དུར་བྱང་།
ཏག་ཏག་མི་ལོ་དུ་མའི་ཡར་སྔོན་ལ། ངས་རྨི་ལམ་གྱི་རྩེད་ར་ཤ་ཚ་མོ་ཞིག་བསྒྲིགས་པ་ཡིན། སྤྲིན་དཀར་གྱི་ཚོམ་བུ་དཔེ་གཟུགས་སུ་བཀོད་ནས་ཡིད་དུ་འོང་བའི་དག་ཞིང་ལ་སྨོན་པ་ཡང་ཡང་བྱས་མྱོང་།
ཆིག་ལབ་ཀྱིས་ཆིག་ལབ་ལ་ཚིག་ལན་བཏབ་ནས་མི་ལོ་དུ་མའི་ཡར་སྔོན་ལ། མེ་ཏོག་གི་འདབ་མ་དལ་གྱིས་གཡོ་བའི་རྩྭ་ཐང་གི་པང་ཁ་ནས། ལན་རེར་གན་རྐྱལ་དང་སྐབས་འགར་ཁ་སྦུབས་ནས་ཉལ་བ་ཡིན།
ཚོད་ཚོད་ལ་ཀི་རིང་ཞིག་འདེབས་ན་འདོད་པའི་མི་ལོ་དུ་མའི་ཡར་སྔོན་ལ། ང་ནི་ང་ག་ལ་ཡིན་ཏེ། སྦྲིད་པ། འདར་བ། སྐྲག་པ། ཐ་སྙད་འདི་དག་གིས་སུན་བཙུར་བྱས་པ་གྲངས་ཀྱིས་ཟིན་པར་དཀའ་ཨང་།
མིག་ཆུ་བཙུར་ན་མི་བཞུར་ལ་མ་བཙུར་
—–རེབ་སྨད་ལྷའུ།
རྫ་ཚེ་རིང་བཀྲ་ཤིས།