Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་དངགས་ཆེན་མོ་<<སྤྲིན་གྱི་ཕོ་ཉ>>འི་ཁ་སྐོང་།

Posted on 2013-07-082013-07-08 By ཁ་བརྡ་ 6 Comments on སྙན་དངགས་ཆེན་མོ་<<སྤྲིན་གྱི་ཕོ་ཉ>>འི་ཁ་སྐོང་།
ཟླ་བ་གཞོན་ནུས་བསྒྱུར།
དེ་ལྟར་བསྟན་པར་ལྷ་ཡི་བདག་པོའི་གྲོགས་བཟངས་རི་བོ་དང་ནི་ཆུ་བོ་གྲོང་རྣམས་སུ།།
གནས་ཤིང་གནས་ཤིང་ནོར་སྦྱིན་བདག་པོའི་གྲོང་ཁྱེར་དུ་ནི་ཉིན་མ་འགའ་ཡིས་འབྱོར་བར་གྱུར།།
ལྷ་ཡི་ཁང་བཟངས་ས་ལེ་སྦྲམ་གྱིས་རབ་ཏུ་མཛེས་པ་མཚན་མ་རྣམས་ནི་སྔར་བཤད་པ།།
དེ་ཡི་ཕང་དུ་ས་ཡི་གཞི་ལ་ཞུམ་པར་གྱུར་བའི་གནོད་སྦྱིན་མོ་ནི་མཐོང་བར་གྱུར།།
 

དེ་ལས་མང་བ་། “སྙན་དངགས་ཆེན་མོ་<>འི་ཁ་སྐོང་།” »

འགྱུར་རྩོམ།

དབྱངས་ཀྱི་མཆོད་པ། ༼བོད་འབྱོར།༽

Posted on 2013-07-082013-07-08 By ཁ་བརྡ་ No Comments on དབྱངས་ཀྱི་མཆོད་པ། ༼བོད་འབྱོར།༽

ལྗོན་པ།

མཛད་འཕྲིན་གསེར་གྱི་ཤིང་རྟས་བརྗིད་པའི་ཁ་བའི་ལུགས་གཉིས་སྲོག་གི་ཀ །
སྐྱེ་དགུའི་ལེགས་བྱས་སྟོང་གི་ཉིང་ཁུར་ལྷོ་རྒྱུད་འཛིན་མའི་པང་དུ་བཞེངས།།
དམན་པའི་རིགས་ཁམས་ཐུགས་ལ་བརྣག་པའི་བྱམས་བརྩེའི་འོད་ཀྱི་ཟེགས་མའི་ཆབ།།
རྣམ་དཀར་ལས་ཀྱི་རྩ་བ་སྦོམ་པའི་རྒྱུད་ཚོགས་སྐྱེ་འགྲོའི་རྫིང་བུར་ལྷུང་།།

དེ་ལས་མང་བ་། “དབྱངས་ཀྱི་མཆོད་པ། ༼བོད་འབྱོར།༽” »

རྩོམ་རིག

༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་ལོ་སར་དང་པེ་ཅིན་སྲིད་གཞུང༌།

Posted on 2013-07-082013-07-08 By ཁ་བརྡ་ 2 Comments on ༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་ལོ་སར་དང་པེ་ཅིན་སྲིད་གཞུང༌།

རྩོམ་པ་པོ། མགར་རྩེ་འཇིགས་མེད།

༄༅།། བོད་ཀྱི་ལོ་སར་དང་པེ་ཅིན་སྲིད་གཞུང༌།
ལོ་འཁོར་གཅིག་གི་ནང་དུ་ལོ་སར་དགའ་སྟོན་རེ་བྱེད་པའི་ལུགས་སྲོལ་འདི་ནི་འཛམ་བུ་གླིང་གི་ས་ཕྱོགས་མང་བོར་ཁྱབ་པའི་འཛམ་གླིང་སྤྱིའི་ལུགས་སྲོལ་ཞིག་ཡིན་པ་ནང་བཞིན་བོད་མི་རིགས་ལ་མཚོན་ནའང་ལོ་འཁོར་གཅིག་གི་ནང་དུ་དམིགས་གསལ་གྱི་མི་རེ་འགའ་མ་གཏོགས་ལོ་སར་དགའ་སྟོན་རེར་རོལ་གྱིན་ཡོད། ཡིན་ནའང་ང་རང་བྱིས་པ་ཡིན་དུས་སྡེ་མི་སྤྱི་ཡོངས་ཀྱིས་ལོ་སར་དགའ་སྟོན་མ་བྱས་ལ།

