Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁམས་པ་དེ་འདྲ་ཨེ་ཡིན་ནམ།

Posted on 2015-01-192015-01-19 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 112 Comments on ཁམས་པ་དེ་འདྲ་ཨེ་ཡིན་ནམ།

འཇིགས་མེད་ནུབ་པ།

ངེད་ཀྱིས་བཀླགས་པའི་བོད་ཀྱི་ལོ་རྒྱུས་དེབ་ “Tibet: A History” (བོད་། ལོ་རྒྱུས་ཤིག)ཟེར་བ་དེ་གཞིར་བཞག་ན། བསམ་ཡས་ངག་གི་དབང་པོས་(1308-1363)ཀ་རྩོམ་འདི་མཛད་པའི་ལོ་ནི་ཕྱི་ལོ་1334ལོ་རེད་འདུག དེ་དུས་ཁོང་དགུང་ལོ་ཉེར་བདུན་ལ་སོན་འདུག་པ་མ་ཟད་གསང་ཕུ་དགོན་པའི་གྲྭ་བ་ཡང་རེད་། གསང་ཕུ་དགོན་པའི་མིང་དངོས་ལ་གསང་ཕུ་ནེའུ་ཐོག་དགོན་ཟེར་ཞིང་དགོན་པ་དེ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱི་ལོ་1073ལོར་ཕྱག་བཏབ་འདུག

དེ་ལས་མང་བ་། “ཁམས་པ་དེ་འདྲ་ཨེ་ཡིན་ནམ།” »

ལོ་རྒྱུས།

ཚོར་བ་འཁྱག་པོ།

Posted on 2015-01-192015-01-19 By ཁ་བརྡ་ No Comments on ཚོར་བ་འཁྱག་པོ།

སྤྱན་ཆེན་པོ།

 
ཚོར་བ་འདི་དམར་རྗེན་རྗེན་ངང
གཡུལ་ས་ནས་ཕམ་པའི་འཐབ་མོ་བ་བཞིན
རྒྱང་རིང་རྒྱང་རིང་ཞིག་ནས་བྱོལ་འདོད་ཀྱང
མི་ཡུལ་འདི་ཧ་ཅང་ཆུང་དྲགས་པ་ཡིན་ནམ
ཚོར་བ་འདི་གཡོལ་ས་ཞིག་གཏན་ནས་མི་འདུག

དེ་ལས་མང་བ་། “ཚོར་བ་འཁྱག་པོ།” »

སྙན་ངག

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག་སླེབས་ཐབས།

Posted on 2015-01-192015-01-19 By ཁ་བརྡ་ 22 Comments on གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག་སླེབས་ཐབས།

བསོད་ནམས་ཟླ་བ།

 
གུ་གུལ་གྱི་དྲ་ཐོག་ཡིག་བསྒྱུར་ཞབས་ཞུའི་ Google Translator ནང་རྒྱལ་ཁབ་ ༩༠ ལྷག་གི་སྐད་ཡིག་ཡོད། རང་ཅག་བོད་ཀྱི་སྐད་ཡིག་ཀྱང་ཡིག་བསྒྱུར་གྱི་ཞབས་ཞུའི་ནང་དུ་རྐུབ་སྟེགས་ཞིག་ཐོབ་པར་བོད་མི་མི་རེ་ངོ་རེར་ལག་ཐོག་ཏུ་འདུག །དེའང་དང་ཐོག་དབྱིན་ཡིག་གི་མིང་ཚིག་མི་ཉུང་བ་ཞིག་བོད་ཡིག་ནང་བསྒྱུར་ཚར་དགོས་པ་དང་། མིང་ཚིག་དེ་དག་མི་སུས་བསྒྱུར་ན་ཡང་འགྲིགས་ཀྱི་འདུག

དེ་ལས་མང་བ་། “གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག་སླེབས་ཐབས།” »

