Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱོད་ཚོས་མི་མཐོང་བའི་ཁྱོད་ཚོ།

Posted on 2018-08-06 By ཁ་བརྡ 3 Comments on ཁྱོད་ཚོས་མི་མཐོང་བའི་ཁྱོད་ཚོ།

སྣང་ཤེས། (ཝ་ར་ཎ་སི།)
 
དགའ་དུས་བྱང་སེམས་ཅན་ཡིན་པའི་ཁྱོད་ཚོ།
སྡུག་དུས་འཇིགས་སྐུལ་བ་ཡིན་པའི་ཁྱོད་ཚོ།།
བཤད་ན་ཐེག་ཆེན་པ་ཡིན་པའི་ཁྱོད་ཚོ།།
སྒྲུབ་ན་ཐེག་དམན་པ་ཡིན་པའི་ཁྱོད་ཚོ།།

ཕྱི་ནས་ཞི་བདེ་ལ་དགའ་བའི་ཁྱོད་ཚོ།།
ནང་ནས་དམེ་འཁྲུག་ལ་དགའ་བའི་ཁྱོད་ཚོ།།
མིད་པ་དུང་ཆེན་ལས་སྦོམ་པའི་ཁྱོད་ཚེ།།
སྙིང་རྩ་སྐུད་པ་ལས་ཕྲ་བའི་ཁྱོད་ཚོ།།

དཀྱེལ་ཡངས་ལྕེ་རྩེ་ལ་བཟུང་བའི་ཁྱོད་ཚོ།།
བྲང་ཁོག་འཐེན་འཁྱེར་གྱིས་རུལ་བའི་ཁྱོད་ཚོ།།
ལ་རྒྱ་ཤོག་ཐོག་ལ་འབེབ་པའི་ཁྱོད་ཚོ།།
ཀླད་པ་ཕྲག་དོག་གིས་ཟོས་པའི་ཁྱོད་ཚོ།།

ཐལ་མོ་སྙིང་ཁ་ལ་སྦྱོར་བའི་ཁྱོད་ཚོ།།
ཁེ་ཕན་གློ་རྩ་ལ་སྦས་པའི་ཁྱོད་ཚོ།།
གཞན་སྐྱོན་ལག་མཐིལ་ལ་བཟུང་བའི་ཁྱོད་ཚོ།།
རང་སྐྱོན་རྐང་ཞབས་སུ་མནན་པའི་ཁྱོད་ཚོ།།

སྐྱབས་འགྲོ་ཆད་མེད་དུ་འདོན་པའི་ཁྱོད་ཚོ།།
སྐྱབས་སྡོམ་གད་སྙིགས་སུ་འཕེན་པའི་ཁྱོད་ཚོ།།
བསང་མཆོད་མཐོ་ས་ནས་གཏོང་བའི་ཁྱོད་ཚོ།།
རླུང་རྟ་དམའ་ས་ན་འབབ་པའི་ཁྱོད་ཚོ།།

ཞབས་བརྟན་གསེར་དངུལ་གྱིས་སྒྲུབ་པའི་ཁྱོད་ཚོ།།
དགོངས་པ་ལྕགས་ཐུར་ཀྱིས་དཀྲུག་པའི་ཁྱོད་ཚོ།།
མནྡལ་སྒོར་མོ་ཡིས་འདེགས་པའི་ཁྱོད་ཚོ།།
དད་པ་མཐོང་སྣང་གིས་གཅོག་པའི་ཁྱོད་ཚོ།།

བསླབ་བྱ་འགྲམ་ལྕག་གིས་རྒྱག་པའི་ཁྱོད་ཚོ།།
ཤེས་ཡོན་འཇིགས་སྣང་གིས་ལེན་པའི་ཁྱོད་ཚོ།།
ལམ་སྟོན་སྒྲུང་གཏམ་ལ་རེ་བའི་ཁྱོད་ཚོ།།
ནོར་བཅོས་ལེ་འདེད་ཀྱིས་བྱེད་པའི་ཁྱོད་ཚོ།།

དར་རྒུད་ལས་དབང་ལ་བཅོལ་བའི་ཁྱོད་ཚོ།།
ལས་འབྲས་ཁེ་བཟང་ལ་བརྗེ་བའི་ཁྱོད་ཚོ།།
མི་ཚེ་ཐོད་པ་ལ་བཅོལ་བའི་ཁྱོད་ཚོ།།
ཐོད་པ་རྒྱ་ལམ་ལ་གླན་པའི་ཁྱོད་ཚོ།།

སྙན་ངག

Post navigation

Previous Post: བོད་མིའི་བླ་སྲོག་ཀ་ཁའི་ལས་དབང་ལ་དཔྱད་པའི་ཀ་བཤད།
Next Post: པདྨ་འབུམ་དང་གླེང་མོལ།

Comments (3) on “ཁྱོད་ཚོས་མི་མཐོང་བའི་ཁྱོད་ཚོ།”

  1. ཨ་ཁུ་འབྲོག་པ། says:
    2018-08-06 at 7:28 am

    རྩོམ་ཧྲག་གི། འོན་ཀྱང་སྤྱིར་ན་མང་ཚིག་ལ་ཁྱེད་ཚོ་ཞེས་འབྲི་དགོས་པ་སྔོན་གྱི་མཁས་པས་གསུངས། བྱེ་བྲག་ཁྱོད་ཚོ་ཁྱོད་ཚོ་ཟེར་བའི་ཚབ་ཏུ་ང་ཚོ་ང་ཚོ་ཞེས་མ་བྲིས་ན་ཁྱོད་རང་ཕོ་རོག་དཀར་པོ་ཞིག་གང་ནས་བྱུང་བ་རེད། ང་ཚོ་ཚང་མ་ནག་པོ་གཅིག་པ་ཡིན་པ། ཁྱོད་རང་གིས་ཐེག་དམན་པའི་ཉམས་ལེན་ཙམ་གནང་ཐུབ་ཀྱི་ཡོད་ན་ནི་ཕོ་རོག་དཀར་པོ་ལོས་ཡིན། ངས་ནི་ཐེག་དམན་གྱི་ཉམས་ལེན་གྱི་ཟུར་ཙམ་ཡང་མི་འཇོན་ནོ།།

  2. ཀརྡོ་གཉེར་ཕྱག་པ་ says:
    2018-08-08 at 12:48 am

    ཁྱོད་ནི། གཅིག་ཚོག་དང་། ཁྱེད་ནི། ཞེ་སའི་ཚིག་ཙམ་མོ། དེས་ན་ན། ཁྱོད་དང་། ཁྱོད་ཚོ། ཁྱེད་དང་ཁྱེད་ཚོ་ཞེས་གོ་དོན་སོས་རོར་ཤེས་ནས་དགེ་རྒན་གྱིས་བྶླབ་ཐུབ་པ་དང་། ད་ནས་མུ་མཐུད་རྒྱུན་དུ་ལབ་ཤེས་པ་ཞིག་དགོས་འདུག་གདའ།

  3. འཚུབ་མ་རྒོད་པོ། says:
    2018-08-08 at 1:44 am

    ཁྱོད་ཚོ་དང་ཁྱོད་ཚོ། ཕྱོགས་གཅིག་ནས་བསམ་ན་ཚིག་འདི་ལ་གོ་རྒྱུ་མང་ཙམ་ཡོད་ཆོག ཐ་ན་རྩོམ་པ་པོ་རང་ཉིད་ཀྱང་<>་ཀྱི་གྲས་སུ་ཡོད་ཆོག དེ་ནི་སྔོན་མའི་རྣལ་འབྱོར་བའི་ཉམས་མགུར་དག་ལས་ཀྱང་རང་གིས་རང་ལ་<>ཀྱིས་བྲིས་པ་ཤིན་ཏུ་མང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (51)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme