Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིང་རྗེ་རྙེད་པའི་མཚན་མོ།

Posted on 2013-11-252013-11-25 By ཁ་བརྡ་ 3 Comments on སྙིང་རྗེ་རྙེད་པའི་མཚན་མོ།

ཁང་སྨིན་གྲོལ་རྒྱ་མཚོ།
——དྲག་ཆར་ཤག་ཤག་ཏུ་འབབ་པའི་མཚན་མོ་ཞིག་གི་ཟིན་ཐོ།

མདངས་ནུབ་དགོང་ཇ་འཐུང་སྐབས་སྒོ་འགྲམ་གྱི་ཁྱི་ཕྲུག་དང་། ཁྱི་མོ་དམར་རིལ་མ་དེ་གཉིས་ཀས་ངས་ཐུག་པ་འཐུང་སྟངས་ལ་མིག་ཟུང་ཅེར་ནས་འདུག་པས། འཆར་ཅན་བཞིན་ཤ་མེད་ཐུག་པ་དེའི་ནང་ནས་སྔོ་ཚོད་ཅུང་རེ་ཁར་འཕངས་པ་ཡིན། དུས་རྒྱུན་ཡིན་ན། ང་ཚོས་ཟ་མ་ཅི་ཞིག་བཟོས་ཀྱང་ལྷག་མ་རྣམས་ཁྱི་མོ་མ་བུ་གཉིས་ལ་སྟེར་གྱི་ཡོད་ན་འང་། དོ་དགོང་ཐུག་པ་ཉུང་ངུ་ཞིག་ལས་བསྐོལ་མེད་པས་ཁྱི་མོ་མ་བུ་གཉིས་ཀའི་ལྟོ་འགྲེངས་པ་ཞིག་སྟེར་རྒྱུ་གཏན་ནས་མ་རྙེད།

དེ་ལས་མང་བ་། “སྙིང་རྗེ་རྙེད་པའི་མཚན་མོ།” »

སྣ་ཚོགས།

དད་གདུང་གིས་སྐྱོམས་པའི་ལྷོ་མཐའི་དབྱངས་རྟ་ཐོལ་འཁྱུགས་མ།

Posted on 2013-11-252013-11-25 By ཁ་བརྡ་ No Comments on དད་གདུང་གིས་སྐྱོམས་པའི་ལྷོ་མཐའི་དབྱངས་རྟ་ཐོལ་འཁྱུགས་མ།

ཁྲི་གཡུང་དྲུང་། སྨན་རིའི་གླིང་།

unnamedམཐོན་པོ་ཏི་ཙེ་གངས་རྒན་རྩེ་ནས་ཨག་སྐད་ཅིག་གིས་བརྡ་འཕྲིན་སླེབས།
ཧི་མའི་རི་བོའི་ཕ་རོལ་ཞིག་ནས་མྱ་ངན་ངག་གིས་སྐད་འབོད་ཐོས།།
མ་ཕམ་མཚོ་མོའི་རླབས་སྒྲ་སྔོན་མོ་ཞེ་སྡང་དྲག་པོས་མཁའ་རུ་འཕྱོ།།
ཚུར་མཐོང་འཁོར་བའི་བུས་པ་འགའ་ཞིག་མགྲིན་པ་བརྣང་ཏེ་ཧད་ཀྱིས་ལུས།།

མི་མངོན་དག་པ་བདེ་ཆེན་ཞིང་ན་རིག་འཛིན་ལྷ་རྣམས་ཚོགས་ལ་རོལ།།
ཐུགས་རྗེ་ཡུམ་ཆེན་མཁའ་འགྲོའི་ཚོགས་རྣམས་གླུ་དང་གར་གྱི་སྟངས་སྟབས་བསྒྱུར།།

དེ་ལས་མང་བ་། “དད་གདུང་གིས་སྐྱོམས་པའི་ལྷོ་མཐའི་དབྱངས་རྟ་ཐོལ་འཁྱུགས་མ།” »

སྙན་ངག

ཕྱིར་དྲན་ཀློང་གི་རྡ་ས།

Posted on 2013-11-242013-11-24 By ཁ་བརྡ་ 1 Comment on ཕྱིར་དྲན་ཀློང་གི་རྡ་ས།

གཉན་ཆེན་གྱིས།

རྡ་སའི་རི་ངོགས་རང་གི་ཕ་ཡུལ་འདྲ།།
ལོ་ངོ་བཅུ་ཕྲག་འདི་ནས་བསྐྱལ་བ་ཡིན།།
གྲོགས་པོ་གྲོགས་མོ་འདི་ནས་བསྒྲིགས་པ་ཡིན།།
བཟང་ས་རྒྱན་ས་འདི་ན་མང་བ་ཡོད།།

སྐད་ཆ་བཟང་ངན་གཉིས་ཀ་གོ་ས་ཡིན།།
ཕ་ཡུལ་གཅིག་པའི་དཔུང་རོགས་སྒྲིག་ས་ཡིན།།

དེ་ལས་མང་བ་། “ཕྱིར་དྲན་ཀློང་གི་རྡ་ས།” »

སྙན་ངག

ལ་དྭགས་འཇམ་དཔལ་ལ་སྤྲིངས་ཡིག་ཕྱག་འཇུ་དཀར་པོ།

Posted on 2013-11-242013-11-24 By ཁ་བརྡ་ 15 Comments on ལ་དྭགས་འཇམ་དཔལ་ལ་སྤྲིངས་ཡིག་ཕྱག་འཇུ་དཀར་པོ།

ཨེ་མ་ཧོ།

ཀ་ཁའི་དབྱངས་གསལ་ཐོག་མར་རྩོམ་པའི། །
ཁ་བའི་རྒྱན་གཅིག་སློབ་དཔོན་དྲིན་ཆེན། །
ག་དག་བསིལ་ལྡན་ཆོས་ཀྱི་ཞིང་གི། །
ང་ཚོའི་མིག་འགྱེད་ཐོན་མི་རྒྱལ་ལོ། །
ཅ་ཆ་ཇ་སོགས་གསར་དུ་བསྒྲིག་ཅིང་། །
ཆ་ཤས་ཀུན་འཛོམས་བོད་ཡིག་རིན་ཆེན། །

དེ་ལས་མང་བ་། “ལ་དྭགས་འཇམ་དཔལ་ལ་སྤྲིངས་ཡིག་ཕྱག་འཇུ་དཀར་པོ།” »

རྩོམ་རིག

སུས་ཀྱང་ཡོངས་གྲགས་སུ་གླེང་མ་སོང།

Posted on 2013-11-242013-11-25 By ཁ་བརྡ་ 29 Comments on སུས་ཀྱང་ཡོངས་གྲགས་སུ་གླེང་མ་སོང།

རྩོམ་པ་པོ། ཤེས་རབ་དར་རྒྱས། འོས་སྦྱོར་བ་བསྟན་འཛིན་འཇམ་དཔལ།
—–བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་བགྲོ་གླེང་ལས་ཅུང་ཟད་འཕྲོས་པ།

ཁོ་བོ་སྡོད་མ་ཚུགས་པར་སྤྱི་ལོ་༡༩༩༦ ལོར་བོད་ཀྱི་དུས་བབ་ཚགས་ཤོག་ཏུ། <<བསྲན་མ་ཐུབ་པའི་སྨྲེ་སྔགས།--བོད་ཀྱི་ལོ་ཙཱ་བ་རྣམས་ལ་སྤྲིངས་པ།>>ཞེས་པ་ཞིག་བྲིས་ཏེ་རང་ཉིད་ཀྱི་བསམ་ཚུལ་དུ་མ་མཚོན་ཙམ་བྱས་ཡོད། དེའི་སྙིང་དོན་ནི། བོད་ཀྱིས་སྒུག་པའི་ཉིན་མོ་དེ་མ་ཤར་བར་དུ། བོད་མི་རིགས་འདི་འཛམ་གླིང་སྟེང་འབུར་དུ་འདོན་བྱེད་དམ། གང་གི་དོན་དུ་བོད་ཀྱི་རྩ་དོན་དེ་ཉིད་གལ་གནད་ཅན་དུ་གྱུར་པའི་གཞུང་ལུགས་ཧྲིལ་པོ་རེ་རེ་བཞིན་དབྱིན་སྒྱུར་མི་བྱ་རྒྱུ་དང། བོད་ཀྱི་སྐད་ཡིག་ལ་བསྲེས་ལྷད་མི་འཇུག་པར་བྱ་རྒྱུ། ཕྱིའི་རྩོམ་ཡིག་གྲགས་ཅན་ཁག་ནང་འདྲེན་བྱེད་དགོས་པ་སོགས་ཡིན།

དེ་ལས་མང་བ་། “སུས་ཀྱང་ཡོངས་གྲགས་སུ་གླེང་མ་སོང།” »

དཔྱད་རྩོམ།

སྙན་ཚོམས་གྲགས་ཅན<<མེ་ཏོག་ཕྲེང་རྒྱུད>>ཀྱི་ཆེ་བ་བརྗོད་པ།

Posted on 2013-11-242013-11-24 By ཁ་བརྡ་ 2 Comments on སྙན་ཚོམས་གྲགས་ཅན<<མེ་ཏོག་ཕྲེང་རྒྱུད>>ཀྱི་ཆེ་བ་བརྗོད་པ།

ཟླ་བ་གཞོན་ནུ།

0<<མེ་ཏོག་ཕྲེང་རྒྱུད>>ནི་སྙན་དངགས་མཁན་པོ་ཇོ་བོ་ཉི་དབང་མགོན་པོའི་<<སྙིམ་པའི་གླུ>>ཡི་རྗེས་ཀྱི་དབྱིན་ཡིག་ཏུ་སྐུ་དངོས་ཀྱིས་བསྒྱུར་བའི་སྙན་ཚོམས་གཉིས་པ་དེ་ཡིན་ལ། འདི་ལ་བསྡོམས་པས་སྙན་ངག་ཚན་པ་ ༨༥ ཡོད་ཅིང་། ད་ནས་བརྩིས་པའི་ཏག་ཏག་མི་ལོ་བརྒྱ་ཕྲག་གཅིག་གི་སྔོན་ཏེ། སྤྱི་ལོ༡༩༡༣ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཐོག་མར་དཔར།

དེ་ལས་མང་བ་། “སྙན་ཚོམས་གྲགས་ཅན<>ཀྱི་ཆེ་བ་བརྗོད་པ།” »

དཔྱད་རྩོམ།

བསྟོད་པ་མཐོང་བ་དོན་ལྡན་མ།

Posted on 2013-11-242013-11-24 By ཁ་བརྡ་ 1 Comment on བསྟོད་པ་མཐོང་བ་དོན་ལྡན་མ།

གཉན་ཆེན།

ཞལ་རས་དཀར་གསལ་ཟླ་བའི་མདོག་འདྲ་མ། །
སྤྱན་དཀྱུས་རིང་བའི་ཟུར་མིག་གཡོ་ལྡན་མ། །
མཆུ་འདབ་མེ་ཏོག་པདྨ་གད་འདྲ་མ། །
དུང་སོ་སུམ་ཅུ་ལྷ་ཡི་ཚེམས་འདྲ་མ། །
དབུ་སྐྲ་ནག་པོ་འོད་ཀྱི་མདངས་ཆགས་མ། །
ངག་སྒོ་ཡངས་པའི་སྨྲ་བརྗོད་དག་གཙང་མ། །

དེ་ལས་མང་བ་། “བསྟོད་པ་མཐོང་བ་དོན་ལྡན་མ།” »

སྙན་ངག

ལྷ་བབས་དུས་ཆེན།

Posted on 2013-11-242013-11-24 By ཁ་བརྡ་ 1 Comment on ལྷ་བབས་དུས་ཆེན།

ཨེ་མ་ཧོ།

00000000000སྙིང་ཉེ་བའི་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་འབྲས།
འདིར་བདེན་པའི་ལོ་རྒྱུས་རིང་མོ། དམ་པའི་མཛད་རྗེས་འཁྲུལ་མེད་ཅིག་ཕ་མེས་དམ་པས་བཞག་པའི་སྲོལ་རྒྱུན་བཟང་པོ། ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ། སོ་སོའི་ཁྱིམ་གྱི་བཤམས་བཀོད་དང་བ་འདྲེན་པའི་ལྷ་བབས་དུས་ཆེན་འདིས་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་ལྡན་པ་ཉིད་དགའ་ལྡན་ལྷ་ཡུལ་དུ་ཕེབས་ནས་ཐེག་པའི་རིམ་པ་ནི།

དེ་ལས་མང་བ་། “ལྷ་བབས་དུས་ཆེན།” »

སྣ་ཚོགས།

ངོ་སྤྲོད་མེ་བཙའ་དམར་པོ།

Posted on 2013-11-242013-11-24 By ཁ་བརྡ་ 1 Comment on ངོ་སྤྲོད་མེ་བཙའ་དམར་པོ།

དགེ་ལེགས།

བོད་ཇི་ལྟར་ཕམ་ཞིང་ཕུང་ལུགས་ལ། །སེམས་ཡོད་རྣམས་ཀྱིས་བསམ་བློ་ཐོངས། །བག་ཡངས་སོས་བདེར་སྡོད་དབང་ནི། །རྒྱ་ཇག་རྣམས་ཀྱིས་མི་སྟེར་རོ། །༼དང་པོ་རྒྱལ་ཁབ་དར་དུས་སུ། །འཛམ་གླིང་སུམ་གཉིས་བོད་ལ་དབང་། །བན་བོན་མངོན་ལྐོག་ནང་འཁྲུག་གིས། །བཙན་པོ་བོད་ཀྱི་ཆབ་སྲིད་གཏོར། །མི་ལོ་བཞི་བརྒྱར་སིལ་བུར་ཐོར། །༼དེ་ནས་བོད་ཁམས་གཅིག་གྱུར་ནི། །ས་སྐྱ་གོང་མས་བྱེད་དབང་དེ། །ཆེན་པོ་ཧོར་གྱིས་ཕུལ་བ་སྟེ། །ཆོས་རིག་དཔལ་ཡོན་ཆེ་སྟོབས་ཀྱིས། །ཧོར་རྗེས་དབུ་བླར་བཀུར་བས་ཡིན། །

དེ་ལས་མང་བ་། “ངོ་སྤྲོད་མེ་བཙའ་དམར་པོ།” »

སྣ་ཚོགས།

སྙིང་གཏམ་ཡིད་ཀྱི་མེ་ལོང་།

Posted on 2013-11-232013-11-23 By ཁ་བརྡ་ 4 Comments on སྙིང་གཏམ་ཡིད་ཀྱི་མེ་ལོང་།

ཨེ་མ་ཧོ།

ན་མོ་གུ་རུ་བྷྱ།
ཀ་དག་ལྷུན་གྲུབ་རིག་པའི་སྐུ།།
ཟུང་འཇུག་བདེ་ཆེན་རྡོ་རྗེའི་གསུང་།།
ངེས་དོན་གཉུག་མའི་བདེ་གཤེགས་ཐུགས།།
དབྱེར་མེད་དྲིན་ཆེན་བླ་མས་སྐྱོབས།།
དལ་འབྱོར་རྙེད་དཀའ་རིན་པོ་ཆེ།།
མི་རྟག་སྒོམ་ནས་ཆོས་ལ་བརྩོན།།

དེ་ལས་མང་བ་། “སྙིང་གཏམ་ཡིད་ཀྱི་མེ་ལོང་།” »

རྩོམ་རིག

ཞིང་ཁ་ཆུང་ཆུང་།

Posted on 2013-11-23 By ཁ་བརྡ་ 1 Comment on ཞིང་ཁ་ཆུང་ཆུང་།

བསྟན་འཛིན་གྲགས་པ།
—————–
ཞིང་ཁ་དེ་ལ་ནས་བཏབ་ཡོད་ཅིང་ལོ་ཏོག་ཧ་ཅང་ལེགས། ཞིང་ཁ་དེ་གྲུ་བཞི་ནར་མོའི་དབྱིབས་ཅན་ཞིག་ཡིན་ལ། ཞིང་ཁའི་མཐའ་སྐོར་དུ་ཁྱིམ་མཚེས་ཀྱི་ཞིང་ཁ་གཞན་གྱིས་བཀང་ཡོད། ཞིང་ཁའི་གཡས་ཟུར་གྱི་ཐོད་ན་ཤུག་པའི་སྡོང་པོ་ཆེ་བ་གཅིག་དང་ཆུང་བ་བཞི་ཡོད། འོན་ཀྱང་སྡོང་པོ་དེ་དག་གི་ནི་ངའི་ཕའི་རིང་ལ་བཏབ་པ་ལས་མེས་པོའི་རིང་ལ་མེད་ཟེར། ངའི་ཕ་མས་བཤད་པ་ལྟར་ན། ངེད་ཀྱི་མི་རྒྱུད་འདིས་ཞིང་ཁ་འདི་བདག་གཉེར་བྱས་ནས་མི་ལོ་སྟོང་ཕྲག་མང་པོ་ཕྱིན་ཡོད་ཟེར། ངའི་བྱིས་པའི་མི་ཚེ་ཡང་ཞིང་ཁ་འདི་ལ་འབྲེལ་བ་ཡོད། སྟོན་གྱི་དུས་སུ་ཞིང་ཁ་ནས་བཙས་མ་རྔ་རོགས་བྱས་ཤིང་། དཔྱིད་ཀྱི་དུས་སུ་ལུད་འགྲེམས་རོགས་བྱས་མྱོང་། དབྱར་ཚ་བ་ཆེ་བའི་སྐབས་སུ་ང་ཤུག་སྡོང་གི་གྲིབ་བསིལ་དུ་བསྡད་ནས་འཁྱག་པ་མངར་མོའི་ཟས་རིགས་ལ་རོལ་མྱོང་།

དེ་ལས་མང་བ་། “ཞིང་ཁ་ཆུང་ཆུང་།” »

རྩོམ་རིག

སེམས་ཀྱིས་ལངས་པའི་གླུ།

Posted on 2013-11-232013-11-23 By ཁ་བརྡ་ 2 Comments on སེམས་ཀྱིས་ལངས་པའི་གླུ།

ཆོས་རྫོང་བསྟན་པ།

དུང་སེམས་རི་མོ་རྡོ་ལ་བརྐོས་ཀྱང་།།
དུས་ཀྱི་བསྐལ་བས་འཇིག་ཉེན་ཆེ་བ།།
མ་བྲིས་སེམས་ཀྱི་རི་མོ་འདི་ཉིད།།
སུ་དང་གང་གིས་གསུབ་ཐབས་མི་འདུག།

མཛེས་སྡུག་ལང་ཚོའི་མེ་ཏོག་འདི་ལ།།
སད་དང་བསེར་བའི་འཇིགས་པ་ཆེ་ལ།།

དེ་ལས་མང་བ་། “སེམས་ཀྱིས་ལངས་པའི་གླུ།” »

སྙན་ངག

དྲིལ་ལྕེ། ༼གྲྭ་སྒྲུང་ཞིག༽

Posted on 2013-11-232013-11-23 By ཁ་བརྡ་ 2 Comments on དྲིལ་ལྕེ། ༼གྲྭ་སྒྲུང་ཞིག༽

དྲིལ་ལྕེ། (སྔོན་མའི་འཕྲོས།)

༼ག༽

དུས་སྐབས་འདིར། དགོན་པར་ཚོགས་འཚོགས་པ་དང་། རིམ་གྲོ་སྒྲུབ་པ། སྨོན་ལམ་གསུངས་པ་སོགས་ཡར་ཚོགས་མང་བོ་མི་འདུག ཨ་ཁུ་གྲྭ་ཤག་འདིར་མེད་སྟབས། ང་རང་ཧ་ཅང་གུ་ཡངས་དང་རང་དབང་ཆེན་པོ་འདུག མཚམས་རེ་རབ་འབྱོར་དང་ངེད་གཉིས་སྤྲོ་འཆམ་རེ་དང་། དགོན་པའི་ཕྱི་ནང་དུ་འདུར་རྒྱུག་རེ་བྱེད་པ། དགོང་སྔ་ཉལ་འཕྱི་ཉལ་ལ་གཏན་ཁེལ་མེད་པ་དང་། ནངས་སྔ་ལངས་འཕྱི་ལངས་ལ་དུས་བཀག་མེད་པ། ལུས་སེམས་ནམ་ཁོམ་ལ། ང་རང་གིས་དཔེ་ཆ་བློ་འཛིན་བྱས་པ་ཡིན།

དེ་ལས་མང་བ་། “དྲིལ་ལྕེ། ༼གྲྭ་སྒྲུང་ཞིག༽” »

བརྩམས་སྒྲུང་།

སྙིང་གཏམ་ཁྲག་བྲིས་མ། ༼བོད་འབྱོར།༽

Posted on 2013-11-222013-11-22 By ཁ་བརྡ་ No Comments on སྙིང་གཏམ་ཁྲག་བྲིས་མ། ༼བོད་འབྱོར།༽

ཁ་ཚེར་མ། (རྨ་ལྷོ།)

སེམས་པ་རྒྱང་ལ་ཕྱོགས་པའི་ས་སྲོད་ཅིག་ལ།།
བརྩེ་བའི་འཕྲིན་པ་བྲི་བའི་སྟ་གོན་བརྩམསཀྱང༌།།
དྲན་པ་སྙིང་ལ་ལྷུང་བའི་མིག་ཆུ་དྲོན་མོས།།
སྨྱུག་ཤོག་ལག་ཏུ་བཟུང་བའི་བཟོ་ལྟ་བོར་སོང༌།།

ལོ་ཟླར་གོད་ཆགས་ཐེབས་པའི་འཁོར་བ་འདི་ནས།།
ཁྱོད་ཀྱི་སྤོབས་པ་མཐོ་བའི་རྐང་རྗེས་ཡལ་སོང༌།།

དེ་ལས་མང་བ་། “སྙིང་གཏམ་ཁྲག་བྲིས་མ། ༼བོད་འབྱོར།༽” »

སྙན་ངག

ཇོ་ནང་འཛམ་ཐང་དགོན་པའི་དགེ་བསྐོས་ལ་ཁྲིམས་ཐག་བཅད་འདུག

Posted on 2013-11-222013-11-22 By ཁ་བརྡ་ 4 Comments on ཇོ་ནང་འཛམ་ཐང་དགོན་པའི་དགེ་བསྐོས་ལ་ཁྲིམས་ཐག་བཅད་འདུག

གསར་འགྱུར་བསྡུ་སྒྲིག་པ། ཨ་རིག་འགྱུར་མེད་དང་ཚངས་དབྱངས་རྒྱ་མཚོ།

????????????ཉེ་བའི་ལོ་ངོ་འདི་ཚོ་ནི་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་ཁྲོད་དུ་སྔོན་ཆད་མ་བྱུང་ཞིང་། བྱིན་ཆད་འབྱུང་དཀོན་པའི་ཆེས་གཟི་བརྗིད་དང་ཆེས་བླ་ན་མེད་པའི་ལོ་རྒྱུས་ཀྱི་ཤོག་སླེ་ཞིག་ཡིན་ཞིང་། ལོ་ངོ་འདི་ཚོར་བོད་མི་བརྒྱ་དང་ཉི་ཤུ་ལྷག་གིས་བོད་མི་རིགས་ཀྱི་ཆེད་དུ་རང་གི་ཤ་ཁྲག་གིས་གྲུབ་པའི་སྐུ་ཕུང་མེ་རུ་བསྒྲོན་ནས་བོད་འདི་ད་ལྟའི་མུན་ནག་གི་གདུབ་རྩུབ་འོག་ནས་གྲོལ་རྒྱུར་ཐུགས་རེ་མཛད་ཡོད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ངོས་ནས་བཤད་ན་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མིའི་ལུས་རྟེན་ནི་ཤིན་ཏུ་རྙེད་དཀའ་བ་བོད་མི་རྒན་གཞོན་ཚང་མས་ཤེས་ཀྱིན་ཡོད།

དེ་ལས་མང་བ་། “ཇོ་ནང་འཛམ་ཐང་དགོན་པའི་དགེ་བསྐོས་ལ་ཁྲིམས་ཐག་བཅད་འདུག” »

གསར་འགྱུར།

ཚ་བོ་དང་ཚ་མོ་གཉིས་ལ་བསྐུར་བའི་ཡི་གེ

Posted on 2013-11-22 By ཁ་བརྡ་ No Comments on ཚ་བོ་དང་ཚ་མོ་གཉིས་ལ་བསྐུར་བའི་ཡི་གེ
                                  འབྲུག་འབུམ།
མི་ཚེ་ནི་འུ་ཅག་ཚང་མ་རྩེ་མྱོང་བའི་རྩེ་ར་ཆུང་ཆུང་
མགོ་བརྩམས་པ་ནས་ཆུ་ཚོད་ནི་བྲེལ་འཚུབ་ཞིག
མཁོ་ཆས་ཀྱི་ཟོལ་ལྟ་བའི་དཀར་ཆགས་དང
རྡེའུ་དཀར་ནག་མང་བོ་ཞིག་བསྒྲིགས་མཐར
ཉིན་བྱེད་ཀྱི་སྣང་ཕ་གིའི་རི་ལ་ཟགས
དེ་ནི་འུ་ཅག་བརྒྱུད་དགོས་བའི་གོ་རིམ་ངེས་ཅན་ཞིག་སྟེ
ཁྱེད་གཉིས་ཀྱང་ལམ་བུ་དེར་གཡོལ་ཐབས་གཏན་ནས་མེད
 

དེ་ལས་མང་བ་། “ཚ་བོ་དང་ཚ་མོ་གཉིས་ལ་བསྐུར་བའི་ཡི་གེ” »

སྙན་ངག

སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཛད་པ་ལ་བསྟོད་པའི་གཏམ་མེ་ཏོག་ཕྲེང་བ།

Posted on 2013-11-222013-11-23 By ཁ་བརྡ་ No Comments on སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཛད་པ་ལ་བསྟོད་པའི་གཏམ་མེ་ཏོག་ཕྲེང་བ།

འདབ་པ་ཚེ་དབང་མགོན་པོ།

དེ་རིང་ཆེས་ཤིན་ཏུ་ནས་ཡིད་ལ་ལྷིང་ལྷིང་གིས་དགའ་འོས་པ་ཞིག་ལ། དྲྭ་ཐོག་གི་བརྒྱུད་ནས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་གསེར་ཞལ་མཇལ་བའི་སྐལ་བཟང་ཕྲན་བུ་འཆར་ཞིང་། ཁོང་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་ནས་སྐྱ་བོ་མང་ཤས་ཀྱིས། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ལ་འཐེན་ཁྱེར་གྱི་བློ་གཡང་དུ་མི་ལྷུང་བར། དྲང་བདེན་གྱི་ཐེམ་སྐས་ལ་འཛེགས་པའི་སྐྱེས་བུ་དམ་པ་ཡིན་རབས་དང་། རབ་ཏུ་བྱུང་པའི་སྐྱེ་མཆོག་འགའ་ཞིག་གིས།

དེ་ལས་མང་བ་། “སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཛད་པ་ལ་བསྟོད་པའི་གཏམ་མེ་ཏོག་ཕྲེང་བ།” »

སྙན་ངག

འདམ་ཉོག་དཀྲུག་གི་ཐུར་མ།

Posted on 2013-11-22 By ཁ་བརྡ་ 1 Comment on འདམ་ཉོག་དཀྲུག་གི་ཐུར་མ།

སྤྲེལ་ལུང་པ།

ལ་རྒྱ་ཞེས་པ་རྫབ་ཆེན་ནད་སྐྲན་ཏེ།།
འདི་ཉིད་སུ་ལ་འགོས་ན་དེ་དང་དེའི།།
ཉེ་འཁོར་གྲོགས་དང་དམངས་ནས་སྤྱི་ཚོགས་བར།།
བདེ་འཇགས་ཁོར་ཡུག་ནད་ཀྱིས་ཟིན་ནས་འགྲོ།།

དེ་ལས་མང་བ་། “འདམ་ཉོག་དཀྲུག་གི་ཐུར་མ།” »

སྙན་ངག

ཁ་བ་ཅན་གྱི་རྩོམ་ཡིག

Posted on 2013-11-22 By ཁ་བརྡ་ No Comments on ཁ་བ་ཅན་གྱི་རྩོམ་ཡིག

                            མི་ཉག་སྐལ་བཟང་།

ཁ་བའི་རྒྱུད་པ་གཅིག་པའི་སྤུན་ཟླ་ཚོ།།

ཁ་བའི་འདབ་མ་གཅིག་ལས་མཆེད་ཀྱང་རུང་།།
ཁ་བའི་ལས་དབང་རླུང་ནག་འཚུབ་པར་བརྟེན།།
ཁ་བ་མེད་པའི་ལུང་པར་བྲོས་དགོས་བྱུང་།།

དེ་ལས་མང་བ་། “ཁ་བ་ཅན་གྱི་རྩོམ་ཡིག” »

སྙན་ངག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བཀའ་སློབ་སྩལ་བ།

Posted on 2013-11-222013-11-22 By ཁ་བརྡ་ No Comments on ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བཀའ་སློབ་སྩལ་བ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་དྲངས། ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༢༠ ཉིན་གྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གྲོས་ཚོགས་Japanese Parliament ཀྱི་ཚོགས་ཁང་ཞིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བཀའ་སློབ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་ཚོགས་ཁང་དུ་ཐོག་མར་༸ཞབས་སོར་འཁོད་སྐབས་གདན་ཞུ་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་Eriko Yamataniམཆོག་གིས་གཙོས་གྲོས་ཚོགས་འཐུས་མི་བགྲེས་པ་སྐུ་ཞབས་ཏ་ཀིའོ་ཧི་ར་ནུ་མ་Takeo Hiranumaམཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཆ་ཚང་འདིར་གཟིགས།http://bod.asia/2013/11/༸གོང་ས་༸སྐྱབས་མགོན་ཆེ-34/

གསར་འགྱུར།

Posts pagination

Previous 1 … 131 132 133 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme