༄ ༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ལོ་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་སྩལ་བ་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་གྲུབ་འཕྲལ་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་ཕྱག་དེབ་བཞེས་གནང་མཛད་རྒྱུའི་དགོངས་བཞེས་བྱུང་བ་ ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་དང་དཔལ་འབྱོར་བཀའ་བློན་རྣམ་གཉིས་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་དྭང་བླང་དཔྱ་དངུལ་ཕྱག་དེབ་ དངོས་སུ་འབུལ་ལམ་ཞུས་ཡོད།
དེ་ལས་མང་བ་། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྭང་བླང་དཔྱ་དངུལ་ཕྱག་དེབ་དགྱེས་བཞེས་མཛད་པ།” »





