ཁྲོ་གཏུམ།
གོང་མཛུབ་ཡར་མ་སྒྲེང་བའི་སྐབས་དེར
དཀྱིལ་མཛུབ་ཀྱིས་རྩམ་པ་ཞིམ་པོ་ཞིག་བརྡེག་པ་བདེན
སྲིན་མཛུབ་ཀྱི་མཆོད་ཁ་དགོང་དུ་གཏོར་བ་ཐོག་མར་བཞག་པས
མཛུབ་ཆུང་གིས་ཁྱོད་ལ་མཐོང་ཆུང་གི་བརྡ་བསྟན་མྱོང་ངམ
མཐེ་བོང་དང་མཛུབ་ཆུང་བར་ཀྱི་དཀའ་ངལ་དག་ལས་མི་ཡུལ་ལ་མཆོག་དམན་གྱི་དབྱེ་བ་ཞིག་བྱུང་མྱོང་།
ཁྱོད་ཀྱི་མི་ཚེ་ཁྲོད་དུ་མཐེ་བོང་གི་རྣམ་འགྱུར་ག་ཚོད་ཅིག་ཐོབ་མྱོང་བ་ནི་དགའ་སྤོབ་ཡིན་ནམ།
དེ་ལས་མང་བ་། “གློད་ན་ལག་པའི་མཛུབ་མོ་ལྔ། བསྡམས་ན་ཁུ་ཚུར་རོ།” »