Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༡༢ ། ༣ ། ༡༤ །ཉིན་མདོ་སྨད་རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ།

Posted on 2012-03-142012-03-15 By ཤར་ཕྱོགས་ཁུག་རྟ། 29 Comments on ༢༠༡༢ ། ༣ ། ༡༤ །ཉིན་མདོ་སྨད་རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ།

 དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཆ་ཚོད་བཅུ་དང་ཕྱེད་ཀའི་སྟེང་། རེབ་གོང་རོང་པོ་དགོན་ཆེན་གདན་ས་གསུམ་གྱི་ཁོངས་ཐོས་བསམ་གླིང་གྲྭ་ཚང་གི་དགེ་འདུན་པ་རང་ལོ་ ༣༠ནང་ཡིན་པ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག ཁོང་གི་ཕ་མིང་ལ་དཀོན་མཆོག་སྐྱབས(ཚེ་འདས)། མ་མིང་ལ་ལྕགས་མོ་ཟེར་ཞིང་། ཁོ་རང་རྩིས་པའི་བུ་སྤུན་བཞི་དང་སྲིང་མོ་གཉིས་ཡོད་འདུག ཁོང་ཉིད་རོང་བོ་དགོན་ཆེན་གྱི་གྲྭ་བ་དང་། འཛིན་གྲྭ་འདུལ་རྙིང་། སྐྱེས་ཡུལ་རེབ་གོང་རྒྱལ་བོ་ལྡོང་ངེ་དང་། རྒྱུན་དུ་སློབ་ལ་བརྩོན་པ་དང་ཉམས་ཆུང་ཞི་དུལ་ཆེ་བ། གཟུགས་གཞི་ཧ་ཅང་བདེ་ཐང་བཅས་རེད་འདུག
རང་ལུས་མེར་སྲེག་སྐབས་ཁོང་གིས་དང་པོ་ཕྱག་གསུམ་འཚལ་རྗེས། “༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས།” “བོད་མི་རིགས་དང་སྐད་ཡིག་ལ་རང་དབང་དགོས། “ཞེས་སྐད་འབོད་པརྒྱབ་རྗེས་། ས་སྣུམ་བྱུགས་པའི་གཟན་ཤམས་ལ་མེ་སྦར་བས་མེ་ལྕེ་ལྷབ་ལྷབ་འབར་བ་དང་། མེར་བསྲེགས་གཏོང་དུས་རོང་བོ་དགོན་ཆེན་ཚོགས་ལ་ཚོགས་འདུག་པས། ཉེ་འཁྲིས་སུ་ཕྱག་བསྐོར་ཕེབས་མཁན་འགའ་རེ་མ་གཏོགས་མི་མང་པོ་མེད་པ་དང་ཉེ་འཁྲིས་ཀྱི་མི་ཞིག་གིས་རང་གི་སྟོད་གོས་ཕུད་དེ་མེ་གསོད་རྩིས་བྱས་ཀྱང་མེ་གསོད་ཐུབ་མི་འདུག དེ་མ་ཐག་ཉེ་འཁོར་གྱི་མི་མང་པོས་མཐོང་སྟེ་སྒྲོལ་མ་ཐང་ཆེན་དུ་ཡོད་པའི་ཕྱག་བསྐོར་བའི་གདན་གྱིས་མེ་གསོད་ཐུབ་འདུག

དེ་ལས་མང་བ་། “༢༠༡༢ ། ༣ ། ༡༤ །ཉིན་མདོ་སྨད་རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ།” »

གསར་འགྱུར།

གངས་ལྗོངས་མདོ་སྨད་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པ་ཡོངས་སུ་མཇུག་བསྡུས་པ།

Posted on 2012-03-13 By ཁ་བརྡ་ 47 Comments on གངས་ལྗོངས་མདོ་སྨད་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པ་ཡོངས་སུ་མཇུག་བསྡུས་པ།


