅེས་དཔའ་བོ་བསྟན་ཉི་དང་རིག་འཛིན་རྡོ་རྗེ་གཉིས་ཀྱི་པར།

ཕྱི་ལོ་༢༠༡༢ ཟླ་༡ ཚེས་༦ ཉིན་རང་ལོ་ ༢༠ ཡིན་པའི་རྒྱལ་གཅེས་དཔའ་བོ་བློ་བཟང་ཚུལ་ཁྲིམས་དང་ལྷན་དུ་རྔ་པ་རྫོང་ནས་རང་ལུས་མེར་སྲེག་གནང་ཞིང་། ཉིན་དེ་རང་ལ་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་བསྟན་ཉི་ལགས་ཀྱི་སྐུ་པར་སྐབས་དེར་རྙེད་སོན་བྱུང་མེད་ཀྱང་། ཉེ་ཆར་བོད་ནས་སྐུར་འབྱོར་བྱུང་བ་ཟུར་གསལ་དེ་ཡིན་ལགས་པས་དེ་ལུགས་དགོངས་འཇགས་ཡོང་བར་ཞུ།
བསྟན་ཉི་ནི་རྔ་པ་རྫོང་མཐའ་བ་གོང་མ་ནས་ཡིན་ཞིང་། རང་ལོ་༢༠ ། ཕ་མིང་ལ་ཡར་འཕེལ་ཡིན། ཁོང་ཆུང་ཆུང་སྐབས་ཀིརྟི་དགོན་པར་གྲྭ་བྱས་ཤིང་ལོ་ཤས་གོང་སྐྱ་སར་བབ་པ་ཞིག་ཡིན་འདུག

དེ་ལས་མང་བ་། “རྒྱལ་གཅེས་དཔའ་བོ་བསྟན་ཉི་དང་རིག་འཛིན་རྡོ་རྗེ་གཉིས་ཀྱི་པར།” »

གསར་འགྱུར།

རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ལགས་འདས་གྲོངས་ཕྱིན་པ།

Posted on 2012-08-152012-08-15 By ཁ་བརྡ་ 2 Comments on རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ལགས་འདས་གྲོངས་ཕྱིན་པ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ལགས་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ཕྱི་ཚེས་ ༡༤ ཉིན་འདས་གྲོངས་སུ་གྱུར་ཡོད་ཀྱང་ཁོང་གི་སྐུ་ཕུང་ནང་མིར་སྤྲད་ཡོད་མེད་གསལ་པོ་ཤེས་རྟོགས་མ་བྱུང་། རྒྱལ་གཅེས་དཔའ་བོ་གཉིས་ཀྱིས་ཕྱི་ཚེས་ ༡༣ ཉིན་རང་ལུས་མེར་སྲེག་བཏང་བར་བརྟེན་ཤུལ་ལུས་ནང་མི་དང་བཅས་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཕྱི་ཚེས་ ༡༤ ཉིན་རྔ་པའི་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་རྒྱབ་སྟེ་རྔ་པ་མི་མང་གིས་དགོན་པ་ཁག་ལ་བསྔོ་བསྟེན་ཕུལ་བ་དང་སྐོར་ར། ཕྱག་མཆོད་འབུལ་སོགས་བྱས་ཏེ་རྣམ་པ་སྟོན་གང་ཐུབ་བྱས་ཡོད་འདུག

དེ་ལས་མང་བ་། “རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ལགས་འདས་གྲོངས་ཕྱིན་པ།” »

གསར་འགྱུར།

ལུས་རྩལ་པས་བོད་སྐད་ཐོས་པས་མིག་ཆུ་ཤོར་ཉེན

Posted on 2012-08-152012-08-15 By ཁ་བརྡ་ 3 Comments on ལུས་རྩལ་པས་བོད་སྐད་ཐོས་པས་མིག་ཆུ་ཤོར་ཉེན

བོད་ཀྱི་ལུས་རྩལ་པར་འདུར་རྒྱུག་ཟངས་རྟགས་ཐོབ་རྗེས། བོད་སྐད་ཐོས་པས་མིག་ཆུ་ཤོར་ཉེན 藏族选手竞走摘铜 赛后只想吃牛羊肉喝白酒 རྒྱ་ཡིག་ནས་བསྒྱུར་བས། སྐད་གཉིས་ཤན་སྦྱར་དུ་བཀོད་པ་ཡིན། ཞུ་དག་དང་ནོར་བཅོས་གནང་བར་རེ་ཡོད། ཆ་ཚང་འབྲེལ་ཐག་འདིར་བསྣུན་ནས་གཟིགས། ལུས་རྩལ་པས་བོད་སྐད་ཐོས་པས་མིག་ཆུ་ཤོར་ཉེན

སྣ་ཚོགས།

ཐ་སྙད་ཤ་ཚ་མོ་སྐོར་ཞིག་ལ་ཁྲིམས་ཐག་བཅད་པ།

Posted on 2012-08-152012-08-15 By ཁ་བརྡ་ 6 Comments on ཐ་སྙད་ཤ་ཚ་མོ་སྐོར་ཞིག་ལ་ཁྲིམས་ཐག་བཅད་པ།

ཐེ་བོ་ཤེས་རབ་རྒྱ་མཚོ།

མདང་དགོང་ངས་འོད་ཟེར་གྱིས་གསར་དུ་བྲིས་པའི་བླ་བྲང་ཨ་ཁུ་འཇིགས་མེད་སྐོར་གྱི་བྲིས་རྩོམ་ཞིག་བཀླགས་པ་ཡིན། བླ་བྲང་ཨ་ཁུ་འཇིགས་མེད་ནི་ད་ལྟ་མདོ་སྨད་གཙོད་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ཞིག་ཏུ་བཀག་ཉར་བྱས་ནས་རྒྱུན་རིང་སོང་ཡོད་པས། ཨ་ཁུ་འཇིགས་མེད་ཀྱི་ཕུ་བོས་བཤད་ན། ཆུ་ཚོད་༢༤ རིང་ཉེན་རྟོག་པ་བཞི་ལྔ་ཞིག་གི་ལྟ་རྟོགས་ནན་པོའི་འོག་བཞག་ཡོད་འདུག ངས་བསམ་ན་བཀག་ཉར་དེའི་རྒྱབ་ཏུ་ཤིན་ཏུ་རྟོག་དཀའ་བའི་གསང་བ་གཞན་ཞིག་ཡོད་སྲིད། བདག་གིས་འོད་ཟེར་གྱི་བྲིས་རྩོམ་དེ་བཀླགས་ཚར་དུས། ད་ལྟ་བོད་ན་ཧ་ཅང་ཤ་ཚ་མོ་དང་དཀྱུས་མ་ཡིན་པའི་ཐ་སྙད་རྒྱུན་སྤྱོད་སྐོར་ཞིག་ལ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཏུ་ནག་ཉེས་ཕོག་ནས་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་།

དེ་ལས་མང་བ་། “ཐ་སྙད་ཤ་ཚ་མོ་སྐོར་ཞིག་ལ་ཁྲིམས་ཐག་བཅད་པ།” »

སྣ་ཚོགས།

ཆོས་དབྱིངས་སྐྱིད་ཀྱི་བྱས་རྗེས་ཆེ་ཤོས་དེ་འཛུམ་མདངས་རེད།

Posted on 2012-08-15 By ཁ་བརྡ་ 20 Comments on ཆོས་དབྱིངས་སྐྱིད་ཀྱི་བྱས་རྗེས་ཆེ་ཤོས་དེ་འཛུམ་མདངས་རེད།

ཨོ་རྒྱན་ཉི་མ།
བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ནི་འབྲོག་པའི་རྩ་ཐང་དུ་ལུ་གུ་དང་། བེའུ་མཉམ་དུ་འཚར་ལོངས་བྱུང་ཞིང་། གྲོང་གསེབ་ནས་གྲོང་བརྡལ། གྲོང་ཁྱེར་སོགས་རིམ་བགྲོད་ཀྱིས་འཛམ་གླིང་ཤར་ནུབ་གཉིས་ན་གྲགས་པ་འབར་བའི་ཨོ་ རྩལ་འགྲན་ཚོགས་སུ་ཞུགས་པ་རེད། ཁོ་མོས་འགྲོས་རྒྱུགས་ཀྱིས་ཨང་གསུམ་པའི་བྱ་དགའ་བླངས་པ་དེས་ལྟད་མོ་བར་དམིགས་བསལ་གྱི་ཚོར་སྣང་ཞིག་སྟེར་མེད་ལ། དེ་ནི་སྤྱིར་བཏང་ཞིག་ལས་ཧ་ལས་དགོས་པའི་རྟགས་མ་ཞིག་ཀྱང་མ་རེད། དེ་ཕྱིར་དེ་ལ་ཁོ་བོ་ཡང་ཁོ་ཚོས་སྤྲད་པའི་བྱ་དགའ་ལ་ཧ་ལས་པའི་སེམས་ཚོར་ཞིག་གང་ཡང་མ་བྱུང་།

དེ་ལས་མང་བ་། “ཆོས་དབྱིངས་སྐྱིད་ཀྱི་བྱས་རྗེས་ཆེ་ཤོས་དེ་འཛུམ་མདངས་རེད།” »

སྣ་ཚོགས།

ཐོབ་ཐང་མ་རྩོད་ཤཱཀྱའི་རྗེས་འཇུག་ཚོ།

Posted on 2012-08-152012-08-15 By ཁ་བརྡ་ 23 Comments on ཐོབ་ཐང་མ་རྩོད་ཤཱཀྱའི་རྗེས་འཇུག་ཚོ།

ཨོ་རྒྱན་ཉི་མ།

དེང་སང་ཡོད་ཚད་ཀྱིས་རྩོད་བཞིན་པ་ནི་ཐོབ་ཐང་རེད། ཆབ་སྲིད་པས་ཐོབ་ཐང་རྩོད་རྒྱུ་ནི་སྤྱིར་བཏང་ཞིག་རེད། ཆབ་སྲིད་ཅེས་པ་དེ་སྒེར་རང་ཉིད་དང་། རང་གི་ཚོགས་པ། རང་གི་མི་རིགས། རང་གི་རྒྱལ་ཁབ་ཆེད་དུ་རང་ཁེ་གཞན་ཕམ་བྱ་བའི་ཐབས་ལམ་ཞིག་རེད། དེ་ཕྱིར་ཆབ་སྲིད་པས་ཐོབ་ཐང་རྩོད་པ་དེ་ལ་དམིགས་བསལ་ཧ་ལས་དགོས་དོན་མི་འདུག་མོད། དམ་པའི་ཆོས་ཞེས་པ་དེ་རང་གཞན་གཙོ་བོར་བྱ་དགོས་པ་དང་། རང་དོན་ལས་གཞན་དོན་གཙོ་ཆེར་བཟུང་བའི་ཐབས་ལམ་ཞིག་ཡིན་དུས་རྩ་ནས་ཐོབ་ཐང་རྩོད་པ་དེ་མཐའ་གཅིག་ཏུ་ནོར་བ་རེད།

དེ་ལས་མང་བ་། “ཐོབ་ཐང་མ་རྩོད་ཤཱཀྱའི་རྗེས་འཇུག་ཚོ།” »

སྣ་ཚོགས།

འཛུམ་མདངས་ཀྱི་རྒྱལ་ཁ།

Posted on 2012-08-152012-08-15 By ཁ་བརྡ་ 20 Comments on འཛུམ་མདངས་ཀྱི་རྒྱལ་ཁ།

གནས་ཚུལ་མཁོ་འདོན་པ། རྨེའུ་དཀོན་རྒྱམ།

གློག་བརྙན་།

ཅིའི་ཕྱིར་༧གོང་ས་ཏཱ་ལའི་བླ་མས་བོད་མི་རང་ལུས་མེར་སྲེག་གཏོང་གནང་མཁན་ཚོར་སྐྱོན་བརྗོད་བྱེད་མ་ཐུབ་པ་རེད།

Posted on 2012-08-15 By རིག་འབྱུང་དོན་གྲུབ་བཀྲ་ཤིས་

སྐུ་ཞབས་ཕུ་རོ་ཐས་རོ་(Mr Prothero)ལགས་ཀྱིས་བོད་མི་དག་གིས་རང་ལུས་མེར་སྲེག་གཏོང་བཞིན་པ་ནི་རྨོངས་དད་ངང་ལྷ་དང་དཀོན་མཆོག་གི་ཆེད་དུ་འབར་བཞིན་པ་རེད་ཟེར་བ་ནི་བོད་སྤྱི་ཚོགས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཅུང་ཙམ་ཡང་མེད་པའི་གཏམ་དུ་འཁུམས། བོད་མི་དག་གིས་རང་ལུས་མེར་བསྲེག་བྱེད་དོན་གཙོ་བོ་ནི་འཛམ་གླིང་མི་མང་ལ་བོད་མིའི་སྡུག་བསྔལ་ཆེ་བའི་གནས་སྟངས་ལ་དངོས་ཡོད་དང་དྲང་བདེན་གཞི་ལ་བཞག་ནས་རྒྱབ་སྐྱོར་དང་བདེན་པའི་དཔང་བོ་གནང་རོགས་ཞེས་འབོད་སྐུལ་ཞུ་བ་ཡིན། རྒྱས་པ་འདི་རུ་བསྣུན་ཏེ་སྐར་ཁུང་དྲ་བ་བརྒྱུད་ཀློགས།

འགྱུར་རྩོམ།

ཆོས་དབྱིངས་སྐྱིད་ལ་ཕུལ།

Posted on 2012-08-142012-08-14 By ཁ་བརྡ་ 3 Comments on ཆོས་དབྱིངས་སྐྱིད་ལ་ཕུལ།

རེབ་ཐོག་མདའ།

སྦྲང་དཀར་རྩམ་པ་ཡིས་གསོས་པའི།།
གཡང་དཀར་ལུག་ཁྱུ་ཡི་རྫི་བོ།།
སྦྲ་ནག་གྲུ་བཞི་ཡི་བདག་མོ།།
བོད་མོ་ཆོས་དབྱིངས་ནི་སྒྲོལ་མ།།

གངས་རིའི་ལས་དབང་དེ་འཁུར་ནས།།
འཛམ་གླིང་རྩལ་འགྲན་དུ་ཆས་སོང་།།
འདུར་རྒྱུགས་འགྲན་བསྡུར་དེའི་ཁྲོད་ནས།།
ལོ་རྒྱུས་རི་མོ་ཞིག་བྲིས་སོང་།།

དེ་ལས་མང་བ་། “ཆོས་དབྱིངས་སྐྱིད་ལ་ཕུལ།” »

སྙན་ངག

ཁ་ཆེ། ཡེ་ཤུ། ཇོ་ནང་། མེ་སྲེག

Posted on 2012-08-142012-08-14 By ཁ་བརྡ་ 24 Comments on ཁ་ཆེ། ཡེ་ཤུ། ཇོ་ནང་། མེ་སྲེག

མི་ཕམ་ཚངས་ཐིག

ཆོས་ལུགས་ཀྱི་ཆ་ནས་བཤད་ན། ཕྱི་ལོ་༡༩༩༩ ཡས་མས་ནས་བཟུང་བཙན་བྱོལ་བོད་གཞུང་དུ་ཇོ་ནང་པས་བོད་ཀྱི་ཆོས་བརྒྱུད་ཆེ་གྲས་ཀྱི་ཐོབ་ཐང་ཞུས་པའི་དབང་གིས་ཁ་ཆེ་དང་ཡེ་ཤུ བོན་པོ་སོགས་ཀྱི་གནས་སྟངས་གླེང་མི་དགོས་ས་ནས་གླེང་སློང་བྱུང་ཡོད། དེ་ནི་ཕྱི་སྡོད་བོད་མིའི་གནད་ཡོད་མི་སྣ་དག་གིས་བོད་ཀྱི་ཆོས་སྲིད་ལོ་རྒྱུས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གྱིས་མ་འདང་བ་དང་ཕོངས་བས་ཉེར་ལེན་ལས་བྱུང་བ་རེད།

དེ་ལས་མང་བ་། “ཁ་ཆེ། ཡེ་ཤུ། ཇོ་ནང་། མེ་སྲེག” »

སྣ་ཚོགས།

ཆོས་དབྱིངས་སྐྱིད་འདི་ལྟར་བརྗོད་ན།

Posted on 2012-08-14 By ཁ་བརྡ་ 18 Comments on ཆོས་དབྱིངས་སྐྱིད་འདི་ལྟར་བརྗོད་ན།

བོན་རྒྱ་བསྟན་འཛིན་རབ་རྒྱས།

བོད་ཀྱིས་ཅི་བྱས་ལས་སུ་མ་སོང་བོད་འབངས་སྡུག་གི་རྒྱ་མཚོར་ལྷུང་ཞིང་། །
ཆོད་སེམས་ཆེ་བའི་དཔའ་བོ་རེ་རེས་གློ་སྙིང་བདེན་པའི་མེ་ལྕེར་བསྲེགས་ཤིང་། །
ཐ་ན་ཅང་མེད་བསྟན་རབ་པས་ཀྱང་ཚོར་བའི་ལོ་མ་སྡུག་གིས་སྦངས་དུས། །
ཡ་གླིང་དུས་ཀྱི་དུང་ཟླ་དཀར་པོ་རྨ་རྒྱལ་སྦོམ་རའི་ཕྲག་ནས་འཛུམ་བྱུང་། །

གསལ་བའི་རྣམ་རིག་བུད་ཤིང་བྱས་ཏེ་བདེན་པ་རྩོད་རྣམས་དགོངས་དག་མཛོད་ཅིག །
དུད་ཁྲོད་ཚལ་དུ་ཕྱིར་མིག་གཟིགས་པའི་རྣམ་ཤེས་ཚོགས་ལ་བཟོད་གསོལ་ཞུ་འོ། །
འབེལ་རྩོམ་རིགས་པའི་འགྲོས་ལ་སྡེབ་པའི་སྲིད་པའི་གླུ་ཆེན་ངག་ལ་བཀུགས་སྟེ། །
དེ་རིང་བདག་གི་ཀི་བསོའི་གླུ་སྒྲས་འཇིག་རྟེན་ཆེན་པོ་འུར་ལ་སྐུར་ངེས། །

དེ་ལས་མང་བ་། “ཆོས་དབྱིངས་སྐྱིད་འདི་ལྟར་བརྗོད་ན།” »

སྙན་ངག

ཨབ་གན་གྱི་བུ་མོ་ཆུང་ཆུང་ཞིག་གི་ལས་དབང་།

Posted on 2012-08-14 By ཁ་བརྡ་ 8 Comments on ཨབ་གན་གྱི་བུ་མོ་ཆུང་ཆུང་ཞིག་གི་ལས་དབང་།

ཨབ་གྷ་ནི་སི་ཐན་གྱི་གྲོང་གསེབ་བྷག་ལེན་ཞེས་པའི་ས་གནས་སུ། སྦག་བཙོག་ཆེ་ཞིང་སྐར་ཁུང་མེད་པའི་ས་འོག་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་ལོ་ན་བཅུ་བཞིར་སོན་ཙམ་གྱི་ན་ཆུང་བུ་མོ་ཞིག་ལྕི་བ་དང་རྩ་སྙིགས་སོགས་ཀྱི་ཁྲོད་དུ་ཤི་མ་སོན་དུ་གྱུར་ཡོད་པ་ཞིག་ཉེན་རྟོག་པའི་ལག་ཏུ་རྙེད་སོན་བྱུང་ཡོད་པ་རེད། ཁོ་མོའི་མིང་ལ་སའི་ཧར་གྷུལ་ཟེར་ཞིང་ཨབ་གྷ་ནི་སི་ཐན་གྱི་བྱང་ཕྱོགས་སུ་ཡོད་པའི་རིའི་སྒང་གི་མངའ་སྡེ་བྷ་ཌག་ཤན་ཞེས་པའི་ས་ཁུལ་སྐྱོ་པོ་ཞིག་ནས་ཚར་ལོང་བྱུང་བ་ཞིག་ཡིན་འདུག སའི་ཧར་གྷུལ་གྱི་ཨ་ཕ་ཚེ་ལས་འདས་པ་ནས་ཟུང་ཁོ་མོ་བུ་ཚབ་དང་ལྷན་དུ་འཇིགས་སུ་རུང་བའི་ལས་དབང་ཞིག་གི་ཕྲང་ལམ་བརྒལ་དགོས་བྱུང་ཡོད་འདུག རྒྱས་པ་དྲ་སྦྲེལ་ཁ་བྱང་འདིར་ཡོད་པ་ནས་གཟིགས་རོགས། 

གསར་འགྱུར།

རེབ་གོང་ནས་ཉེན་རྟོག་པར་ངོ་རྒོལ་སྐད་འབོད་བྱས་འདུག

Posted on 2012-08-142012-08-14 By ཁ་བརྡ་ 4 Comments on རེབ་གོང་ནས་ཉེན་རྟོག་པར་ངོ་རྒོལ་སྐད་འབོད་བྱས་འདུག

ཁ་སང་རེབ་གོང་སེང་གེ་གཤོང་གི་མི་སྐོར་ཞིག་གིས་རླངས་འཁོར་བཏང་སྟེ་རེབ་གོང་ཁུལ་ཐོག་ཏུ་སོང་སྟེ་ཕྱིར་ལོག་གི་ཡོད་པའི་ལམ་བར་དུ། རྒྱབ་ལོགས་ནས་རེབ་གོང་རྫོང་གི་ཉེན་རྟོག་པའི་རླངས་འཁོར་གྱིས་ཉེན་བརྡ་སོགས་མ་བརྒྱབ་པར་ཡོང་ནས་ཁོང་ཅག་བཀག་ཡོད་པ་དང་། དེ་ནས་ཁོང་ཚོའི་བར་སྐད་ཆ་ཡར་མར་བཤད་སྐབས་ཉེན་རྟོག་པ་རེ་ཟུང་ར་བཟི་ནས་ཡོད་པ་དག་གིས། ་ཁྱོད་ཚོ་འགྲོ་ཤེས་རུང་འདུག་ཤེས་དགོས་པ་རེད་ཟེར་ནས་མེ་མདའ་ལ་ལག་པ་འཆང་སྟེ་འཇིགས་སྐུལ་བྱས་སྟབས། ཁོང་ཚོའི་བར་འཁོན་འཛིང་ཤོར་འདུག་པ་དང་།

དེ་ལས་མང་བ་། “རེབ་གོང་ནས་ཉེན་རྟོག་པར་ངོ་རྒོལ་སྐད་འབོད་བྱས་འདུག” »

གསར་འགྱུར།

Posts pagination

Previous 1 … 573 574 575 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (29)
  • ཕྱག་ན་པདྨོ། (10)
  •        ཚན་རིག་གི་ཤེས་བྱ། (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme