Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཚེའི་ལྟ་ཚུལ་དང་འབྲེལ་བའི་གནད་དོན་འགའ།

Posted on 2013-11-222013-11-22 By ཁ་བརྡ་ 4 Comments on མི་ཚེའི་ལྟ་ཚུལ་དང་འབྲེལ་བའི་གནད་དོན་འགའ།

སེར་ཤུལ་རིན་ཆེན་དོན་གྲུབ།

༡༽ སྙིང་ལ་མ་བརྫི།

འཇིག་རྟེན་འདིར་ཆེས་ཡིད་སྐྱོ་ཤོས་ཀྱི་དུས་སྐབས་ནི། རང་གི་སྙིང་ཉེ་ཤོས་དང་། རང་ཉིད་དགའ་ཤོས། རང་གི་སེམས་ནང་གི་རིན་ཐང་ཆེ་ཤོས། རང་གིས་བརྩི་འདང་ཆེ་ཤོས་ཀྱི་མི་རྣམས་ཀྱིས་རང་གི་སྙིང་རྡོག་བརྫིས་བྱེད་སྐབས་རེད། དེས་ན་མི་སུ་ཡིན་ཡང་རང་ཉིད་ལ་དགའ་ཤོས་སོགས་ཀྱི་མི་རྣམས་ཀྱི་སྙིང་ལ་རྨ་ཁ་གཏོད་མི་རུང་། གཙབ་རལ་གཏོང་མི་རུང་། ན་ཟུག་སློང་མི་རུང་། ཆེས་མ་མཐའ་ཡང་རྡོག་བརྫིས་བྱེད་མི་རུང་།

དེ་ལས་མང་བ་། “མི་ཚེའི་ལྟ་ཚུལ་དང་འབྲེལ་བའི་གནད་དོན་འགའ།” »

སྣ་ཚོགས།

སྐད་འཕྲིན་ཚོམས་ཆུང་སྙན་ངག་གླེང་སྟེགས་ལས་སྙན་ངག་སྐོར་གྱི་བསམ་ཚུལ་འགའ།

Posted on 2013-11-212013-11-21 By ཁ་བརྡ་ 5 Comments on སྐད་འཕྲིན་ཚོམས་ཆུང་སྙན་ངག་གླེང་སྟེགས་ལས་སྙན་ངག་སྐོར་གྱི་བསམ་ཚུལ་འགའ།

ཁྲོ་གཏུམ་གྱིས་ཕྱོགས་བསྒྲིགས་བྱས།

རང་མོས་དང་འབྲེལ་ཚིག་མཚམས་གཅོད་སྟངས།

བེའུ་རྫི་རྡ་རྡ།
ངག་གི་འདོད་འཇོ་བ་དག་ཞོགས་པ་བདེ་མོ།

བེའུ་རྫི་རྡ་རྡ།
རང་མོས་སྙན་ངག་ས་ཁྱབ་རྡོ་ཁྱབ་དུ་འགྲོ་བའི་གནད་དོན་འདི་ནི་ཡག་ཤོས་ཤིག་རེད་ལ། བཙོག་ཤོས་ཤིག་རེད་འདུག དྲི་བ་འདི་ནི་མི་རབས་འདི་ལ་བབས་པའི་སྐད་ཆ་ཤིག་རེད་དམ།

དེ་ལས་མང་བ་། “སྐད་འཕྲིན་ཚོམས་ཆུང་སྙན་ངག་གླེང་སྟེགས་ལས་སྙན་ངག་སྐོར་གྱི་བསམ་ཚུལ་འགའ།” »

སྣ་ཚོགས།

ལྡུམ་ར། ༼དྲུག་པ༽

Posted on 2013-11-212013-11-21 By ཁ་བརྡ་ No Comments on ལྡུམ་ར། ༼དྲུག་པ༽

ལོ་མ་རྒྱལ།

ཆར་ཟིམ་ལྡུམ་རའི་དབྱིངས་ནས་བབས།།
ལོ་མའོ་ངོ་ཡི་ས་རྡུལ་དག།
མུ་ཏིག་ས་ལ་བབས་པ་ལྟར།།
ལོ་མའི་སྟེང་ན་རིལ་བུར་གནས།།
ས་ལ་ལོ་མའི་ཆར་ཐིགས་འདེབས།།

