སློབ་དཔོན་སྣ་ཚོགས་གཟུགས་ཅན།
ཁོ་བོ་རྩོམ་རིག་གི་ལམ་ལ་ཞུགས་ནས་ཧ་ལམ་ལོ་བཅོ་བརྒྱད་ལྷག་ཙམ་འགོར་ཟིན། བོད་དུ་སྡོད་སྐབས་སྦྲང་ཆར་དང་མཚོ་སྔོན་སློབ་གསོ་སོགས་ཀྱི་ཐོག་ཏུ་རྩོམ་ཡིག་མང་པོ་སྤེལ་མྱོང་བར་མ་ཟད། མཚོ་སྔོན་སློབ་གསོ་ཚང་གིས་ངས་བྲིས་པའི་དག་ཡིག་སྟོང་ཐུབ་སྤར་བཅང་མ་དམིགས་བསལ་གྱི་ལེ་ཚན་བྱས་ནས་པར་སྐྲུན་བྱེད་མྱོང་བས། འཇིགས་མེད་བློ་གྲོས་ཟེར་བའི་རྩོམ་འབྲི་མཁན་ཞིག་ཡོད་པ་མི་མང་པོས་ཤེས་ཡོད། དེ་ནས་རྒྱ་གར་དུ་སླེབས་རྗེས་རྩོམ་པ་པོ་གང་མང་ཞིག་གིས་བྲིས་པའི་དེབ་རྣམས་སོ་སོས་པར་སྐྲུན་བྱེད་པ་ལས་གཞུང་གིས་པར་སྐྲུན་མི་གནང་ཡང་།