དེ་ལས་མང་བ་། “༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་ལོ་སར་དང་པེ་ཅིན་སྲིད་གཞུང༌།” »

རྩོམ་རིག

བཀྲ་ཤིས་པའི་དབྱངས།

Posted on 2013-07-082013-07-08 By ཁ་བརྡ་ 6 Comments on བཀྲ་ཤིས་པའི་དབྱངས།

བསམ་གླིང་ཚེ་རིང་ལྷ་མོ།

གཟུགས་མཛེས་ལང་ཚོའི་དཔལ་མངའ་དབྱངས་ཅན་མ།།
དེ་རིང་བཀྲ་ཤིས་དུས་བཟང་ཉིན་མོ་འདིར།།
སྒྲ་སྙན་པི་ཝང་འཇམ་མཉེན་ཕྱག་གིས་ནི།།
དཀྲོལ་ནས་བཀྲ་ཤིས་སྙན་དབྱངས་སྩལ་ཏུ་གསོལ།

དེ་ལས་མང་བ་། “བཀྲ་ཤིས་པའི་དབྱངས།” »

སྙན་ངག

རྒས་བཞིན་པའི་གྲོགས་པོ་དག་ལ་ཕུལ་བ།

Posted on 2013-07-082013-07-08 By ཁ་བརྡ་ 4 Comments on རྒས་བཞིན་པའི་གྲོགས་པོ་དག་ལ་ཕུལ་བ།

བཀྲ་ཤིས་དོན་འགྲུབ།

རྒད་པོ་འཁོགས་པོ་ཡིན་པའི་གྲོགས་པོ་ཚོ།།
རྒས་ཉམས་མ་སྟོན་འཇིག་རྟེན་གཉིད་ལས་སློང་།།
རྒུད་ཉམས་མ་སྟོན་གསོན་པའི་བཟོ་སྟོན་དང་།།
ང་དང་ཁྱོད་ཀྱི་མདུན་ལམ་གཅིག་པ་ཡིན།།

དེ་ལས་མང་བ་། “རྒས་བཞིན་པའི་གྲོགས་པོ་དག་ལ་ཕུལ་བ།” »

སྙན་ངག

བོད་མི་མང་གི་གཅེས་ཕྲུག་བླ་ན་མ་མཆིས་པ། རྒྱལ་བ་རིན་པོ་ཆེ།

Posted on 2013-07-07 By སྤོབས་པ་མཐའ་ཡས། 70 Comments on བོད་མི་མང་གི་གཅེས་ཕྲུག་བླ་ན་མ་མཆིས་པ། རྒྱལ་བ་རིན་པོ་ཆེ།

(འཁྲུངས་སྐར་དུས་ཆེན་ཉིན་བྲིས།)
སྤོབས་པ་མཐའ་ཡས།

རྒྱལ་བ་རིན་པོ་ཆེ་ནི་མི་ལོ་བཞི་བརྒྱར་ཉེ་བའི་རིང་དུ་བོད་ཀྱི་ཆོས་སྲིད་ལ་དབང་བསྒྱུར་བའི་ལོ་རྒྱུས་ལྡན་པའི་དབུ་ཁྲིད་ཅིག་རེད། སྔོན་དུས་སུ་སྡེ་པ་གཞུང་གི་མི་སེར་ཚོས་འབྲུ་རིགས་དང་དཀར་ཟས་ཀྱི་ཁྲལ་འཇལ་བའི་དུས་སུ་འདིའི་ནང་གི་ཆ་ཤས་གཅིག་རྒྱལ་བ་རིན་པོ་ཆེའི་གསོལ་ཅོག་སྒང་དུ་སླེབས་སྲིད་པ་རེད་ཟེར་ནས་ཆེས་གཙང་མ་དང་སྤུས་ཀ་ཅན་ཁྲལ་དུ་འབུལ་སྲོལ་ཡོད་པ་རེད། བོད་ལ་རྒྱ་དམར་གྱི་བཙན་འཛུལ་བྱས་པར་བརྟེན་དུས་ཀྱི་འགྱུར་བ་ཆེན་པོ་འདིའི་ཁྲོད་དུ་ཡང་བོད་མི་མང་གི་དད་པ་གཙང་མ་དང་དམ་ཚིག་བརྟན་པོས་རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་མཐོར་འདེགས་དང་རྒྱལ་བ་རིན་པོ་ཆེའི་མཚན་སྙན་སྲུང་སྐྱོབ་ལ་བརྟེན་ནས་རྒྱལ་བ་རིན་པོ་ཆེའི་སྐད་གྲགས་ཀྱིས་འཛམ་གླིང་ཧྲིལ་པོར་ཁྱབ་ཡོད།

དེ་ལས་མང་བ་། “བོད་མི་མང་གི་གཅེས་ཕྲུག་བླ་ན་མ་མཆིས་པ། རྒྱལ་བ་རིན་པོ་ཆེ།” »

རྩོམ་རིག

རེབ་གོང་དང་རཀ་ར། སྤྲུལ་སྐུ་ཞིག་རྗེས་སུ་དྲན་པ།

Posted on 2013-07-072013-07-07 By དགེ་རབ་ 23 Comments on རེབ་གོང་དང་རཀ་ར། སྤྲུལ་སྐུ་ཞིག་རྗེས་སུ་དྲན་པ།

ཉིན་འགའི་སྔོན་དུ་རཀ་ར་རིན་པོ་ཆེ་དགོངས་པ་རྫོགས་པའི་མྱ་ངན་རྗེས་དྲན་གྱི་རྩོམ་ཡིག་ཅིག་གྲགས་ཅན་རྩོམ་པ་པོ་འཇམ་དབྱངས་ནོར་བུས་རང་གི་དྲ་དེབ་ཏུ་སྤེལ་འདུག་པ་མཐོང་།   ངས་རཀ་ར་རིན་པོ་ཆེ་དགོངས་པ་རྫོགས་པའི་གསར་འགྱུར་དེ་ཐོག་མར་ཐོས་པ་ཡིན་ནམ།  འདི་ཡིན་མི་སྲིད།  ཡིན་སྲིད།  ངས་ཀློག་བཞིན་པའི་དྲ་དེབ་དང་གསར་འགྱུར་དག་ན་ཁོང་གི་དགོངས་རྫོགས་ཀྱི་གནས་ཚུལ་མ་འཁོད་པ་དང་།  རྒྱུན་ལྡན་གྱི་རླུང་འཕྲིན་སོགས་ཀྱི་གསར་འགྱུར་ལ་ནི་ཕྲན་གྱིས་ཉན་ལོང་མེད་པར་ལུས་འགྲོ་བ་དང་། ད་དུང་རང་ཉིད་ནི་བོད་མི་བཅུ་གྲངས་ཤིག་ལས་མེད་པའི་ས་ཆ་ཁུག་ཀྱོག་ཅིག་ཏུ་སྡོད་བཞིན་པ་བཅས་ལ་བརྟེན་ནས། ངས་ང་ནི་བོད་ཀྱི་འཇིག་རྟེན་ལས་ཧ་ཅང་ཐག་རིང་བ་ཞིག་ཏུ་བསྐྱལ་ཡོད།  རྒྱུ་མཚན་འདི་ལ་བརྟེན་ནས་རཀ་ར་རིན་པོ་ཆེ་དགོངས་པ་རྫོགས་པ་དེ་ཡང་ཡུན་རིང་པོར་མ་ཐོས་པ་རེད།

དེ་ལས་མང་བ་། “རེབ་གོང་དང་རཀ་ར། སྤྲུལ་སྐུ་ཞིག་རྗེས་སུ་དྲན་པ།” »

རྩོམ་རིག

ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽

Posted on 2013-07-062013-07-06 By ཁ་བརྡ་ No Comments on ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽

དགེ་འདུན་རྒྱ་མཚོ།

༼ཚན་པ་ལྔ་བ༽
འདི་ཁྱོད་ཀྱི་ཀློག་དེབ་རེད་དམ། ཡང་ན་འབྲི་དེབ་རེད། དགེ་རྒན་གྱིས་སྐད་མགོ་ཅུང་མཐོན་པོས་དྲི་བ་དེ་བསམ་ཁོས་གོ་ཡོད་ངེས་ཡིན། ཡིན་ན་ཡང་དྲི་བ་དེར་ཁོས་ལན་འདེབས་ཤེས་ཀྱི་མེད་པ་འདྲ། ཁ་ལ་ལྕེ་ལྡག་བྱེད་བཞིན་ང་ཚོ་སློབ་མ་ཚོར་བལྟས་བྱུང་། དེ་ནི་ཁོའི་སྲུང་འཁོར་རེད། བསམ་ཁོའི་ཚབ་ལ་བུ་མོ་ཁ་ངན་མ་དེས་ལན་བཏབ་སོང་། ཡང་གསེར་མོ་འཚོ་རེད། འཛིན་གྲྭ་གང་བོས་ཁ་ཕྱོགས་མོ་ལ་འཁོར་ནས་ཅེར་རེ་བལྟས།

དེ་ལས་མང་བ་། “ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽” »

བརྩམས་སྒྲུང་།

སྐྱེས་ཆེན་དམ་པ་ཞིག་གི་འཁྲུངས་སྐར་བསུ་བ།

Posted on 2013-07-062013-07-06 By ཁ་བརྡ་ 1 Comment on སྐྱེས་ཆེན་དམ་པ་ཞིག་གི་འཁྲུངས་སྐར་བསུ་བ།

གཉན་པོ།

གནམ་ས་གཉིས་ལ་ཁ་དོག་གནང་བའི་སྐྱེས་བུ
བདག་གི་རི་རབ་ལས་ཀྱང་དབུ་འཕང་མཐོ་ཨང
འཇིག་རྟེན་གྱི་གནས་ལུགས་ལ་གྲག་འགུལ་མེད་པའི་དེ་རིང
ང་ཚོ་ད་དུང་རི་བོའི་ཕ་རོལ་ན་ཡོད

དེ་ལས་མང་བ་། “སྐྱེས་ཆེན་དམ་པ་ཞིག་གི་འཁྲུངས་སྐར་བསུ་བ།” »

སྙན་ངག

ངའི་རྨི་ལམ།

Posted on 2013-07-062013-07-06 By ཡེ་ཤེས་ 6 Comments on ངའི་རྨི་ལམ།

ཀླུ་སྨྱོན།

འཁྲུངས་སྐར་ཞིག་ལ།
མདང་གསུམ་ང་ཡི་རྨི་ལམ་ནང་། །
པོ་ཏ་ལ་ཡི་གསེར་ཁྲིའི་སྟེང་། །
ལོ་ངོ་དྲུག་ཅུའི་ས་རྡུལ་དག །
བདག་གིས་གཙང་མར་ཕྱིས་པ་རྨིས། །

དེ་ལས་མང་བ་། “ངའི་རྨི་ལམ།” »

སྙན་ངག

ཕག་ལོ་བ། ངས་ཁྱེད་ལ་འདྲི།

Posted on 2013-07-062013-07-06 By ཁ་བརྡ་ 6 Comments on ཕག་ལོ་བ། ངས་ཁྱེད་ལ་འདྲི།

རོང་པོ་དགེ་འདུན་ལྷུན་གྲུབ། བོད་འབྱོར།

ཕག་ལོ་བ། ངས་ཁྱེད་ལ་འདྲི
ཁྱེད་ཀྱི་ཕ་ཡུལ་གང་ན་ཡོད
ཁྱེད་ཀྱི་ཕོ་བྲང་གང་ན་ཡོད
ད་ལྟ་ཁྱེད་ཀྱི་གསེར་ཁྲི་སེར་པོའི་ཡང་སྟེང་ལ

དེ་ལས་མང་བ་། “ཕག་ལོ་བ། ངས་ཁྱེད་ལ་འདྲི།” »

སྙན་ངག

༄༅།། སྐུ་ཚེ་ཁྲི་ནས་ཁྲི་ལོར་ཤོག

Posted on 2013-07-062013-07-06 By ཁ་བརྡ་ 2 Comments on ༄༅།། སྐུ་ཚེ་ཁྲི་ནས་ཁྲི་ལོར་ཤོག

ཁྲི་འཛུམ་གྲོལ། བོད་འབྱོར།
—–༧གོང་ས་མཆོག་གི་འཁྲུངས་སྐར་གྱི་སྐྱེས་སུ་བཏེགས།

བརྩེ་ཆེན་སྙིང་རྗེའི་རང་གཟུགས་བཟླུམས་པའི་བདེ་སྟོང་གསང་གསུམ་སྒྱུ་མའི་གར།།
སྲིད་ཞིའི་གདུང་སེལ་རྟེན་འབྱུང་ཟབ་མོའི་ཡེ་ཤེས་འོད་ཀྱི་སྣང་བ་འབར།།
གཞན་ཕན་འཚེ་མེད་སྤྱོད་པའི་རླུང་ཤུགས་ལས་ཉོན་འཁོར་བའི་རི་ལ་བརྫུས།།
སྨིན་གྲོལ་བདེ་ཆེན་གཡུ་ལོའི་ཞིང་མཆོག་འགྲོ་ཀུན་འདྲེན་པའི་སྐྱབས་སུ་མཆོད།།

དེ་ལས་མང་བ་། “༄༅།། སྐུ་ཚེ་ཁྲི་ནས་ཁྲི་ལོར་ཤོག” »

སྙན་ངག

ས་སྒང་འཛུམ་གྱིས་བསུ་བའི་གད་མོ་ཅན།

Posted on 2013-07-062013-07-06 By ཁ་བརྡ་ No Comments on ས་སྒང་འཛུམ་གྱིས་བསུ་བའི་གད་མོ་ཅན།

ཁྲོ་གཏུམ།
—–༧གོང་ས་མཆོག་གི་སྐུའི་འཁྲུངས་དཀར་གྱི་ཉིན་མོར་ཕུལ་བའི་སེམས་ཞིག

གློ་བུར་གྱི་སྒྲ་དག་གིས་མི་སེམས་སྒུལ་ཏེ
འཇིག་རྟེན་སྔོན་ཆད་ལྷིང་འཇག་དང
དུས་དེ་རིང་ཟང་ཟིང་ཡིན་པར་འགྲེལ་མཁན་རྣམ
འཇིག་རྟེན་ལ་འགྲེལ་བ་འབྲི་མཁན་དེ་དག

དེ་ལས་མང་བ་། “ས་སྒང་འཛུམ་གྱིས་བསུ་བའི་གད་མོ་ཅན།” »

སྙན་ངག

ངལ་གསོ་ཐེངས་གཅིག་གནང་རོགས།

Posted on 2013-07-062013-07-06 By ཁ་བརྡ་ No Comments on ངལ་གསོ་ཐེངས་གཅིག་གནང་རོགས།

གཅན་འོད་འབར།

ཐག་རིང་ཐག་རིང་ཞིག་དུ་བསྡད་ནས།
བརྩེ་ཁུལ་གྱིས་ཁྱེད་རང་གླེང་མཁན་ཧ་ཅང་མང་ལ།
ཐག་ཉེ་ཐག་ཉེ་ཞིག་ཏུ་བཅར་ནས།
དུངས་མདོག་གིས་ཁྱེད་རང་འཆད་མཁན་ཡང་ཤིན་ཏུ་མོད།

དེ་ལས་མང་བ་། “ངལ་གསོ་ཐེངས་གཅིག་གནང་རོགས།” »

སྙན་ངག

སྟོང་བའི་རྐང་མར། ( ཞར་བཀོད་གཅིག )

Posted on 2013-07-062013-07-06 By བོན་རྒྱ་བསྟན་འཛིན་རབ་རྒྱས་ 3 Comments on སྟོང་བའི་རྐང་མར། ( ཞར་བཀོད་གཅིག )

བོན་རྒྱ་བསྟན་འཛིན་རབ་རྒྱས།

གཉེན་གྲོགས་སྐྱོབ་ལ་ལྷག་པར་མ་ཆགས་བརྩེ་བ་ཆེན་པོའི་སྟོང་བ་ཉིད། །

ཡིད་འོང་འཛུམ་གྱི་དར་ཆ་མ་འཕྱར་ཡིད་འོང་བྱམས་པའི་ཕྱག་རྒྱ་ཆེ། །

སྣང་ཞིང་སྟོང་བའི་དེ་ཉིད་གཟིགས་པ་རྫོགས་པ་ཆེན་པོའི་རྐང་གི་མར། །

གནས་ལུགས་རྗེན་མའི་ཟླ་བ་དཀར་པོར་བསིལ་བའི་གྲུ་ཆར་ཇི་ཡང་འཇོ། །

དེ་ལས་མང་བ་། “སྟོང་བའི་རྐང་མར། ( ཞར་བཀོད་གཅིག )” »

སྙན་ངག

སྟོན་པ་རྙེད་པའི་བསྒྲགས་གཏམ།

Posted on 2013-07-062013-07-06 By ཁ་བརྡ་ 1 Comment on སྟོན་པ་རྙེད་པའི་བསྒྲགས་གཏམ།

འབའ་པ་སྐལ་བཟང་འཕྲིན་ལས།
___བདག་གི་བླ་མ་བདག་ཉིད་ཆེན་པོ་༧གོང་ས་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་འཁྲུངས་སྐར་བསུ་བ།

ཚན་པ་དང་པོ། ཞི་བདེའི་སྟོན་པ།
ཁྲག་སྦྱོར་འཕྲལ་ཕུགས་བརྒྱུད་ལམ་སྤྱད་ནས་གནད་དོན་མཐའ་གཅོད་བྱས་པ་ཡི།།
ཉེར་གཅིག་དུས་ཀྱི་ངེས་མེད་འཕར་མཆོང་མིག་མདས་དེད་ནས་མཐར་གཏུགས་དུས།།
སྣོད་བཅུད་གཉིས་ཀ་ཀླད་ཀོར་གྱུར་བའི་མིག་དཔེ་སྟོང་གི་མཇུག་ཐོགས་སུ།།
ཞི་བདེའི་ལས་ཀྱིས་གོ་ལ་བསྐོར་བའི་ཐབས་ཚུལ་ཞིག་གིས་དཔེ་བརྗོད་བཞག།

དེ་ལས་མང་བ་། “སྟོན་པ་རྙེད་པའི་བསྒྲགས་གཏམ།” »

རྩོམ་རིག

མཛད་བརྒྱད་ཡིད་ཀྱི་མེ་ཏོག

Posted on 2013-07-062013-07-06 By ཁ་བརྡ་ No Comments on མཛད་བརྒྱད་ཡིད་ཀྱི་མེ་ཏོག

འབའ་པ་ཡེ་ཤེས།

༡ སྐུ་བལྟམས་པའི་མཛད་པ།
ཀ་ཁ་ག་ངའི་རིག་གཞུང་དར་ཡུལ་གངས་རིའི་བསྐོར་བའི་ཡུལ་ལྗོངས་སུ།།
ཁ་བ་རི་པའི་སྐྱེ་རྒུ་རྨོངས་ཅན་འདོད་པའི་བྲན་གཡོག་འགྲོ་བ་དང།།
ག་ན་པ་ཌའི་བསྟན་པ་ཕྱིར་ཏུ་ལྟག་མཚེར་ཡུལ་དུ་སྐུ་འཁྲུངས་པ།།
ང་ཡི་བླ་མ་འདི་ཕྱིའི་༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོར་སྙིང་ནས་བཏུད།།

དེ་ལས་མང་བ་། “མཛད་བརྒྱད་ཡིད་ཀྱི་མེ་ཏོག” »

རྩོམ་རིག

༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་གཉིས་པ།

Posted on 2013-07-052013-07-06 By རྔ་བ་རྒྱལ་ཁམས་པ 9 Comments on ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་གཉིས་པ།

རྔ་བ་རྒྱལ་ཁམས་པ།

ད་ནི་ཤི་གསོན་གྱི་སོ་མཚམས་འདི་ན་ཕན་ཐོགས་ངེས་ཤིག་ཡོད་པ་ནི། དམ་པའི་ལྷ་ཆོས་ལས་གསུངས་པའི་སྐྱེ་འཆིའི་བློ་སྦྱོང་གི་རྣམ་བཞག་ཁོ་ན་རེད། ངས་རང་གིས་ཤེས་ཚོད་ཀྱིས་སྐུ་གསུམ་ལམ་འཁྱེར་དང་། བར་དོ་ཐོས་གྲོལ་གྱི་རྣམ་བཞག ཟབ་ལམ་འཕོ་བའི་ཆོས་སྐོར་བཅས་ཡིད་ལ་ཤར་སྒོམ་ཞིག་བྱས། བུའི་རྣ་བ་གཡོན་མའི་ནང་སྐད་གདངས་དྲག་ཞན་རན་པ་ཞིག་གི་ཐོག སྐད་ཆ་འདི་དག་བཤད་པ་ཡིན།

དེ་ལས་མང་བ་། “༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་གཉིས་པ།” »

རྩོམ་རིག

གངས་རིའི་མིག་གཅིག

Posted on 2013-07-052013-07-05 By ཁ་བརྡ་ 1 Comment on གངས་རིའི་མིག་གཅིག

སོག་མདའ།

ངོ་མཚར་རྟགས་དང་བཅས་དེ་སྐུ་བལྟམས་པས།།
ཤར་ཕྱོགས་མདོ་སྨད་སྟག་འཚེར་ཁྱིམ་གཞིས་ནས།
འཛམ་གླིང་ཞི་བདེའི་དེད་དཔོན་བླ་མེད་མཆོག །
བསམ་བཞིན་ཡུལ་འདིར་འཁྲུངས་པས་སྐལ་བ་བཟང་།།

དེ་ལས་མང་བ་། “གངས་རིའི་མིག་གཅིག” »

རྩོམ་རིག

༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ལ།

Posted on 2013-07-052013-07-05 By ཁ་བརྡ་ 2 Comments on ༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ལ།

མི་ཉག་དུང་བརྡ།

ས་ཆེན་གྱི་གྲུ་ཟུར་ཞིག་ན།
མཐོ་སྒང་གི་རྩིབ་རུས་ཤིག་་ན།
རང་དབང་གི་པད་འདབ་ཅིག་ལ་བརྫུན་ཏེ་འཁྲུངས་པའི།
ཐེའུ་གསར་ཞིག་གམ།
ཡང་ན། ཁྱེའུ་ཞིག་གི་འཁྲུངས་སྐར་བསུ་རུ་འགྲོ །

ཞོགས་ཆར་ཁྲོད་ཀྱི་དེ་རིང་གི་སའི་གོ་ལ།

དེ་ལས་མང་བ་། “༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ལ།” »

སྙན་ངག

Posts pagination

Previous 1 … 180 181 182 … 383 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།
  • གཤིན་རྗེའི་རྒྱལ་པོར་སྤྲིངས་པ།
  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme