འདས་མཆོད་སྒྲུབ་པར་དགའ་བའི་བོད་ཀྱི་རྩོམ་པ་པོའི་སྡེ།
རྡོ་རྗེ་རིན་ཆེན།
བོད་ཀྱི་ཤེས་ཡོན་པ་དང་ཡི་གེ་བ། སྙན་ངག་པ་དང་རྩོམ་པ་པོ་ཚང་མས། མི་ཞིག་ཚེ་ཐོག་འདིར་ཡོད་དུས། གང་དེའི་སྙན་ངག་པ་དང་རྩོམ་པ་པོ་དེར། དུས་རྒྱུན་ངན་བཤད་པ་དང་སྐྱོན་འཚོལ་བ། ཕྲག་དོག་བྱེད་པ་ལ་སོགས་ཀྱིས། གང་ཐུབ་གང་ངན་གྱིས། མི་དེར་སྐྱོན་མེད་ས་ནས་སྐྱོན་བཙལ། སྡིག་མི་དགོས་ས་ནས་སྡིག མདོར་ན། མི་གཤིས་མེད་སྟངས། ཡོན་ཏན་མེད་ཚུལ་སོགས་ལུང་བ་གང་བཤད་པ་རེད།
དགོད་བྲོ་བ་ཞིག་ལ། གང་དེའི་རྩོམ་པ་པོ་དང་སྙན་ངག་པ་ཉིད་སྐུ་གྲོངས་མ་ཐག ཡོད་ཚད་རྟོགས་པ་སད་མདོག་དང་།
དེ་ལས་མང་བ་། “འདས་མཆོད་སྒྲུབ་པར་དགའ་བའི་བོད་ཀྱི་རྩོམ་པ་པོའི་སྡེ།” »
ཡུ་རོབ་གྲོས་ཚོགས་ནང་༧སྐུའི་གྱ་སྟོན་སྲུང་བརྩི།
གནས་ཚུལ་གཏོང་མཁན། ས་དཀར་བཀྲ་ཤིས།
ཁ་སང་ཕྱི་ཟླ་༦ པའི་ཚེས་༣༠ སྟེ་གཟའ་མིག་དམར་ཉིན་གྱི་དགོང་དྲོ་ཆུ་ཚོད་༦ པའི་སྟེང་། སྤེལ་ལྗམ་རྒྱལ་ས་སྦར་སིལ་གྱི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་Thomas Mann དང་། གྲོས་ཚོགས་འཐུས་མི་ས་བྷ་སོ་གྷོར་Csaba Sogor གཉིས་ཀྱིས་གཙོ་སྐྱོང་འོག་༼ཤེས་རབ་ཀྱི་ལམ༽ཞེས་པའི་༧གོང་ས་མཆོག་གི་སྐུའི་མཛད་འཕྲིན་གསལ་བའི་པར་རིས་ཁག་ཅིག་འགྲེམས་སྟོན་དང་ལྷན་སྐུའི་གྱ་སྟོན་སྲུང་བརྩི་གནང་བའི་མཛད་སྒོ་ཞིག་ཚུགས་སོང་ལ།
དེ་ལས་མང་བ་། “ཡུ་རོབ་གྲོས་ཚོགས་ནང་༧སྐུའི་གྱ་སྟོན་སྲུང་བརྩི།” »
སྐྱེལ་མ།
གུང་ཐང་འབྲུག་བྷེ།
———ཁ་བ་སྙིང་ལྕགས་ལ་བསྔོ་ཡིག་གི་ཚབ་ཏུ།
དེ་རིང་ཞོགས་པར་ངའི་ཁང་སྟེང་དུ་ཁྭ་ཏ་ཞིག་བབས་འདུག
ཁོས་ང་ལ་སྐད་བསྐུར་ཞིག་ཡོད་ཟེར
སྐད་བསྐུར་དེ་ནི་ཁ་བ་སྙིང་ལྕགས་ལགས་ཀྱི་གནས་ཚུལ་རེད
གནས་ཚུལ་དེ་ལས་གངས་རི་ངུ་ལ་མཚོ་སྔོན་པོ་ཡང་ངུས་འདུག
འབྱུང་བཞིས་བསྟན་པའི་མེ་ལོང་།
མུ་ལ་།
ས་བཅུ་ལམ་ལྔ་བསྒྲོད་པ་ཕུལ་ཕྱིན་རྒྱལ་བ་དང་། །
ཆུ་བོའི་ཀླུང་ནས་གཏམས་པའི་མཚོ་བྱུང་ལྷ་མོ་ཡིས། །
མེ་ལྟར་འབར་ཞིང་མཚོ་ལྟར་རྒྱས་པའི་བྱིན་རླབས་དང་། །
རླུང་རྟ་དར་བའི་མཐུ་བྱིན་ཆེན་པོ་མྱུར་ཏུ་སྩོལ། །
ས་ལེ་འོད་ཀྱི་སྒྲ་དབྱངས་སྙན་མོ་སྒྲོག་ས་དང་། །
མེ་མེ་ཡོངས་ཀྱིས་བཞག་པའི་ཕ་ནོར་ལྔ་ཟུང་ནོར། །
༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་པ།
ཡོང་ཁུངས། ༧རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་བ།
༄༅།།ཕྱི་ལོ་༢༠༡༥ ཟླ་༦ ཚེས་༢༢ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་མདོ་སྨད་ཆོལ་ཁས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་༸སྐུའི་གྱ་སྟོན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་༨།༡༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧི་མ་ཅལ་མངའ་སྡེའི་བློན་ཆེན་སྦིར་བྷདྲཱ་སིང་(VirbhadraSingh)རྣམ་གཉིས་ཀྱིས་༧གོང་ས་མཆོག་གི་མཛད་བརྒྱ་མཐོང་བ་དོན་ལྡན་ཞེས་པའི་མཛད་ཐང་ཞལ་འབྱེད་གནངརྗེས་མཛད་སྒོའི་སྟེང་༧ཞབས་སོར་འཁོད་པ་དང་།
དེ་ལས་མང་བ་། “༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་པ།” »
རྫོང་སར་མཁྱེན་བརྩེ་ལ་དྲི་བ་བརྒྱད་དྲིས་ཡོད།
བཅར་འདྲི་ཞུ་མཁན། རྫ་ཚེ་རིང་བཀྲ་ཤིས།
ཐོག་མར་གུས་པའི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། དེ་རིང་ངས་གུས་དང་རིན་པོ་ཆེའི་བར་གྱི་མི་སྒེར་གྱི་འབྲེལ་བ་གཞན་དག་བཏང་སྙོམས་སུ་བཞག་ནས་དེང་སྐབས་སྤྱི་ཚོགས་འབྲེལ་འཐུད་དྲ་བ་སོགས་སུ་དོ་སྣང་བྱེད་བཞིན་པའི་ཁྱེད་དང་འབྲེལ་བའི་གླེང་སློང་འདྲ་མིན་ཁག་ཅིག་གི་ཐོག་དྲི་བ་འགའ་འགོད་འདོད་བྱུང་།
རྒྱ་བླ་ཚོ། ཐུགས་རྗེ་ཆེ།
སྣང་རྒྱལ་ཤེས་དགེ།
བོད་པའི་ཁ་ནས་ཁྱོད་ལ་ཟོག་པོ་ཟེ
བོད་པའི་མིག་ལ་ཁྱོད་ནི་གདོན་གཟུ
བོད་པའི་སེམས་ན་ཁྱོད་ནི་སྤྱང་ཀི
དེ་འདྲའི་རྒྱ་བླ་ཁྱོད་ཚོར་ང་
རྒྱ་ཡི་ཡུལ་དུ་བོད་ཀྱི་ལུགས་སྲོ
རྒྱ་རྒན་དབང་(王)ལ་དབང་ཕྱུག་རྒྱ
འཁྱམ་པོ།
མྱི་ལྟིག
ཞོགས་པའི་སེར་ནེམ་ནེམ་གྱི་ཉི་ཟེར་དེ་འཁྱམ་པོ་ཡིན
དགོང་ཁའི་དམར་ལམ་ལམ་གྱི་མཚམས་སྤྲིན་དེ་འཁྱམ་པོ་ཡིན
འཁྱམ་པོ་ཚོའི་སེམས་པ་དཀར་བོང་བོང་གི་གངས་རི་ཡིན
འཁྱམ་པོ་དག་ཉམ་ཆུང་བའི་དབུས་ལམ་གྱི་མཇལ་བ་ཚོ་དང་འདྲ་ཡང་
དབྱིན་ཡུལ་ནས་བཞད་པའི་གངས་ལྷ་མེ་ཏོག
—–ཨེ་མ་ཧོ།
ཀ་མ་ལ་ལྟར་ལྷག་བསམ་དཀར་བའི་ཁ་བའི་གངས་ལྷ་མེ་ཏོག་ཉིད།།
ག་བུར་དབང་པོའི་བཞིན་རིས་མཛེས་པར་ང་ཡི་རྒྱལ་བའི་དབང་པོ་ལ།།
ཅ་དག་དབྱིན་ཡུལ་རྒྱལ་སྤྱིའི་མགྲོན་དུ་ཆ་ལུགས་ཟློས་གར་དཔལ་དུ་ཤར།།
ཉ་གང་སྟོང་གི་གཟི་དབར་འབར་ཞིང་ཇ་ཆང་མཆོད་སྤྲིན་ཀུན་ནས་མཛེས།།
དེ་རིང་དབྱིན་ཡུལ་ན་མཛད་འཕྲིན་འདི་ལྟར་རྒྱས་འདུག
འཇམ་དབྱངས་དཀར་པོ།
སྤྱི་ཟླ་ ༦ ཚེས་ ༢༨ ཉིན་ཆར་བ་སིམ་སིམ་འབབ་པའི་ཁྲོད་ནས། བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མས་གྷ་ལ་སི་ཌོན་བྷུ་རེ་(Glastonbury) ཡི་སྟོད་ཐུང་དབུ་ལ་བཀབ་ནས་ཞི་བདེའི་སྐྱེད་ཚལ་ལ་འཛུམ་གྱིས་ཕེབས་པ་དང་། https://www.youtube.com/watch?v=2XPO8B2QZ1g
དེར་འཛོམས་པའི་མི་འབུམ་གཅིག་ལྷག་གིས་སྤྱི་ཚེས་ལྟར་གྱི་ཐོན་ལ་ཉེ་བའི་དགུང་ལོ་ ༨༠ ཕེབས་པའི་《སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་》ཞེས་ཤིས་འབོད་དབྱངས་སུ་གྱེར།
དེ་ལས་མང་བ་། “དེ་རིང་དབྱིན་ཡུལ་ན་མཛད་འཕྲིན་འདི་ལྟར་རྒྱས་འདུག” »
སྙིང་ལྕགས་དང་རྣམ་ཤེས་འབུ།
———–དོམ་མེ།
སེམས་གཏམ་མིག་ཆུ་ནས་བཤད
ན་ཟུག་རི་མོ་ལ་བྲིས་ཡོད
ཕངས་སེམས་སུ་ལ་བཤད
གྱོང་གུན་སུ་ཡིས་འཚབ
ཁ་བ་སྙིང་ལྕགས
མཚོ་སྔོན་པོའི་མཚོ་འགྲམ་དང
རི་ཁ་བའི་སེམས་ལ་བཀོད་པའི་ཞབས་རྗེས
སུ་ཞིག་གིས་ང་ཚོའི་ཉ་ཟ་བཞིན་འདུག་ལ
༼བོད་ཀྱི་རྒྱལ་གླུ།༽་ལ་བསྐྱར་ཞིབ་དགོས་སམ།
ཤར་ཕྱོགས་ཁུག་རྟ།
མ་བརྗེད། འདས་པའི་དར་རྒུད་བྱུང་རབས་མ་བརྗེད།
བཙན་པོའི་རུ་དཔུང་གིས།
ཆེན་པོ་བོད་ཡུལ་གཅིག་ཏུ་སྒྲིལ་ཅིང།
རྔམ་བརྗིད་ཟིལ་གནོན་གྱི་སྤོབས་པ།
མཁས་མཛངས་དྲང་བདེན་གྱི་དཔའ་ངར།
སུམ་གཉིས་ས་ཡི་ཁྱོན་ལ་བརྡལ་བའི།
གངས་ཅན་བོད་ཀྱི་རྒྱལ་ཁབ་ཆེན་པོ། རྒྱལ་ཁབ་ཆེན་པོ།
ང་ལ་ཇུས་གཏོགས་མ་བྱེད།
འཇམ་གཅེས།
ཐབས་མཁས་འཕྲུལ་གྱིས་ལྕེ་བརྒྱར་སྤྲུལ་དང་ལྷན།།
སྙན་མོ་ངག་གི་གྲེ་འགྱུར་བདེ་བདེ་དེ།།
ཡིད་སེམས་གཏིང་ནས་ཁྲེལ་བྱེད་ངོ་མ་ལས།།
གཞན་ལ་ཕན་པའི་ལེགས་བཤད་སུ་ཡིས་འདོད།།
འདས་མ་ད་གསུམ་བདག་གི་ལས་དབང་ལ།།
བཅོས་མའི་འགྲེལ་བཤད་ཁྱོད་ཀྱིས་མ་བྱས་རུང་།།
སེམས་པའི་གཏིང་ལ་ཡོད་པ།
ཁྲོ་གཏུམ།
སྐུའི་གྱ་སྟོན་ལ་རོལ་བའི་སེམས་འགྱུ་ཞིག
ང་ལ་ཉི་འོད་ར་འཕྲོད་བྱུང
ང་ལ་མུན་པའི་མཚང་བརྟོལ་སོང
དུས་རབས་གྱོན་པར་དགའ་བ་དག་གིས་ཁྱེད་ལ་ཉན་ཅིང
མི་རབས་གསར་བའི་འཚོལ་བསྙེགས་སུ་ཡང་ཁྱེད་རང་བཀླག་ཞོར
ཚེ་རིང་ལྷ་མོའི་ཆེད་བསྒྲིགས་བརྙན་འཁོར་༼ཕ་གཞིས།༽
༅༅།། གྲུབ་པའི་སྐྱེས་མཆོག་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གི༧ཞབས་དྲུང་དུ་ཕུལ་བ་མཆོག་ཐུན་དངོས་གྲུབ་འདྲེན་པའི་ཕོ་ཉ་ཞེས་བྱ་བ།།
རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མནར་གཅོད་ཅིག
ཡོང་ཁུངས། བོད་ཀྱི་བང་ཆེན།
༧གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་དེ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མནར་གཅོད་ཅིག་རེད།
ཟླ་འདིའི་ཚེས་༢༦ ཉིན་དྷ་ས་མེག་གྷན་དུ་རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་བོད་མི་ཚོས་སྲུང་བརྩི་བྱས་ཡོད་པ་དང་། རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབས་པའི་མནར་གཅོད་མྱོང་མཁན་གྱི་མི་མང་ལ་རྒྱབ་སྐྱོར་དགོས་པའི་ཉིན་མོ་ཞིག་ཡིན་པ་རེད།
དེ་ཡང་དྷ་ས་མེག་གྷན་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་།
བརྗེད་ལ་ཉེ་བའི་སེམས་ནང་གི་དཔའ་མོ།
ཅོག་མྱི།
བརྗེད་ལ་ཉེ་བའི་སེམས་ནང་གི་དཔའ་མོ།༼རྒྱ་མོ་ལྦང་ཆེན་ཡོན་དྲན་པ།༽
དུང་ཕྱུར་སྐྱེ་བོའི་ཚིག་གི་མཚོན་ཆའི་མདུན་ནས།
ཁྱེད་ནི་འཇམ་མཉན་མེ་ཏོག་ལན་ཏུ་ཕུལ་བའི་དཔའ་མོ།
བརྒྱ་ཕྲག་རང་ལུས་མེ་ལ་སྲེག་པའི་སྨག་རུམ་གྱི་མཐོ་སྒང་གི་གྲང་ངར་གྱི་མཚན་མོར།
ཁྱེད་ནི་གསར་ཏུ་སྤར་བའི་མཆོད་མེ་རྐང་གཅིག
བྱ་བྲལ་སངས་རྒྱས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བ།
ཨེ་མ་ཧོ།

༸སྐྱབས་མགོན་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བའི་མེ་ཏོག་པདྨ་དཀར་པོའི་དོ་ཤལ།
ན་མོ་གུ་རུ་བུདྡྷ་བཛྲ་ཡེ།
ཀ་དག་སྤྲོས་པ་བྲལ་བའི་སངས་རྒྱས་ཀྱི་ཞིང་ན།།
ཁ་སྦྱོར་ཡོན་ཏན་ཀུན་རྫོགས་རིགས་ལྔ་ཡི་རྒྱལ་པོ།།
ག་བུར་དབང་ལྟར་དྲི་མེད་རྡོ་རྗེ་ཡི་འཆང་ཆེན།།
ང་ཡི་བྱ་བྲལ་དམ་པའི་རང་བཞིན་ལ་འདུད་དོ།།
དེ་ལས་མང་བ་། “བྱ་བྲལ་སངས་རྒྱས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བ།” »