གསར་འགོད་པ། རྡོ་རྗེ་ཚེ་རིང་གིས།

སྤྱི་ཟླ༣པའི་ཚེས་༡༡ཉིན་ཏེ་གཟའ་ཉི་མའི་ཉིན་ནས་དྷ་ས་ཀིརྟི་དགེ་རྩ་ཚོགས་པའི་གཞན་ཕན་ཞི་བདེའི་ཚོགས་ཁང་དུ་༼གངས་ལྗངས་མདོ་སྨད་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པ་༽དབུ་འཛུགས་གནང་ཡོད་ཅིང་། ཉིན་དང་པོར་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག བཀའ་ཟུར་དང་སྤྱི་འཐུས་ལས་ཐོག་ཐུབ་བསྟན་ལུང་རིག་མཆོག་གིས་གཙོས། མདོ་སྨད་སྤྱི་འཐུས་རྣམས་དང་མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམ་པ། དེ་བཞིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་ཏེ་སྤྱི་ཚེས་༡༣སྟེ་ཉིན་གྲངས་གསུམ་གྱི་རིང་གྲོས་བསྡུར་དང་བགྲོ་གླེང་གནས་མཐར་༼ བོད་རྒྱལ་ལོ་ ༢༡༣༩ རབ་བྱུང་༡༧པའི་ཆུ་འབྲུག་སྤྱི་ལོ་༢༠༡༢ལོའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་བཞི་པའི་ཚོགས་ཆེན་གྱི་གྲོས་གཞི་གྲོས་ཆོད་༽གཤམ་གསལ་ལྟར་ལ།

དེ་ལས་མང་བ་། “གངས་ལྗོངས་མདོ་སྨད་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པ་ཡོངས་སུ་མཇུག་བསྡུས་པ།” »

གསར་འགྱུར།

ཡུ་རོབ་མཉམ་འབྲེལ་གྱི་མདུན་དུ་ངོ་རྒོལ་སྐད་འབོད་།

Posted on 2012-03-13 By ཁ་བརྡ་ 2 Comments on ཡུ་རོབ་མཉམ་འབྲེལ་གྱི་མདུན་དུ་ངོ་རྒོལ་སྐད་འབོད་།


སྦེལ་ལྗམ་བོད་རིགས་ཚོགས་པའི་རྒྱུན་ལས་བྱམས་པ་ནས་།

འདི་ག་སྦེལ་ལྗམ་བོད་རིགས་ཚོགས་པས་གོ་སྒྲིག་འོག དེ་རིང་ཕྱི་ཟླ་༣ པའི་ཚེས་༡༢ ཉིན་ཡུ་རོབ་མཉམ་འབྲེལ་གྱི་མདུན་དུ་ངོ་རྒོལ་སྐད་འབོད་ཞིག་གོ་སྒྲིག་བྱས་པ་བཞིན། ས་གནས་མི་མང་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་པ་བཅས་མི་གྲངས་ལྔ་བཅུ་ལྷག་མཉམ་བཞུགས་བྱུང་པའི་གནས་ཚུལ་དུ།
ཕྱི་ལོ་༢༠༡༢ ཟླ་༣ པའི་ཚེས༡༢ ཉིན།

དེ་ལས་མང་བ་། “ཡུ་རོབ་མཉམ་འབྲེལ་གྱི་མདུན་དུ་ངོ་རྒོལ་སྐད་འབོད་།” »

གསར་འགྱུར།

རེབ་གོང་བཙན་མོ་བདེ་ཆེན་དགོན་དུ་གསུམ་དུས་ཐེངས ༥༣ སྲུང་གཙི།

Posted on 2012-03-132012-03-13 By ཤར་ཕྱོགས་ཁུག་རྟ། 6 Comments on རེབ་གོང་བཙན་མོ་བདེ་ཆེན་དགོན་དུ་གསུམ་དུས་ཐེངས ༥༣ སྲུང་གཙི།


ད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་དགུ་ཡས་མས་སུ་བོད་མདོ་སྨད་ཨ་མདོ་རེབ་གོང་ཕྲེང་ཡར་ནང་བདེ་ཆེན་དགོན་པའི་ནང་དུ་ཡུལ་དེའི་སེར་སྐྱ་མང་བོ་འདུ་འཛོམས་ཀྱིས་དགོན་པའི་འདུ་ཁང་སྒོ་ཁར་གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་དར་ཆ་ད་དུང་མཆོད་མེ་མང་བོ་བཤམས་ནས་བོད་རྒྱལ་ཁབ་ཆེན་མོའི་སྲིད་དབང་བཙན་ལག་ཏུ་ཤོར་ནས་

དེ་ལས་མང་བ་། “རེབ་གོང་བཙན་མོ་བདེ་ཆེན་དགོན་དུ་གསུམ་དུས་ཐེངས ༥༣ སྲུང་གཙི།” »

གསར་འགྱུར།

གཅན་ཚ་ལ་མོ་བདེ་ཆེན་དགོན་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་རྒྱ་གཞུང་ལ་ངོ་རྒོལ།

Posted on 2012-03-132012-03-13 By དབང་ཕྱུག་ 9 Comments on གཅན་ཚ་ལ་མོ་བདེ་ཆེན་དགོན་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་རྒྱ་གཞུང་ལ་ངོ་རྒོལ།

༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདིར་འདྲེན་བཀོད་ཞུས་པ་ཡིན༽
དེ་རིང་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༣ ཚེས་ ༨ ཉིན་ཏེ་བོད་ལུགས་ཀྱི་ཆོ་འཕྲུལ་དུས་ཆེན་ཉིན། མདོ་སྨད་གཅན་ཚ་རྫོང་ནང་ཁོག་ཞང་ལ་མོ་བདེ་ཆེན་དགོན་པའི་དགེ་འདུན་པ་ཚོས་སྨོན་ལམ་གྱི་མཆོད་གཏོར་སྟེང་མར་རྒྱན་གྱིས་བོད་ཀྱི་རྒྱལ་དར་དང་། ༧གོང་ས་མཆོག་གི་སྐུ་བརྙན་བཞེངས་ཏེ་སྨོན་ལམ་གསུངས་ཡོད་འདུག

དེ་ལས་མང་བ་། “གཅན་ཚ་ལ་མོ་བདེ་ཆེན་དགོན་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་རྒྱ་གཞུང་ལ་ངོ་རྒོལ།” »

གསར་འགྱུར།

ད་ལྟ་རྔ་བའི་གནས་སྟངས་དོན་དངོས་དམག་ཁྲིམས་(Martial Law) འོག་གནས་ཡོད།

Posted on 2012-03-132012-03-13 By ཤར་ཕྱོགས་ཁུག་རྟ། 9 Comments on ད་ལྟ་རྔ་བའི་གནས་སྟངས་དོན་དངོས་དམག་ཁྲིམས་(Martial Law) འོག་གནས་ཡོད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་གསལ་བསྒྲགས།

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བཙན་དབང་ལ་ཞི་བའི་སྒེར་ལངས་ཐེངས་ ༥༣ འཁོར་བའི་དུས་དྲན་ཉིན་བོད་བྱང་ཤར་རྔ་པའི་ཁུལ་དུ་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་ཕམ་བྱུང་། ང་ཚོས་དམ་པ་ཁོང་གི་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེའི་ཐོག་སྨོན་ལམ་ཞུ་རྒྱུ་ཡིན།

དེ་ལས་མང་བ་། “ད་ལྟ་རྔ་བའི་གནས་སྟངས་དོན་དངོས་དམག་ཁྲིམས་(Martial Law) འོག་གནས་ཡོད།” »

གསར་འགྱུར།

གླིང་ཚ་མ་བུ་གསུམ་ལ་ཕུལ་བའི་ཤིས་ཚིག

Posted on 2012-03-13 By ཁ་བརྡ་ 18 Comments on གླིང་ཚ་མ་བུ་གསུམ་ལ་ཕུལ་བའི་ཤིས་ཚིག

འབའ་སྲས།

ཆེས་ཆེར་གུས་པར་འོས་པའི་གླིང་ཚ་མ་བུ་གསུམ།།
སྐྱེས་པ་བླ་ན་མཐོ་བའི་གླིང་ཚ་མ་བུ་གསུམ།།
འཐབ་རྩོད་གཟི་བརྗིད་ཆེ་བའི་གླིང་ཚ་མ་བུ་གསུམ།།
ནང་མི་དཔའ་བོ་གསུམ་པོ་ནམ་ཡང་བདག་གིས་གུས།།

གདོང་དམར་བོད་པ་ཚང་ལ་ཤ་ཁྲག་རུས་གསུམ་བསྟི།།
སྒང་བ་བོད་པ་ཚང་ལ་ལྷ་ཀླུ་གཉན་གསུམ་གནས།།
གངས་ཅན་ཁ་བ་རི་ལ་མི་འགྱུར་གངས་ཕྲུག་མང་།།
ཁ་ཚ་དགོས་གཏུགས་སྐབས་སུ་ཁྱེད་ཅག་མ་བུ་གསུམ།།

དེ་ལས་མང་བ་། “གླིང་ཚ་མ་བུ་གསུམ་ལ་ཕུལ་བའི་ཤིས་ཚིག” »

སྙན་ངག

དོན་དངོས་ཀྱི་ལག་དམར་གདུག་པ་ཅན།

Posted on 2012-03-13 By དབང་ཕྱུག་ 17 Comments on དོན་དངོས་ཀྱི་ལག་དམར་གདུག་པ་ཅན།

བོན་རྒྱ་བསྟན་འཛིན་རབ་རྒྱས།

༡ ༽ ད་ནི་ཛ་དྲག་ཆ་ཚང་ལ་རྒྱུན་ལྡན་ལ་གྱུར་བ་ཨེ་རེད།

ན་ནིང་གི་ལོ་མཇུག་ལ་མི་ཞིག་གིས་མེར་བསྲེགས་བཏང་སོང་ཞེས་པའི་སྐད་ཆ་དེ་ཐོས་ཙམ་ནས། ཡ་ཆུང་གི་སྙིང་ཡང་ལྟིག་ལྟིག་ལྡང་ཞིང་དངོས་གནས་ཅི་བྱ་བརྟོལ་བྲལ་ལྟ་བུ་ཞིག་རེད། ཡིན་ནའང་། ད་ནི་དཔའ་རྒོད་ཅིག་གིས་མེར་བསྲེགས་བཏང་བའི་གནས་ཚུལ་འབྱོར་ནའང་དེ་དུས་ཀྱི་ཚོར་སྣང་སྡོད་མི་བཟོད་པ་དེ་འཇགས་ཚར་འདུག དངོས་གནས་ད་ནི་ཛ་དྲག་ཆ་ཚང་རྒྱུན་ལྡན་དུ་འགྱུར་བའི་དུས་ཚོད་ཅིག་ལ་གྱུར་འདུག འདི་མུར་སོང་ན་ནམ་ཞིག་རང་སྲོག་གཏོང་བ་དེའང་རྒྱུན་ལྡན་ལ་འགྱུར་རྒྱུ་རེད།

དེ་ལས་མང་བ་། “དོན་དངོས་ཀྱི་ལག་དམར་གདུག་པ་ཅན།” »

རྩོམ་རིག

འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་ནུས་ཤུགས་དང་ཉམས་ལེན།

Posted on 2012-03-122012-03-12 By ཁ་བརྡ་ 3 Comments on འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་ནུས་ཤུགས་དང་ཉམས་ལེན།

འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་ནུས་ཤུགས་དང་ཉམས་ལེན་༼The Power and Practice of Nonviolent Struggle༽ཞེས་པ་འདི་ནི་ཨེལ་བྷཊ། ཨེནས྄ྭཊིན། ལྟེ་གནས་ཁང་གི་མཁས་དབང་ཇཱིན། ཤརྤ་ཡིས་བརྩམས་ཤིང་། པདྨ་ཚེ་དབང་ཤཱསྣྟིས་གངས་ལྗོངས་བོད་ཀྱི་སྐད་དུ་བསྒྱུར་ཡོད། དེབ་འདི་ནི་བསྒྱུར་མཁན་སྐུ་ཞབས་མཆོག་གིས་ཁ་བརྡ་དྲ་བར་བརྒྱུད་འགོད་བྱེད་འཐུས་ཀྱི་བཀའ་འཁྲོལ་དང་འབྲེལ་འདིར་བཀོད་ཡོད། ད་དུང་རྩོམ་པ་པོའི་དྲ་རྒྱ་ནས་ཀྱང་ཕབ་བཤུ་བྱེད་ཐུབ་པ་འདུག དྲ་རྒྱའི་ཁ་བྱང་དག་འདི་ན་ཡོད། གཤམ་གསལ་གྱི་འབྲེལ་ཐག་ལ་བསྣུན་ནས་དེབ་འདི་ཡོངས་རྫོགས་PDF…

དེ་ལས་མང་བ་། “འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་ནུས་ཤུགས་དང་ཉམས་ལེན།” »

དེབ་ཐེར།

སྲིད་དབང་སྒེར་འཛིན་ལམ་ལུགས་ནས་མང་གཙོའི་ལམ་ལུགས་བར།

Posted on 2012-03-122012-03-12 By ཁ་བརྡ་ 5 Comments on སྲིད་དབང་སྒེར་འཛིན་ལམ་ལུགས་ནས་མང་གཙོའི་ལམ་ལུགས་བར།

སྲིད་དབང་སྒེར་འཛིན་ལམ་ལུགས་ནས་མང་གཙོའི་ལམ་ལུགས་བར། བཅིངས་གྲོལ་གྱི་ཆེད་རྟོག་འཆར་གྱི་སྒྲོམ་གཞི་ཞིག་༼From Dictatorship to Democracy༽ཞེས་པ་འདི་ནི་ཨེལ་བྷཊ། ཨེནས྄ྭཊིན། ལྟེ་གནས་ཁང་གི་མཁས་དབང་ཇཱིན། ཤརྤ་ཡིས་བརྩམས་ཤིང་། པདྨ་ཚེ་དབང་ཤཱསྣྟིས་གངས་ལྗོངས་བོད་ཀྱི་སྐད་དུ་བསྒྱུར་ཡོད། དེབ་འདི་ནི་བསྒྱུར་མཁན་སྐུ་ཞབས་མཆོག་གིས་ཁ་བརྡ་དྲ་བར་བརྒྱུད་འགོད་བྱེད་འཐུས་ཀྱི་བཀའ་འཁྲོལ་དང་འབྲེལ་འདིར་བཀོད་ཡོད། ད་དུང་རྩོམ་པ་པོའི་དྲ་རྒྱ་ནས་ཀྱང་ཕབ་བཤུ་བྱེད་ཐུབ་པ་འདུག དྲ་རྒྱའི་ཁ་བྱང་དག་འདི་ན་ཡོད། དེ་ནས་གཤམ་གྱི་འབྲེལ་ཐག་ལ་བསྣུན་ན་དེབ་ཆ་ཚང་གཟིགས་ཐུབ་ཅིང་། FDTD-Tibetan དེབ་ཀྱི་དཀར་ཆག་དེ་གཟིགས་བདེའི་ཕྱིར་གཤམ་དུ་དྲངས་ཡོད།

དེ་ལས་མང་བ་། “སྲིད་དབང་སྒེར་འཛིན་ལམ་ལུགས་ནས་མང་གཙོའི་ལམ་ལུགས་བར།” »

དེབ་ཐེར།

གསུམ་བཅུ་དུས་དྲན་ཉིན་རང་ལུས་མེར་སྲེག་བཏང་བ།

Posted on 2012-03-122012-03-13 By དབང་ཕྱུག་ 17 Comments on གསུམ་བཅུ་དུས་དྲན་ཉིན་རང་ལུས་མེར་སྲེག་བཏང་བ།

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཉིན་བོད་ནང་གི་ཕྱི་དྲོའི་དུས་ཚོད ༥ ཙམ་ལ་རྔ་པ་རྫོང་ཚོས་རྗེ་མ་ཞང་སོ་རུ་སྡེ་བ་ནས་ཡིན་པ་རྔ་པ་ཀིརྟི་དགོན་གྱི་གྲྭ་དགེ་པེ།རང་ལོ ༡༨ །ཕ་མིང་ལ་ཕྱག་རྡོར།མ་མིང་ལ་ཆཱ་ཁོ་ཡིན་པ་ཁོང་གིས་རང་ལུས་མེར་སྲེག་བྱས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཤིང་ས་གནས་དེ་ཀ་རང་ལ་སྐུ་སྲོག་ཤོར་ཡོད་འདུག

དེ་ལས་མང་བ་། “གསུམ་བཅུ་དུས་དྲན་ཉིན་རང་ལུས་མེར་སྲེག་བཏང་བ།” »

གསར་འགྱུར།

གསུམ་དུས་ཉིན་གྱི་བུ་ཆུང་ཞིག་གི་མཐོང་ཐོས།

Posted on 2012-03-122012-03-13 By ཁ་བརྡ་ 1 Comment on གསུམ་དུས་ཉིན་གྱི་བུ་ཆུང་ཞིག་གི་མཐོང་ཐོས།

ང་བུ་ཆུང་ཞིག་གིས་མིག་མཐོང་བ་རྒྱ་མིས་༧གོང་ས་མཆོག་གི་དབྱར་ཀའི་ཕོ་བྲང་ནོར་བུ་གླིང་ཁར་འབར་རྫས་གཏོར་བ།
ཨ་མྱེས་ཚང་ཐུབ་བསྟན།
—————-
༡༩༥༩ ལོའི་ནང་དུ་ལྷ་ལྡན་སྨོན་ལམ་ཆེན་མོ་ཡོངས་སུ་གྲུབ་པའི་རྗེས་སུ་རྒྱ་མིས་བོད་ཀྱི་ལྷ་སར་བཙན་འཛུལ་བྱས་སོང༌། ང་ཚོས་གོ་ཐོས་ལ་རྒྱ་མིའི་དམག་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་ཁྲིད་བྱ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པའི་གནས་ཚུལ་གོ་ཐོས་བྱུང༌། རྒྱ་མིའི་དམག་སྤྱི་ལས་ཁུངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་སྐྱིད་ཆུའི་ཕ་རོལ་དུ་འཁྲབ་སྟོན་ཞིག་ཏུ་གདན་འདྲེན་ཞུས་ཏེ།

དེ་ལས་མང་བ་། “གསུམ་དུས་ཉིན་གྱི་བུ་ཆུང་ཞིག་གི་མཐོང་ཐོས།” »

རྩོམ་རིག

ཁོང་མ་བུ་གསུམ་པོ་བུད་ཐལ།

Posted on 2012-03-122012-03-13 By ཁ་བརྡ་ 8 Comments on ཁོང་མ་བུ་གསུམ་པོ་བུད་ཐལ།


ཨ་རིག་འགྱུར་མེད།
ཚེས་བཅུ་ཉིན་གྱི་ཞོགས་པ་ནི་ཆེས་འདུ་འཛི་ཆེ་བའི་ཞོགས་པ་ཞིག་སྟེ། བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༣ དང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་ཧྲིལ་བོ་བཞི་འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་མོ་ཞིག་ཡིན་ལ། འདི་ནི་གཞུང་ས་དགའ་ལྡན་ཕོ་བྲང་མཇུག་བསྡུས་པ་དང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་བཀའ་བློན་ཁྲི་པར་གནང་རྗེས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་དང་པོ་དེ་ཡང་ཡིན།

དེ་ལས་མང་བ་། “ཁོང་མ་བུ་གསུམ་པོ་བུད་ཐལ།” »

གསར་འགྱུར།

བྱ་སྤྱོད་གང་ཞིག་ནི་རྣམ་དཔྱོད་དང་མཐུན་ལ། གང་ཞིག་མི་མཐུན། རྟོག་དཔྱོད་ཀྱི་གཞིར་ཕུལ།

Posted on 2012-03-122012-03-13 By ཁ་བརྡ་ 7 Comments on བྱ་སྤྱོད་གང་ཞིག་ནི་རྣམ་དཔྱོད་དང་མཐུན་ལ། གང་ཞིག་མི་མཐུན། རྟོག་དཔྱོད་ཀྱི་གཞིར་ཕུལ།


དགེ་བཤེས་དགྲ་འདུལ་རྣམ་རྒྱལ་གྱིས།

༡༽ གོང་གསལ་བྱ་སྤྱོད་སྡེ་ཚན་གཉིས་ལས་གང་ཞིག་རྣམ་དཔྱོད་དང་མཐུན་ལ། གང་ཞིག་མི་མཐུན།
༢༽ ཡང་ན་། ཅི། དྲི་བ་དེའི་ལན་ནི་སྐབས་ཀྱི་འབྲེལ་ལ་བརྟེན་པའི་ག་དུས། ག་བར། སུས། ག་འདྲ་། ག་རེ་ལྟ་བུའི་གནད་ལ་རག་ལས་པ་ཞིག་ཡིན་ནམ།

དེ་ལས་མང་བ་། “བྱ་སྤྱོད་གང་ཞིག་ནི་རྣམ་དཔྱོད་དང་མཐུན་ལ། གང་ཞིག་མི་མཐུན། རྟོག་དཔྱོད་ཀྱི་གཞིར་ཕུལ།” »

སྣ་ཚོགས།

ཟས་བཅད་ངོ་རྒོལ་དང་རྒྱལ་དར་མེར་སྲེག་གི་ལས་འགུལ།

Posted on 2012-03-122012-03-13 By ཁ་བརྡ་ 13 Comments on ཟས་བཅད་ངོ་རྒོལ་དང་རྒྱལ་དར་མེར་སྲེག་གི་ལས་འགུལ།


གནས་ཚུལ་མཁོ་གཏོང་བ་བྱམས་པ་དཔལ་ལྡན།
དེ་རིང་གསུམ་བཅུ་དུས་དྲན་ཐེངས་ང་གསུམ་ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་རྡོར་གླིང་གཞོན་ནུ་ཚོགས་པ་དང་། ས་ལི་སྒར་གཞོན་ནུ་ཚོགས་པ། མཁར་བྱང་གཞོན་ནུ་ཚོགས་པ་གསུམ་མཉམ་འབྲེལ་གྱིས་དུས་ཚོད་ཉེར་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

དེ་ལས་མང་བ་། “ཟས་བཅད་ངོ་རྒོལ་དང་རྒྱལ་དར་མེར་སྲེག་གི་ལས་འགུལ།” »

གསར་འགྱུར།

རྒྱ་རིགས་མང་གཙོ་དོན་གཉེར་བ་དང་དབུ་མའི་ལམ་ལས་འགུལ་བའི་མཇལ་འཕྲད།

Posted on 2012-03-122012-03-13 By ཤར་ཕྱོགས་ཁུག་རྟ། 10 Comments on རྒྱ་རིགས་མང་གཙོ་དོན་གཉེར་བ་དང་དབུ་མའི་ལམ་ལས་འགུལ་བའི་མཇལ་འཕྲད།


གསུམ་བཅུ་དུས་དྲན་ཐེངས ༥༣ པར་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་རྡ་སར་ཕེབས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ། མང་གཙོའི་ཀྲུང་གོ་ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ཚེ་ཁྲུའུ་དང་། དེའི་ཨིན་ཡིག་རྩོམ་སྒྲིག་པ་འཇེ་ལུས། གཞན་ཡང་བོ་ཞུན་boxunདྲ་བའི་རྩོམ་སྒྲིག་པ། གནམ་བདེ་སྒོ་མོ་ཆེའི་དུས་བབ་ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀྲང་བཅས་དེ་རིང་ཕྱི་ཚེས ༡༢ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་ཁག་ཅིག་ལ་ཐུག་འཕྲད་ཀྱིས། དབུ་མའི་ལམ་དང་འབྲེལ་བའི་མ་འོངས་བོད་རྒྱ་གཉིས་ཀྱི་མང་གཙོ་དང་རང་དབང་སྐོར་བཀའ་མོལ་གནང་བ་རེད།

དེ་ལས་མང་བ་། “རྒྱ་རིགས་མང་གཙོ་དོན་གཉེར་བ་དང་དབུ་མའི་ལམ་ལས་འགུལ་བའི་མཇལ་འཕྲད།” »

གསར་འགྱུར།

ཚོགས་སྐྱིད་མཉམ་སྦྲེལ་དང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ།

Posted on 2012-03-122012-03-12 By ཤར་ཕྱོགས་ཁུག་རྟ། 10 Comments on ཚོགས་སྐྱིད་མཉམ་སྦྲེལ་དང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ།


ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་གཙོས་མཉམ་སྦྲེལ་མཐུན་ཚོགས་ཀྱི་་སྐུ་ཚབ་མི་གསུམ་ཞི་བའི་གོམ་བགྲོད་གནང་མཁན་མ་བུ་གསུམ་གྱི་གམ་དུ་ཆེད་བཅར་གྱིས་འཚམས་འདྲི་དང་ཕྱག་ཡིག་འདི་སྤྲད་དེ། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ཆོད་སེམས་ལ་ཡི་རངས་དང་ཁོང་རྣམ་པ་གསུམ་གྱི་ལམ་དབུ་མའི་དགོངས་དོན་དང་མཐུན་པའི་ལས་འགུལ་ལ་རྗེས་སུ་ཡི་རངས་བསྔགས་བརྗོད་དང་འབྲེལ། ལམ་བར་དཀའ་ངལ་གང་འཕྲད་ལ་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་ཉིན་རེར་ལྟ་སྐྱོང་གནང་རྒྱུ་ཡིན་འདུག

དེ་ལས་མང་བ་། “ཚོགས་སྐྱིད་མཉམ་སྦྲེལ་དང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ།” »

གསར་འགྱུར།

མ་ཎི་དུང་ཕྱུར་གསོག་སྒྲུབ།

Posted on 2012-03-122012-03-13 By ཤར་ཕྱོགས་ཁུག་རྟ། 4 Comments on མ་ཎི་དུང་ཕྱུར་གསོག་སྒྲུབ།

དེ་ལས་མང་བ་། “མ་ཎི་དུང་ཕྱུར་གསོག་སྒྲུབ།” »

གསར་འགྱུར།

ཚེ་རྡོར་མ་བུ་གསུམ་སྤྱི་ལེ་༩༠ བསྐྱོད་འདུག

Posted on 2012-03-122012-03-12 By ཤར་ཕྱོགས་ཁུག་རྟ། 15 Comments on ཚེ་རྡོར་མ་བུ་གསུམ་སྤྱི་ལེ་༩༠ བསྐྱོད་འདུག

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ད་ལྟ་ངྷ་ས་ནས་རྩིས་པའི་སྤྱི་ལེ་༩༠ ཙམ་གྱི་སར་འབྱོར་འདུག་ལ། དེ་དགོང་བྷ་ཝལ་ཞེས་པའི་རྒྱ་གར་ས་གནས་ལྷ་ཁང་ཞིག་ཏུ་ཞག་སྡོད་བྱ་རྒྱུ་ཡིན་འདུག གནས་ཚུལ་ཆ་ཚང་གཟིགས་འདོད་ན་དུས་བབ་གསར་ཤོག་ལ་གཟིགས།

གསར་འགྱུར།

འཚེ་མེད་ཞི་བའི་འཐབ་རྩོད་དང་ཞི་བའི་གོམ་བགྲོད་བྱེད་དགོས་པའི་སྐོར་ནས་ཞུ་སྙིང་། བྱེས་ཀྱི་བོད་པ་ཚོ་ལོངས་ཤོག

Posted on 2012-03-122012-03-12 By དབང་ཕྱུག་ 18 Comments on འཚེ་མེད་ཞི་བའི་འཐབ་རྩོད་དང་ཞི་བའི་གོམ་བགྲོད་བྱེད་དགོས་པའི་སྐོར་ནས་ཞུ་སྙིང་། བྱེས་ཀྱི་བོད་པ་ཚོ་ལོངས་ཤོག


ཚེ་བརྟན་རྡོ་རྗེ།

བོད་པ་ཚོས་ལས་དབང་ལ་ཡིད་ཆེས་བྱེད་པ་དང་བྱེད་སྟངས་དེ་ཡང་ཁྱད་མཚར་ཞིག་ཡིན། སྒུག་ནས་བསྡོད་དགོས་པར་འདོད་ཀྱི་ཡོད། ང་རང་ནི་བོད་པ་ཞིག་ཡིན་པའི་ངོས་ནས་ལས་དབང་ལ་ཁས་ལེན་མཁན་གྱི་བོད་མི་ཞིག་ཡིན། འོན་ཀྱང་། ངས་དེ་ལྟར་གཏན་ནས་མི་འདོད། ལས་དབང་ཟེར་བ་དེ་ནི་རང་ཉིད་ཀྱིས་བྱེད་དགོས་པ་ཞིག་ཏུ་འདོད་ཀྱི་ཡོད། བྱས་པ་ཡིན་ན་གཟོད་ནས་ལས་ཀྱི་དབང་གིས་ཡོད་མེད་དེ་ཁ་གྲགས་ངེས་ཡིན།

དེ་ལས་མང་བ་། “འཚེ་མེད་ཞི་བའི་འཐབ་རྩོད་དང་ཞི་བའི་གོམ་བགྲོད་བྱེད་དགོས་པའི་སྐོར་ནས་ཞུ་སྙིང་། བྱེས་ཀྱི་བོད་པ་ཚོ་ལོངས་ཤོག” »

གསལ་བསྒྲགས།

Posts pagination

Previous 1 … 629 630 631 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (51)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme