ལྷ་རྩེའི་ཁུ་བྱུག
ང་རང་ཆུང་དུས་ལམ་ནག་ལ་ཁར་འགྲོ་འདོད་ཤིན་ཏུ་ཆེ། རྒྱུ་མཚན་ཕ་དྲིན་ཆེན་ནམ་ཞར་ལམ་ནག་ལ་མོ་བརྒྱབ་ཏེ་སྐྱོ་བྲག་ལྷ་རུ་ལ་འགྲོ་ཞིང་། སྐྱོ་བྲག་དགོན་པ་ལ་འགྲོ་བ་རེད། ལམ་ནག་ལ་ནསརྫ་ཆུ་རིག་རེད་ཅེས་རྒས་པ་ཚོས་བཤད་པས། ངས་རྫ་ཆུ་ཟེར་བ་དེ་མཐོང་འདོད་ཤིན་ཏུ་ཆེ། སྐྱོ་བྲག་ཟེར་བའི་ས་ཆ་དང་སྡེ་བ་ཚང་མ་མི་རིགས་གཞན་ཞིག་ལ་ཆགས་བཞག་པ་ཡིན། ཆུང་དུས་སུ་ལ་འདི་མིག་གིས་འཚོས་པ་གྲངས་མེད་ཡིན། ཕ་འདས་པོ་སྐྱོ་བྲག་ནམ་སོང་རེ་ལ། ཚུར་ནམ་ཡོང་གིས་ལ་འདི་མིག་གིས་འཚོས་པས།


——ཆབ་མདོ་ངག་ཕུན།
