—–ལྷ་རྒོད།
ཨ་མ་ལགས། དེ་རིང་མ་ཡུམ་གྱི་དུས་ཆེན་ཉིན། ངས་ཁྱེད་ཀྱི་བྱམས་བརྩེའི་རང་མདངས་ལ་ཕྱིར་དྲན་བྱས་ཏེ་རེ་བའི་མིག་ཟུང་ཁྱེད་ཀྱི་ཕྱོགས་སུ་ཅེར་ཡོད།
ཨ་མ་ལགས། སྤྱིར་བདག་གི་སེམས་ཁམས་ལ་གཞིགས་ནས་བཤད་ན་འཇིག་རྟེན་འདིར་དུས་ཆེན་འདྲ་མིན་གྱི་རྣམ་གྲངས་ནི་ཧ་ཅང་མང་དྲགས་པའི་སྐྱོན་ལས་ཉུང་སྐྱོན་གཏན་ནས་མ་མཐོང་། ཡིན་ནའང་དེ་དག་ཀུན་གྱི་ནང་ནས་ཆེས་རིན་ཐང་ལྡན་པ་ནི་མ་ཡུམ་གྱི་དུས་ཆེན་འདི་ཉིད་ཡིན།