ངོ་སྤྲོད།

སྨྱུ་གུ་ལག་ཏུ་བཟུང་སྟེ་ཕོ་ཉུལ་ལ་འགྲོ།

Posted on 2015-01-182015-01-19 By ཁ་བརྡ་ 9 Comments on སྨྱུ་གུ་ལག་ཏུ་བཟུང་སྟེ་ཕོ་ཉུལ་ལ་འགྲོ།

མཁོ་གཏོང་བ། གཡུ་སྒང་སྦྱིན་པ།

 
ང་ཚོ་སྟེ་ཤ་དར་ཁྲག་དར་གྱི་གསར་བུ་འགའ་ལྷན་དུ་འཛོམས་ཏེ་གསར་བུ་སུ་ཡག་མིན་གྱི་རྩོད་པ་བྱས་བྱས་མཐར་ད་གཟོད་སྐད་ཆ་འདི་འདྲ་ཞིག་བཤད་དེ་གསར་བུའི་ཉམས་འགྲན་པར་ཐག་གིས་བཅད་པ་ཡིན། གནའ་བོའི་རོང་འབྲོག་ཕྱོགས་སུ་གསར་བུ་སྐོར་དང་སྐོར་བྱས་ཏེ་ཕོ་ཉུལ་དུ་འགྲོ་སྲོལ་ཡོད་ལ། མ་ཟད་བུ་མོ་གཅིག་དམིགས་འབེན་དུ་བཞག་ཏེ་སུ་ཞིག་གིས་དེའི་རུམ་ཕྱེས་ཤིང་བཙན་གྱིས་ཉལ་ཐུབ་ཚེ་དེ་ནི་གསར་བུ་འབབ་གི གསར་ཡག་རེད། ད་དུང་བུ་མོ་དེའི་ཆེད་དུ་རྡུང་རེས་བྱས་ཤིང་སུ་རྒྱལ་སུ་ཕམ་གྱིས་ཀྱང་གསར་བུའི་ཡག་སྡུག་ལ་ལྟ་སྲོལ་ཡོད་རེད།

དེ་ལས་མང་བ་། “སྨྱུ་གུ་ལག་ཏུ་བཟུང་སྟེ་ཕོ་ཉུལ་ལ་འགྲོ།” »

སྙན་ངག

དེང་གི་རྒྱལ་སྤྱིའི་རྩོད་རྙོག – ISIS

Posted on 2015-01-182015-01-19 By ཁ་བརྡ་ 32 Comments on དེང་གི་རྒྱལ་སྤྱིའི་རྩོད་རྙོག – ISIS

ཨ་ནུ་ཐང་བསོད་ནམས།

གནའ་བོའི་སྟག་གཟིག་དང་འབྲེལ་བའི་དེང་གི་རྒྱལ་སྤྱིའི་རྩོད་རྙོག – ISIS

སྟག་གཟིག་ཟེར་བ་ནི་དབྱིན་སྐད་དུ་པཱ་ཤར་ཡ་ཟེར་ཞིང་ཁོང་ཚོའི་ས་ཆ་གཙོ་བོ་དང་། མི་འབོར་མང་ཤོས་ནི་དེང་སྐབས་ཀྱི་ཨེ་རན་གྱི་ནང་དུ་ལྷག་ཡོད་ལ་ཡུལ་གྲུ་དཀྱིལ་ཤར་ཁུལ་གཙོ་བོ་གྱུར་ཡོད། སྔོན་ལོ་༥༥༠ ནས་པཱ་ཤར་རྒྱལ་ཁབ་བཙུགས་ཤིང་སྲིད་དབང་བཟུང་བ་མ་ཟད། སྐབས་དེ་རུ་འཛམ་གླིང་ཐོག་གི་སྟོབས་འབྱོར་ཆེ་ཤོས་དང་། ཤེས་རིག་དར་ཤོས་ཀྱི་རྒྱལ་ཁབ་གསུམ་གྱི་ཁོངས་སུ་ཐེ་ཡོད།
རྒྱལ་ཁབ་གཞན་གཉིས་ནི་རོ་མན་རྒྱལ་ཁབ་དང་། རྒུ་རིས་ཁའི་བྷེ་གཟན་ཁྲན་Byzantine རྒྱལ་ཁབ་གཉིས་རེད།

