མུ་ལ།
མེས་པོའི་ཕ་ཁྱིམ།
ཁ་བ་བོད་པའི་གནས་མཆོག་མཐོ་སྒང་ན།
སྟོང་ལོ་དུ་མའི་ལོ་རྒྱུས་ལྡན་པ།
མཛེས་པའི་གཞིས་ཁྱིམ།
མེས་པོ་དག་གིས་གནང་བའི་ཕ་ཁྱིམ།
མཐོ་སྒང་ཡུལ་གྱི་ནོར་བུ་འོད་ཆེན།
མུ་ལ།
མེས་པོའི་ཕ་ཁྱིམ།
ཁ་བ་བོད་པའི་གནས་མཆོག་མཐོ་སྒང་ན།
སྟོང་ལོ་དུ་མའི་ལོ་རྒྱུས་ལྡན་པ།
མཛེས་པའི་གཞིས་ཁྱིམ།
མེས་པོ་དག་གིས་གནང་བའི་ཕ་ཁྱིམ།
མཐོ་སྒང་ཡུལ་གྱི་ནོར་བུ་འོད་ཆེན།
སྐྱོ་བྲག་དགའ་དབང་།
རྒྱལ་དབང་ཀརྨ་པ། ཁྱེད་ལ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། འདྲེན་པའི་ནུས་པ་མངའ་བས། ཁྱེད་ནི། འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་རེད་ལ། ང་ཚོའི་སེམས་ནང་གི་ཉི་མ་ཡང་ཡིན།
ཁྱེད་ཀྱི་ཐུགས་རྗེའི་གཟིགས་པས། འགྲོ་བ་མཐའ་དག་དྲིན་ཆེན་ཕ་མ་རུ་གཟིགས་ཀྱིན་ཡོད་ལ། ཁྱེད་ཀྱི་མཛད་པའི་ནུས་པས། འགྲོ་བ་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ནས་འདྲེན་གྱི་ཡོད་ཕྱིར།
འཇམ་དབྱངས་དཀར་པོ།
འབུམ་རམས་པ་ཟླ་བ་ནོར་བུ་མཆོག་ནི་སྤྱི་ལོ་ ༡༩༤༨ ལོར་བོད་དབུས་ས་སྐྱ་དང་ཁད་ཉེ་བའི་བཀྲ་ཤིས་སྒང་གྲོང་ཚོར་སྐུ་འཁྲུངས་ཤིང་། ཁོང་ནི་དབུས་ཨེ་ཤ་ཡའི་སྲིད་དོན་རིག་པ་ཆེད་མཁས་པ་དང་། བོད་ཀྱི་ཆབ་སྲིད་ལས་དོན་གྱི་སྐད་སྒྲའི་དབུ་ཁྲིད་ཅིག་ཀྱང་ཡིན། སྤྱི་ལོ་ ༡༩༥༩ ལོར་ནང་མི་དང་ལྷན་བཙན་བྱོལ་དུ་ཡོང་། བཀའ་བློན་སྦུག་ནས་འབུམ་རམས་པ་གྷི་རམ་(Graham) ནང་དང་། དེ་ནས་སི་ཊི་ སི་ཊེ་ཧྥིན་(St. Stephen) མཐོ་སློབ། དྷི་ལི་གཙུག་ལག་སློབ་གཉེར་ཁང་བཅས་ནས་སློབ་སྦྱོང་གནང་།
སྤྱན་ཆེན་པོ།
རི་ཚོགས་ཀྱི་རྩེ་ནས་ཀི་ཞིག་བཏབ
ཆུ་བོའི་འགྲམ་ནས་གཞས་ཤིག་བཏང
གྲིབ་མས་གྲིམ་མ་སྒྲིབ་པས
མེ་ལོང་གི་ངོས་སུ་ལྕེབས་འདུག་པ་ནི
གླུ་སྐད་དེའོ ཀི་སྒྲ་དེའོ
རྫ་ཚེ་རིང་བཀྲ་ཤིས།
གངྒའི་ངོགས་ན་སྒྱུ་མའི་གྲོང་ཁྱེར་མཆིས། །
རྩ་བ་ཡན་ལག་མེད་པར་མགུལ་གྱིན་གདའ། །
ཞོགས་པ་སྔ་མོ་སྔ་མོའི་ཉི་ཟེར་དག །
གསེར་གྱི་ཆར་བ་བཞིན་དུ་འབབས་ཀྱིན་གདའ། །
བྱེ་མའི་རྡུལ་གྱིས་འཁོར་བའི་གྲངས་ཀ་འདྲེན། །
མི་རོའི་སྒལ་བ་རུས་སྦལ་རྒྱབ་ལྟར་སྔོ། །
ཅོག་མྱི།
དེ་རིང་ནི་༧གོང་ས་མཆོག་གི་བཅིང་གྲོལ་དགའ་རྟགས་ལེན་པའི་ཉིན་མོ་ཡིན།
དགའ་རྟགས་འདི་ལ་ནོར་སྦལ་བྱ་དགའི་གཟི་བརྗིད་དང་རྫིག་ཉམས་མེད་ལ།
དངུལ་ལོ་དང་སྙན་གྲགས་དེ་བས་ཀྱང་མེད་པས།
གང་ཟག་མང་བོ་ཞིག་གིས་དེ་ལ་མཐོང་ཆུང་བྱས།
སྣང་མེད་བྱས།
རྩེད་སྤྱད་བྱས་ནས།
དེ་ལས་མང་བ་། “༧གོང་ས་མཆོག་གི་ཨ་རིའི་བཅིང་གྲོལ་དགའ་རྟགས་ལེན་པའི་ཉིན་མོར།” »
མུ་ལ།
རབ་དཀར་གངས་རིའི་འདབས་རོལ་དུ། །
སྦྲ་ནག་སྨུག་པོའི་གཞིས་ཁྱིམ་ན། །
རྒན་བརྩི་ཆུང་གཅེས་བྱེད་པ་དེ། །
འབྲོག་རིའི་བུ་མོའི་རང་གཤིས་ཡིན། །
སྤང་ལྗོངས་སྔོན་མོའི་ཁུག་སོ་ན། །
འདྲི་བ་བོ། རྒྱལ་ཚང•འཇམ་དབྱངས།
ལན་མཛད་མཁན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
༡༽ དྲི་བ། དགེ་འདུན་པའི་གཞི་མ་ཞེས་པ་ནི་གང་འདྲ་བ་ཞིག་ལ་ངོས་འཛིན་དགོས་སམ།
ལན། གོན་པ་དམར་པོ་ཞིག་གོན་ཡོད་ཚད་པོ་ལ་དགེ་འདུན་པ་ཟེར་པ་མིན་ལ། དགེ་འདུན་པ་ཟེར་བ་གང་ལྟ་བུ་ཞིག་ལ་ངོས་འཛིན་དགོས་པ་རེད་ཟེར་ན། དེ་ནི་ཐོས་བསམ་སྒོམ་གསུམ་བྱེད་ཀྱིན་ཡོད་མཁན་དང་། ཚུལ་ཁྲིམས་ལེགས་པར་སྲུང་མཁན་དང་། སྤང་བླང་གི་བྱ་བར་བརྩོན་མཁན། བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབ་ཀྱིན་ཡོད་མཁན་རྣམས་ལ་དགེ་འདུན་
དེ་ལས་མང་བ་། “གྲྭ་བཙུན་ལ་མཚོན་ནའང་བཟང་ངན་གཉིས་ཡོད་པས་བཟང་པོར་གང་བརྩི་འོས་སམ།” »
མུ་ལ།
ཕྱི་རོལ་ཡུལ་གྲུ་གང་སར་གནས་པའི།
གདོང་དམར་བོད་པའི་གཅེས་ཕྲུག་རྣམ་པ།
གཞན་སྐད་སྣ་མང་ཤེས་ན་བཟང་ཡང་།
རང་གི་སྐད་དང་ཡི་གེ་བརྗེད་ན།
ངོ་ཚ་ཡིན་པ་སེམས་ནས་མ་བརྗེད།
གངས་ཕྲུག་གཞོན་ནུ་ཚོ། བོད་སྐད་ཤོད། བོད་ཡིག་སྦྱོངས།
——-
འཇམ་དབྱངས་དཀར་པོ།
ཏཱ་ལའི་བླ་མ་མཆོག་གིས་རེས་གཟའ་མིག་དམར་ཉིན་ལོ་རེ་བཞིན་འཛམ་གླིང་གི་ཚ་དྲོད་ཇེ་ཆེར་འགྲོ་བཞིན་པར་འཛམ་གླིང་སྤྱི་ཡོངས་ཀྱིས་ལས་འགུལ་སྤེལ་དགོས་པའི་སྐུལ་མ་ནན་པོ་གནང་བར་མ་ཟད། ཧི་མ་ལ་ཡ་དང་མཐོ་སྒང་བོད་ཀྱི་
དེ་ལས་མང་བ་། “བོད་ཀྱི་འཁྱག་རོམ།《ལྷབ་ལྷུབ་དུ་འབར་བའི་འཆི་ཁའི་མར་མེ།》” »
སྐྱོ་བྲག་དགའ་དབང་།
སྤྱིར་བོད་ནི་མཐོ་སྒང་གི་ས་ཆ་ཡིན་ཕྱིར། ཤིང་མེད་པའི་རི་ལུང་མང་ནའང་། ང་ཚོའི་ས་ཆར་ཤིང་རིགས་ཆེ་ཕྲ་འགའ་ཤས་ཡོད་པ་ལས་ཁང་པ་སོགས་ལ་བེད་སྤྱོད་བྱེད་པའི་བཟང་ཤིང་ནི་ཤུག་པ་རེད། རི་ལུང་གི་ཉིན་ངོས་ཕལ་མོ་ཆེ་ཤུག་པས་བཟུང་བས་ཅི་དགོས་ཡོད་ཟེར་ནའང་ཆོག་མོད་དེ། གདོད་མའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བག་ཆགས་ཀྱིས་གཅོད་བྲེག་བྱེད་པ་ཆེས་ཉུང་། གལ་ཏེ་གཅོད་དགོས་ཤར་ཚེ། རང་ལ་དགོས་པ་དེ་ཡིན་མིན་བརྟགས་པ་ཞིབ་ཚགས་བགྱིས་ཏེ་གདོད་གཅོད་པའི་ལུགས་སྲོལ་ཡོད་པས་ན། ངའི་ཨ་ཕས་ཀྱང་ལོ་ཟླའི་རིང་
རྩོམ་པ་པོ། དུང་དཀར་ཡོན་ཏན་རྒྱ་མཚོ།
སྟོན་པ་མཉམ་མེད་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། གྲྭ་ཕྲུག་ཆུང་ཆུང་ཚོའང་རིག་གནས་དང་ཤེས་རིག་སྣ་ཚོགས་ཡོད་སའི་དགོན་པ་དང་སློབ་གྲྭ་གཞན་ལ་འགྲིམ་དགོས་ཏེ། དཔེར་ན་དགོན་པ་ཆུང་ཆུང་རེ་མ་གཏོགས་ས་མི་ཤེས་ཆོ་ག་ཕྱག་ལེན་ཙམ་མ་གཏོགས་ཆོས་མི་ཤེས་ན། དེ་ནི་འཇིག་རྟེན་གྱི་ཁ་དཔེར། གོ་ཁ་མ་གཏོགས་ས་མི་ཤེས་ཕ་མ་མ་གཏོགས་ངོ་མི་ཤེས་ཞེས་པ་བཞིན། དུས་རབས…་ཉེར་གཅིག་པའི་ནང་འདིར་དོན་དངོས་སུ་དེ་འདྲ་ཡིན་ན་དེ་ནི་གནའ་བོའི་སྒོམ་ཆེན་པ་དག་དང་གཅིག་མཚུངས་རེད།
རྣམ་གྲོལ་གླིང་། བསོད་ནམས་ནོར་བུ།
(ང་ལ་མཚོན་ན། དུས་ཚོད་དང་ཁོམ་པ་ཡོད་དུས་ངོ་དེབ་དང་དྲ་རྒྱ་ཁག་ལ་ཡོང་བ་ནི། དུས་རབས་ཀྱིས་བྱིན་པའི་རྔན་པ་དང་གོམས་གཤིས་ཤིག་ཆགས་ཡོད།)
ཐོག་མའི་གླེང་སློང་བ།
དེང་སང་ངོ་དེབ་ནང་འབྲེལ་ཡོད་ཀྱི་དྲ་གྲོགས་མང་པོ་ཞིག་གིས་རྡ་ས་བོད་ཁྱིམ་སློབ་གྲྭ་འམ་ TCV དབུ་བརྙེས་ནས་ལོ་འཁོར་ ༥༥ འཁོར་བའི་དུས་དྲན་རེད་ཅེས། སློབ་ཕྲུག་ཚོས་ས་དམར་གྱི་རྩེད་ཐང་ངོས་རྐང་ལག་གཡས་བརྐྱང་གཡོན་བསྐུམ་གྱིས་དབྱིན་ཡིག་
བརྒྱུད་སྤྲོད་པ། རྒྱང་མིག
མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཡོད་པའི་རི་བོ་མཐོ་ཤོས་ཥ་ཐཱོ་རྫ་རྒན་གྱི་རི་གསེང་ལ་ཝུའུ་ལྕགས་ཀྱི་གཏེར་རྫས་བསྔོག་ཞིབ་པ་ཐོན་འདུག
2015ལོའི་སྤྱི་ཟླ10བའི་ཚེས13ཉིན་ཕ་ཡུལ་ཅང་སིའི་ན་གཞོན་སྐོར་ཞིག་དང་ལྷན་དུ་ཥ་ཐཱོ་རྫ་རྒན་ལ་བསང་འཕུད་པར་སོང་བ་ཡིན། གཟའ་འཁོར་གཉིས་གསུམ་གྱི་སྔུན་ཞིག་ལ། ཕ་ཡུལ་གྱི་ན་གཞོན་འགས“རྫ་རྒན་བརྐོས་ནས་ཅིག་འདྲུད་ཀི་འདུག”ཟེར། ངས“ཁྱེད་ཚོས་ནམ་ཞིག་ལ་རིག་ནི་ཡིན”ཞེས་དྲིས་པར། ཁོ་ཚོས“ཁ་ཉིན་ཟོག་རྫི་ལ་འགྲོ་དུས་
ལྡོང་སྲས་ཀྱིས་མཚམས་སྦྱོར་བྱས།
<<ཀླུ་མཁར་བྱམས་རྒྱལ་གྱུར་ཅིག>>
—-འདམ•ཉི་གཞོན། ཁམས་ཡུལ་ཤུལ་བ། གཞིས་སྡོད་བོད་མི།
ཨ་མའི་བུ་ཆུང་ཨ་ཚོགས་ཀླུ་མཁར་བྱམས།།
རྡ་རམ་ས་ནས་ཀི་རིང་ལན་གཅིག་བཏབས།།
ས་ཆེན་གོ་ལའི་སྣེ་མོ་སྒུལ་ཙམ་བྱས།།
དེ་ལས་མང་བ་། “བོད་ཕྱི་ནང་གཉིས་སུ་ཀླུ་མཁར་བྱམས་ལ་ཕུལ་བའི་སྙན་ངག་ཚན་བཤུས།” »
རྒྱ་གར་རྨ་བྱ།
ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནི་ཆབ་སྲིད་ཚོགས་སྒེར་ཞིག་གི་གཞུང་སྲིད་སྐྱོང་བའི་སྲིད་བྱུས་ཀྱི་ཐོག་ནས་འོས་མིར་བསླངས་པ་ཞིག་མིན་པར་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་གསོན་པོར་མཚོན་ཐུབ་པའི་སྲིད་སྟེགས་འཁྱོགས་ངེས་ཐུབ་པའི་འོས་མི་དེར་གཞི་རིམ་གྱི་ཆ་རྐྱེན་འདང་ངེས་ཤིག་དགོས་པ་གསལ་སྟོན་བྱས་ཡོད།
སྲིད་སྐྱོང་བློ་སེང་ནི་ཁྱིམ་ཚང་དཀྱུས་མ་ཞིག་ནས་ཤེས་ཡོན་གྱི་ཐེམ་སྐས་
དེ་ལས་མང་བ་། “བློ་སེང་རི་རྩེར་འཛེགས་ཟིན་ཀྱང་འོས་མི་གཞན་རྣམས་རི་མདོར་ལུས་པའི་གནད་དོན་འདི་ཡིན།” »
ཤར་ཕྱོགས་ཁུག་རྟས།
མཚོ་གཏེར་ནི་ཀླུ་ལ་འབུལ་གྱི་ཡོད་པ་ལས་མཚོ་ལ་ཡིན་དོན་མ་མཐོང་། ཀླུ་ལ་ཕུལ་གྱི་ཡོད་ན། ཀླུ་དེ་གཟུགས་ཅན་ཞིག་ཡིན་ནམ་གཟུགས་མེད་ཅིག་ཡིན། གལ་སྲིད་གཟུགས་ཅན་ཞིག་ཡིན་ན། ང་ཚོའི་མཚོ་གཏེར་དེ་དག་འགྱིག་དང་ཤེལ་དམ། ལྕགས་རིགས་སྣ་ཚོགས་སུ་བཅུགས་ཏེ་ཕུལ་བ་ཡིན་སྟབས། ཀླུ་གཟུགས་ཅན་དག་གིས་བཞེས་ཐུབ་རྒྱུ་ལྟ་ཞོག ཡུད་ཙམ་ཞིག་ནས་མཚོ་འགྲམ་དུ་རླབས་ཀྱིས་དེད་ནས་གད་སྙིགས་ཀྱི་རི་བོར་གྱུར། མ་ཟད་འགྱིག་དམ་སོགས་ཆག་པས་མཚོའི་ནང་གི་སེམས་ཅན་གསོད་པ་སོགས་མཇུག་འབྲས་ངན་པ་སྣ་ཚོགས་པ་ཞིག་ཡོང་གི་
དེ་ལས་མང་བ་། “མཚོ་གཏེར་གྱི་ཚབ་ལ་མཚོ་ལ་འོ་མ་ཉུང་ངུས་མཆོད་ན་ཅི་མ་རུང་།” »
འཇམ་གཅེས།
ཀ་རྩོམ་འབྲི་འདོད་མེད་ཀྱང་།།
ཁ་ནག་རེ་འགའི་སྙིང་དམར།།
ག་ལེར་སྤུ་གྲིའི་རྩེ་མོས།།
ང་ཡིས་ཐེངས་གཅིག་གཤག་འདོད།།
ཅ་ཅོའི་གཏམ་འཆལ་གད་སྙིགས།།
ཆ་རྒྱུས་མེད་པའི་ཁོར་ཡུག །
—–སྐྱོ་བྲག་དགའ་དབང་།
དེང་སང་འཕྲུལ་ཆའི་དུས་རབས་སུ་བསླེབས་པས། ལས་ཀ་ཕལ་མོ་ཆེ་འཕྲུལ་ཆའི་ནང་དུ་བྱེད་ཀྱི་ཡོད་པ་བཞིན། ནང་ཆོས་ཀྱི་དཔེ་ཆ་འཆད་ཉན་དང་། ཞལ་འདོན་སོགས་ཀྱང་གློག་ཀླད་ཀྱི་རིགས་འདྲ་མིན་དུ་བྱེད་ཀྱིན་འདུག་པས། ངས་ཀྱང་དཔེ་ཚན་མི་ཉུང་བ་ཞིག་གློག་རྡུལ་འཕྲུལ་དེབ་བཟོ་བའི་རོགས་རམ་ནང་ཆེན་བཀྲ་ཤིས་ལ་ཞུས་པ་ཡིན།