བསྟན་འཛིན་ཉིན་བྱེད།
ང་ལ་ཁམས་པའི་གྲོགས་པོ་འགའ་ཤས་ཡོ
ཁོང་ཚོ་ཚང་མ་ལོ་ཤས་སྔོན་བོད་ནས་
མང་ཆེ་བ་རྡ་ས་གསོག་སྒར་སློབ་གྲྭ
གཅིག་ཤོས་ནི་བོད་གཞུང་གི་ལྟེ་
བསྟན་འཛིན་ཉིན་བྱེད།
ང་ལ་ཁམས་པའི་གྲོགས་པོ་འགའ་ཤས་ཡོ
ཁོང་ཚོ་ཚང་མ་ལོ་ཤས་སྔོན་བོད་ནས་
མང་ཆེ་བ་རྡ་ས་གསོག་སྒར་སློབ་གྲྭ
གཅིག་ཤོས་ནི་བོད་གཞུང་གི་ལྟེ་
_____མཁར་མོ་བྱམས་ཀྱི་སྙིང་ལ་གཏོར་ཏེ་་མེ་ཏོག་སྐྱེ་བར་རེ་བ
ཁྲོ་གཏུམ།
བྲང་གཞུང་སྐྱོམ་ཞིང་སྐྱོམ་ལ
གློ་སྙིང་བར་མེད་ཁྱོད་སར་ཆས་པ་ལན་གཅིག་ག་ལ་ཡིན
ལྷོག་ལྷོག་ལྡང་བའི་སེམས་པ་ངལ་ཡང
བདག་གི་རྩ་ལམ་ཡོངས་སུ་ཁྱོད་ཉིད་རྒྱུ་བའི་གོམ་སྒྲ་མང
༄༅། །རྒྱ་ཆེའི་སྙུག་ཐོགས་པ་རྣམས་ལ་ཞུ་གསོལ། ངེད་གླིང་ཚ་ཚེ་བརྟན་རྡོ་རྗེ་རྩོམ་སྒྲིག་ཁང་གི་ངོས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ཚགས་པར་འདོན་ཐེངས་གསུམ་པ་སྤྱི་ཟླ་བཞི་པའི་གཟའ་སྤེན་པ་གཉིས་པ་དང་སྟབས་བསྟུན་འདོན་འཆར་ལགས་ན། མཁྱེན་ཡངས་རྩོམ་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་འཇགས་ཀྱིས་རྩོམ་ལུས་སྣ་མང་གི་སྟེང་ནས་ཞི་བའི་འཐབ་རྩོད་སྐོར་གྱི་རྩོམ་ཡིག་གང་མང་གཤམ་གྱི་གློག་འཕྲིན་སྟེང་སྐུར་གནང་ཡོང་བར་ཞུ། ཐུགས་སྣང་དགོས་པ་ཞིག་ལ། སྤྱི་ཟླ་བཞི་པའི་གཟའ་སྤེན་པ་དང་པོ་ནས་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན། གློག་འཕྲིན། kangwod@gmail.com གླིང་ཚ་ཚེ་བརྟན་རྡོ་རྗེ་ཚགས་པར་ཁང་གིས།
ཧི་མ་ལ་ཡའི་འཕྲུལ་སྨྱུག
གསང་སྔགས་རྡོ་རྗེ་ཐེག་པ་ལ་ཐེག་པ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་པ་སྨོས་མ་དགོས་མོད། ཆེས་མངོན་གསལ་དོད་ཤོས་ཤིག་ནི། དགེ་སྡིག་དང་རྒྱུ་འབྲས་ཀྱི་འགྲོ་ལུགས་རྡོ་རྗེ་ཐེག་པས་རྒྱུ་འབྲས་བརྒྱུད་མི་དགོས་པར་བླ་མའི་བྱིན་རླབས་ཀྱིས་ཆོག་ཚུལ། ཐེག་པ་འོག་མའི་སྐབས་ལྟར་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པའི་དཀའ་ཚེགས་གང་ཡང་བརྒྱུད་མི་དགོས་པར་རྨད་དུ་བྱུང་བའི་གདམས་ངག་གི་རྐྱེན་བྱས་ཏེ་གནད་དོན་ཡོད་ཚད་བླ་མའི་བྱིན་རླབས་ཀྱིས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད་ཆོག་པ་འདི་བྱུང་བ་རེད།
དེ་ལས་མང་བ་། “རྡོ་རྗེ་ཐེག་པས་རྒྱུ་འབྲས་བརྒྱུད་མི་དགོས་པར་བླ་མའི་བྱིན་རླབས་ཀྱིས་ཆོག་ཚུལ།” »
ཉེ་འཆར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚོགས་འདུའི་མཇུག་བསྡོམས་སུ་ཉེ་འཆར་བདམས་ཐོན་བྱུང་བའི་ཏང་སྲིད་དམག་གསུམ་གྱི་དབང་ཆའི་རྩེ་མོར་སླེབས་པའི་རྒྱ་ནག་གི་ཀྲུའུ་ཞི་ཞི་བྱེད་ཕིན་གྱིས་རྒྱ་ནག་གི་རྨི་ལམ་སྐྱིད་པོ་གཏོང་བཞིན་པའི་སྐོར་གསུངས་བཤད་གནང་དོན་ལྟར་ན་ཁོང་གིས་རྒྱ་ནག་རྒྱལ་ཁབ་སྟོབས་ཀྱི་འབྱོར་དང་གཅིག མི་རིགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་དང་གཉིས། མི་དམངས་བདེ་སྐྱིད་ཀྱི་འཚོ་བའི་སྟོབས་ཤུགས་དང་གསུམ་གླེང་བསླངས་ཡོད་པ་རེད།
དེ་ལས་མང་བ་། “རྨི་ལམ་སྐྱིད་པོ་གཏོང་བཞིན་པའི་སྒང་རེད། སྐལ་བཟང་དོན་ལྡན།” »
གསར་འགོད་གསལ་བསྒྲགས། བོད་རང་བཙན་སློབ་ཕྲུག་ཚོགས་པ།
བལ་ཡུལ་གཞུང་ངོས་ནས་ཉེ་ལམ་བོད་རང་བཙན་ཉིན་མོ་སྟེ། ཕྱི་ལོ་༢༠༡༣་ལོའི་ཟླ་༢་པའི་ཚེས་༡༣་ཉིན་བལ་ཡུལ་གྱི་རྒྱལ་སར་བོད་བསྟན་སྲིད་ཀྱི་ཆེད་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བཏང་གནང་མཛད་མཁན་རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་ཀྱི་སྐུ་ཕུང་ཕྱིར་ས་གནས་བོད་མི་ཚོར་རྩིས་སྤྲོད་མ་གནང་བར་གསང་བའི་སྒོ་ནས་སྲེག་སྦྱང་བྱས་པའི་བྱེད་ལས་དེས་བོད་མི་ཚོའི་སེམས་ལ་བློ་ཕམ་དང་སྐྱོ་གདུང་གི་རྨ་ཁ་བཟོས་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་དྲངས། གནས་ཚུལ་གཞན་ཞིག་ལ་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ བོད་ཚེས་ ༡༥ ཉིན་རང་ལོ་ ༤༥ ལ་སོན་པའི་མཁན་ཆེན་ཁྲི་ཟུར་ཡིན་པ་མི་ཉག་ལྷ་སྒང་བྲག་དཀར་དགོན་གྱི་སྤྲུལ་སྐུ་ཨ་ཐུབ་བམ་༼མཚན་གཞན་ལ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་མཆོག་དང༌།༽ ཁོང་གི་ཚ་མོ་རང་ལོ་ ༢༣ ལ་སོན་པའི་བཙུན་མ་ཨ་ཚེ་ལགས་རྣམ་གཉིས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག་གསུངས།…
དེ་ལས་མང་བ་། “ཕྱི་ལོ་༢༠༡༢ ཟླ་༤ ཚེས་༦ ཉིན་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་གནང་བ་གསུངས་འདུག” »
གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
གསལ་བསྒྲགས་སྔོན་སོང་ལྟར་སང་ཉིན་ནི་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གཙོ་འགན་ཁུར་བའི་ཐོག་ནས་ལྷོ་རྒྱ་བོད་གསུམ་གྱི་བརྒྱུད་པ་གསུམ་གྱི་མཉམ་སྒྲུབ་ནང་པའི་ཚོགས་ཆེན་དེ་བདུན་མཇུག་གི་གཟའ་སྤེན་པ་དང་ཉི་མ་གཉིས་ལ་འཚོགས་གཏན་ཁེལ་ཡོད་ཅིང་། ཚོགས་འདུ་འགོ་འཛུགས་རྒྱུར་ཆུ་ཚོད་བཅུ་གྲངས་ལས་མེད་པའི་མཚམས་སུ་སླེབས་ཡོད།
དེ་ལས་མང་བ་། “རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐད་གཏོང་གི་སྔོན་བརྡ།” »
ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༧ པ་ཙམ་ལ་བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན། རང་ལོ་༢༨ ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་རྨོག་རི་དགོན་པའི་ཉེ་འདབས་ཀྱི་(འདན་ལུང་མདོ་)སུམ་མདོའི་ལམ་ཆེན་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་རྗེས་ཁོང་གི་སྐུ་ཕུང་ཡར་དགོན་ནང་དུ་གདན་འདྲེན་བྱས་ཡོད་ཀྱང་རྒྱ་གཞུང་གིས་བཙན་ཕྲོག་བྱེད་པར་དོགས་ནས་མཚན་མོ་དེ་རང་ལ་ཞུགས་འབུལ་བྱས་ཡོད་འདུག
དེ་ལས་མང་བ་། “གྲྭ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་གནས།” »
སྤོབས་པ་མཐའ་ཡས།
རྒྱ་གར་གྱི་མཐའ་མཚམས་དང་ཁད་ཉེ་བའི་ཟངས་དཀར་ལུང་གཤོང་ནི་ཐལ་རྡུལ་སྐྱ་འཚུབས་འཚུབས་དང་། བྱེ་གསེག་སྔོ་ལང་ལོང་། བྲག་རྡོ་རྩུབ་ཧྲག་གེ་བ་ཞིག་རེད། ལུང་པ་དེར་དབྱར་ཁའི་ཟླ་ཤས་རིང་མ་གཏོགས་ལ་དང་ཉག་ཁ་ཡོད་ཚད་གངས་འཐུག་པོས་བཀབ་ནས་འགྲུལ་འཁོར་རྒྱུ་མི་ཐུབ། གཞུང་གི་ལས་ཀ་བ་དང་། མང་ཚོགས་ཀྱི་མཁོ་ཆས་སྐྱེལ་འདྲེན་ཚང་མ་གནམ་གྲུར་བརྟེན་དགོས། གྲོང་བརྡལ་ལྟེ་བ་དེར་ཚོང་ཁང་ཟས་ཁང་ཁ་ཤས་དང་མགྲོན་ཁང་ཁ་ཤས་ཡོད་པ་ཕལ་མོ་ཆེ་དབྱར་ཁའི་དུས་ཡུན་ཐུང་ངུའི་རིང་མ་གཏོགས་སྒོ་མི་འབྱེད། དབྱར་ཁའི་དུས་ཡུན་ཐུང་ངུ་ཞིག་ལ་ཡུལ་སྐོར་ལྗོངས་རྒྱུ་བ་མང་པོ་ཡོང་བས་ཡུལ་མི་ཚོ་བྲེལ་བ་ཆེ་བ་དང་། ལས་ཀ་མང་བ། ཡོང་སྒོ་བཟང་པོ་ཡོད་ཟེར། ཡུལ་འདི་ཕྱོགས་ནི་རྒྱ་ནག་གིས་བཟུངས་བའི་བོད་ཀྱི་མཐའ་མཚམས་དང་། པ་ཀི་སི་ཐན་གྱི་མཐའ་མཚམས་ལ་ཁད་ཉེ་བས་མཐའ་སྲུང་དམག་མིའི་འདུ་ལོང་ནི་ནམ་ཡིན་ཡང་བྲེལ་བྲེལ་ཟང་ཟིང་ཞིག་རེད།
ཀླུ་སྨྱོན་ཧེ་རུ་ཀ
དང་པོ།
མདང་དགོང་མཚན་མོའི་རྨི་ལམ་ནང་དུ།།
བར་དོ་ལྟ་བུའི་འཕྲང་རིང་འགྲིམས་རྗེས།།
རྦ་རླབས་རྩེ་རུ་ཉི་འོད་འཚེར་བའི།།
མཚོ་ཆེན་ཞིག་གི་འགྲམ་དུ་བསླེབས་སོང་།།
མཚོ་ནང་ཟུག་པའི་རྡོ་ཐེམ་སྟེང་དུ།།
ལུས་ཡོངས་སྡོམ་གྱི་དྲ་རྒྱས་སྦྲེལ་ཅིང་།།
སྐྲ་ལོ་རིང་པོས་བྱེ་ཐང་ཁེབས་པའི།།
མི་རྒན་ཞིག་གི་གཏམ་རྒྱུད་ཉན་ཡིན།།

རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་(www.circlethebayfortibet.org) གོ་སྒྲིག་གནང་བའི་གོམ་བགྲོད་ཐེངས་བཅུ་དགུ་བ་དེ་དངོས་སུ་དབུ་བཙུགས་ནས་ཉིན་ ༦ འགྲོ་བཞིན་ཡོད་པ་དང་། ཨ་རི་བ་བཞི་དང་བོད་མི་བཅུ་གྲངས་རེ་བཅས་ ཉིན་རེ་ལ་མེལ་ལེ་ བཅོ་ལྔ་ཙམ་རེ་བསྐྱོད་ཀྱི་ཡོད་འདུག་ལ། དེ་ཡང་བྱང་ཨ་རིའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་ཨོཀ་ལེནཌ་ནས་རྒྱལ་ས་ སན་ཕ་རན་སི་ཀོ་ བར་མེལ་ལེ་ ༡༠༨ བར་ཉིན་གྲངས་ ༨ རིང་གོམ་བགྲོད་བྱེད་རྒྱུ་ཡིན་པ་རེད།
སྐྱོ་བྲག་དགའ་དབང་། (བརྙན་པར་ལྷན་དུ་བཀོད་པ་དག་ཡིན།)
༡༽ མཐོ་སྒང་བོད།
འཛམ་གླིང་གི་གླིང་སྣེ་གསུམ་པར་གྲགས་པ། མཐོ་སྒང་བོད་ནི། རི་བོའི་སྒང་གཤོང་མང་། ཆུ་བོའི་བཞུར་རྒྱུན་མགྱོགས། གནམ་གཤིས་མཁའ་དབུགས་དྭངས། རྩྭ་སྔོན་འཇམ་པོས་ཁེབས། མེ་ཏོག་སྣ་ཚོགས་བཀྲ། རྩི་ཤིང་འདབ་ལོ་གཡོ། རི་དྭགས་བག་ཡངས་རྒྱུ། སྒོ་ཕྱུག་སྤུ་སྡུག་ངོམས། དེ་ལ་སོགས་པའི་ཁྱད་ཡོན་ལ་བསམ་ན། ཞིང་ཁམས་སུ་བསྒྲགས་པ་ཡང་སྒྲོ་འདོགས་རྐྱང་མིན། ཡང་། ཁ་ཆར་བུ་ཡུག་ཁྲོད།
ཟླ་བ་གཞོན་ནུ།
ཀནྡ་ལཱི་ཡི་མེ་ཏོག 迦昙波花 कन्दली
རཱ་མའི་རི་བོ། 罗摩山 रामगिरि
མཚོ་མཱ་ན་ས། (བོད་འགྱུར་དུ་མཚོ་གཅིག་པུ་ཡོད།) 玛那莎湖 मानसो Himalayan lake
བྱང་ཕྱོགས་ལྕང་ལོ་ཅན(ཨ་ལ་ཀཱ།) 阿罗迦城 अलका Alaka
རི་བོ་གངས་ཅན། 冈底斯 कैलासा Kailasa
ཟླ་བ་གཞོན་ནུ།
ཀནྡ་ལཱི་ཡི་མེ་ཏོག 迦昙波花 कन्दली
རཱ་མའི་རི་བོ། 罗摩山 रामगिरि
མཚོ་མཱ་ན་ས། (བོད་འགྱུར་དུ་མཚོ་གཅིག་པུ་ཡོད།) 玛那莎湖 मानसो Himalayan lake
བྱང་ཕྱོགས་ལྕང་ལོ་ཅན(ཨ་ལ་ཀཱ།) 阿罗迦城 अलका Alaka
རི་བོ་གངས་ཅན། 冈底斯 कैलासा Kailasa
འབའ་སྲས།
མི་ལོ་འདི་རྒས་ནས་འགྲོ་ཡང་།།
ལུས་ཕུང་ནི་ཇེ་བདེ་ཇེ་བདེ།།
འཚོ་བ་ལ་ཡར་རྒྱས་དཀའ་ཡང་།།
སེམས་པ་འདི་ཇེ་སྐྱིད་ཇེ་སྐྱིད།།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་ཞུས། བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་སྤྱི་འཐུས་སྒེར་གྱི་གསལ་བཤད་ལས་རིམ་ནང་། རང་ཉིད་ཀྱི་ལངས་ཕྱོགས་རང་དབང་རང་བཙན་གཙང་མ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ལས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་གྲོས་ཚོགས་ནང་རྒྱབ་སྐྱོར་ཞུས་པ་དེ་དག་དེ་རིང་ནས་ཕྱིར་འཐེན་ཡིན་ན་དེ་དོན་གྲོས་ཚོགས་ནས་ངོས་འཛིན་གསལ་པོ་གནང་རོགས་སོགས་སྤྱི་འཐུས་སྒེར་གྱི་གསལ་བཤད་བྱས་ཡོད་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འགྲེལ་བརྗོད་ཁ་གསལ་གནང་དོན། གནས་ཚུལ་ཞིབ་རྒྱས་འདི་ནས་གཟིགས་http://bod.asia/2013/03/སྤྱི་འཐུས་སྒེར་གྱི་གསལ/
བཀྲ་ཤིས་དོན་འགྲུབ།
མཐོན་པོའི་རི་རྩེ་ནམ་མཁའི་མཐོངས་ལ་ཟུག།
ནྭགས་རྫོང་སྟུགས་པོ་གཡག་གི་སྤུ་ལྟར་འཛིངས།།
རང་བྱུང་མ་མས་གནང་བའི་ལེགས་སྐྱེས་འདི།།
འབྲུག་གི་རྒྱལ་ཁམས་བསྐོར་བའི་མཐོང་ཐོས་ཡིན།།
“རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས་” སྐོར་བོད་མཁས་པའི་བགྲོ་གླེང་ཚོགས་འདུ།
བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཟླ་འདིའི་ཚེས་༢༩-༣༠ ཉིན་གཉིས་རིང་”རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས་”སྐོར་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་དྷརྨ་ཤཱ་ལར་སྐོང་ཚོགས་གནང་གཏན་འཁེལ་ཡོད།
ཐེ་བོ་སངས་རྒྱས།
འཛམ་གླིང་རྒྱ་ཁྱོན་རང་བྱུང་ཁམས་ཀྱི་ཐེབས་རྩ་ཚོགས་པ། the world wide fund for nature(WWF) འདི་ནི་དང་ཐོག་ལིབ་ཕེས་བྷེ་སི་ཐྲེར་ཧྥེལ་ཌིའི་རྒྱལ་སྲས་བྷེ་རེན་ཧར་ཌི་prince Bernhard of Lippe-Biesterfeld སོགས་ཀྱིས་ཕྱི་ལོ་༡༩༦༡ ཟླ་བ་༩ བའི་ནང་སུད་སིའི་མཚོ་འགྲམ་གྲོང་ཁྱེར་Morges རུ་སྒོ་ཕྱེས། ཚོགས་པ་འདི་ལ་སྔོན་ཆད་world wildlife fund འཛམ་གླིང་རི་སྐྱེས་སྐྱེ་དངོས་ཐེབས་རྩ་ཞེས་འབོད་ལ།
དེ་ལས་མང་བ་། “འཛམ་གླིང་རྒྱ་ཁྱོན་རང་བྱུང་ཁམས་ཀྱི་ཐེབས་རྩ་ཚོགས་པ།” »