Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<<འཆར་ཡན་དང་ཚོར་རྟོག>>ལས།—ང་འཆི་ཕོད།

Posted on 2014-05-092014-05-09 By ཁ་བརྡ་ 2 Comments on <<འཆར་ཡན་དང་ཚོར་རྟོག>>ལས།—ང་འཆི་ཕོད།

སྐྱ་རེངས།

འཛུམ་མདངས་དེ་དོན་དུ་དང
མིག་ཆུ་དེ་ཕྱིར་དུ
ང་འཆི་ཕོད དངོས་ནས་འཆི་ཕོད
སྐྱེ་བ་གྲངས་མེད་དུ འཆི་ཕོད

བརྩེ་བ་མེད་པའི་ཚུ་རོལ་ན
འཇིག་རྟེན་འདིར་འཚོ་བ་ནི
དོང་ནང་དུ་འཚོ་བ་དང་འདྲ

དེ་ལས་མང་བ་། “<>ལས།—ང་འཆི་ཕོད།” »

སྙན་ངག

དགའ་ལྡན་ཕོ་བྲང་གི་རྐང་དམག་གམ་བོད་མི་མང་གི་དཔའ་རྒོད།

Posted on 2014-05-092014-05-09 By སྤོབས་པ་མཐའ་ཡས། 55 Comments on དགའ་ལྡན་ཕོ་བྲང་གི་རྐང་དམག་གམ་བོད་མི་མང་གི་དཔའ་རྒོད།

སྤོབས་པ་མཐའ་ཡས།

རང་སྲེག་ངོ་རྒོལ་ལ་ལྟ་བ།
ཉེ་བའི་དུས་སུ་བོད་ཀྱི་སྤྱི་ཚོགས་སྤྱི་དང་ལྷག་པར་བོད་ནང་དུ་རང་ལུས་ལ་མེ་སྦར་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འབྱུང་བཞིན་ཡོད། རང་སྲེག་གི་ལས་འགུལ་དེའི་འབྱུང་རྐྱེན་དང་། དམིགས་ཡུལ། དེ་ཉིད་མཚམས་མ་ཆད་པའི་རྒྱབ་ལྗོངས་བཅས་གསལ་པོ་ཞིག་ཤེས་དགོས་པ་གལ་ཆེན་པོ་རེད། ངས་རྩོམ་ཡིག་འདིའི་ནང་དུ་རང་སྲེག་གི་ལས་འགུལ་ལ་བོད་མི་མང་གིས་ལྟ་སྟངས་ག་འདྲ་ཞིག་འཛིན་དགོས་སྐོར་རགས་ཙམ་གླེང་རྒྱུ་ཡིན།

དེ་ལས་མང་བ་། “དགའ་ལྡན་ཕོ་བྲང་གི་རྐང་དམག་གམ་བོད་མི་མང་གི་དཔའ་རྒོད།” »

རྩོམ་རིག

སེམས།

Posted on 2014-05-092014-05-09 By ཁ་བརྡ་ 1 Comment on སེམས།

ཁ་བའི་འབྲོག་མོ།

སེམས་འདི་འཇགས་མེད་འཕྱོ་བའི་མཚོ་མོ་བཞིན།།
རླབས་ཀྱིས་སྐྱོམས་པའི་ཡ་ཡོའི་ངང་ཚུལ་ཞིག།
ཆུ་རིས་ཕར་ནས་ཕར་ལ་ཕྱོགས་ནའང་།།
ཁད་ཀྱིས་ཚུར་ནས་ཚུར་ལ་སླར་ཡང་ཡོང་།།

རྒྱང་རིང་རི་བོའི་རྐེད་ལ་རྐང་ལམ་ཞིག།
ཀྱ་ཀྱུར་ལམ་བུ་ཕྲ་མོར་དོས་པ་ཞིག།

དེ་ལས་མང་བ་། “སེམས།” »

སྙན་ངག

ཉིན་ཐོ་ལས་འཕྲོས་པའི་གཏམ།

Posted on 2014-05-082014-05-08 By ཁ་བརྡ་ 2 Comments on ཉིན་ཐོ་ལས་འཕྲོས་པའི་གཏམ།

མགར་འཇམ་དབྱངས།

ལྷ་ཡུལ་ཞེས་པའི་སྤྲོ་སྣང་དོད་པོ་ཞིག་དང་དམྱལ་བ་ཞེས་པའི་ཡིད་ལ་གཟན་པའི་མིང་ཚིག་འདི་གཉི་འཚོལ་བར། ང་ཚོས་རྒྱང་ཐག་རིང་བོའི་ཁད་ཀྱིས་ཆོད་པའི་གནས་ཤིག་གི་གཏིང་སྔོག་པའི་ལས་ལ་ངལ་བ་བྱ་དགོས་དོན་ཡེ་ནས་མེད། དེ་ནི་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་འགྲོ་འདུག་ཉལ་འཆག་གི་སྤྱོད་ལམ་ཐོག་ནས་འོང་བ་ཞིག་མ་ཡིན་ནམ།
ལྟོས་དང་། རང་ཉིད་དང་རང་ཉིད་ཀྱི་ཉེ་འཁོར་ལ་མིག་གིས་བལྟས་ཤིང་སེམས་ཀྱིས་མྱངས་པའི་ཐོག ཕན་ཚུན་ལ་བརྩི་བཀུར་དང་བྱམས་བརྩེས་ཟིན་པའི་ལྷིང་འཇགས་ཀྱི་འཚོ་བ་ཞིག་མྱོང་རོལ་བྱོས་དང་།

དེ་ལས་མང་བ་། “ཉིན་ཐོ་ལས་འཕྲོས་པའི་གཏམ།” »

རྩོམ་རིག

<<མཚན་མོའི་བྱམས་བརྩེ >>

Posted on 2014-05-082014-05-08 By ཁ་བརྡ་ No Comments on <<མཚན་མོའི་བྱམས་བརྩེ >>

ཚེ་རིང་།

unnamed-1མཚན་མོའི་མིག་ཀོང་ལ
ཟླ་འོད་ཀྱི་བརླན་ཤ་འབབ་ཅིང
མུན་པའི་ཀློང་ནས་འདར་སིག་སིག་གི་སྐར་མ་དེ་ཚོ་མཐོང་དུས
ངའི་སེམས་ལའང་རང་དབང་མེད་པར་སྔངས་འདར་ཞིག་སླེབས་བྱུང
ཟླ་སྐར་གྱི་ཚོགས་རྣམས
མུན་ཁྲོད་ནས་མི་ཡུལ་དུ་ཕེབས་ཤིང
མི་ཚོགས་འདི་རང་རང་གི་རྨི་ལམ་གྱི་ཁུགས་ལ་ལྷུང་དུས་སུ

དེ་ལས་མང་བ་། “<>” »

སྙན་ངག

མཚན་མོའི་སྙན་ངག

Posted on 2014-05-082014-05-08 By ཁ་བརྡ་ No Comments on མཚན་མོའི་སྙན་ངག

བཀྲ་ཤིས་དོན་འགྲུབ།

མུན་པ་ཐང་ལ་བབས་ཏེ་ང་ལ་གསང་བ་འཆད་ཀྱི།།
གློག་སྒྲོན་མིག་ལ་གཟན་བྱུང་མིག་ཆུའི་གཏམ་རྒྱུད་བསྐྲུན་ཐལ།།
རྒྱ་མཚོའི་ཕ་རོལ་མི་ལ་ཕྲིན་ཞིག་བྲིས་ན་བསམས་དུས།།
ཐུང་ཐུང་མི་ཚེའི་བརྒྱུད་རིམ་ཐོད་ཀྱི་གཉེར་མས་བྲིས་བྱུང་།།

ཁུ་སིམ་ཁོར་ཡུག་དེ་ནས་རྣ་བ་ཁྱོད་ལ་བླགས་ཀྱང་།།
གཞས་དེ་ཡང་ཡང་བཏང་པས་ན་བུན་མདུན་དུ་བསུས་ཡོང་།།

དེ་ལས་མང་བ་། “མཚན་མོའི་སྙན་ངག” »

སྙན་ངག

མཁས་པའི་བྲིས་རྒྱུན་གྱིས་བོད་ཀྱི་མཛེས་མར་བསྟོད་པ།

Posted on 2014-05-082014-05-08 By ཁ་བརྡ་ 3 Comments on མཁས་པའི་བྲིས་རྒྱུན་གྱིས་བོད་ཀྱི་མཛེས་མར་བསྟོད་པ།

ཤར་ཕྱོགས་ཁུག་རྟ།

unnamedཞི་དུལ་བག་ཡངས་མདངས་ཀྱིས་འཛུམ་པའི་ཞལ།།
ཁྲ་ཚོམ་མེ་ཏོག་བཞད་པའི་ཟླར་ཤར་ཞིང།།
བརྩེ་བའི་ཉམས་དང་ངོ་ཚ་སྨིན་པོའི་གཤིས།།
ཟོལ་དུ་མིན་པའི་འཇོ་སྒེག་ལྟ་ན་སྡུག།

གཡས་འཁྱིལ་དུང་བས་ཁྱེད་ཀྱི་སྨྲ་བའི་ངག།
ཏཱ་རེས་ལྷས་ཀྱང་སྒྲོལ་མའི་བྱད་ལ་མིན།།
ཤེས་འཇོན་ལྷག་བློས་ཡོངས་འཁྱུད་ཁོར་མོ་ཡུག།

དེ་ལས་མང་བ་། “མཁས་པའི་བྲིས་རྒྱུན་གྱིས་བོད་ཀྱི་མཛེས་མར་བསྟོད་པ།” »

སྙན་ངག

པར་བཏབ་སྙན་ངག

Posted on 2014-05-072014-05-08 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 21 Comments on པར་བཏབ་སྙན་ངག

འཇིགས་མེད་ནུབ་པ།

Monks
༡)
འཁོར་བ་རྒྱབ་ལ་བཞག་ཡོད།།
དགོན་པ་མདུན་ལ་བླངས་ཡོད།།

དེ་ལས་མང་བ་། “པར་བཏབ་སྙན་ངག” »

པར།, སྙན་ངག

དགེ་བཤེས་དོན་བཀྲར་ཕུལ་བའི་ལྗགས་ལན་ཀེ་ཏ་ཀ

Posted on 2014-05-072014-05-07 By ཁ་བརྡ་ 81 Comments on དགེ་བཤེས་དོན་བཀྲར་ཕུལ་བའི་ལྗགས་ལན་ཀེ་ཏ་ཀ

ལྷ་སྡེ་གནམ་ལོ་ཡག

དགེ་བཤེས་དོན་གྲུབ་བཀྲ་ཤིས་མཆོག་ཕེབས་ཏེ་༼ཁ་བརྡ་དྲ་ཚིགས༽བརྒྱུད་ནས་སློབ་སྟོན་དང་དགག་བཞག་གནང་བར་བཀའ་དྲིན་ཆེ། ངས་ཁྱེད་རང་དགེ་བཤེས་གང་རུང་ཞིག་ཡིན་ངེས་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་ཁྱེད་ཀྱིས་གསུངས་པ་ནང་བཞིན་ང་རང་ནི་ཁ་སྐད་ལྟར་བཤད་ན་ཧམ་པ་ཚ་བོ་ཅན་ཞིག་དང་། ཞེ་སའི་ལམ་ནས་བརྗོད་ན་སྤོབས་པ་མཐོ་དྲགས་པའི་མི་ཞིག་ཡིན། དེ་བས། རྒྱ་ནག་པ་ཚོར་འབྲེལ་འདྲིས་བྱེད་པའི་ཆ་རྐྱེན་དང་པོ་ནི་༼རང་ཐག་རང་གཅོད༽ངོས་ལེན་ཡོད་མེད་ཡིན། གལ་ཏེ་ངོས་ལེན་མེད་ན་ཁ་བརྡ་བྱེད་པའི་གཞི་འཛིན་ས་ཡོད་པ་མ་རེད་ཅེས་ལབ་ཀྱི་ཡོད་ལ། ལག་ལེན་ནང་དུའང་དེ་ག་ཡོང་གི་ཡོད། དེའང་ང་རང་ལ་ཁྱད་འཕགས་ཀྱི་ཡོན་ཏན་ཞིག་ཡོད་པ་ཞིག་མ་ཡིན་པར་༼དམངས་གཙོའི་སྲོག་ཤིང༽ནི་༼རང་ཐག་རང་གཅོད༽རེད།