དེ་ལས་མང་བ་། “དེང་གི་རྒྱལ་སྤྱིའི་རྩོད་རྙོག – ISIS” »

སྣ་ཚོགས།

འབུམ་པ་ཞལ་དཀར་དྲན་གླུ

Posted on 2015-01-182015-01-19 By ཁ་བརྡ་ 6 Comments on འབུམ་པ་ཞལ་དཀར་དྲན་གླུ

ཨེ་མ་ཧོ།

སྡང་དགྲས་རིག་ན་སྙིང་རྩ་ཚལ་བར་གས།།
གཉེན་ཉེས་དྲན་ཚེ་སེམས་རྩ་སྐྱིད་ཀྱིས་གང་།།
དགྲ་འདུལ་གཉེན་སྐྱོང་འབུམ་པ་ཞལ་དཀར་ཉིད།།
དེང་དུས་བཞུགས་ན་ང་ཚོ་གློ་བ་དགའ།།
གངས་ཅན་ཡུལ་གྱི་རྨ་ཁམས་དགའ་བའི་ཆར།།
རྨ་ཀླུང་དལ་གྱིས་འབབ་པའི་མཛེས་ལྗོངས་ན།།

དེ་ལས་མང་བ་། “འབུམ་པ་ཞལ་དཀར་དྲན་གླུ” »

སྙན་ངག

ཀ་བཤད་མཐའ་མ་སུམ་ཅུ་པ།

Posted on 2015-01-182015-01-18 By ཁ་བརྡ 2 Comments on ཀ་བཤད་མཐའ་མ་སུམ་ཅུ་པ།

ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་ར་གུ་རམ་ཁ་ལ་མངར་ཡང་ཡ་སྲིན་ནག་པོའི་སྣ་འདྲེན་རེད།།
ཁ་ཤ་ཁུར་ཤ་ག་ནས་འཐེན་ཀྱང་རང་གི་ལུས་ཀྱི་ཆ་ཤས་རེད།།
ག་ནས་བལྟས་ཀྱང་རང་དོན་སྒྲུབ་ནས་གཞན་ལ་སྐྱོན་འཛུགས་བྱེད་མཁན་མང་།།
ང་ཚོ་ཁོང་ཚོའི་གླེང་གཞི་བཟོས་ནས་རང་བཙན་དབུ་མས་དུས་ཚོད་བསྣར།།
ཅ་ཅོ་མང་བའི་ཆོས་མེད་ཀླ་ཀློ་གུང་བྲན་སྲིད་གཞུང་ཆབ་སྲིད་རྣོ།།
ཆ་རྒྱུས་ཉམས་མྱོང་ཁ་མཐུན་མེད་པའིི་རྗེས་ལུས་སྤྱི་ཚོགས་ང་ཚོ་འདྲ།།

དེ་ལས་མང་བ་། “ཀ་བཤད་མཐའ་མ་སུམ་ཅུ་པ།” »

སྙན་ངག

༼སྙིང་རྗེ།༽ ཞེས་པའི་གླུ་གཞས་གསཪ་པ།

Posted on 2015-01-182015-01-18 By ཁ་བརྡ་ No Comments on ༼སྙིང་རྗེ།༽ ཞེས་པའི་གླུ་གཞས་གསཪ་པ།

གཞས་པ། ཆོས་གྲགས།

གླུ་གཞས།

སུད་སིའི་ཛུ་རིག་ནང་རྒྱ་­གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ­་སྐོར།

Posted on 2015-01-182015-01-18 By ཁ་བརྡ་ 5 Comments on སུད་སིའི་ཛུ་རིག་ནང་རྒྱ་­གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ­་སྐོར།

དེ་ལས་མང་བ་། “སུད་སིའི་ཛུ་རིག་ནང་རྒྱ་­གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ­་སྐོར།” »

གློག་བརྙན་།

ཀ་བཤད་ཉི་ཤུ་རྩ་དགུ་པ།

Posted on 2015-01-172015-01-17 By ཁ་བརྡ་ No Comments on ཀ་བཤད་ཉི་ཤུ་རྩ་དགུ་པ།

ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་ར་ཀོར་རེ་ཤོད་མཁན་མང་ཡང་དོན་དང་མཐུན་པའི་གཏམ་གླེང་དཀོན།།
ཁ་དམག་གཏམ་བཤད་སྤེལ་མཁན་མང་ཡང་རྒྱལ་འབྲེལ་ཆབ་སྲིད་གོ་རྟོགས་ཉུང་།།
ག་ས་ག་ལ་ཟབ་སྦྱོང་མང་ཡང་མི་ཚེའི་མདུན་ལམ་སྟོན་མཁན་ཉུང་།།
ང་ཡིན་ཟེར་བའི་མཁས་པ་མང་ཡང་ཤེས་ཡོན་སྲིད་བྱུས་ཁྲིམས་བཟོར་ཤོར།།
ཅ་ཅོ་མང་བའི་མི་ཡི་སྤྱི་ཚོགས་རྫུན་གཏམ་སྤེལ་ནས་རང་མིང་བསྒྲགས།།
ཆ་མེད་མི་རྣམས་མགོ་བོ་རྨོངས་ནས་བདེན་པའི་མི་རྣམས་ནག་པོ་བཟོས།།

དེ་ལས་མང་བ་། “ཀ་བཤད་ཉི་ཤུ་རྩ་དགུ་པ།” »

སྙན་ངག

བདག་གི་བརྩམས་སྒྲུང་།

Posted on 2015-01-172015-01-17 By ཁ་བརྡ 15 Comments on བདག་གི་བརྩམས་སྒྲུང་།

ལོ་མ་རྒྱལ།

 
གངས་དཀར་ཏི་སེ་ལྟ་བུའི་བརྩམས་སྒྲུང་ཞིག་གི་ཆེད་དུ།
མཚོ་མོ་མ་པང་ལྟ་བུའི་མེ་ལོང་ཞིག་གི་ཆེད་དུ།
ཁྱུང་བོ་སྤུང་ཟད་ལྟ་བུའི་སྨྱུག་གུ་ཞིག་གི་ཆེད་དུ།
བདག་ནི་འོ་ལྡེ་སྤུ་རྒྱལ་ལྟར་སྤུ་བོ་ནས་ཡར་ཀློང་ལ་ཆས།
རི་དང་ལུང་བ་བརྒལ། ཆུ་དང་གཙང་བོ་བཅད།
ཚོ་བ་དང་ཚོ་བ་ལ་མདུང་གིས་འཐབ། གྲི་ཡིས་འཁྲུག ཤེད་ཀྱིས་བསྐྱོད།

དེ་ལས་མང་བ་། “བདག་གི་བརྩམས་སྒྲུང་།” »

སྙན་ངག

ཉི་མ་ཤར། ཆར་བ་བབས། (དང་བོ།)

Posted on 2015-01-172015-01-17 By ཁ་བརྡ No Comments on ཉི་མ་ཤར། ཆར་བ་བབས། (དང་བོ།)

ལོ་མ་རྒྱལ།

 
ཉི་མ་ཤར་ཤར་ཏེ། ཚ་བ་ཆེ་ཆེ་སྟེ། མཐའ་མ་རྔ་མ། ཆར་བ་ཤགས་སེར་བབས་སོང་། ཆར་བ་འབབ་པའི་སྐར་ཅིག་མ་འདིར། ཆར་བ་ལ་ཀུན་པོས་ “ལྷ”འམ་ “རིན་པོ་ཆེ”་ཞེས་འབོད། རླུང་བུ་ལ་ཡང་བརླན་གཤེར་གྱིས་ཁེངས་ཏེ། རེག་བྱ་ལ་བདེ་སྣང་གིས་བྱིལ་བྱིལ་མང་ཙམ་བྱེད། བར་སྐབས་འདིར། དྲན་ངོགས་ན། ཆར་བ་དང་རླུང་བུ་མ་གཏོགས། ཅི་ཡང་མེད། ཐ་ན། མཚར་སྡུག་བཀྲ་བའི་མེ་ཏོག་ཀྱང་མེད་ལ། ལྷུན་སྟུག་ཅན་གྱི་རི་བོ་ཡང་མེད། གཏན་ཚིགས་ཏེ། ཚ་བས་གཟིར་མ་ཐག་དང་། ཆར་བ་བབས་མ་ཐག་ཡིན་པས་སོ།

དེ་ལས་མང་བ་། “ཉི་མ་ཤར། ཆར་བ་བབས། (དང་བོ།)” »

ལྷུག་རྩོམ།

སྣ་ཚོགས་ཀ་བཤད་ཉི་ཤུ་རྩ་བརྒྱད་པ།

Posted on 2015-01-162015-01-16 By ཁ་བརྡ 3 Comments on སྣ་ཚོགས་ཀ་བཤད་ཉི་ཤུ་རྩ་བརྒྱད་པ།

ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།

ཀ་བ་གདུང་མ་ཁང་པའི་རྒྱན།།
ཁ་བ་གངས་རི་དཀར་པོ་རེད།།
ག་པ་རོག་པོ་གཡག་གི་མིང་།།
ང་ཚོ་ཁོང་ཚོ་མིང་ཚིག་རེད།།
ཅ་ལག་དངོས་པོ་མང་ན་ཡང་།།
ཆ་ཤས་ཙམ་གྱིས་འགྲིག་པ་གྱིས།།

དེ་ལས་མང་བ་། “སྣ་ཚོགས་ཀ་བཤད་ཉི་ཤུ་རྩ་བརྒྱད་པ།” »

སྙན་ངག

བོད་ཡུལ་ཕུང་བའི་ངན་སྤྱོད་འགོག་པ་རབ་བྱེད་བཅུ་པ།

Posted on 2015-01-16 By ཁ་བརྡ 1 Comment on བོད་ཡུལ་ཕུང་བའི་ངན་སྤྱོད་འགོག་པ་རབ་བྱེད་བཅུ་པ།

འཇམ་དཔལ་རྣོན་པོ།

གཉིས། ཆོས་སྤོང་མཁན་གྱི་རབ་བྱེད།

བདེ་གཤེགས་ཐུགས་རྗེ་མངའ་བ་ཡིས། །ལེགས་གསུང་ཆོས་ཚུལ་མཐའ་ཡས་ཕྱིར། །མཐའ་དག་བོད་འདིར་མ་འགྱུར་བར། །སྔོན་རབས་མཁས་པའི་གཞུང་ན་གསལ། །ཟབ་མོ་ཆོས་ལ་རྟོག་གེ་ཡིས། །རྩོད་པ་བྱུང་བའི་ལོ་རྒྱུས་དག །སྔ་རབས་མཁས་པའི་ངག་ལས་བྱུང་། །རྒྱ་གར་ཆོས་ལུགས་མང་བའི་ཡུལ། །ཡིན་ཕྱིར་ཆོས་ལུགས་ཕན་ཚུན་བར། །གྲུབ་མཐའི་རྩོད་པའི་ལུགས་སྲོལ་མང་། །སྔོན་དུས་རྒྱ་གར་འཕགས་ཡུལ་དུ། །

དེ་ལས་མང་བ་། “བོད་ཡུལ་ཕུང་བའི་ངན་སྤྱོད་འགོག་པ་རབ་བྱེད་བཅུ་པ།” »

རྩོམ་རིག

སྤྱི་ལོ་ ༢༠༡༠ ལོར་ཁེ་ན་སྒྲར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་གི་ཟིན་ཐོ།

Posted on 2015-01-16 By ཡེ་ཤེས་ 4 Comments on སྤྱི་ལོ་ ༢༠༡༠ ལོར་ཁེ་ན་སྒྲར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་གི་ཟིན་ཐོ།

ཀླུ་སྨྱོན།
— — —
མི་ལོ་དུ་མའི་སྔོན་ནས་བཟུང་སྟེ་རྒྱལ་སྤྱིའི་ཅིག་ཅིག་མུག་མུག་ཟེར་བ་ཞིག་གོ་མྱོང་བའི་ཁྲོད་དུ། དགའ་མོས་ཆེ་ཤོས་དང་དོ་སྣང་ཆེ་ཤོས་གཉིས་ཀ་ཡིན་པ་ནི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དེ་ཡིན་ཞིང་། དུས་དེབ་རེའི་སྟེང་དུ་དཔྱད་རྩོམ་ག་གེ་མོ་ཞིག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་དུ་སྒྲོག་སྦྱང་བྱས་ཚུལ་འཁོད་དང་། རྩོམ་པ་པོ་ཆེ་གེ་མོ་ཡང་ཚོགས་འདུ་དེར་བསྐྱོད་ཚུལ་སྐབས་རེར་མཐོང་རྒྱུ་ཡོད། ཡིན་ན་ཡང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་མང་ཆེ་བ་ཡོ་རོབ་ཏུ་འཚོགས་པ་དང་། རང་ཉིད་ས་མཐའི་ལྡོམ་པོ་ཕྱི་བསྐྱོད་ལག་ཁྱེར་མེད་ལ་ལམ་སྣེའི་སྒོར་མོ་ཡང་མེད་པ་ཞིག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཇི་ལྟར་བསྐྱོད།

དེ་ལས་མང་བ་། “སྤྱི་ལོ་ ༢༠༡༠ ལོར་ཁེ་ན་སྒྲར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་གི་ཟིན་ཐོ།” »

ངོ་སྤྲོད།

མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ།

Posted on 2015-01-162015-01-16 By ཡེ་ཤེས་ 3 Comments on མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ།

ཀླུ་སྨྱོན་ཁྲག་འཐུང་གླིང་པ།

སྙིང་གི་རྩ་མདུད་གྲོལ་བའི་ཆེད། །རྩ་གསུམ་ལྷ་ལ་གསོལ་བཏབ་པས། །རང་སྣང་ཌྰ་ཀིའི་གཟི་བྱིན་འབུམ། །འཇའ་འོད་ཀློང་ནས་ས་ལ་བབས། །རྡུལ་བྲལ་འཇིག་རྟེན་དཀར་པོའི་ཞིང་། །ངོ་མཚར་ཌྰ་ཀིའི་ཞིང་ཁམས་སུ། །གཅིག་དང་དུ་མར་འཕྲུལ་བའི་གར། །རྡོ་རྗེའི་རོལ་བ་འབྱམས་སུ་ཀླས། །འདོད་པའི་མྱོས་བུམ་མཁྲངས་ཟླུམ་ཞིང་། །བྷ་གའི་དཀྱིལ་འཁོར་ཆེར་གདངས་པའི། །དགའ་མ་བྱུ་རུའི་མདོག་ཅན་ཞིག །སྒྱུ་རྩལ་དྲུག་ཅུའི་ཀློང་ན་བརྒྱལ། །མ་དག་སྒྱུ་ལུས་འདོར་བ་དང་། །དག་པའི་གཟིགས་མོར་རོལ་བའི་ཕྱིར། །ཡང་ཡང་གསོལ་བ་བཏབ་པ་དང་། །སྒོ་གསུམ་དཀྱིལ་འཁོར་མཆོད་པར་བཤམས། །

དེ་ལས་མང་བ་། “མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ།” »

སྙན་ངག

ཁྱོད་རང་བོར་སོང་བའི་མཚན་མོ་དེར།

Posted on 2015-01-162015-01-16 By ཁ་བརྡ No Comments on ཁྱོད་རང་བོར་སོང་བའི་མཚན་མོ་དེར།

སྤྱན་ཆེན་པོ།

 
རོལ་དབྱངས་དེས་མཚན་མོ་དེར་བཙན་གཡེམ་བྱས་རྗེས
མེ་ཡིས་མ་འཚིག་པའི་སྒྱུ་འཕྲུལ་གྱི་རྣམ་ཤེས་དེ
རྒྱང་རིང་གི་མཚམས་ན
མཚན་མོའི་གྲིབ་ཡོལ་གྱིས་བསྒྲིབས་འདུག

མིག་ཟུང་བཙུམས་ནས་མཚན་མོ་འདིའི་ཟབ་ཚད་འཇལ་དུས
ལག་མཐིལ་ནས་ལྷུང་བའི་རྣམ་ཤེས་དེ་ལམ་ཕྲན་ཞིག་དང་འདྲ

དེ་ལས་མང་བ་། “ཁྱོད་རང་བོར་སོང་བའི་མཚན་མོ་དེར།” »

སྙན་ངག

མཚན་མོའི་སྙན་ངག

Posted on 2015-01-162015-01-16 By ཁ་བརྡ No Comments on མཚན་མོའི་སྙན་ངག

བྱ་མདོ་སྐལ་རྒྱམ།

མུ་མཐའ་མེད་པའི་མཚན་མོར
སྐར་ཚོགས་རྣམས་གཡོར་གྲུ་བཞིན
ཕྱོགས་དང་ཕྱོགས་ནས་འདུས་ཤིང
སླར་ཡང་ཕྱོགས་དང་ཕྱོགས་སུ་གྱེས་འགྲོ
མཚོ་ངོགས་ལྟ་བུའི་མཚོན་མོ་འདིར

དེ་ལས་མང་བ་། “མཚན་མོའི་སྙན་ངག” »

སྙན་ངག

རྒྱ་བལ་ནང་བཙན་བྱོལ་བོད་མིས་སྟོང་དུས།།

Posted on 2015-01-16 By ཁ་བརྡ 20 Comments on རྒྱ་བལ་ནང་བཙན་བྱོལ་བོད་མིས་སྟོང་དུས།།

 ཁྲི་རལ་པ་ཅན།།

སྤྱི་ལོ་༢༠༠༡ལོར་ང་རང་བོད་ནས་རྒྱ་གར་ནང་སླེབས་པ་ཡིན་ལ། སྐབས་དེར་བལ་ཡུལ་སྣེ་ལེན་ཁང་དུ་རྣམ་ཀུན་མི་ཆིག་སྟོང་ནས་བདུན་བར་འཚངས་ཀ་བརྒྱབས་ཡོད་པ་རེད། དེ་ནས་རིམ་པར་རྒྱ་གར་དུ་འབྱོར་དུས་གསར་འབྱོར་འདུག་ས་གསོག་སྒར་སློབ་གྲྭ་དང་སུ་ཇ་སློབ་གྲྭ། བོད་ཁྱིམ་སློབ་གྲྭ།གདན་ས་ཁག་བཅས་སུ་མི་མང་དྲག་སྟེ་ཟ་ཆས་དང་ཉལ་ཆས། སྡོད་ཁང་བཅས་ཀྱི་དཀའ་ངལ་འཕྲད་བཞིན་པ་དངོས་སུ་མཐོང་སོང་བ་མ་ཟད། བོད་མི་གསར་འབྱོར་དེ་ཚོ་སྒྲིག་ཁོངས་ནས་ཕྱི་ལ་འཐོན་པ་དང་ལས་ཀ་མི་རེག་པ་དང་།

དེ་ལས་མང་བ་། “རྒྱ་བལ་ནང་བཙན་བྱོལ་བོད་མིས་སྟོང་དུས།།” »

བསམ་ཚུལ།

“གླེང་མོལ”བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྷན་དུ་གླེང་བ།

Posted on 2015-01-162015-01-16 By ཕུན་ཚོགས་ཚེ་རིང་ 9 Comments on “གླེང་མོལ”བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྷན་དུ་གླེང་བ།

དེ་ལས་མང་བ་། ““གླེང་མོལ”བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྷན་དུ་གླེང་བ།” »

གསར་འགྱུར།

Posts pagination

Previous 1 … 311 312 313 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (52)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme