ཀླུ་སྨྱོན་ཧེ་རུ་ཀས་ཚིག་བརྩམས།
སངས་རྒྱས་སྨན་བླའི་བྱིན་རླབས་བདུད་རྩིའི་མཛོད། །
རྒྱལ་དབང་པདྨའི་གཟི་བྱིན་ཉི་མའི་འོད། །
མཁན་ཆེན་བླ་མའི་ཐུགས་རྗེ་འོ་མའི་མཚོ། །
ལྷན་ཅིག་འཁྱིལ་བ་ཨེ་ཝཾ་ཆོས་སྨན་གླིང་། །
འདི་ན་འཚོ་བྱེད་གཞོན་ནུའི་ཕྱག་རིས་ཡོད། །
འདི་ན་གཡུ་ཐོག་རྣམ་གཉིས་ཞབས་རྗེས་ཡོད། །
—བར་ཕུ་ཕུན་ཚོགས།