ཁྲོ་གཏུམ།
ཉི་འོད་བཅག་པའི་ལམ་མཐིལ་རྐང་པའི་མཐིལ་ལ་བར་མེད་སྡང
ལོ་ཟླའི་རླུང་གཡབ་ཚ་ཐབ་དམར་བོས་ཉལ་སར་འཕངས་བཞག་ཡོད་པ་འདིས
བྲག་རི་ཉིལ་བའི་ས་རྡུལ་འཕྱུར་ས་རེ་རེ་ལ
བློ་གཤོག་སྙིགས་རོ་རུལ་བས་བཏུམས་པར་གྱུར་བ་ཉིད་ཅིག་ལས
ངམ་ནག་སེམས་ཀྱི་སོ་བ་བྱེད་སྟངས་མི་འདུག་ཅིང
དུས་ཀྱི་རིག་པས་གནམ་ལྕག་ཐོག་གི་བློ་བ་གསད
དེ་རིང་ང་དགའ་སོང་ལ དེ་རིང་ང་སྐྱོ་ཡང་སོང
བླ་སྤྲུལ་མཚན་འཛིན་འབྱོར་མེད་གྲྭ་རྐྱང་ཁྱེད་གསོན་དང་།།