Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་མེས་བློན་གོང་མའི་ཞལ་ཆེམས།

Posted on 2010-07-172010-07-17 By ཁ་བརྡ་ 4 Comments on རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་མེས་བློན་གོང་མའི་ཞལ་ཆེམས།

མེ་ཏོག་དཀར་པོ་ནས།

ཁ་སང་ཕྱི་ཚེས་༧ཉིན་རྒྱབ་སྣུམ་འཁོར་ནང་ཆུ་ཚོད་གཅིག་ཙམ་སྡད་རྗེས་བཀོད་ལེགས་མཛེས་པའི་ཁང་པ་བཅུ་ཕྲག་གཉིས་ཙམ་བསྟར་སྒྲིག་པའི་མདུན་དུ་འབྱོར། ལམ་ལྟག་དེ་གའི་ཁང་པའི་ནང་དུ་འཛུལ་བ་དང་ན་གཞོན་བུ་ཞིག་དང་བུ་ཞིག་གིས་ལག་པ་གཏོང་བ་སྦྲགས་ངོས་ལེན་བྱས། ཁང་པ་ནང་མར་འཛུལ་བས་སྐུ་གཟུགས་དེ་ཙམ་ཆེ་རྒྱུ་མེད་ཅིང་གཙང་ཉམས་དང་གྲུང་ཉམས་དོད་པའི་བགྲེས་སོང་ཞིག་བཞེངས་ནས་འདུག དེ་ནི་མཁས་དབང་རཀ་ར་རིན་པོ་ཆེ་རེད། ཁོང་ལ་མཚམས་ཞུའི་མཇལ་དར་དང་། བོད་གཞུང་སྨན་རྩིས་ཁང་གི་སྤོས། དགེ་ཆོས་ཀྱི་སྐོར་གྱི་དེབ་ཅིག་བཅས་མཇལ་རྟེན་དུ་ཕུལ། ཁོང་གིས་མཉེས་ཚོར་དང་བཅས་གཟིམས་ཆུང་ནང་མའི་བསིལ་གཡབ་འོག་བཞུགས་ན་ལེགས་ཚུལ་གྱིས་དེར་སྡད། ཆུ་དང་ཟས་མནར་གྱིས་སྣ་དྲངས་ཏེ་བཀའ་མོལ་ཁ་ཤས་ཞུས། སྙན་ངག་གི་སྐོར་ལ་འཇུ་མི་ཕམ་དང་དཔང་ལོ་ཙ་བའི་འགྲེལ་བར་ཡིད་ཆེས་དང་བསྔགས་བརྗོད་གནང་གིན་འདུག དེ་མིན་མཁས་དབང་དགེ་ཆོས་སྐོར་ལ་བཀའ་མོལ་ཁ་ཤས་ཞུས།

དེ་ལས་མང་བ་། “རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་མེས་བློན་གོང་མའི་ཞལ་ཆེམས།” »

རྩོམ་རིག

སྙིང་ཉེ་བའི་གྲོགས་མོ།

Posted on 2010-07-172010-07-17 By ཁ་བརྡ་ 21 Comments on སྙིང་ཉེ་བའི་གྲོགས་མོ།

ཟླ་ཀླུང་།

སྙིང་ཉེ་བའི་གྲོགས་མོ་ལགས། ད་ནི་ང་རང་གཉིས་ཐུག་འདོད་ཤིན་ཏུ་ཆེ་ཞིང་། ཐུག་ན་ཚོར་བ་དམིགས་བསལ་བ་རེ་སྐྱེ་བར་ཕན་ཚུན་བཤད་པའི་དུས་སྐབས་སུ་བསླེབས་ཡོད། འདི་འདྲ་བྱུང་དགོས་པའི་གནས་ཚུལ་ག་རེ་ཡིན་པ་དང་། ག་དུས་བྱུང་བ་ཡིན་ཞིབ་ཕྲ་ངས་ཀྱང་མི་ཤེས་ལ། ཁྱོད་རང་གིས་ཀྱང་ཕལ་ཆེར་ཤེས་ཀྱི་མ་རེད།

དེ་ལས་མང་བ་། “སྙིང་ཉེ་བའི་གྲོགས་མོ།” »

རྩོམ་རིག

དུར་སྒམ་དུ་མ་སྤས་པའི་བེམ་པོ་ཞིག་གི་སྐད་ཆ།

Posted on 2010-07-162010-07-16 By དབང་ཕྱུག་ 1 Comment on དུར་སྒམ་དུ་མ་སྤས་པའི་བེམ་པོ་ཞིག་གི་སྐད་ཆ།

བོད ལྷ་ཀླུ་གཉན་གསུམ།

མི་ཞིག་གིས་ཁྱེད་རང་ངོ་ཤེས་མིན་གྱི་གནད་དོན་དེ་ལས་གཞན་ཞིག་གང་ཡོད་ཟེར་ནས་རང་ གི་ངོ་གདོང་སྐྱ་བོ་འདི་ལ་ཞིབ་དུ་བལྟས་དུས་སུ། དོན་དངོས་སུ་རང་ཉིད་ནི་གསང་སྤས་ཀྱི་དུར་སྒམ་ཞིག་གི་ནང་དུ་རུལ་ཚར་བའི་རུས་ རྐང་ཞིག་ལས་གང་ཡང་མེད་པར་མཐོང་།

དེ་ལས་མང་བ་། “དུར་སྒམ་དུ་མ་སྤས་པའི་བེམ་པོ་ཞིག་གི་སྐད་ཆ།” »

སྣ་ཚོགས།

"དབྱར་ས།" ཐོན་ལ་ཉེ་བའི་གློག་བརྙན་གསར་བ།

Posted on 2010-07-16 By 8 Comments on "དབྱར་ས།" ཐོན་ལ་ཉེ་བའི་གློག་བརྙན་གསར་བ།

summerpasture_popupདབྱར་ས་ཞེས་བའི་ཁམས་ཁུལ་གྱི་འབྲོག་པའི་་མི་ཚང་ཞིག་གི་འཚོ་བ་གཙོ་བོར་བཟུང་བའི་གློག་བརྙན་གསར་བ་འདི་། མི་འགྱངས་བར་ཨ་རིའི་ནེའུ་ཡོག་(New York) དང་ལོ་སི་ཨན་རྗི་ལིས་སི་(Los Angeles)གཉིས་སུ་སྟོན་གི་རེད།
ནེའུ་ཡོག་(New York)
ཏུ་སྤྱི་ཟླ་བདུན་པའི་ཚེས་༣༠ནས་བརྒྱད་པའི་ཚེས་༥བར་སྟོན་གི་རེད། སྟོན་ས་དང་དུས་ཚོད་གཤམ་གསལ།
NEW YORK: July 30th – August 5th
IFC Center
323 Sixth Avenue @ West 3rd Street
www.ifccenter.com
Fri July 30: 3:45 PM & 9:40 PM
Sat July 31: 12:05 PM & 5:50 PM
Sun Aug 1: 2:00 PM & 7:50 PM
Mon Aug 2: 3:45 PM & 9:40 PM
Tue Aug 3: 12:05 PM & 5:50 PM
Wed Aug 4: 2:00 PM & 7:50 PM
Thu Aug 5: 3:45 PM & 9:40 PM

ལོ་སི་ཨན་རྗེ་ལིས་སི་(Los Angeles)རུ་བརྒྱད་པའི་ཚེས་༦ནས་༡༢བར་སྟོན་གི་རེད། སྟོན་ས་དང་དུས་ཚོད་གཤམ་གསལ།
LOS ANGELES: August 6th – 12th
Arclight Cinemas Hollywood
6360 W. Sunset Blvd
www.arclightcinemas.com
Fri Aug 6: 12:00 PM & 5:35 PM
Sat Aug 7: 1:50 PM & 7:40 PM
Sun Aug 8: 3:45 PM & 9:45 PM
Mon Aug 9: 12:00 PM & 5:35 PM
Tue Aug 10: 1:50 PM & 7:40 PM
Wed Aug 11: 3:45 PM & 9:45 PM
Thu Aug 12: 12:00 PM & 5:35 PM
གློག་བརྙན་འདིའི་ནང་དོན་མདོར་བསྡུས་ཤིག་གཤམ་ནས་གཟིགས་ཐུབ།

དེ་ལས་མང་བ་། “"དབྱར་ས།" ཐོན་ལ་ཉེ་བའི་གློག་བརྙན་གསར་བ།” »

གསལ་བསྒྲགས།

“དབྱར་ས།” ཐོན་ལ་ཉེ་བའི་གློག་བརྙན་གསར་བ།

Posted on 2010-07-162010-07-16 By ཁ་བརྡ་ 8 Comments on “དབྱར་ས།” ཐོན་ལ་ཉེ་བའི་གློག་བརྙན་གསར་བ།

summerpasture_popupདབྱར་ས་ཞེས་བའི་ཁམས་ཁུལ་གྱི་འབྲོག་པའི་་མི་ཚང་ཞིག་གི་འཚོ་བ་གཙོ་བོར་བཟུང་བའི་གློག་བརྙན་གསར་བ་འདི་། མི་འགྱངས་བར་ཨ་རིའི་ནེའུ་ཡོག་(New York) དང་ལོ་སི་ཨན་རྗི་ལིས་སི་(Los Angeles)གཉིས་སུ་སྟོན་གི་རེད།
ནེའུ་ཡོག་(New York)
ཏུ་སྤྱི་ཟླ་བདུན་པའི་ཚེས་༣༠ནས་བརྒྱད་པའི་ཚེས་༥བར་སྟོན་གི་རེད། སྟོན་ས་དང་དུས་ཚོད་གཤམ་གསལ།
NEW YORK: July 30th – August 5th
IFC Center
323 Sixth Avenue @ West 3rd Street
www.ifccenter.com
Fri July 30: 3:45 PM & 9:40 PM
Sat July 31: 12:05 PM & 5:50 PM
Sun Aug 1: 2:00 PM & 7:50 PM
Mon Aug 2: 3:45 PM & 9:40 PM
Tue Aug 3: 12:05 PM & 5:50 PM
Wed Aug 4: 2:00 PM & 7:50 PM
Thu Aug 5: 3:45 PM & 9:40 PM

ལོ་སི་ཨན་རྗེ་ལིས་སི་(Los Angeles)རུ་བརྒྱད་པའི་ཚེས་༦ནས་༡༢བར་སྟོན་གི་རེད། སྟོན་ས་དང་དུས་ཚོད་གཤམ་གསལ།
LOS ANGELES: August 6th – 12th
Arclight Cinemas Hollywood
6360 W. Sunset Blvd
www.arclightcinemas.com
Fri Aug 6: 12:00 PM & 5:35 PM
Sat Aug 7: 1:50 PM & 7:40 PM
Sun Aug 8: 3:45 PM & 9:45 PM
Mon Aug 9: 12:00 PM & 5:35 PM
Tue Aug 10: 1:50 PM & 7:40 PM
Wed Aug 11: 3:45 PM & 9:45 PM
Thu Aug 12: 12:00 PM & 5:35 PM
གློག་བརྙན་འདིའི་ནང་དོན་མདོར་བསྡུས་ཤིག་གཤམ་ནས་གཟིགས་ཐུབ།

དེ་ལས་མང་བ་། ““དབྱར་ས།” ཐོན་ལ་ཉེ་བའི་གློག་བརྙན་གསར་བ།” »

གསལ་བསྒྲགས།

ཕལ་སྐད་སློབ་དེབ།

Posted on 2010-07-162010-07-16 By ཁ་བརྡ་ 14 Comments on ཕལ་སྐད་སློབ་དེབ།

སྐྱོ་བྲག་དགའ་དབང་།

བྱེས་སུ་ཡོད་པའི་སྐྱབས་བཅོལ་བ་འགའ་དང་། གཞིས་ཀྱི་ལྷ་ས་དང་།
ཨ་མདོ་སོགས་ཀྱིས་རང་རང་གི་ཕལ་སྐད་སློབ་དེབ་བྲིས་ཡོད། དེའི་བསམ་པ་ནི། སྤྱིར་བཏང་སྐད་ཡིག་ནི་བརྡ་སྤྲོད་བྱེད་ཡིན་པ་དང་།
མི་རིགས་གཞན་གྱི་སྐད་ཡིག་ཀྱང་སྒྱུར་བཞིན་པ་ཡིན་པ་དང་།
བོད་སྤྱིའི་སྐད་ཡིག་ནི་རིག་གནས་ཆུ་ཚད་ཡོད་མཁན་ལས་ཕལ་གྱིས་ཇི་བཞིན་གོ་མི་ཐུབ། དེས་ན་ཕལ་སྐད་མཁོ་སྤྱོད་པ་ལེགས་སྙམ་ཙམ་པ་ཡིན།
དེ་ནི་བོད་རང་གི་རིག་གཞུང་གི་རོ་མྱང་མ་མྱོང་བ་དང་།
བོད་ཀྱི་མདུན་ལམ་ལ་བལྟ་མ་ཤེས་པའི་སྐྱོན་རེད།
དེས་མ་འོངས་པའི་བོད་ཀྱི་ཆོས་སྲིད་གཉིས་ཀར་གེགས་ཆག་ཆེན་པོ་བཟོས་ཡོད།ནང་དོན་རིག་པ་གཙོ་བོར་བྱས་པའི་སྔར་གྱི་རིག་གཞུང་རྣམས་མི་རིགས་གཞན་གྱི་སྐད་ལྟར་འགྱུར་བ་དང་།

དེ་ལས་མང་བ་། “ཕལ་སྐད་སློབ་དེབ།” »

སྣ་ཚོགས།

རྒྱ་ནག་ཏུ་འཕུར་སྡེར་མངོན་པ།

Posted on 2010-07-152010-07-15 By ཡེ་ཤེས་ 8 Comments on རྒྱ་ནག་ཏུ་འཕུར་སྡེར་མངོན་པ།

གཤམ་དུ་ནོན། http://buzz.yahoo.com/buzzlog/93848?fp=1

གསར་འགྱུར།

བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྟོད་གོས།

Posted on 2010-07-152010-07-15 By ཁ་བརྡ་ 10 Comments on བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྟོད་གོས།

womens-orgt-11སྦྲ་ནག་དོན་གྲུབ་ཚེ་རིང་།

ཕ་ཡུལ་དྲན་པའི་གདུང་བ་དེས་ང་ཚོའི་སེམས་པ་མནན་ནས་ཡོད།
ཡུལ་ཕྱོགས་ངེས་མེད་དུ་འཐོར་བའི་བོད་མི་སྤུན་ཟླ་དག་དང་། བོད་དོན་ལ་སེམས་ཁྲལ་བ་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་། སེམས་པའི་གཏིང་ལ་དུས་རྟག་ཏུ་གནས་བའི་དྲན་ཤིང་ཞིག་འཇོག་ཐུབ་ན་ཅི་མ་རུང་བསམ་སྟེ། ཀུན་སློང་དྲི་མ་མེད་པ་ཞིག་གི་བློ་བསྐྱེད་འོག བྱེད་ཐབས་གསར་བ་འདི་ལག་ལེན་ཏུ་བསྟར་བ་ཡིན།

དེ་ལས་མང་བ་། “བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྟོད་གོས།” »

སྣ་ཚོགས།

ཕ་ཡུལ་བོད་ཀྱི་ཡོན་ཏན།

Posted on 2010-07-152010-07-15 By ཁ་བརྡ་ 5 Comments on ཕ་ཡུལ་བོད་ཀྱི་ཡོན་ཏན།

སྐྱོ་བྲག་དགའ་དབང་།

རོགས་ཚུར་ཉོན་ང་ཡི་ཕ་ཡུལ། །
བོད་གངས་ཅན་དག་པའི་ཞིང་ཁམས།།
སྐྱིད་ཕུན་ཚོགས་འཛོམས་པའི་གནས་མཆོག །
ས་འདི་འདྲ་ཡོད་པ་དཀའ་འོ།།
ཕྱོགས་མཐའ་དག་གསལ་བའི་བར་སྣང་། །

དེ་ལས་མང་བ་། “ཕ་ཡུལ་བོད་ཀྱི་ཡོན་ཏན།” »

སྙན་ངག

ང་ཁྱེད་དང་འབྲེལ་བ་རབ་རིབ་སབ་སིབ་ཅིག་ཡོད་ངེས་ཅན་རེད།

Posted on 2010-07-152010-07-15 By དབང་ཕྱུག་ 9 Comments on ང་ཁྱེད་དང་འབྲེལ་བ་རབ་རིབ་སབ་སིབ་ཅིག་ཡོད་ངེས་ཅན་རེད།

མཁན་པོ་ཆོས་དབྱིངས་ལགས་ཀྱིས་མཁོ་འདོན་གནང་།
༼འོད་ཟེར་གྱིས་བརྩམས་ཤིང་ཟླ་བ་གཞོན་ནུས་བསྒྱུར།༽

2008122115841747

ད་ཅི་ངོ་དེབ་(Facebook)ནང་གི་བོད་པའི་གྲོགས་པོ་ཞིག་གི་པར་མཛོད་དུ་པར་འདི་མཐོང་བྱུང་། པར་འདི་མཐོང་རྗེས་རྒྱུ་མཚན་གང་ཡིན་མི་ཤེས་པར་གློག་གིས་བརྒྱབས་པ་ལྟར་དུ་མགོ་པགས་སྦྲིད་ཅིང་། མིག་ཟུང་མཆུ་མས་བཀང་ནས་སླེབས་བྱུང་བར་མ་ཟད། མིག་ཆུ་མཐེབ་གཞོང་དུ་ཟགས་སོང་་

དེ་ལས་མང་བ་། “ང་ཁྱེད་དང་འབྲེལ་བ་རབ་རིབ་སབ་སིབ་ཅིག་ཡོད་ངེས་ཅན་རེད།” »

སྣ་ཚོགས།

སྐབས་རྗེས་མའི་བཀའ་ཁྲི་ནི་ཟམ་གདོང་བླ་མ་རང་ཡིན།

Posted on 2010-07-152010-07-15 By ཁ་བརྡ་ 26 Comments on སྐབས་རྗེས་མའི་བཀའ་ཁྲི་ནི་ཟམ་གདོང་བླ་མ་རང་ཡིན།

13སེངྒེ་དཀར་མོ་ནས།

ཟམ་གདོང་བླ་མའི་སྔོན་གྱི་སོང་ཤུལ།
སྤྱིར་བཏང་ས་འོག་གི་འབུ་ལ་ཡང་ནུས་ཤུལ་ཡོད་པས་རྐང་རྗེས་ཙམ་ཞིག་ཡོད་པ་ལ་ཧང་སང་རྒྱུ་ གང་ཡང་མེད་མོད། ཟམ་གདོང་བླ་མའི་སྔོན་གྱི་རྐང་རྗེས་དེད་ནས་སོང་ན། ཁོང་གི་རྐང་རྗེས་ནི་གཞན་དང་མ་འདྲ་བ་ཆེས་འབུར་དུ་དོད་ནས་ཡོད་པ་དེ་མཐོང་ཐུབ། དེ་ཡང་ཐོག་མར་བཙན་བྱོལ་ཕེབས་པ་ནས་འགོ་བཙུགས་ན། ཐོག་མར་མཱ་སུ་རིར་སློབ་སྤྱི་གནང་ཞིང་། དེ་སྐབས་ ཁོང་གིས་སློབ་ཁྲིད་བྱ་ཡུལ་མང་ཆེ་བ་ནི། ཅུང་སྐུ་ན་གཞོན་པའི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་དགེ་བཤེས་རྣམ་པ་ཡིན་ལ། དེང་སྐབས་ཁོང་ཚོས་འཛམ་གླིང་ནང་བོད་ཀྱི་ཆོས་སྲིད་རིག་གཞུང་དང་བཅས་པའི་ཐོག་ མཛད་རྗེས་བཞག་དང་འཇོག་བཞིན་པ་རེད།

དེ་ལས་མང་བ་། “སྐབས་རྗེས་མའི་བཀའ་ཁྲི་ནི་ཟམ་གདོང་བླ་མ་རང་ཡིན།” »

རྩོམ་རིག

སྐྱེ་བ་སྔ་མ་དྲན་མི་ཐུབ་པའི་རྒྱུ་མཚན་གསལ་བོ་འདྲ་བཤད་རྒྱུ་ཡོད་དམ།

Posted on 2010-07-152010-07-15 By ཁ་བརྡ་ 115 Comments on སྐྱེ་བ་སྔ་མ་དྲན་མི་ཐུབ་པའི་རྒྱུ་མཚན་གསལ་བོ་འདྲ་བཤད་རྒྱུ་ཡོད་དམ།

རྔ་བ་རྒྱལ་ཁམས་པ།

ང་ལ་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་སྐོར་ལ་དོགས་པ་དང་ཐེ་ཚོམ་མེད། ནམ་རྒྱུན་ནས་སྔར་བྱས་ལས་ངན་སྡིག་སྒྲིབ་དག་ཅིང་། ཕྱི་མའི་དལ་རྟེན་བཟང་བོ་ཞིག་ལ་ཡིན་སྨོད་བྱེད་བཞིན་པ་ཡིན། འོན་ཏེ། ངས་རང་ཉིད་ཀྱིས་སྐྱེ་བ་སྔ་མ་དྲན་མི་ཐུབ་པའི་ཐད་བསམ་བློ་མང་བོ་གཏོང་གི་ཡོད། དེའི་སྐོར་གྱི་དཔེ་ཆའང་མང་བོ་ཞིག་བཀླགས་པ་ཡིན། ང་ཚོ་ཕལ་ཆེར་གྱིས་སྐྱེ་བ་སྔ་མ་དྲན་མི་ཐུབ་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ཁ་ཅིག་གིས།

དེ་ལས་མང་བ་། “སྐྱེ་བ་སྔ་མ་དྲན་མི་ཐུབ་པའི་རྒྱུ་མཚན་གསལ་བོ་འདྲ་བཤད་རྒྱུ་ཡོད་དམ།” »

རྩོམ་རིག

གཟེར་མ་ར་མགོ

Posted on 2010-07-152010-07-15 By ཁ་བརྡ་ 3 Comments on གཟེར་མ་ར་མགོ

ཤ་ཀླན་འཇམ་དབྱངས་གྲགས་པ།

གཞིས་གྲོང་གསུམ་པའི་ཧེ་ཉག་བརྒལ་དུས།
ཁྱེད་ཀྱིས་གསེར་ཏོག་ཅིག་མཐོང་འོང་ཞིང་།
དུས་ཡུན་སྐར་ཆ་གཅིག་གི་ནང་།
རྒྱ་ཕིབས་དང་འདུ་ཁང་ཡོངས་རྫོགས་གསལ་ལྷོང་ངེར་མཐོང་འོང་།
བལྟས་ཚོད་ལ་བྱིན་བརླབས་ཀྱི་མཚོན་ཁ་འབར་མདོག་ཁ་ལ།
བལྟས་ཚོད་ལ་ཞི་བདེ་ཡི་སྣང་བ་སྦྱིན་མདོག་ཁ་བས།
ཁྱེད་ཀྱིས་འཚོལ་བཞིན་པའི་སེ་རར་འཁྲུལ་ཉེན་ཡང་ཡོད།
དེ་དུས་ཁྱེད་རྦད་དེ་འཁྲུལ་ཞིང་རྩ་བ་ནས་ནོར་བ་རེད།

དེ་ལས་མང་བ་། “གཟེར་མ་ར་མགོ” »

སྙན་ངག

གྲོང་གསེབ་ཀྱི་རིག་གནས་སྣང་ཚུལ།

Posted on 2010-07-152010-07-15 By ཁ་བརྡ་ 2 Comments on གྲོང་གསེབ་ཀྱི་རིག་གནས་སྣང་ཚུལ།

གཡུ་དྲུག་དཀར། རྡ་ས།
རྒྱ་གར་གྱི་གྲོང་གསེབ་ཅིག་ལ་སླེབས་མཚམས་ནས་ཕ་ཡུལ་དང་མི་འདྲ་བའི་བྱ་སྤྱོད་ལམ་མམ་རིག་གནས་སྣང་ཚུལ་ཅི་རིགས་མཐོང་རྒྱུ་ཡོད་ལ། ཕ་ཡུལ་གྱི་རྣམ་པ་དང་བསྡུར་ན་རེ་འགའ་ནི་ངོ་མ་དགོད་བྲོ་ཞིང་ཡིད་འཕྲོག་པར་གདའ།
ཁོ་བོས་རྒྱ་གར་གྱི་གྲོང་གསེབ་ཁག་ནས་དོ་སྣང་བྱུང་བའི་ལྟད་མོ་གཅིག་ནི་ཅ་དངོས་དང་ཁུར་བོ་ཐམས་ཅད་མགོ་ལ་འཁུར་བ་དེ་ཡིན། ཅ་ལག་ལྕི་ཡང་ཇི་འདྲ་ཞིག་ཡིན་རུང་མགོ་ཐོག་ལ་བཞག་ནས་ཕལ་ཆེར་ལག་པས་ཀྱང་སྐྱོར་མི་དགོས་པར་འཁུར་འགྲོ་བའི་འདི་བའི་གྲོང་གསེབ་ཀྱི་ལུགས་སྲོལ་འདིས།

དེ་ལས་མང་བ་། “གྲོང་གསེབ་ཀྱི་རིག་གནས་སྣང་ཚུལ།” »

རྩོམ་རིག

རྒྱུ་མཚན་མེད་པའི་ཆགས་གདུང་།

Posted on 2010-07-15 By ཁ་བརྡ་ 5 Comments on རྒྱུ་མཚན་མེད་པའི་ཆགས་གདུང་།

ཟླ་ཀླུང་།
——
སྙན་ངག་མཁན་པོས་བཟོས་པའི་སྒྲུང་གཏམ་ཙམ། །
མ་ཡིན་རང་གི་རྒྱུད་ལ་ཆགས་པའི་མེ། །
བཟོད་ཐབས་དཀའ་བ་འབར་བས་སྲེག་པའི་ཚུལ། །
བདེན་དོན་ཐང་མར་བརྡལ་ལ་ཅི་ཞིག་གནོང་། །
ཁོ་བོ་རྟག་པར་འཆམ་འདོད་མཁན་ཞིག་ཡིན་སྟབས་དྷ་རམ་ས་ལར་འཆམ་བསྡད་པ་ན་རིན་པོ་ཆེས་འབྲས་ལྗོངས་སུ་གསང་སྔགས་གསར་རྙིང་གི་དབང་དང་རྗེས་གནང་སོགས་རང་ལ་དགོས་གལ་ཆེ་བ་འགའ་ཞིག་རིང་མིན་གནང་གི་ཡོད་པ་ཐོས་ཏེ་ཞུ་རུ་འགྲོ་རྒྱུའི་རང་ཐག་བཅད། དུས་ཚོད་ཐུང་དྲགས་ཏེ་དྷི་ལི་ནས་མེ་འཁོར་མ་ཐོབ་པར་གནམ་གྲུར་སོང་། དབང་ཞུ་འདོད་ཆེ་བ་མ་གཏོགས་གྲྭ་རྐྱང་དཀྱུས་མ་ཞིག་ལ་སྒོར་བདུན་སྟོང་ལྔ་བརྒྱ་བཅོ་ལྔ་ལས་སླ་བོ་ཞིག་མིན་པ་གསལ་པོ་རེད། ང་རང་འབྲས་ལྗོངས་སུ་བསླེབས་པའི་ཕྱི་ཉིན་ཏེ་ཕྱི་ལོ་ཉིས་སྟོང་གསུམ་གྱི་ཟླ་བ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་དབུ་བཟུང་ཟླ་བ་གཅིག་རིང་དབང་གནང་ས་ལྷོ་འབྲས་ལྗོངས་ཀརྨ་རབ་བརྟན་གླིང་དགོན་པ་རེད་འདུག་པས་དེར་སོང་། ལམ་གྱི་གཡས་གཡོན་དུ་ཡུལ་མིས་གནས་སྐབས་ཆེད་ཟ་ཁང་དང་ཚོང་ཁང་ཆུང་ངུ་ཁ་ཤས་བཙུགས་པ་དང་། དབང་ཞུ་རུ་རྒྱལ་ཁབ་གང་ས་ནས་སྐྱ་སེར་མི་ཉུང་བ་ཕེབས་པ་བཅས་ཀྱིས་སྔར་དང་མི་འདྲ་བའི་ཟིང་ཆ་ཆེ་ཙམ་རེད་འདུག །བར་གསེང་ནམ་བྱུང་ལ་གུ་ཡངས་ཀྱི་སྤྲོ་འཆམ་ལ་འགྲོ་ཡི་ཡོད་པ་བཞིན་ཉིན་ཞིག་སོང་སྟེ་གནས་ཚུལ་འདྲ་མིན་མང་པོ་ཞིག་ཡིད་ལ་འཁོར་ནས་ཡེང་གིན་ལོག་ཡོང་བ་ན་གློ་བུར་དུ་བུ་མོའི་དགོད་སྒྲ་ཞིག་ཐོས། བལྟས་པ་ན། གཡོན་ཕྱོགས་གོམ་པ་བདུན་བརྒྱད་ཙམ་གྱི་རྒྱང་ཐག་ཡོད་པའི་ཚོང་ཁང་ཆུང་ངུ་ཞིག་གི་སྒོར་འབྲས་ལྗོངས་ཀྱི་བུ་མོ་ལོ་ཆུང་གསུམ་བཞི་བསྡད་དེ་ཁོ་རང་ཚོ་ཕན་ཚུན་མཚར་གཏམ་འདྲ་ལབ་ནས་བགད་ཀྱི་འདུག །སྟབས་མ་ལེགས་པ་ཞིག་ལ་བུ་མོ་གཅིག་གི་འདུག་སྟངས་ང་ཡོད་ཕྱོགས་སུ་ཁ་གྱུ་ནས་བགད་ཀྱི་འདུག་པ་དེས་རྐྱེན་ཏེ་ལུས་ཡོངས་རྫོགས་ཚ་ཟིང་ཟིང་བྱས་ཏེ་སྦྲིད་པ་དང་།

དེ་ལས་མང་བ་། “རྒྱུ་མཚན་མེད་པའི་ཆགས་གདུང་།” »

རྩོམ་རིག

ཁ་བརྡའི་དགོངས་སེལ་ཚིག་གསུམ།

Posted on 2010-07-152010-07-15 By ཁ་བརྡ་ 4 Comments on ཁ་བརྡའི་དགོངས་སེལ་ཚིག་གསུམ།

ཉེ་སྔོན་སྐྱོ་བྲག་དགའ་དབང་ལགས་ཀྱི་རྩོམ་ཡིག་ལྕགས་མོ་འཚོའི་འཕྲིན་ལན་ཟེར་བ་ཞིག་ཁ་བརྡའི་ངོས་སུ་བཀོད་པ་ཡིན། ཕྱི་ཚེས་༡༡སྟེ་གཟའ་ཉི་མའི་ཉིན་རྩོམ་དེའི་མཆན་བུ་རྣམས་ལ་རོབ་བལྟས་ཙམ་བྱེད་རྒྱུ་བྱུང་། སྐབས་དེར་མཆན་བུ་བཅུ་ཙམ་བསུབ་པ་མ་ཟད་ཁ་བརྡའི་རེ་སྐུལ་ཞིག་ཀྱང་མཆན་གྱི་ཁོངས་སུ་བཞག་ཡོད། འོན་ཀྱང་། ལས་བྲེལ་གྱི་དབང་གིས་དེའི་རྗེས་ཀྱི་ཉིན་གཉིས་རིང་ང་ཚོར་མཆན་བུ་གཞན་དག་ལ་བསྐྱར་དུ་བལྟ་ཁོམ་མ་བྱུང་། དེ་རིང་་བསྐྱར་དུ་མཆན་བུ་རྣམས་བསྔོགས་དུས། མཆན་བུའི་ཁོངས་སུ་གང་ཟག་སྒེར་དང་འབྲེལ་བའི་གནས་ཚུལ་མ་འོས་བ་ཁ་ཤས་ཀྱང་འདུག་སྟབས། གནས་སྐབས་རིང་རྩོམ་དེ་ཕྱིར་བསྡུ་བྱས་ཡོད། དོ་དགོང་ལྕགས་མོ་འཚོའི་གསལ་འདེབས་དེ་ཡང་འབྱོར་ནས་ཁ་བརྡའི་སྒང་ལ་བཞག་ཡོད། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས་ཉིན་འགའི་རིང་མཆན་བུ་རྣམས་ལ་དུས་ཐོག་ཏུ་བརྟག་ཞིབ་བྱེད་མ་ཐུབ་པར་འཐུས་ཤོར་ཕྱིན་པ་ལ། བཀུར་འོས་ལྕགས་མོ་འཚོ་དང་འབྲེལ་ཡོད་རྣམ་པར་དགོངས་དག་ཞུ་བཞིན་ཡོད། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།

གསལ་བསྒྲགས།

ལྕགས་མོ་འཚོས་གསལ་འདེབས།

Posted on 2010-07-152010-07-15 By ཁ་བརྡ་ 24 Comments on ལྕགས་མོ་འཚོས་གསལ་འདེབས།

ཉིན་ཤས་ནས་ཁ་བརྡ་དྲ་ཐོག་ན་མཁན་པོ་སྐྱོ་བྲག་དགའ་དབང་ཟེར་བ་ཞིག་གིས་ལྕགས་མོ་འཚོའི་འཕྲིན་ལན་ཟེར་བ་ཞིག་སྤེལ་ཡོད་ཚོད་རེད། དེ་བཞིན་མཁན་པོ་ཟེར་བ་དེས་ཀྱང་ཁྱེད་ལ་ཕུལ་བའི་འཕྲིན་ལན་ཁ་བརྡ་ནང་བཞག་ཡོད་ཚུལ་དྲན་སྐུལ་གློག་འཕྲིན་ཞིག་འབྱོར་བའང་དྲན་གྱི་འདུག་ ཡིན་ནའང་ནམ་རྒྱུན་གྱི་ལས་བྲེལ་ལས་གཞན་དེང་སྐབས་བྲེལ་ཟིང་འཕར་མ་ཞིག་གི་ནང་མགོ་འཐོམས་པ་དང་། དེར་དོ་སྣང་བྱེད་རིན་ཡོད་པར་མ་མཐོང་པས་ཡ་ལན་བྱས་མེད། འོན་ཏེ་གྲོགས་པོས་རྩེད་མཚར་གྱི་བར་ནས་ཁ་བརྡ་ན་བྲིན་པའི་སྐད་ཆ་དེ་དག་གླེང་བྱུང་པས།མདང་དགོང་ཆེད་དུ་ཁ་བརྡ་དྲ་ཐོག་ཕྱིན་ཏེ་འཕྲིན་ལན་ཟེར་བ་དེ་དང་མཆན་བུ་བཅས་ཆ་ཚང་ལན་ཅིག་ཀློག་པ་དང་། དེ་རིང་གློག་འཕྲིན་ཡིག་ཚགས་ཕྱིར་སྔོག་སྐབས་ཁ་སྔོན་མཁན་པོ་སྐྱོ་བྲག་དགའ་དབང་ཟེར་བ་དེ་དང་གློག་འཕྲིན་འབྲེལ་གཏུག་རེ་ཟུང་ཡོད་པ་རྙེད་དེ་འདིར་པར་བཤུས་དང་ལྷན་དུ་གསལ་འདེབས་ཐུང་ཐུང་ཞིག་ཞུ་རྒྱུར་།

དེ་ལས་མང་བ་། “ལྕགས་མོ་འཚོས་གསལ་འདེབས།” »

རྩོམ་རིག

རོལ་དབྱངས་ཤིག་གི་བཞུར་རྒྱུན།

Posted on 2010-07-14 By དགེ་རབ་ 21 Comments on རོལ་དབྱངས་ཤིག་གི་བཞུར་རྒྱུན།

གཅན་བཟོད་རྒྱམ།

༡

ladyརོལ་དབྱངས་ཤིག་དལ་གྱིས་བཞུར་འོང་དུས

ངས་བློ་རྡེག་ཏུ་ལ་དྭགས་དྲན་ཞིང

ཁང་པའི་སྒེའུ་ཁུང་ལས་ནམ་མཁར་ལྟ་བཞིན

དུ་བ་རྔམ་འཐེན་བྱས་བའི་ཁོ་མོ་ཤུགས་ཀྱིས་དྲན་བྱུང

༢

“ངས་ད་བར་དུ་ནམ་མཁའ་ནས་སྐར་ཚོགས་འདི་འདྲ་མང་པོ་མཐོང་མྱོང་མེད”

ཁང་བརྩེགས་ཀྱི་སྒེའུ་ཁུང་ལས་རྐང་པ་ཟུང་ཕྱི་རུ་བརྐྱངས་ཏེ

དུ་བ་ཤུགས་ཀྱིས་འཐེན་ཀྱང་སེམས་ཀྱི་དམར་དམར་པོ་དེ་ད་དུང་བརྗོད་མ་ནུས་པ་ངས་ལོས་ཤེས

“སྐར་གྲངས་དུང་ཕྱུར་བརྒྱད་དང་དྲུག་འབུམ་ཡོད་པ་རེད་ཅེས་སངས་རྒྱས་ཀྱིས་གསུངས་ཡོད་ནི་རེད” ཅེས་པ་ནི་ཅི་འདྲའི་དགོས་བྲོ་བའི་རྩེད་འཚར་ཞིག་མིན་ན་ཡང

བརྩེ་བ་ཞིག་གི་མགོ་འཛུགས་ས་ཡིན་པ་ནི་སྐབས་དེའི་ང་དང་ཁྱེད་ལ་ཧ་ཅང་གསལ་པོ་ཡིན

དེ་ལས་མང་བ་། “རོལ་དབྱངས་ཤིག་གི་བཞུར་རྒྱུན།” »

སྙན་ངག

ཁྱེད་ཕྱོགས་ཀྱི་སྐད་ཆ་ཞིག་གོ་རྗེས་སུ།

Posted on 2010-07-14 By དབང་ཕྱུག་ 5 Comments on ཁྱེད་ཕྱོགས་ཀྱི་སྐད་ཆ་ཞིག་གོ་རྗེས་སུ།

བོད ལྷ་ཀླུ་གཉན་གསུམ།

བལྟས་ནས་རྒྱང་རིང་ཞིག་གི་ཁྱེད་ལ་བལྟས།།
ཉན་ནས་རྒྱང་རིང་ཕྱོགས་ཀྱི་ཁྱེད་ལ་ཉན།།
སྒུག་ནས་ཡུན་རིང་གྱེས་པའི་ཁྱེད་ལ་སྒུག།
མི་ལོ་བཅུ་གསུམ་ལྷག་གི་འཚོ་བ་གཟད།།

དེ་ལས་མང་བ་། “ཁྱེད་ཕྱོགས་ཀྱི་སྐད་ཆ་ཞིག་གོ་རྗེས་སུ།” »

སྙན་ངག

གདུང་བའི་ན་ཟུག་སེམས་ཀྱིས་མ་བཟོད་མགོ་བོ་དག་གིས་བྲག་ལ་རྡེབ།

Posted on 2010-07-122010-07-13 By དགེ་རབ་ 3 Comments on གདུང་བའི་ན་ཟུག་སེམས་ཀྱིས་མ་བཟོད་མགོ་བོ་དག་གིས་བྲག་ལ་རྡེབ།

སྙན་བཟང་གཡུང་དྲུང་ཚེ་རིང་།

ས་འགུལ་རྒྱལ་པོས་རྟ་དམག་བྱེ་བ་དེད་པའི་འཕྲུལ་གྱིས་སྐྱེ་དགུའི་འཛིན་མ་དྲག་ཏུ་བསྒུལ།།
མཁར་དང་གྱང་རྩིག་ཉིལ་བའི་རྡུལ་སྤྲིན་ལང་ལོང་ཟོལ་གྱིས་ཉི་ཟླའི་དཔུང་པར་དལ་གྱིས་སྐྱོད།།

འབྱམས་སུ་ྐླས་པའི་ས་ཆེན་འོག་ཏུ་མི་བཟད་སྔངས་སྐྲག་ན་ཟུག་ཆོ་ངེའི་སྒྲ་ཡིས་ཁེངས།།
སྟོན་པའི་དམག་དཔུང་ཧོབ་ཀྱིས་བརྒྱུགས་ཏེ་ས་རྒོད་བྲུས་ཀྱང་སྐྱོབ་པའི་ཐབས་ནི་རྙེད་མ་གྱུར།།

ས་ཁར་དྲངས་པའི་བདག་མེད་བེམ་པོར་མྱ་ངན་མེད་པར་ཕྱོགས་དང་ཕྱོགས་སུ་འཕྲེད་དུ་ཉལ།།
འདྲེན་མེད་རྣམ་ཤེས་སྐོར་དང་སྐོར་ཚོ་འཁྲེང་བའི་ཉམས་ཀྱིས་སྐྱེ་དགུའི་གྲོང་ན་ཤིག་ཤིག་འགུལ།།

མ་ཡུམ་རྣམས་ཀྱིས་ཤི་བའི་གཅེས་ཕྲུག་པང་དུ་བཀྱགས་ཏེ་གནམ་མཁའི་གདོང་ལ་མཆིལ་ཞགས་འཕེན།།
ནུ་ཞོས་སྐྱེད་པའི་དྭ་ཕྲུག་དག་གིས་ཨ་མ་མ་རྙེད་སྲང་ལམ་ཀུན་ཏུ་སྔངས་རྒྱུག་བྱེད།།

དེ་ལས་མང་བ་། “གདུང་བའི་ན་ཟུག་སེམས་ཀྱིས་མ་བཟོད་མགོ་བོ་དག་གིས་བྲག་ལ་རྡེབ།” »

སྙན་ངག

Posts pagination

Previous 1 … 783 784 785 … 908 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (83)
  • ཨེ་ལི་སི། (51)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (22)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (18)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme