ཁང་ཟླ་སྲས།
འདི་ནི་རྣ་བས་སྒྲ་མི་ཐོས་ཤིང་། མིག་གིས་གཟིགས་མི་མཐོང་བར་མ་ཟད། ད་དུང་སྐད་ཆ་ཡང་བཤད་མི་ཤེས་མཁན་གྱི་བུ་མོ་ཆུང་ཆུང་ཞིག་གི་གཅེས་པར་འོས་པའི་མི་ཚེ་མུན་ནག་གི་ཁྲོད་ནས་ཇི་ལྟར་འོད་སྟོང་འཕྲོ་བའི་ཉིན་མོ་ཞིག་ཏུ་ཇི་ལྟར་མདུན་སྐྱོད་བྱས་པའི་དོན་དངོས་ཀྱི་ལོ་རྒྱུས་ཤིག་རེད། ཁོང་ཉིད་ལོང་པ་དང་། འོན་པ་ཞིག་ཏུ་མ་གྱུར་པའི་ཡར་སྔོན་དུ་ཁོང་གིས་སྤྱིར་བཏང་གི་སྐད་ཆ་བཤད་རྒྱུ་འགའ་ཞིག་སློབ་སྦྱོང་བྱས་མྱོང་ཡོད།



