ཙཱ་རྐང་དྲུག
སྦྲ་ནག་ལགས།
ཁ་སང་མཁའ་ན་རྒྱུ་བའི་སྤྲིན་དཀར་ཞིག་ལ་ཁྱེད་ཀྱི་བདེ་སྡུག་དྲིས་པའི་ལན་དུ།
རྩྭ་ཐང་དོག་དྲགས་པས་འདོ་རིགས་རྟ་བོའི་བང་རྩལ་ངོམ་ས་མི་འདུག་པར་སྐད།
རྩྭ་ས་སྐམ་ལ་ཉེ་བས་གཡང་དཀར་ལུ་གུའི་མཆོང་ལྡིང་གི་རྩེད་འཇོ་ཡང་མཚམས་བཞག་སོང་བར་སྐད།
རྩྭ་ཐང་འགྱུར་སོང་བས་སྦྲ་ནག་གི་ཆོན་ཐག་བརྐྱངས་ས་ཡང་དབེན་སོང་བར་སྐད།
—–མི་ཉག་སྐལ་བཟང་།
—-ཁྲོ་གཏུམ།
–ཆབ་མདོ་ངག་ཕུན།