རྔ་བ་ཀུན་བཟང་སྒྲོལ་མ།
མེ་ལྕེ་ཡ་ མེ་ལྕེ་ཡ་་
ཞི་རྒོལ་གྱི་མེ་ལྕེ
འདི་ནི་་་
རང་བཞིན་གྱི་མེ་ལྕེ་དཀྱུས་མ་ཞིག་མ་ཡིན་ལ
འདི་ནི་་་
དུས་བཞི་ཡི་ཆག་སྒོ་ལས་འབར་བ་ག་ལ་ཡིན
རྔ་བ་ཀུན་བཟང་སྒྲོལ་མ།
མེ་ལྕེ་ཡ་ མེ་ལྕེ་ཡ་་
ཞི་རྒོལ་གྱི་མེ་ལྕེ
འདི་ནི་་་
རང་བཞིན་གྱི་མེ་ལྕེ་དཀྱུས་མ་ཞིག་མ་ཡིན་ལ
འདི་ནི་་་
དུས་བཞི་ཡི་ཆག་སྒོ་ལས་འབར་བ་ག་ལ་ཡིན
ཁྲིམས་ལུགས་སློབ་མ། ལྷ་འབྲུག
འདི་ནི་བཙན་བྱོལ་བོད་མི་ཡོངས་ལ་ཕུལ་བའི་སེམས་གཏིང་གི་རེ་འདུན་དང་འབོད་སྒྲ་ཞིག་ཡིན་ལ། དེ་ཡང་བོད་ནི་ཐོ་རངས་ཀྱི་ཆེས་མུན་ནག་གི་དུས་ཚིགས་དེ་ཡིན་མོད། འོད་སྣང་ལའང་ཆེས་ཁ་ཐག་ཉེ་བའི་དེ་ཡིན་པ་རེད། གནའ་ནས་ད་བར་ང་ཚོའི་མི་རིགས་ལ་གཟི་བརྗིད་དང་ཞལ་རྗེས་ཅན་གྱི་མི་སྣ་སྟོང་ཚོགས་མང་པོ་བྱུང་ཡོད་པ་དང་། ཁོང་ཚོས་རང་ཉིད་ཀྱི་ཁྲག་རྣག་དང་ལངས་འཚོ་སོགས་མི་རིགས་འདིའི་བདེ་སྡུག་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་སུ་ཕུལ་ཡོད་པ་དང་།
སྤྲུལ་འཁོར་སྐལ་བཟང་དོན་ལྡན། སྨན་རྩིས་ཁང་གསོ་རིག་ཞིབ་འཇུག
ལུས་སེམས་འཚོ་བ་གསུམ་ངོ་སྤྲོད།
སྤྱིར་དངོས་པོ་ལ་སེམས་ལྡན་དང་སེམས་མེད་ཀྱི་བེན་པོ་བཅས་རྣམ་པ་གཉིས་སུ་དབྱེ་ཞིང་སེམས་མེད་ཀྱི་བེན་པོ་དཔེར་ན་ས་རྡོ་དང་། རི་བྲག ཁང་ཁྱིམ་སོགས་ཕྱི་རོལ་རང་བྱུང་ཁམས་ཀྱི་ནང་དུ་ཡོད་པའི་སེམས་མེད་བེན་པོའི་དངོས་པོ་དུ་མ་ཞིག་ཡོད། སེམས་ལྡན་དངོས་པོའི་རིགས་དཔེར་ན་མི་དང་། དུད་འགྲོ བྱ་བྱིའུ། འབུ་སྲིན་སོགས་ཚོར་བ་ཡོད་པའི་སེམས་ལྡན་གྱི་དངོས་པོའི་རིགས་ཀྱང་དུ་མ་ཡོད།
མཁན་ཆེན་ཞི་བ་འཚོས། ཚེ་འདིའི་དབང་དུ་བྱས་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་རྣམ་ཤེས་སྔ་མའི་ཉེར་འབྲས་ཡིན་ཏེ། རྣམ་ཤེས་ཡིན་པའི་ཕྱིར། ཞེས་ཉེར་ལེན་སྔོན་སོང་གིས་བསྒྲུབས། ༼མིག་བརྒྱད་པས། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པ་ལྟར། དཔེར་ན། ནས་ཀྱི་མྱུ་གུའི་ཉེར་ལེན་ལ། ནས་ཀྱི་ས་བོན་ངེས་བར་དགོས་པ་ལྟར།
དེ་ལས་མང་བ་། “མཁན་ཆེན་ཞི་བ་འཚོས་ཉེར་ལེན་སྔོན་སོང་གིས་བསྒྲུབས་པ། ཧི་མ་ལ་ཡའི་འཕྲུལ་སྨྱུག” »
མཁོ་འདོན་པ། སྟག་ལྗོངས་འཆི་མེད།
ལོ་ཤས་གོང་ནས་ས་སྐྱ་གོང་མ་རིན་པོ་ཆེར་ཡོ་རོབ་ནང་གི་སྔ་འགྱུར་རྙིང་མའི་ཆོས་ཚོགས་རིག་འཛིན་འདུས་སྡེ་དང་། ས་སྐྱའི་བརྩེ་ཆེན་ཆོས་ཚོགས་སོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀས་གནང་བ་སྩལ་ནས་ཟླ་འདིའི་ཚེས་༤ ཉིན་འདི་གར་སུད་སིར་ཞབས་སོར་འཁོད་ཡོད་པ་དང། ཐོག་མར་རིག་འཛིན་འདུས་སྡེའི་ཆོས་ཚོགས་ཀྱི་དབུ་འཛིན་ནམ་མཁའ་རིན་པོ་ཆེ་དང།
དེ་ལས་མང་བ་། “ས་སྐྱ་༸གོང་མ་རིན་པོ་ཆེས་དྲག་པོ་གསུམ་སྦྲེལ་གྱི་བཀའ་དབང་གནང་བ།” »
རྩེ་སྐར།
སྤྱིའི་ཆ་ནས་མིའི་རིགས་ཀྱི་སྤྱི་ཚོགས་འདིར་རྩོལ་སྒྲུབ་ཀྱི་རིག་གནས་གང་དང་གང་ཞིག་ཡིན་ན་དེ་ལ་ཐོག་མའི་སྲོལ་གསར་དུ་བཏོད་མཁན་ཞིག་ཅིས་ཀྱང་ཡོད་ཅེས་བཤད་ཆོག དེ་བས་ན་སྙན་ངག་གསར་པའམ་རང་མོས་སྙན་ངག་གི་སྲོལ་བཏོད་མཁན་ནི་ཨ་མེ་རི་ཁའི་སྙན་ངག་པ་གྲགས་ཆེན་ཝོད་ཝེས་ཊི་མན་(walt whiteman)ཟེར་བ་དེ་ཡིན་ཞིང༌། ཁོང་གིས་དུས་མཚམས་དེར་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དངོས་ལ་རྟོག་གཞིགས་ཟབ་མོས་བྲན་གཡོག་ལམ་ལུགས་ཀྱི་གདོང་ནས་འགྲེང་སྟེ།
འདི་ག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས། བོད་ཀྱི་རིག་གཞུང་སྤྱི་བྱེ་མི་ཉམས་རྒྱུན་འཛིན་དང་ཡུན་གནས་སླད། རིག་གཞུང་སློབ་གཉེར་དང༌། ཉམས་ཞིབ། རྩོམ་སྒྲིག་བཅས་སྣ་མང་ཞུ་སྒོ་ལས་གཉེར་ཁོངས། ༢༠༠༩ ཟླ་ ༡༠ ཚེས་ ༢༦ ཉིན་ྋགོང་ས་ྋསྐྱབས་མགོན་བཅུ་བཞི་པ་ཆེན་པོའི་《མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། 》གླེགས་བམ་དྲུག་བརྩམས་གྲུབ་ཀྱིས་ཞལ་དབྱེ་མཛད་སྒོ་བསྐྱངས་པ་མཁྱེན་ཆུབ་ལྟར་དང༌།
ཧི་མ་ལ་ཡའི་འཕྲུལ་སྨྱུག
མི་ཁ་ཅིག་གིས། རྨི་ལམ་གྱི་ནང་ནས་རྗེས་ཕྱོགས་ཀྱི་དོན་དག་སྔོན་དཔག་བྱེད་ཐུབ་ཀྱང༌། རྨི་ལམ་གྱི་ཤེས་པ་དེ་མ་འོངས་པ་ནས་ཡར་ལ་བསླེབས་པ་ཞིག་ཡིན་མི་སྲིད་པ་བཞིན། ཚེ་རབས་དྲན་པའི་བསམ་བློ་དེའང་གཅིག་བྱས་ན་འདི་འདྲའི་དོན་དག་ཅིག་ཡིན་ཤས་ཆེ། སྐྱེ་བ་སྔ་མའི་ལུས་ཀྱི་ཤ་མཚན་ཕྱི་མའི་ལུས་སྟེང་དུ་འཕོས་པ་ཡོད་པ་ལྟར་ན། སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དུ་བརྡ་འཕྲིན་དང་གློག་རླབས་ལྟ་བུ་གཞི་རྒྱུ་ཕྲ་མོའི་འབྲེལ་བ་ཞིག་ཡོད་པ་ཡིན་ཡང་སྲིད།
དེ་ལས་མང་བ་། “སྐྱེ་བ་སྔ་མའི་ལུས་ཀྱི་ཤ་མཚན་ཕྱི་མའི་ལུས་སྟེང་དུ་འཕོས་པ་ཡོད་པའི་སྐོར།” »
གུས་པའི་མིང་ལ་རིན་པོ་ཟེར་ཞིང་ཨ་རིའི་མངའ་སྡེ་མེ་ནེ་སོ་ཏྲར་Minnesota གནས་སྡོད་བྱེད་མཁན་གྱི་བོད་རིགས་དཀྱུས་མ་ཞིག་ཡིན། ཕྱི་ལོ་༢༠༠༠ ལོའི་པན་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ་ཨ་རིའི་མངའ་སྡེ་Minnesota ནས་མགོ་འཛུགས་ཀྱིས་ད་བར། ཨ་རིའི་མངའ་སྡེ་ཁག་༤༤ ནང་ཁྱོན་བསྡོམས་མེལ་ལེ་༨༤༠༠ ལྷག་ལ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་༢༤ ཙམ་སྤེལ་ཡོད་པ་དང་།
གནས་ཚུལ་མཁོ་གཏོང་བ། བློ་གྲོས་རྣམ་རྒྱལ།
ཨ་རིའི་མེ་ནི་སོ་ཏྲ་གནས་སྡོད་རིན་པོ་ལགས་ནས་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱིས་ཚབ་ཞུས་དེ། ཁོང་ཚོའི་འབོད་སྒྲ་ཁྱབ་བསྒྲགས་ཆེད་ཡུ་རོབ་རྒྱལ་ཁབ་བཅུ་གསུམ་ནང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་གནང་སོང་། དེ་རིང་ཕྱི་ཚེས་༡༧ ཉིན་་ཡུ་རོབ་ཀྱི་རྒྱལ་ས་བྷུ་རུ་སེལ་ནང་འདི་གའི་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུ་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག་ཚོགས་པ།
ཨོ་རྒྱན་ཉི་མ།
ཉེ་ཆར་ངའི་གྲོགས་པོ་ཞིག་དང་མཉམ་དུ་གླེང་མོལ་བྱེད་བཞིན་པའི་དུས། ཁོས་གློ་བུར་དུ་ང་ལ་སྐད་ཆ་དམིགས་བསལ་ཞིག་ཡོད། ཁ་སང་ང་རྒྱ་གར་ལ་འགྲོ་དུས་སྤྲུལ་སྐུ་ངོ་ཤེས་ཤིག་དང་ཐུག་སོང་། ཁོང་གིས་གསུངས་པ་ལྟར་ན་དགོན་སྡེ་ཁག་གི་མགྲོན་ཁང་དང་། ཟ་ཁང་ཁག་གིས་ངེས་པར་དུ་གཟབ་དགོས་ས་རེད་མ་གཏོགས། ང་ཚོས་ཁ་ནས་ཆོས་བཤད་བཞིན་ལག་ལེན་ཐིགས་པ་ཞིག་མེད་ན་ག་ལ་འགྲིགས། དཔེར་ན་ལྡི་ལི་མན་ཇུ་ཀ་ཊི་ལ་དང་། བལ་ཡུལ་སོགས་སུ་དགོན་སྡེ་ཁག་ལ་མགྲོན་ཁང་མང་པོ་འདུག
འབའ་སྲས།
དང་པོར་ཨ་མའི་མངལ་དུ་སྦྲུམ་དུས།།
བྱ་སྒོང་བཞིན་དུ་རུམ་པའི་གཅེས་ལོ།།
ཨ་ཕའི་ལག་མཐིལ་དང་པོར་བསླེབས་དུས།།
དུང་དཀར་ཕྱིས་ཕྱིས་བྱས་པའི་ལོ་ལོ།།
སྔོན་མོའི་འཕྲོས།༽
གསུམ་པ། མཚོ་བྱང་ནས་མཐོང་ཆུང་གིས་བསླངས་པའི་ཁོང་ཁྲོ།
དེའི་ཁུལ་དང་རྫོང་སྲིད་གཞུང་འབྲོག་པའི་རྩྭ་ཐང་ཞིག་ལ་གཞི་ཆགས་འདུག དེ་ཡང་གནའ་བོའི་བོད་ཀྱི་ཟི་ལིང་གྲོང་ཁྱེར་བཞིན་སྔོན་མ་ཞིག་ནས་གྲོང་ཁྱེར་ཆགས་པ་མ་ཡིན་པར། གུང་ཁྲན་ཏང་གིས་དབང་བསྒྱུར་བྱས་རྗེས་སུ་གཞི་གསར་བ་ཆགས་པ་ཤེས་ཐུབ། ཡིན་ཡང་ཁུལ་ཐོག་ཏུ་ཡོད་པའི་མི་རྣམས་མི་རིགས་འདྲ་མིན་ཡིན་པ་མ་ཟད། གཞུང་ལམ་འགྲམ་གྱི་ཚོང་ཁང་དང་ཟ་ཁང་སོགས་མི་ཚོགས་འཛོམས་སའི་ས་གནས་ཡག་ཤོས་ཚང་མ་བོད་རིགས་མ་ཡིན་པའི་རྒྱ་རིགས་དང་ཁ་ཆེ་སོགས་ཀྱིས་བཟུང་འདུག
ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
འདས་པའི་མི་ངོ་༥༥ ཙམ་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་གྲགས་པའི་རྒྱ་ནག་གི་སྲིད་དབང་འཕེལ་རིམ་གྱི་ཁྲོད་དུ། རྒྱ་ནག་ལ་གནམ་ས་མགོ་རྟིང་གི་འཕོ་འགྱུར་རབ་དང་རིམ་པ་ཕྱིན་ཡོད་པ་བདེན་པ་རེད་ལ། རྒྱ་ནག་གི་ཆབ་དཔལ་རིག་གསུམ་དང་དམག་དོན་གོ་མཚོན་སོགས་ཀྱང་རང་རྐྱ་འཕེར་པ་ཞིག་བྱུང་ཡོད་པའང་བདེན་པ་རེད་མོད། འོན་ཀྱང་རྒྱ་ནག་ལ་དངོས་པོའི་དཔལ་ཡོན་ཇི་ཙམ་གྱིས་ཡར་རྒྱས་སོང་པ་བཞིན་བསམ་པའི་དཔལ་ཡོན་དེ་ཉིད་ཀྱང་དེ་མཚུངས་ཀྱིས་ཡར་རྒྱས་སོང་ཡོད་དམ་ཞེས་ཞུས་ན།
ཕྱི་ལོ་ ༢༠༡༣ ལོའི་ཟླ་༣ ཚེས་ ༡༤ ཉིན་ལྡི་ལིའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་རྟ་མགྲིན་དང་། རས་པ། ངེད་གསུམ་གླིང་ཚ་ཕ་བུ་གསུམ་ལ་ལྟ་སྐོར་བྱེད་པར་སོང་ཞིང་། སྐབས་དེར་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ཀྱིས་རྒྱལ་བ་རིན་པོ་ཆེས་བསྟན་པའི་ལམ་ཁ་ལ་ངའི་བུ་ཞུགས་ཀྱིན་ཡོད་པ་རེད། ལམ་ཁ་འདི་ལ་ངའི་བུ་གཅིག་པུ་མིན་པར་མི་སུ་མཉམ་ཞུགས་བྱས་ནའང་ངས་རྒྱབ་སྐྱོར་ཡོད། ན་ནིང་ཡིན་ནའང་ངའི་བུས་བློས་གཏོང་ཆེན་པོ་ཞིག་བྱས་ནས་སོང་བ་རེད། དེ་ལ་རྒྱབ་སྐྱོར་བྱས་ནས་ང་རང་ཉིད་ན་ནིང་མཉམ་ཞུགས་བྱས་པ་ཡིན་ལ་ད་ལོའང་མཉམ་ཞུགས་བྱས་པ་ཡིན
དེ་ལས་མང་བ་། “གླིང་ཚ་ཕ་བུ་གསུམ་ལ་ཐུག་འཕྲད་སྐབས་ཀྱི་སྐད་ཆ།” »
ཧི་མ་ལ་ཡའི་འཕྲུལ་སྨྱུག
སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་ལ། དཔལ་ལྡན་ཆོས་གྲགས་ཀྱིས། སྐྱེས་མ་ཐག་པའི་རིགས་པ་དེ་རིགས་འདྲེའི་རིགས་པ་སྔ་མ་སྔོན་སོང་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། ཞེས་རིགས་འདྲ་སྔོན་སོང་གིས་བསྒྲུབས། ༼མིག་བརྒྱད་པས། ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཞེས་གསུངས་པ་ལྟར། སྐྱེས་མ་ཐག་པའི་བྱིས་པས་དབུགས་འབྱུང་རྔུབ་སོགས་རང་གི་རིགས་འདྲ་སྔོན་དུ་སོང་བ་ལ་ལྟོས་པ་མེད་པར་
དེ་ལས་མང་བ་། “དཔལ་ལྡན་ཆོས་གྲཊ་ཀྱིས་རིཊ་འདྲ་སྔོན་སོང་གིས་བསྒྲུབས་པ།” »
རྔ་བ་ཀུན་བཟང་སྒྲོལ་མ།
ངོ་དེབ་ནས་སྐད་ཆ་གང་མང་བཤད་མྱོང་ལ
སྐད་ཆ་ལས་ཁྱོད་ཀྱིས་སྙན་ངག་གི་ལྟ་གྲུབ་བཤད་ཐེངས་རེར་
ངས་གཞི་ནས་ སྙན་ངག་ནི་ཁྱོད་ཀྱི་ཆེ་སྲོག་ཏུ་འཐིམ་ཡོད་པས་
ཚེ་སྲོག་ལས་རྙེད་པའི་སྐད་ཆ་རེ་རེ་
ཁྱོད་ཀྱི་མི་ཚེའི་རིན་ཐང་ཡིན་པས་
སོག་མདའ།
བོད་པ་ངོ་མ་མིན་ན་དཀོན་མཆོག་གསུམ་པོ།།
བོད་སྐད་དག་མ་མིན་ན་ཡེ་ཤེས་ནོར་བུ།།
བོད་ལྭ་གྲལ་དག་མིན་ན་ཇོ་བོ་རིན་པོ།།
ཆོས་ལ་དད་པ་མེད་ན་སེ་འབྲས་དགེ་གསུམ།།
རྡོ་རྗེ་རྒྱལ་མཚན།
ཉེ་ཆར་ཁོ་བོས་དབུ་མ་འཇུག་པའི་རང་འགྲེལ་ཀློག་གི་ཡོད་ལ། ད་ལྟ་སེམས་བསྐྱེད་དང་པོ་ཀློག་བཞིན་པ་རེད། དེ་དང་མཉམ་དུ་མཁན་པོ་རྣམ་གྲོལ་གྱི་དབུ་མའི་བཀའ་ཁྲིད་ཀྱི་སྒྲ་འཁོར་ལ་ཡང་ཉན་གྱི་ཡོད། མིག་ཤེས་ཀྱིས་དབུ་མའི་རང་འགྲེལ་ལ་བལྟས་ཤིང་། རྣ་ཤེས་ཀྱིས་མཁན་པོ་རྣམ་གྲོལ་གྱི་བཀའ་ཁྲིད་ལ་ཉན། ཡིད་ཤེས་ཀྱིས་མིག་ཤེས་དང་རྣ་ཤེས་གཉིས་ལ་གྲོགས་དན་གང་ལེགས་བྱས་ཀྱང་།
དེ་ལས་མང་བ་། “རྣམ་པར། མངོན་པར། ཉེ་བར་ཞེས་པའི་སྒྲ་དོན་འགྲེལ་བཤད།” »
