ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༢་༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀན་ཡུལ་ཚོའི་ཕྱུགས་ལས་གོང་མའི་རུ་ཆེན་གཉིས་པའི་རོགས་ཕྲུག་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད། རང་ལོ་༢༨ ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞུ་འབོད་ཆེད་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་འདུག
དེ་ལས་མང་བ་། “དེ་རིང་ཕྱི་ཟླ་༣ ཚེས་༡༦ ཉིན་རྔ་པ་ནས་རང་ལུས་མེར་སྲེག་གནས་ཚུལ།” »