དེ་ལས་མང་བ་། “ལྡུམ་ར། ༼དྲུག་པ༽” »

སྙན་ངག

ནང་འཁྲུག་ཞི་བའི་འབོད་བརྡ།

Posted on 2013-11-212013-11-21 By ཁ་བརྡ་ 1 Comment on ནང་འཁྲུག་ཞི་བའི་འབོད་བརྡ།

གཉན་ཆེན།

ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་རེད།།
མ་གངས་རིའི་བྲག་གི་སྲིན་མོ་རེད།།
སྤུན་གདུང་དྲུག་འཕེལ་བའི་མི་རྒྱུད་རེད།།
བོད་ཁ་བ་ཅན་གྱི་གཞི་འཛིན་རེེད།།
ནང་ཕུ་ནུའི་ནང་དམེ་ངོ་ཚ་རེད།།

དེ་ལས་མང་བ་། “ནང་འཁྲུག་ཞི་བའི་འབོད་བརྡ།” »

སྙན་ངག

ལྷག་པ་དཀར་པོ་དང་ནག་པོ་དྲུག

Posted on 2013-11-212013-11-21 By ཁ་བརྡ་ 8 Comments on ལྷག་པ་དཀར་པོ་དང་ནག་པོ་དྲུག

སྤྲུལ་སྐུ་དབང་ཆེན།

དེང་སང་ཕྱི་ཡུལ་དམངས་གཙོའི་རྒྱལ་ཁབ་ཁག་ཏུ་རང་དབང་དང་འདྲ་མཉམ་གྱི་བདེ་སྐྱིད་ལ་ལོངས་སུ་སྤྱོད་མཁན་གྱི་བོད་རིགས་སྤུན་ཟླ་གང་མང་ཞིག་གིས། བདུན་ཕྲག་གཅིག་གི་ནང་ལ་ཉི་མ་གཅིག་ཙམ་མ་གཏོགས་བོད་མི་རྣལ་མ་ཞིག་བྱེད་འདོད་མེད་པས་རྣམ་འགྱུར་ཤུགས་ཆེན་པོ་ཞིག་སྟོན་གྱིན་འདུག་སྙམ། དེ་ནི་གཟའ་ལྷག་པའི་ཉིན་མོ་རེད་ལ། གཟའ་ལྷག་པ་ལ་ནི་ལྷག་པ་དཀར་པོ་ཞེས་འབོད་ཅིང་། ཉིན་དེར་བོད་སྐད་བཤད་པ་དང་། བོད་ཟས་ཡང་བཟའ་རུང་བའི་སྒྲིག་ལམ་ཞིག་བཟོ་ཐབས་བྱེད་ཀྱི་འདུག

དེ་ལས་མང་བ་། “ལྷག་པ་དཀར་པོ་དང་ནག་པོ་དྲུག” »

སྣ་ཚོགས།

༸མཁས་དབང་ཟམ་གདོང་རིན་པོ་ཆེ་སི་པན་དུ་ཕེབས་པ།

Posted on 2013-11-212013-11-21 By ཁ་བརྡ་ 5 Comments on ༸མཁས་དབང་ཟམ་གདོང་རིན་པོ་ཆེ་སི་པན་དུ་ཕེབས་པ།

གནས་ཚུལ་མཁོ་གཏོང་བ། ཁང་སྨིན་གྲོལ་རྒྱ་མཚོ།

DSC06750སི་པན་ས་སྐྱ་བཀྲ་ཤིས་གླིང་འདུས་སྤྱི་ནས་གསོལ་འདེབས་ཞུས་པ་བཞིན་འདི་ཟླའི་ཚེས་ ༡༧ གྱི་ཉིན་གུང་ཆུ་ཚོད་༡༢། དང་སྐར་མ། ༡༠། ཐོག་བཀའ་ཁྲི་ཟུར་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བྷར་སི་ལོ་ནར་ཕེབས་ཡོད་པ་དང་། དེ་གར་ས་སྐྱ་བཀྲ་ཤིས་གླིང་གི་བླ་མ་འཇམ་དབྱངས་བཀྲ་ཤིས་རྡོ་རྗེས་གཙོས་པའི་ལས་བྱེད་ཆེ་ཁག་དང་། བྷར་སི་ལོ་ན་བོར་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། རིག་གཞུང་འགན་འཛིན། དྲུང་ཆེ་སོགས་གནད་ཡོད་མི་སྣ་ཁག་ཅིག་ཕེབས་བསུར་བཅར་ཡོད།

དེ་ལས་མང་བ་། “༸མཁས་དབང་ཟམ་གདོང་རིན་པོ་ཆེ་སི་པན་དུ་ཕེབས་པ།” »

གསར་འགྱུར།

བློ་ཡི་གཏེར་ལ་ཕྱག་འཚལ་ལོ།

Posted on 2013-11-212013-11-21 By ཁ་བརྡ་ 1 Comment on བློ་ཡི་གཏེར་ལ་ཕྱག་འཚལ་ལོ།

འབའ་སྲས།

རབ་ཡངས་རྒྱ་མཚོ་ཆེན་པོའི་ཀློང་།།
གཡོ་བྱེད་རྐང་བས་དཀྲུགས་པ་ཡིས།།
བྱུང་བའི་ཐོས་འཛིན་མྱོས་བྱེད་པའི།།
དབྱངས་དེ་མྱུར་བར་བདག་ལ་སྩོལ།།

བདག་ནི་གདོང་བཞི་གཉིས་པ་སྟེ།།
རིང་ནས་དགའ་ཞིང་མྱང་བའི་སྒྲ།།

དེ་ལས་མང་བ་། “བློ་ཡི་གཏེར་ལ་ཕྱག་འཚལ་ལོ།” »

སྙན་ངག

རྒྱལ་ཁམས་འགྲིམས་པའི་སྙན་ངག

Posted on 2013-11-202013-11-20 By ཁ་བརྡ་ 3 Comments on རྒྱལ་ཁམས་འགྲིམས་པའི་སྙན་ངག

ཧོར་རིག་པའི་རལ་གྲི།

རང་ཡུལ་དྲོན་མོ་རྒྱབ་ནས་བཞག་སྟེ་ལན་ཀྲོའི་གྲོང་ལ་བྲོས་ནས་ཡོང་།།
ང་ཡི་དད་སའི་ས་པན་མཁས་པ་སྔོན་གྱི་བཞུགས་གནས་དེ་ལ་ཡོད།།
ས་པན་ཀུན་དགའི་བཞུགས་ཁྲིའི་ཕྱོགས་ལ་དད་ཕྱག་གསུམ་གྱིས་སྨོན་ལམ་བཏབ།།
དུ་སྨུག་འཐིབས་པའི་གྲོང་ཁྱེར་དེ་ནས་ཟི་ལིང་ཟ་མ་སྙེགས་ནས་རྒྱུག །

ཟི་ལིང་ཙོང་ཁའི་མཁར་རྙིང་བརྒྱུད་དུས་བཤང་བཙོང་རྒྱ་མོའི་ལག་བརྡ་རིག །
ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་བརྒྱུད་དུས་རྒྱང་རིང་འབྲོག་མོའི་གླུ་སྐད་ཐོས།།

དེ་ལས་མང་བ་། “རྒྱལ་ཁམས་འགྲིམས་པའི་སྙན་ངག” »

སྙན་ངག

༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་བ།

Posted on 2013-11-202013-11-20 By ཁ་བརྡ་ 35 Comments on ༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་བ།

གནས་ཚུལ་གཏོང་མཁན། ཁྲི་གཡུང་དྲུང་།

IMG_0038

དེ་ཡང་ཕྱི་ལོ་༢༠༡༣ལོའི་ཟླ་༡༡ཚེས་༢༠བོད་ཆུ་སྦྲུལ་ལོའི་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ནས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་ཡོད་པའི་གནས་བསྡུས།

དེ་ཡང་ཐོག་མར་ཕྱི་ལོ་༡༩༩༧ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་ཐུགས་བསྐྱེད་ཉེར་ལེན་ཟབ་མོ་ལ་བརྟེན་ནས་གསར་འཛུགས་མཛད་གནང་ཡོད་པ་རེད།

དེ་ལས་མང་བ་། “༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་བ།” »

གསར་འགྱུར།

གངས་རིའི་དཔའ་རྒོད་ཚོ།

Posted on 2013-11-20 By ཁ་བརྡ་ 1 Comment on གངས་རིའི་དཔའ་རྒོད་ཚོ།

གཉན་ཆེན།
བོད་གདོང་དམར་ཅན་གྱི་དཔའ་རྒོད་ཚོ། །
མེ་དམར་བོའི་ནང་ལ་མ་ཆོངས་ཤིག །
ཚེ་གཅིག་གི་རང་སྲོག་རྩ་ཆེན་དེ། །
རྩྭ་བཞིན་དུ་འབར་ན་བཟོད་བླག་མེད།

དེ་ལས་མང་བ་། “གངས་རིའི་དཔའ་རྒོད་ཚོ།” »

སྙན་ངག

པཱཀིསིཐཱན་གྱི་གློག་བརྙན་ཞིག་གིས་བསམ་གཞིག་གི་ཀློང་དུ་བསྐྱལ་བ།

Posted on 2013-11-202013-11-20 By ཁ་བརྡ་ 4 Comments on པཱཀིསིཐཱན་གྱི་གློག་བརྙན་ཞིག་གིས་བསམ་གཞིག་གི་ཀློང་དུ་བསྐྱལ་བ།

བཀྲ་ཤིས་དོན་འགྲུབ།

ལོ་འདི་དག་གི་རིང་ལ་ངས་གློག་བརྙན་ཡག་པོ་མང་པོ་ལ་བལྟས་པ་ཡིན། མི་མང་པོས་གློག་བརྙན་ལྟ་བ་ནི་དུས་ཚོད་འཕྲོ་བརླག་ལྟ་བུར་བརྩི་གི་འདུག་ཀྱང་། ང་ལ་མཚོན་ན་གློག་བརྙན་བལྟ་རྒྱུ་ནི་མཐོང་རྒྱ་ཐོས་རྒྱ་བསྐྱེད་བྱེད་ཙམ་དུ་མ་ཟད། གློག་བརྙན་ཡག་པོ་རེ་བཟུང་གིས་ནི་མི་སྒེར་གྱི་ལྟ་ཚུལ་ལ་ཡང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་འདུག་པས། དཔེ་དེབ་ཡག་པོ་རེ་བཀླགས་པ་ལྟ་བུའི་བློ་སྐྱེད་ལ་དོ་བར་བརྗོད་མི་སྤོབས་ཀྱང་། དཔེ་དེབ་ཉ་ཉོག་དེ་ཚོས་ནི་དོ་ཐབས་གཏན་ནས་མི་འདུག་ཅེས་ལབ་འདོད་བྱུང་།

དེ་ལས་མང་བ་། “པཱཀིསིཐཱན་གྱི་གློག་བརྙན་ཞིག་གིས་བསམ་གཞིག་གི་ཀློང་དུ་བསྐྱལ་བ།” »

སྣ་ཚོགས།

གལ་སྲིད་རང་ལུས་མེར་སྤར་བ་དེ་རྒྱ་ནག་གི་ཆེད་དུ་ཡིན་ན།

Posted on 2013-11-202013-11-20 By ཁ་བརྡ་ 1 Comment on གལ་སྲིད་རང་ལུས་མེར་སྤར་བ་དེ་རྒྱ་ནག་གི་ཆེད་དུ་ཡིན་ན།

ཁང་སྨིན་གྲོལ་རྒྱ་མཚོ།

རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་ད་བར་མི་ལོ་ཧྲིལ་པོ་ལྔ་བཅུ་ལྷག་སོང་ཡོད་ལ། མི་རིགས་ཤིག་གི་རིག་གཞུང་དང་ལོ་རྒྱུས་ཀྱི་བྱུང་རིམ་ཐད་ནས་བསམ་ན། དུས་ཚོད་དེ་ཧ་ཅང་མང་པོ་ཞིག་མ་ཡིན་ནའང་།ལོ་ངོ་དེ་དག་གི་རིང་བོད་མི་ཚོས་རང་གི་མངོན་འདོད་གཙོ་བོ་དེ་བསྒྲུབ་མ་ཐུབ་པར་ལུས་ཡོད་པ་ནི། ཕྱོགས་གཅིག་ནས་རྒྱ་ནག་སྒེར་གཅོད་སྲིད་གཞུང་ལ་བོད་ཀྱི་གནད་དོན་༸གོང་ས་ཏཱ་ལའི་བླ་མ་བཞུགས་རིང་ཐག་གཅོད་བྱེད་པའི་འདོད་པ་མེད་པ་ཙམ་མ་ཡིན་པར།

དེ་ལས་མང་བ་། “གལ་སྲིད་རང་ལུས་མེར་སྤར་བ་དེ་རྒྱ་ནག་གི་ཆེད་དུ་ཡིན་ན།” »

དཔྱད་རྩོམ།

ཀ་རྩོམ་འཐེན་ཐུག

Posted on 2013-11-192013-11-19 By ཁ་བརྡ་ 5 Comments on ཀ་རྩོམ་འཐེན་ཐུག

རྟ་དབྱངས།

ཀ་རྩོམ་འཐེན་ཐུག་འདྲ་བོ།།
ཁ་ལ་ཧ་ཅང་ཞིམ་པ།།
ག་འདྲ་ཇི་འདྲ་འཐུང་རུང་།།
ང་ལ་རྒྱགས་རྒྱུ་མ་ཡོད།།
ཅ་ཅོ་ཆེ་བའི་འཇིག་རྟེན།།
ཆ་འགྲིག་ཆ་ལ་སྒྲིག་ཆེད།།

དེ་ལས་མང་བ་། “ཀ་རྩོམ་འཐེན་ཐུག” »

སྙན་ངག

ཀ་རྩོམ་ཀ་ར།

Posted on 2013-11-192013-11-19 By ཁ་བརྡ་ 5 Comments on ཀ་རྩོམ་ཀ་ར།

རྟ་དབྱངས།

ཀ་རྩོམ་ཀ་ར་འདྲ་ཞིག །
ཁ་སོའི་བར་ནས་ཤོར་ཐལ།།
ག་ས་གང་ནས་བལྟས་ཀྱང་།།
ང་ཡི་ཀ་རྩོམ་ལེགས་པ།།
ཅ་ར་མ་རའི་གཏམ་ཞིག །
ཆ་ཞིག་སྒྲིག་ནས་བཤད་ན།།

དེ་ལས་མང་བ་། “ཀ་རྩོམ་ཀ་ར།” »

སྙན་ངག

༼ཏཱ་ལའི་བླ་མས་ནུབ་ཕྱོགས་ལ་གནོད་ཀྱི་འདུག་གམ༽ ཞེས་པའི་བགྲོ་གླེང་སྐོར་གྱི་གསལ་བསྒྲགས།

Posted on 2013-11-19 By ཁ་བརྡ་ 17 Comments on ༼ཏཱ་ལའི་བླ་མས་ནུབ་ཕྱོགས་ལ་གནོད་ཀྱི་འདུག་གམ༽ ཞེས་པའི་བགྲོ་གླེང་སྐོར་གྱི་གསལ་བསྒྲགས།

གནས་ཚུལ་མཁོ་འདོན་པཿ དཔའ་ཁོ།

དབྱིན་ཡུལ་རྒྱལ་ས་ལོན་ཏོན་གྱི་Westminster གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཁག་གི་བཀོད་སྒྲིག་འོག ཟླ་བ་འདིའི་ཚེས་ ༢༢ ཉིན་གྱི་དགོང་དྲོའི་དབྱིན་ཡུལ་གྱི་ཆུ་ཚོད་ ༦ པ་ནས་བརྒྱད་དང་ཕྱེད་ཀ་བར། ༼ཏཱ་ལའི་བླ་མས་ནུབ་ཕྱོགས་ལ་གནོད་ཀྱི་འདུག་གམ༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྡུ་སྐོང་གནང་འཁེལ་འདུག 

དེ་ལས་མང་བ་། “༼ཏཱ་ལའི་བླ་མས་ནུབ་ཕྱོགས་ལ་གནོད་ཀྱི་འདུག་གམ༽ ཞེས་པའི་བགྲོ་གླེང་སྐོར་གྱི་གསལ་བསྒྲགས།” »

གསལ་བསྒྲགས།

སྤྱི་ལྷན་ཚོགས་དུས་དྲུག་པས་བརྡབས་པའི་གཏོར་ཟོར།

Posted on 2013-11-192013-11-19 By ཁ་བརྡ་ No Comments on སྤྱི་ལྷན་ཚོགས་དུས་དྲུག་པས་བརྡབས་པའི་གཏོར་ཟོར།

བཙན་སྲས།

ངྷ་སའི་ཆར་དུས་སྟོན་མཇུག་ཉི་མར་གྱེས།།
རི་ལུང་སྨུག་སྤྲིན་དགུན་མགོའི་ཚ་བོས་ཟོས།།
དགུང་ཁའི་ཟེར་མའི་འོག་གི་ངྷ་ས་འདི།།
དོ་དགོང་ཚོགས་དུས་དྲུག་པའི་ཡམ་ཡོམ་སྒུལ།།

ཤག་ཤག་ཆར་པའི་ཁྲོད་ཀྱི་དྲན་གདུང་དང།།
བརྩེ་བ་ཆུ་ལྷམ་འདྲ་པའི་གནམ་འོག་འདིར།།

དེ་ལས་མང་བ་། “སྤྱི་ལྷན་ཚོགས་དུས་དྲུག་པས་བརྡབས་པའི་གཏོར་ཟོར།” »

སྙན་ངག

ལྕགས་སྐུད་ཀྱིས་བཙེམས་པའི་ངའི་ཕ་ཡུལ། ༼བོད་འབྱོར།༽

Posted on 2013-11-192013-11-19 By ཁ་བརྡ་ 1 Comment on ལྕགས་སྐུད་ཀྱིས་བཙེམས་པའི་ངའི་ཕ་ཡུལ། ༼བོད་འབྱོར།༽

རྩོམ་པ་བོ།  སྤྲེལ་རྨོངས་སད།

མྱི་སུ་ཡིན་རུང་རང་གི་ཕ་ཡུལ་ནི་འོ་ཇ་ཧུབ་གང་སྐོལ་བྱེད་ཀྱི་རྫ་དེམ་ནག་རིས་དེ་ཡིན་ངེས། ད་ནངས་སྔ་དྲོར་ཉི་མས་མིག་ཆུ་ནར་མོ་ཞིག་ཕ་ཡུལ་གྱི་པང་དུ་བསྐྱིལ་ཅིང་། ཁུ་སིམ་མེར་ནོར་གནག་གི་ཟེ་བར་འཐམས་ཏེ་ཕ་ཡུལ་གྱི་ཉག་ག་ནས་ཆས་འགྲོ་དུས། བདག་གིས་ཉོན་མོངས་ཀྱིས་སྦགས་པའི་བསམ་གཞིག་གི་རྟ་ཁ་ཡུན་གྱིས་ཕ་ཡུལ་གྱི་ཕྱོགས་སུ་གློད་འགོ་བརྩམས་པ་ཡིན།

ཕ་ཡུལ་ནི་ཕ་ཡུལ་རང་ཡིན། སུ་ལའང་ཡོད་ཅིང་སུ་ལའང་གཅིག་ལས་མེད།

དེ་ལས་མང་བ་། “ལྕགས་སྐུད་ཀྱིས་བཙེམས་པའི་ངའི་ཕ་ཡུལ། ༼བོད་འབྱོར།༽” »

རྩོམ་རིག

ས་ཡ་དྲུག

Posted on 2013-11-192013-11-19 By ཁ་བརྡ་ 1 Comment on ས་ཡ་དྲུག

གཉན་ཆེན།

ས་ཡ་དྲུག་གི་སྤྱན་ཟུང་ཉི་ཟླ་གངས་རིའི་ཕག་ལ་ཡལ་ཀི་ཐལ།།
ས་ཡ་དྲུག་གི་སེམས་ཀྱི་ཉི་མ་མ་དབང་ནུབ་ལ་བཞུད་ཀི་ཐལ།།
ས་ཡ་དྲུག་ལ་དམིགས་བུ་མེད་པར་མུན་ཁུང་ཁྲོད་ནས་ལུས་ཀི་ཐལ།།
ས་ཡ་དྲུག་གི་པན་ཆེན་བླ་མ་དབང་མེད་བཙལ་གྱིས་ཁྲིད་ཀི་ཐལ།།

ས་ཡ་དྲུག་གི་གཞིས་ཁྱིམ་དྲོན་མོར་དབང་ཆེན་འགྲོན་པོ་བསླེབས་ཀི་ཐལ།།
ས་ཡ་དྲུག་གི་ས་ཆའི་བདག་པོ་ཙི་ནའི་དཔུང་ལ་བདག་གི་ཐལ།།

དེ་ལས་མང་བ་། “ས་ཡ་དྲུག” »

སྙན་ངག

མི་ཡུལ་གྱི་ང་།

Posted on 2013-11-182013-11-19 By ཁ་བརྡ་ 3 Comments on མི་ཡུལ་གྱི་ང་།

འབའ་སྲས།

ཟང་ཟིང་ལྡིར་སྒྲ་ཆེ་བའི་གྲོང་ཁྱེར་འདིར།།
སྡོད་འདོད་མེད་ཀྱང་ལོ་ངོ་བདུན་ཙམ་འདས།།
ཤ་རུས་གདུང་རྒྱུད་མི་གཅིག་མི་ངོ་འདིར།།
ལྟ་འདོད་མེད་ཀྱང་མིག་ལ་འཚང་ནས་ཡོང་།།

རྒྱང་རིང་རྒྱང་རིང་འགྲིམས་པའི་ས་མཐའ་ན།།
ལུས་སེམས་གཉིས་ལ་མཐུན་པའི་ཁོར་ཡུག་ཅིག །

དེ་ལས་མང་བ་། “མི་ཡུལ་གྱི་ང་།” »

སྙན་ངག

ཀ་རྩོམ་ཀུ་ཅོ་རང་བསྒྲགས།

Posted on 2013-11-182013-11-18 By ཁ་བརྡ་ 2 Comments on ཀ་རྩོམ་ཀུ་ཅོ་རང་བསྒྲགས།

གཉན་ཆེན།

ཀ་ཁའི་བདག་པོར་ཁ་བ་ཅན་ན་རང་རིག་རང་ཡུལ་སྐྱོང་དབང་མེད།།
ཁ་ཏོན་དགེ་སྦྱོར་ག་ལེར་བཞག་སྟེ་དགོས་པའི་སྲིད་དོན་ལག་ལ་ལོངས།།
ག་འདྲ་བྱས་ནས་ང་ཚོའི་ཕ་ཡུལ་བཙན་དབང་འོག་ནས་ཐར་ཐུབ་དགོས།།
ང་འདྲའི་བླུན་པོ་ཅ་རིལ་གཅིག་གིས་བཤད་པའི་གཏམ་ལ་ཆ་འཇོག་མེད།།

ཅ་ལག་ཚང་བའི་ཆ་རྐྱེན་འཛོམས་པོས་དྲག་པོའི་སྟོབས་ཤུགས་ང་ཚོར་མེད།།
ཆ་འགྲིག་ལོ་རྒྱུས་ཇ་བཞིན་དཀྲུགས་ཏེ་རང་བཙན་རི་བོ་རྨང་ནས་ཞིག །

དེ་ལས་མང་བ་། “ཀ་རྩོམ་ཀུ་ཅོ་རང་བསྒྲགས།” »

རྩོམ་རིག

Posts pagination

Previous 1 … 132 133 134 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme