སྤོབས་པ་མཐའ་ཡས།
ངེས་པར་འབྱུང་བའི་ཚུལ་ཁྲིམས་གཙང་མའི་འོད༎
སྲིད་པའི་མུན་པ་འཇོམས་པའི་གཉེན་གཅིག་པུ༎
གནས་བརྟན་ཆེན་པོ་ལྷ་ཡི་ལྷར་གྱུར་པ༎
ཞི་བའི་དབྱིངས་སུ་བཞུད་པའི་ཚུལ་འདི་སྐྱོ༎
བདེ་བར་གཤེགས་པའི་རིང་ལུགས་དྲི་མ་མེད༎
འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་བ༎
ཡོངས་ཀྱི་དགེ་བའི་བཤེན་གཉེན་ཡོངས་ཀྱི་མགོན༎
འཁྲུལ་ཞིག་ཆོས་ཀྱི་རྒྱལ་པོ་སྙིང་ནས་དྲན༎


