གདོང་མཁན་པས་རྡོར་གདན་ནས།
༡༽དེང་དུས་གངས་ཅན་བོད་ཡུལ་འདི་
འཕྲིན་ཕྲན་བགྲོ་གླེང་བྱེད་མཁན་
སྨྲ་བརྗོད་རང་དབང་གསར་པའི་སྒོ་
རྨོངས་པའི་རྟགས་སུ་སྨྲ་བ་ཅུང་
༢༽རང་དོན་སྒྲུབ་ཐབས་གླེང་མཁན་ཉུ
གཞན་ཕན་བསམ་བློའི་གོམས་སྲོལ་ཡི
འཛམ་གླིང་སྤྱི་དང་མཐུན་པའི་གཤི
ནང་སེམས་ཞི་བདེ་འཚོལ་བ་མིན་ནམ་
༣༽མི་ལུགས་བཤད་མཁན་ཉུང་བར་སྨྲེ་
ཆོས་ཀྱི་བསླབ་བྱ་ཀུན་སྤྱོད་རྨང་
རང་རྒྱུད་གསོ་བའི་ཐབས་ལམ་མ་ཤེས་
ཕྱི་དངོས་ཡར་རྒྱས་ཁོ་ནས་ཅི་ཞིག་
༤༽བླ་མའི་པར་དང་གྲུབ་མཐའི་གནས་
མི་རིགས་འདི་ཡི་དད་པའི་སྲོག་ཤི
རྩོད་པའི་ཁྲོད་ནས་རིག་པ་གོ་ཆོད་
འདི་ལ་ཁྱད་གསོད་བྱེད་པ་ཤིན་ཏུ་
༥༽མ་བསླབས་མཁས་པའི་བོད་པ་མཚར་ཟེ
རིགས་པའི་གཞུང་ལུགས་བརྡར་བའི་རྣ
གཟུ་བོའི་བློ་ཡིས་ཅུང་ཟད་གཟིགས་
ལྐོག་གྱུར་རིག་པའི་གཏིང་མཐའ་
༦༽ཕྱི་ན་དཔལ་འབྱོར་མེད་པས་སྡུག་
འདོད་རྔམ་སེམས་ཀྱི་སྡུག་བསྔལ་མི
ནང་གི་ཡོན་ཏན་ཆོས་ལ་བརྟེན་པས་ན།
བོད་འདི་སྡུག་པའི་གནས་སུ་བགྲང་
༧༽ཚན་རིག་དུག་ཏུ་མཐོང་བ་སུ་ཡང་
རྨོངས་དད་སྤྲིན་ལྟར་འཁྲིགས་པའང་
རྒྱལ་བསྟན་བཤིག་པའི་བླ་མ་གང་དུ་
རང་སྐྱོན་རང་གིས་འདོགས་པ་བླུན་
༨༽ཆོས་ཁྲིམས་འབངས་ཀྱི་གཉའ་ཤིང་
མ་བརྟག་མ་དཔྱད་གཏམ་འདི་སྨྲ་བ་ནི
ལོ་རྒྱུས་དངོས་ལ་རྨོངས་པའི་འཆལ་
སྡུག་པ་དགུ་ལྡན་ཟེར་བ་སྨྱོན་པའི
༩༽སྲིད་འབྱོར་རིག་གསུམ་སྤེལ་བའི
བོད་མིའི་སྙིང་སྟོབས་ནམ་ཡང་ཞུམ་
ཆོས་རིག་སྙིང་པོ་དོར་བའི་ཡར་རྒྱ
སྙིང་པོ་མེད་པའི་ལྦུ་བ་ཙམ་དུ་
༡༠༽གནའ་བོའི་བསམ་བློ་གད་སྙིགས་
མི་རིགས་ཤིག་གི་བླ་སྲོག་དྭངས་མ་
ལྷ་སྒྲུང་བཤད་པས་བསམ་བློའི་གཤོ
འདི་ལ་མི་མཁས་ཟེར་བ་རང་ཉིད་རྨོ
༡༡༽ཁོག་སྟོང་ནམ་མཁའི་ཀློང་ནས་གླེ
སྟོང་པ་ཉིད་ཀྱི་གནས་ལུགས་ཟབ་མོ་
ཆར་འབྲུ་གཅིག་ཀྱང་མེད་པར་སྨྲ་བ་
རང་གི་སྣོད་ལ་སྐྱོན་དུ་གྱུར་པའི
༡༢༽ ཚེ་འདིའི་ལྟོ་གོས་གལ་ཆེ་སྨོས་ཅི
འོན་ཀྱང་ཕྱི་མའི་ལམ་སྣེ་མ་བསམས་
དུད་འགྲོ་རྣམས་ཀྱང་ལྟོ་གོས་འཚོ
མི་ལུས་ཐོབ་པའི་དགོས་པ་གང་དུ་ཡོ
༡༣༽ཕ་མ་བུ་རྒྱུད་བྱམས་སྐྱོང་བྱེ
འགྲོ་བ་རིགས་དྲུག་སྙིང་རྗེས་བསྐྱ
འགལ་བ་མིན་པར་གཅིག་ཕན་གཅིག་གྲོ
སེམས་རྒྱ་ཆུང་བའི་ལྟ་བས་དཔྱད་མི
༡༤༽ལོ་ངོ་སྟོང་གི་གནས་ལུགས་བརྡ
རི་བོང་རྭ་ལ་རྩོད་པ་ག་ལ་ཡིན།།
བདེན་པ་འཚོལ་བའི་རིག་པའི་གོ་རི
འདི་ནི་བོད་ཀྱི་རྣམ་དཔྱོད་རྩེར་
༡༥༽འཇའ་ལུས་འོད་སྐུའི་གནས་ལུགས་
སྟོང་གཏམ་ཡིན་པར་འདོད་པ་ཤིན་ཏུ་
ཉམས་མྱོང་རྟོགས་པའི་ལམ་ནས་མ་བགྲོ
མཁས་པའི་མདོག་གིས་སྨད་པ་བག་མེད་
༡༦༽ཚེ་འདིའི་བྱ་གཞག་ཀླད་པ་སྟོང་
བོད་ཀྱི་རིག་གནས་འཛམ་གླིང་རྒྱན་
འཕྲིན་ཕྲན་ནང་གི་ཆོས་ཀྱི་བགྲོ་
ཡོན་ཏན་ཡོད་པའི་རྟགས་སུ་མངོན་པ་
༡༧༽སང་ཉིན་འཚོ་བའི་ཐབས་ཤེས་མེད་
དེ་རིང་འཆི་བ་དྲན་པའི་མི་རྟག་པ།
སྒོམ་པ་འདི་ནི་བོད་ཀྱི་བསམ་བློ་
དག་ཞིང་འགྲོ་བའི་སྤོབས་པ་དེ་ལས་
༡༨༽ཟས་གོས་ཆོས་ཀྱིས་ཆོག་པར་སྨྲ
སྟོང་ཉིད་བཤད་པས་སངས་རྒྱས་མིན་
ཉོན་མོངས་གདུང་བ་སེལ་བའི་བསིལ་
འདི་ལ་འཕྱ་བ་ལོག་པའི་ལྟ་བ་ལགས།།
༡༩༽མ་འོངས་མདུན་ལམ་བསམ་པ་གཅིག་
ཐར་པའི་ལམ་སྣེ་འཚོལ་བ་བོད་ཀྱི་
གླང་རྒན་ཕག་པ་ཁྱུ་དང་མཚུངས་ཟེར་
རང་གི་ཕ་མེས་ཀུན་ལ་དམོད་པ་ལགས།།
༢༠༽རྒྱུ་མཚན་མེད་པའི་ཅ་ཅོ་ག་ལ་
རྒྱུ་འབྲས་བསླུ་བ་མེད་པའི་གནས་
མུ་སྟེགས་རྒྱང་འཕེན་ལྟ་བ་དངོས་
བོད་ཀྱི་ལྟ་གྲུབ་འདི་ལས་ཟབ་པ་མེ
༢༡༽བླ་མས་དཀོར་གསོག་དད་པས་འབུལ་
ལོག་པར་བལྟས་ནས་སྨྲེ་སྔགས་འདོན་
ལས་འབྲས་སྙིང་པོ་མ་མཐོང་ལོང་བ་
སང་ཉིན་ཉི་མ་ཤར་བར་ཐེ་ཚོམ་མེད།།
༢༢༽བླ་མས་མཛེས་མ་བརྗེ་ལེན་བྱེད་
ཆོས་ཀྱི་སྐྱོན་མིན་གང་ཟག་སྒེར་
མིག་གཉིས་ལོང་བའི་བོད་འབངས་མ་ཡི
དད་པའི་མིག་གིས་བདེན་པ་མཐོང་བ་
༢༣༽འཛམ་གླིང་སྤྱི་ལུགས་ཁོ་ནས་མི
རང་རིགས་ཡུལ་ལུགས་བཟང་པོ་སྲུང་
ཡང་དག་སློབ་གསོ་ཆོས་ལུགས་བསླབ་
རྗེས་ལུས་སྐྱོན་དུ་བགྲང་བ་དགོད་
༢༤༽རང་སྐྱོན་རང་གིས་མཐོང་བ་གལ་
ཡོན་ཏན་སྐྱོན་དུ་བལྟས་ན་ཐབས་རེ་
སྐྲན་ནད་ནོར་བུར་བསྒོམ་པའི་དཔེ་
ཆོས་ལ་སྨོད་པའི་ཁྱོད་ལ་འཚམ་པ་
༢༥༽འཕྲིན་ཕྲན་བགྲོ་གླེང་རྐྱེན་
དོགས་སློང་ཚིགས་བཅད་དེ་ལ་ལན་
གངས་ཅན་བོད་ཀྱི་ཆོས་རིག་རིན་ཐང་
སླར་ཡང་དཔྱད་པའི་རིག་པ་འཕེལ་བར་
འདི་ནི་མཁས་དབང་མིང་འཛིན་པ་ཐུབ་
༢༠༢༥ ལོའི་ཟླ་ ༡༢ ཚེས་ ༡༩ ཉིན་གྱི་ཆུ་ཚོད་ ༡༠ དང་སྐར་མ་ ༣༥ ལ་བྲིས།