དེ་ལས་མང་བ་། “དགེ་བཤེས་དོན་བཀྲར་ཕུལ་བའི་ལྗགས་ལན་ཀེ་ཏ་ཀ” »

རྩོམ་རིག

ངའི་མིག་འབྲས་ནག་པོས་ནམ་ཡང་ཁྱོད་ལ་ཅེར་ཡོད།

Posted on 2014-05-072014-05-07 By ཁ་བརྡ་ 1 Comment on ངའི་མིག་འབྲས་ནག་པོས་ནམ་ཡང་ཁྱོད་ལ་ཅེར་ཡོད།

སྤྱན་ཆེན་པོ།
_____གྲོགས་པོ་ཞིག་གི་ཚབ་ཏུ་ཁོའི་ནུ་བོར་སྤྲིངས་པ།

སྤྱང་ཚོགས་ཀྱི་སྨོན་ལམ་ཕ་ཡུལ་ལ་ལྷུང་བས
ཁྱོད་ཀྱིས་འོད་ཟེར་གྱི་ཉག་མ་འགའི་སྣེ་མོར་འཇུས་ཏེ
དུས་ཚིགས་ལྗང་ཁུ་དེའི་ནེམ་ཤ་ལ་སེམས་པ་གླན

ལྕགས་སྒྲོག་གི་སིལ་སྒྲས་ནམ་མཁའ་དང་ས་གཞི་བསྒྲིབས་ཤིང
ས་གཞིའི་ངོས་སུ་འབྱར་བའི་ཀློག་མི་ཤེས་པའི་ཁྱོད་ཀྱི་བྲང་གཞུང་ལས
ང་ནི་འཇིག་རྟེན་གྱི་ནག་ཉེས་མ་ཚོར་བའི་ཉེས་ཅན་ཞིག་དང་འདྲ་བས

དེ་ལས་མང་བ་། “ངའི་མིག་འབྲས་ནག་པོས་ནམ་ཡང་ཁྱོད་ལ་ཅེར་ཡོད།” »

སྙན་ངག

དུས་ཀྱི་འཐོར་རླུང་དང་གངས་རིའི་ཕམ་ཁ།

Posted on 2014-05-062014-05-06 By ཁ་བརྡ་ 2 Comments on དུས་ཀྱི་འཐོར་རླུང་དང་གངས་རིའི་ཕམ་ཁ།

སེར་ཤུལ་རིན་ཆེན་དོན་གྲུབ།

སྲ་མཁྲེགས་ལྕགས་ཀྱི་ཨུ་ཚུགས་ངར་མས་རང་རློམ་ཁ་པོ་དགུང་ལ་བཏེགས།།
ནང་ཁུལ་རྩོད་པའི་མཚོན་ཆ་རྣོན་པོས་རིགས་ཞེན་དཔུང་བའི་རྩ་རྒོད་བཅད།།
བསླུ་ཐབས་འཁྲུལ་ལ་མགོ་བོ་རྨོངས་ཏེ་ཕལ་རྟགས་དར་ཆ་དགུང་ལ་འཕྱར།།
འགྱིང་ཉམས་མཐོ་བའི་སྤོབས་པ་དག་གིས་ཡོད་ཚད་ཕམ་ཉེས་འཕྲང་ལ་བཙུད།།

དར་ལྕོག་དམར་བོའི་གཡོ་ཆོམ་རེ་རེ་མཐོ་སྒང་གྲོང་ཚོའི་ཕྱོགས་སུ་བསྐྱོད།།
སྲིད་སྟེགས་ཐོབ་རྩོད་མི་འཐུན་དུང་སྒྲ་ཡར་ལུང་ཤམ་པོའི་ཞོལ་ནས་བསྒྲགས།།

དེ་ལས་མང་བ་། “དུས་ཀྱི་འཐོར་རླུང་དང་གངས་རིའི་ཕམ་ཁ།” »

སྙན་ངག

སྤོབས་མཐའ་ཅན་དང་གནམ་ལོ་ཡག་ཅན་གཉིས་ལ་བགྲོ་བ།

Posted on 2014-05-062014-05-06 By ཁ་བརྡ་ 38 Comments on སྤོབས་མཐའ་ཅན་དང་གནམ་ལོ་ཡག་ཅན་གཉིས་ལ་བགྲོ་བ།

དོན་འགྲུབ་བཀྲ་ཤིས།
 

དང་པོ།

ང་ཚོས་ཤེས་དགོས་པ་ནི་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་བཏང་བ་དེ་གང་གི་ཆེད་དུ་ཡིན་པ་དང་། རང་སྲེག་གཏོང་དགོས་པ་སུས་བཟོས་པ་དེ་ཡིན། རྒྱ་གཞུང་གིས་དངོས་ཡོད་དང་མི་མཐུན་པའི་བོད་ཐོག་འཛིན་པའི་སྲིས་ཇུས་ལ་ཞི་རྒོལ་གྱི་བརྒྱུད་ལམ་གཞན་ཡོད་ཚད་བཀག་ཡོད་པར་མ་ཟད། མི་སེར་སྤེལ་ཡུལ་གྱི་རིང་ལུགས་ལག་བསྟར་བྱས་ཏེ་རྒྱ་རིགས་འབོར་ཆེན་བོད་དུ་གནས་སྤོ་བྱས་པ་དང་། བོད་མིའི་དད་གནས་ལ་ཚད་ལས་བརྒལ་བའི་དམའ་འབེབས་བྱས་པ་དང་། བོད་ཀྱི་ཆོས་རིག་དར་སྤེལ་བྱེད་པར་ཁ་བྲལ་གྱི་ཉེས་འདོགས་བྱས་པ་སོགས་ལ་བརྟེན་ནས།

དེ་ལས་མང་བ་། “སྤོབས་མཐའ་ཅན་དང་གནམ་ལོ་ཡག་ཅན་གཉིས་ལ་བགྲོ་བ།” »

རྩོམ་རིག

དབྱར་རྩྭ་དགུན་འབུ།

Posted on 2014-05-052014-05-05 By ཁ་བརྡ་ 2 Comments on དབྱར་རྩྭ་དགུན་འབུ།

སྐྱོ་བྲག་དགའ་དབང་།

དཔལ་ལྡན་ཟླ་བ་གྲགས་པས་འགྲོ་བ་མི་རྣམས་ཀྱི་སེམས་ཁམས་དང་འབད་བརྩོན་ཐད། བསྡོམས་ཚིག་འདི་འདྲ་ཞིག་བཀོད་ཡོད།
སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །
མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །
ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །
ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །

དེ་ལས་མང་བ་། “དབྱར་རྩྭ་དགུན་འབུ།” »

རྩོམ་རིག

རྒྱལ་བ་རིན་པོ་ཆེ་དང་བོད་མིའི་རང་སྲེག་ངོ་རྒོལ་བར་གྱི་འབྲེལ་བ།

Posted on 2014-05-052014-05-05 By སྤོབས་པ་མཐའ་ཡས། 25 Comments on རྒྱལ་བ་རིན་པོ་ཆེ་དང་བོད་མིའི་རང་སྲེག་ངོ་རྒོལ་བར་གྱི་འབྲེལ་བ།

སྤོབས་པ་མཐའ་ཡས།

རྒྱལ་བ་རིན་པོ་ཆེ་དང་བོད་མིའི་རང་སྲེག་ངོ་རྒོལ་བར་ལ་འབྲེལ་བ་ཡོད་མེད་ཀྱི་གནད་དོན་འདི་ནི་རང་རེའི་མི་མང་པོ་ཞིག་ལ་མཚོན་ན་ཚོར་བ་ཆེས་རྣོ་སའི་གླེང་གཞི་ཞིག་རེད། གནད་དོན་འདིའི་སྐོར་གླེང་སྐབས་སུ་འགལ་བ་ལྟག་སྤྲོད་ཀྱི་གླེང་ཕྱོགས་གཉིས་འབྱུང་བཞིན་ཡོད། དེ་ནི་རྒྱ་དམར་གཞུང་འབྲེལ་གྱི་ཁྱབ་བསྒྲགས་སོགས་ཕྱོགས་གཅིག་ནས་རང་སྲེག་ངོ་རྒོལ་འདི་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ཕྱོགས་གཏོགས་ཀྱིས་སྐུལ་མ་དང་ཇུས་འགོད་བྱས་ནས་བྱུང་བ་ཡིན་ཚུལ་དང་། ཕྱོགས་གཞན་ཞིག་ནི་རྒྱལ་བ་རིན་པོ་ཆེ་ལ་འབྲེལ་བ་གཏན་ནས་མེད་ཅེས་པའི་གླེང་ཕྱོགས་འདི་གཉིས་རེད།

དེ་ལས་མང་བ་། “རྒྱལ་བ་རིན་པོ་ཆེ་དང་བོད་མིའི་རང་སྲེག་ངོ་རྒོལ་བར་གྱི་འབྲེལ་བ།” »

རྩོམ་རིག

ཕ་ཡུལ་གྱི་ངའི་སྲིང་ཆུང་ཚོ།

Posted on 2014-05-032014-05-03 By ཁ་བརྡ་ 7 Comments on ཕ་ཡུལ་གྱི་ངའི་སྲིང་ཆུང་ཚོ།

ཁང་ཟླ་སྲས།

unnamed-1ཕ་ཡུལ་གྱི་ངའི་སྲིང་ཆུང་ཚོ། བགྲང་བྱ་འདི་ཟད་རྗེས།
ང་ཚོ་གྱེས་བྲལ་བྱས་ཏེ་མི་ལོ་ཧྲིལ་བོ་བདུན་ཏག་ཏག་འཁོར་སོང༌།
ལོ་ཟླའི་དུས་ཡུན་རིང་མོ་དེའི་དྲན་གདུང་ཁྲོད་ནས།
ཁྱེད་ཚོ་གང་མང་ཞིག་འཇིག་རྟེན་འདིའི་རླབས་ཆེ་བའི་མི་སྣ་སྟེ།
གཅེས་ཕྲུག་ཆུང་ཆུང་འགའི་སེམས་རྟེན་དུ་གྱུར་ཟིན་ནའང༌།
ཅི་ཡང་མ་ཐོབ་པའི་ང༌། ད་དུང་ཡང་སྔར་བཞིན་ས་མཐའི་སྤྲང་འཁྱམས་པ་ཁོ་ན་ཡིན།

དེ་ལས་མང་བ་། “ཕ་ཡུལ་གྱི་ངའི་སྲིང་ཆུང་ཚོ།” »

སྙན་ངག

<<འདིར་སྨྲས་པ>>

Posted on 2014-05-032014-05-03 By ཁ་བརྡ་ 2 Comments on <<འདིར་སྨྲས་པ>>

ཚེ་རིང་།

ལམ་བུ རང་ཉིད་ཀྱི་སེམས་ནས་འཕྲོས་ཤིང་
ཐོག་མར་འཕྲོ་དུས་སུ
ཧ་ཅང་ཐུང་ངུ་ཞིག་ལས་མེད་པས
ལ་ཐུར་དང་ཀྱག་ཀྱོག་ཅི་ཡང་མེད་པར
ཁོད་སྙོམས་ལ་འགྲོ་ཡང་བདེ
བྱིས་བློའི་སྣང་བ་ཞིག་ལ
མགྲོན་ཁང་ལྟ་བུའི་འཇིག་རྟེན་འདི་ནས

དེ་ལས་མང་བ་། “<>” »

སྙན་ངག

སྙིང་སྡུག

Posted on 2014-05-022014-05-02 By ཁ་བརྡ་ 1 Comment on སྙིང་སྡུག

སྐྱོ་བྲག་དགའ་དབང་།

བྱམས་བརྩེའི་རླབས་ཀྱིས་བསྐུལ་བ། །
དགའ་བའི་འཛུམ་ཆུང་ཁྲ་མོ། །
མེ་ཏོག་ལས་ཀྱང་མཛེས་པས། །
སེམས་པ་ཁྱོད་ལ་ཤོར་སོང་། །

སྙན་འགྱུར་ངག་གི་རོལ་མོ། །
རྣ་བའི་ལམ་ནས་སིམ་པ། །

དེ་ལས་མང་བ་། “སྙིང་སྡུག” »

སྙན་ངག

བདག་གི་མཐོང་ཚུལ།

Posted on 2014-04-302014-04-30 By ཁ་བརྡ་ 10 Comments on བདག་གི་མཐོང་ཚུལ།

བཀྲ་ཤིས་དོན་འགྲུབ།

དགོན་པ་ནི་ཚོང་ཁང་ཆེན་པོ་རེད།།
རྒྱ་བླ་ནི་ཚོང་དཔོན་འཇོན་པོ་རེད།།
གྲྭ་པ་ནི་ཚོང་རྫས་སྤུས་མ་རེད།།
རྒྱ་མོ་ནི་ཉོ་མཁན་བཟང་པོ་རེད།།
དགོན་པ་ནི་ཞལ་འདེབས་འབུལ་ཁང་རེད།།
བླ་མ་ནི་ཞལ་འདེབས་སྡུད་མཁན་རེད།།

དེ་ལས་མང་བ་། “བདག་གི་མཐོང་ཚུལ།” »

སྙན་ངག

<<བར་ཐག་གི་མཛེས་སྡུག>>

Posted on 2014-04-302014-04-30 By ཁ་བརྡ་ No Comments on <<བར་ཐག་གི་མཛེས་སྡུག>>

ཚེ་རིང་།

བར་ཐག་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང
བར་ཐག་གི་མཛེས་སྡུག་འདིས
དྲན་དགོས་པ་མང་བོ་ཞིག་བརྗེད་དུ་བཅུག་ཅིང
འཚོལ་དགོས་པ་མང་བོ་ཞིག་ཀྱང་ཡལ་དུ་བཅུག་སོང
ལམ་བུ་ད་དུང་རྒྱང་ལ་བརྐྱངས་ཤིང
སྨྲེང་སེམས་སློང་བའི་རོལ་དབྱངས་ཀྱི་སྙན་འཇེབས་ལྟར
འགྱུར་ཁུགས་དང་ཀྱ་ཀྱུ་སྔར་ལས་མོད

དེ་ལས་མང་བ་། “<>” »

སྙན་ངག

དད་ལོག་ཟ་བ་མི་ཆོག་པ་ནི་དྲང་བདེན་དང་ཚན་རིག་གི་ལྡོག་ཕྱོགས་རེད།

Posted on 2014-04-302014-04-30 By ཁ་བརྡ་ 16 Comments on དད་ལོག་ཟ་བ་མི་ཆོག་པ་ནི་དྲང་བདེན་དང་ཚན་རིག་གི་ལྡོག་ཕྱོགས་རེད།

ཨ་ནུ་ཐང་བསོད་ནམས།

སྤྱིར་དད་པ་ལ་དབྱིན་བོད་ཡིག་གཉིས་ཀས་འགྲེལ་བཤད་རྒྱག་སྟངས་ཕལ་ཆེར་གཅིག་མཚུངས་ལས་ཁྱད་པར་དེ་ཙམ་མི་འདུག

ཆོས་དང་འབྲེལ་བའི་དད་པ།
༡༽ དད་པ་ནི་ལྟ་གྲུབ་གང་ཞིག་དང་གང་ཟག་སུ་ཞིག་ལ་རྩེ་གཅིག་ཏུ་ཡིད་ཆེས་ཡོད་པའི་དོན་རེད། དེ་ནི་ཆོས་དང་མ་འབྲེལ་བའི་དད་པ་རེད། དད་པ་དེར་འགྱུར་བ་བཏང་ཆོག་ཀྱང་། དེ་སྔོན་དམར་དད་ལྟ་བུ་ཡིན་ན། ཁོང་ཚོ་ལ་དད་ལོག་བྱེད་མཁན་ཞིག་བྱུང་ན་གྲལ་རིམ་དང་གསར་བརྗེ་བའི་དགྲ་བོར་བརྩིས་ཏེ་ཉེས་ཆད་ཕོག་ངེས་རེད། འོན་ཀྱང་། ད་ལྟ་དམར་ཕྱོགས་ཀྱི་ལུང་པ་མང་པོའི་ནང་གནས་ཚུལ་དེར་འགྱུར་བ་ཕྱིན་ཟིན་འདུག

དེ་ལས་མང་བ་། “དད་ལོག་ཟ་བ་མི་ཆོག་པ་ནི་དྲང་བདེན་དང་ཚན་རིག་གི་ལྡོག་ཕྱོགས་རེད།” »

རྩོམ་རིག

Posts pagination

Previous 1 … 138 139 140 … 383 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།
  • གཤིན་རྗེའི་རྒྱལ་པོར་སྤྲིངས་པ།
  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme