མགར་འཇམ་དབྱངས།
མེར་གྱིས་ལྟེམས་པའི་རྒྱ་མཚོར་སྔོན་མོར་འཐིམ་ལ་ཉེ་བའི་གྲུ་ཆུང་ཞིག །
ལོ་དང་ཟླ་བར་ཞག་དང་ཉི་མར་རེ་བའི་ངོ་གདོང་སྐམ་ཅིང་རིད། །
དྲག་ཏུ་འཕྱོ་བའི་རླབས་དང་བསྟུན་པའི་སྙིང་གི་འཕར་རྩ་རྟབ་པོར་གྱུར། །
མིག་མདངས་ལྷག་མའི་ཕམ་ཉེས་ཁྲོད་དུ་རྒྱང་མཐའི་ས་མཚམས་རབ་རིབ་ཅིག །
སྨྱུ་གུའི་རྩེ་རུ་དྲོད་ཐིགས་སྨིན་པའི་དབུལ་བོའི་ཚོགས་ཤིག་འཁོན་ཅིང་རྩོད། །
ཆང་དང་བུ་མོའི་འཕོངས་ཚོར་དུངས་པའི་སྐུ་ངོ་རྒྱག་པ་གཉིད་དུ་ཡུར། །
འཆི་བདག་འཇིགས་པོས་གདན་ཞུ་འབྱོར་བའི་ཨ་མ་རྒན་མོ་རེ་བ་བྲལ། །
ཉོག་ཏུ་སོང་བའི་མེས་པོའི་ཁྱིམ་གཞིར་མི་རྐང་ཤོར་བའི་ཚོར་སྣང་སྟེར། །

གནས་ཚུལ་མཁོ་འདོན་པཿ བསོད་ནམས།
ཀརྨ་བསྟན་འཛིན་བརྒྱུད་སྤྱི་འཐུས་རྨོག་རུ་བསྟན་པས།
