Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོ་རྔ་པར་བོད་མིར་ཁྲིམས་ཆད་བཙོན་འཇུག་གནས་སྟངས།

Posted on 2012-06-152012-06-15 By ཁ་བརྡ་ No Comments on ཨ་མདོ་རྔ་པར་བོད་མིར་ཁྲིམས་ཆད་བཙོན་འཇུག་གནས་སྟངས།

ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༥ ཉིན་གནས་ཚུལ་འབྱོར་དོན། དེ་སྔོན་ཕྱི་ཟླ་ནང་འཛིན་བཟུང་བྱས་པའི་ཨ་འདུས་སྡེ་བ་ཁག་གི་མི་མང་ཕལ་ཆེར་བ་ད་ལྟའི་ཆར་གློད་གྲོལ་བཏང་ཡོད་ཀྱང་། རྒྱལ་སྡེ་སྡེ་བའི་ཕུལ་བསྟན་ཚང་གི་ཕུལ་བསྟན། རང་ལོ་ ༤༠ ཡིན་པ་ཁོང་ལ་ཉེ་སྔོན་ཟླ་བ་འདིའི་ཚེས་ ༢ ཉིན་རྔ་པ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། དུས་ཚོད་ངེས་ཅན་ནང་བསྐྱར་དུ་ཁྲིམས་བཤེར་བྱེད་དགོས་པའི་ཞུ་གཏུག་བྱས་ན་དེ་ལྟར་ཡོང་ཆོག་ཚུལ་གྱི་རྣམ་འགྱུར་བསྟན་ཡོད་ཅིང་། དེང་སྐབས་ད་རུང་རྔ་པར་བཙོན་འཇུག་བྱས་ཡོད་པ་ལས་མི་འགྱང་བར་ས་གནས་གཞན་དུ་བསྐྱལ་རྒྱུ་ཡིན་འདུག

དེ་ལས་མང་བ་། “ཨ་མདོ་རྔ་པར་བོད་མིར་ཁྲིམས་ཆད་བཙོན་འཇུག་གནས་སྟངས།” »

གསར་འགྱུར།

རྟ་མགྲིན་ཐར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་བ།

Posted on 2012-06-152012-06-15 By ཁ་བརྡ་ 23 Comments on རྟ་མགྲིན་ཐར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་བ།

༼དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

དེ་ལས་མང་བ་། “རྟ་མགྲིན་ཐར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་བ།” »

གསར་འགྱུར།

གཅན་ཚར་རང་ལུས་མེར་བསྲེགས།

Posted on 2012-06-152012-06-15 By ཁ་བརྡ་ 11 Comments on གཅན་ཚར་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།

དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༦།༣༠ ཡས་མས་སུ། མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བའི་རང་ལོ་ ༤༠ ཡིན་པའི་བོད་མི་རྟ་མགྲིན་ཐར་ཞུ་བ་ཞིག་གིས། གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

དེ་ལས་མང་བ་། “གཅན་ཚར་རང་ལུས་མེར་བསྲེགས།” »

གསར་འགྱུར།

ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་གྱིས་གངས་ལྷ་མོ་དང་འཇམ་དཔལ་སྨོན་ལམ་གཉིས་ལ་བཅར་འདྲི་།

Posted on 2012-06-142012-06-14 By ཁ་བརྡ་ 11 Comments on ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་གྱིས་གངས་ལྷ་མོ་དང་འཇམ་དཔལ་སྨོན་ལམ་གཉིས་ལ་བཅར་འདྲི་།

གསར་འགྱུར།

མི་ཆོག་པ་ལྔ།

Posted on 2012-06-14 By ཁ་བརྡ་ 7 Comments on མི་ཆོག་པ་ལྔ།

འདུས་བྱུང་ཕུན་ཚོགས་ཚེ་རིང་།

མིག་ཡོད་ཀྱང་ལྟ་མི་ཆོག
ཁ་ཡོད་ཀྱང་བཤད་མི་ཆོག
རྐང་ཡོད་ཀྱང་བཙུག་མི་ཆོག
རྣ་ཡོད་ཀྱང་ཉན་མི་ཆོག
ས་ཡོད་ཀྱང་སྡོད་མི་ཆོག
དེ་ནི་ང་ཡི་ཕ་ཡུལ་རེད།

དེ་ལས་མང་བ་། “མི་ཆོག་པ་ལྔ།” »

གསར་འགྱུར།

སྙིང་ནས་བརྩེ་བའི་མཛའ་མོ་ཡལ་ལགས།

Posted on 2012-06-14 By ཁ་བརྡ་ 16 Comments on སྙིང་ནས་བརྩེ་བའི་མཛའ་མོ་ཡལ་ལགས།

གླིང་ཚ་ཚེ་བརྟན་རྡོ་རྗེ།

སྙིང་ནས་བརྩེ་བའི་མཛའ་མོ་ཡལ་ལགས། ཁྱོད་དང་བུ་ཕྲུག་གཉིས་ཁྱེད་ཅག་སྔར་བཞིན་བདེ་མོ་ཡིན་པར་ཡིད་ཆེས་དང་བཅས། དེ་རིང་ནས་རྩིས་པའི་ཟླ་ངོ་གསུམ་དང་ཉིན་མ་བཅུ་གཉིས་ཀྱི་རིང་ལ་ངས་ཁྱེད་ཅག་གི་ག་རེ་བྱེད་ཀྱི་ཡོད་མེད་དང་འཚོ་བ་ག་འདྲ་ཞིག་བསྐྱེལ་གྱི་ཡོད་མེད་ཀྱི་གནས་ཚུལ་གང་ཡང་གོ་མེད་པ་དང་། ངས་འདི་ནས་ཞིབ་དུ་བསམ་བློ་ཞིག་བཏང་བ་ཡིན་ན་ད་ལྟའང་ཁྱེད་ཅག་ཁྱེད་རང་གི་དྲིན་ཆེན་མ་ལོའི་ནང་དུ་བསྡད་ཡོད་ངེས་རེད་ལ།

དེ་ལས་མང་བ་། “སྙིང་ནས་བརྩེ་བའི་མཛའ་མོ་ཡལ་ལགས།” »

འཕྲིན་ཡིག

སྒྱུ་རྩལ་གྱི་སུམ་མདོ་། (བོད་ཀྱི་དེང་རབས་རྩོམ་འབྲི་ཁྲོད་ཀྱི་དཀའ་ངལ་དང་གོ་སྐབས།)

Posted on 2012-06-132012-06-14 By ཁ་བརྡ་

དེང་རབས་བོད་ཀྱི་རྩོམ་པ་པོ་ཚོར་འཕྲད་པའི་དཀའ་ངལ་གང་དག་རེད་། དེ་དང་ཕྱོགས་མཚུངས་བའི་གོ་སྐབས་གང་དང་གང་ཡོད་དམ། རྩོམ་པ་པོ་ཚོས་དམིགས་སའི་ཀློག་པ་པོ་སུ་རེད་། འགྱུར་བའི་གནས་སྟངས་ཧ་ཅང་རྒོད་པའི་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་བཅས་ཀྱི་ལམ་ནས་རྩོམ་འབྲི་བའི་བོད་ཀྱི་དེང་རབས་རྩོམ་པ་པོའི་སྐོར་གྱི་བགྲོ་གླེང་འདིར་མཉམ་ཞུགས་གནང་རོགས། བགྲོ་གླེང་གནང་མཁན། ཀླུ་མཁར་བྱམས། རྩོམ་པ་པོ་དང་དཔྱད་ཞིབ་པ། བསྟན་འཛིན་རིག་གྲོལ། སྙན་ངག་པ་དང་དེང་རབས་རི་མོ་བ། པད་མ་ཚེ་བརྟན། བརྩམས་སྒྲུང་འབྲི་མཁན་དང་གློག་བརྙན་འཁྲབ་ཁྲིད་པ། པད་མ་འབུམ། རྩོམ་པ་པོ་དང་དེང་རབས་རྩོམ་རིག་ཆེད་མཁས། རིག་འབྱུང་དོན་གྲུབ་བཀྲ་ཤིས།…

དེ་ལས་མང་བ་། “སྒྱུ་རྩལ་གྱི་སུམ་མདོ་། (བོད་ཀྱི་དེང་རབས་རྩོམ་འབྲི་ཁྲོད་ཀྱི་དཀའ་ངལ་དང་གོ་སྐབས།)” »

གསལ་བསྒྲགས།

སྐྲན་གྱི་སྙན་ངག་ཚོམ་བུ་བཞི།

Posted on 2012-06-13 By ཁ་བརྡ་ 6 Comments on སྐྲན་གྱི་སྙན་ངག་ཚོམ་བུ་བཞི།

རྩོམ་པ་པོཿ སྐྲན། མཁོ་འདོན་པཿ རྡོ་རྗེ་ཚེ་རིང་།

ཁེར་རྐྱང་དུ།

སེམས་པ་ཞིག་འདི་ན་ཁེར་རྐྱང་དུ།
ཅི་ཡང་བསམ་བཞིན་ཁེར་རྐྱང་དུ།
རྨི་ལམ་རྐོ་བཞིན་ཁེར་རྐྱང་དུ།
སྟོན་ཁའི་སྡོང་ལོ་སེར་པོ་ཞིག་དང་ཀུན་ནས་འདྲ་བར།

དེ་ལས་མང་བ་། “སྐྲན་གྱི་སྙན་ངག་ཚོམ་བུ་བཞི།” »

སྙན་ངག

ཕྲན་ལ་དེབ་འདི་ཀློག་པར་རམ་འདེགས་ཤིག་བྱེད་རོགས།

Posted on 2012-06-13 By ཁ་བརྡ་ 23 Comments on ཕྲན་ལ་དེབ་འདི་ཀློག་པར་རམ་འདེགས་ཤིག་བྱེད་རོགས།

ནག་ཐར་སྐྱིད།

_ སེམས་དང་ཚེ་སྲོག

མ་གཞི་ནས་ཕྲན་ལ་ཤེས་ཚད་ཧ་ཅང་ཞན་སྟབས། མི་ཤེས་ཤེས་མདོག་སྟོན་རྒྱུ་ཅིས་ཀྱང་མི་རུང་བ་ཞིག་རེད། ཡིན་ནའང་འདིར་དྲ་གྲོགས་རྣམས་ཀྱི་མདུན་ནས་རང་ཉིད་ཀྱི་ཤེས་ཚད་གཞི་བཞག་གིས་ཁ་གསལ་བོ་བཟོ་དོན་ནི། མི་རིག་ན་སྒང་ལ་བུད་ཟེར་སྲོལ་ལྟར་བཟང་སྤྱོད་ཀྱི་ཆ་ནས་མིན། ཧ་ཅང་གི་རང་དོན་ཚ་བོ་ཞིག་ཡོད་པར་བརྟེན་རང་མགོ་རང་གིས་གཡོག་ཚེ་རྒྱུ་ལ་བབ་པའི་འབྲས་བུ་ཞིག་མ་གཏོགས། ལོགས་སུ་འབྲས་བུ་དམིགས་གསལ་བ་ཞིག་མི་འབྱུང་ཚུལ་གཏན་འཁེལ་བའི་དབང་གིས་ཡིན།

དེ་ལས་མང་བ་། “ཕྲན་ལ་དེབ་འདི་ཀློག་པར་རམ་འདེགས་ཤིག་བྱེད་རོགས།” »

སྣ་ཚོགས།

དོགས་འདྲི་ཞིག

Posted on 2012-06-13 By ཁ་བརྡ་ 38 Comments on དོགས་འདྲི་ཞིག

མེ་ཏོག་དཀར་པོ།

ནམ་རྒྱུན་ཁ་ནས་འདྲེན་སླ་བའི་བསླབ་བྱའི་ཚིག་ཅིག་སྟེ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། ། བསམ་པ་ངན་ན་ས་དང་ལམ་ཡང་ངན། ། ཐམས་ཅད་བསམ་པ་དག་ལ་རགས་ལས་པས། །
རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་ངའི་བློ་ལ་ཡོད་པ་འདི་རེད་མོད་ཏག་ཏག་ཡིན་མིན་མི་ཤེས། འདི་གསུངས་པ་པོ་ནི་ངས་ཤེས་ཚོད་ལྟར་ན་དགེ་ལུགས་པའི་སློབ་དཔོན་རྒྱལ་བ་ཙོང་ཁ་པ་རེད། ཡིན་ནའང་གང་ནས་གསུངས་མིན་ཤེས་མ་སོང་། རྗོད་བྱེད་ནི་དབྱངས་ཨ་ངེས་པ་རེད།

དེ་ལས་མང་བ་། “དོགས་འདྲི་ཞིག” »

སྣ་ཚོགས།

རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིས་ལྷོ་ཀོ་རི་ཡའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ།

Posted on 2012-06-13 By ཁ་བརྡ་ 43 Comments on རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིས་ལྷོ་ཀོ་རི་ཡའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ།

༼དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་ནས་འདྲེན་བཀོད་ཞུས།༽

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཡོ་སོའི་ (Yeosu) ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (World Fellowship of Buddhists conference) ཞེས་པ་དེར་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མི་རྒྱ་མིའི་དགེ་འདུན་པ་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༡༧ ཚོགས་བཅར་དུ་སླེབས་པ་རྣམས་ཕྱི་ཚེས་ ༡༣ རེས་གཟའ་ལྷག་པའི་ཉིན་གློ་བུར་དུ་ལྷན་ཚོགས་ནས་ཕྱིར་འཐེན་བྱས་འདུག དེ་ཡང་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་བརྗོད་དོན་ལྟར་ན། ལྷན་ཚོགས་དེར་བོད་མིའི་སྐུ་ཚབ་གསུམ་ཕེབས་ཡོད་པ་དེས་དབང་གིས་ཡིན་ཚུལ་གསུངས་ཡོད།

དེ་ལས་མང་བ་། “རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིས་ལྷོ་ཀོ་རི་ཡའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ།” »

གསར་འགྱུར།

བལ་ཡུལ་བཀག་བསྐྱིལ་ཁང་ནས་ལྷ་ས་ལ་ཉན་པ།

Posted on 2012-06-13 By ཁ་བརྡ་ 10 Comments on བལ་ཡུལ་བཀག་བསྐྱིལ་ཁང་ནས་ལྷ་ས་ལ་ཉན་པ།

གླིང་ཚ་ཚེ་བརྟན་རྡོ་རྗེ།

་་་་་་་་་ང་ཚོ་ལ་འཚེ་མེད་ཞི་བ་ལས་ལྷག་པའི་འཐབ་རྩོད་ཀྱི་ལག་ཆ་ཚད་མཐོ་བོ་གཞན་གང་ཡང་མེད།

ང་རང་གིས་བོད་མི་རིགས་ཀྱི་འཆི་གསོན་གྱི་ཆེད་དུ་ཞི་བའི་འཐབ་རྩོད་ཀྱི་འགོ་བཙུགས་ནས་དེ་རིང་བར་དུ་ཟླ་ངོ་གསུམ་དང་ཉིན་བཞི་འགྲོ་བཞིན་ཡོད། འགོ་བཙུགས་པའི་ཉིན་མོ་དེ་ནས་ང་རང་གི་སྐྱིད་སྡུག་ལེགས་ཉེས་བཤད་ས་ཚང་མ་བོད་མི་རྣམས་ཡིན་ལ། ཡིན་ཡང་ལོས་དགོས། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་བོད་མི་རིགས་ཀྱི་ཞི་བདེ་དང་རང་དབང་གི་ཆེད་དུ་ཞི་བའི་འཐབ་རྩོད་ཁྲོད་དུ་བསྟིམས་ནས་ཡོད། ངས་ཉིན་ལྟར་བོད་རིགས་སྤུན་ཟླ་དག་གི་བཀའ་དྲིན་ལ། དྲ་རྒྱུའི་མཐུན་རྐྱེན་ཕྱོགས་ངོས་གང་ས་ནས་རེག་གི་ཡོད་སྟབས། ངས་དུས་རྒྱུན་དུ་བོད་ནང་གི་གནས་ཚུལ་ལ་ཉན་ནས་འགྲོ་བཞིན་ཡོད།

དེ་ལས་མང་བ་། “བལ་ཡུལ་བཀག་བསྐྱིལ་ཁང་ནས་ལྷ་ས་ལ་ཉན་པ།” »

སྣ་ཚོགས།

དབུ་མ་གཞན་སྟོང་གི་བགྲོ་གླེང་ཐེངས་བདུན་པ་དབུ་འཛུགས་བྱས་འདུག

Posted on 2012-06-13 By ཁ་བརྡ་ 21 Comments on དབུ་མ་གཞན་སྟོང་གི་བགྲོ་གླེང་ཐེངས་བདུན་པ་དབུ་འཛུགས་བྱས་འདུག

ཚངས་དབྱངས་རྒྱ་མཚོས་བཏང་།

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བདུན་པ་དེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་མགོ་ལོག་ལྕམ་མདའ་དགོན་པའི་ནང་དབུ་འཛུགས་གནང་ཡོད་འདུག ཕྱི་ཚེས་ ༡༡ ཉིན་མགོ་ལོག་ལྕན་མདའ་དགོན་དུ་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བདུན་པ་དེ་དབུ་འཛུགས་གནང་ཡོད་འདུག་ལ། ཐེངས་འདིའི་བགྲོ་གླེང་ཐོག་རྒྱལ་བ་ཇོ་ནང་པའི་དགོན་ཆེན་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དང་།

དེ་ལས་མང་བ་། “དབུ་མ་གཞན་སྟོང་གི་བགྲོ་གླེང་ཐེངས་བདུན་པ་དབུ་འཛུགས་བྱས་འདུག” »

གསར་འགྱུར།

“ཕ་ས་བུ་ཐུག” གློག་བརྙན་ལས་འཆར་འདི་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་རོགས།

Posted on 2012-06-122012-06-13 By ཁ་བརྡ་ 17 Comments on “ཕ་ས་བུ་ཐུག” གློག་བརྙན་ལས་འཆར་འདི་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་རོགས།

དྲ་རྒྱར་གཟིགས་ན་འདི་ལ་བསྣུན། འདི་ནི་སེམས་ཤུགས་འཕར་ངེས་བའི་བོད་པའི་སྒྱུ་རྩལ་བ་ཞིག་གི་གཏམ་རྒྱུད་སྟེ། བསྟན་འཛིན་རིག་གྲོལ་ལགས་ནས་སྐྱབས་བཅོལ་བོད་མི་རྣམས་བོད་ལ་ཉེ་བར་བཅར་བའི་ཕུགས་བསམ་ཞིག་བསླངས་བ་དེ་རེད་། སྔོན་ཆད་བྱུང་མ་མྱོང་བའི་སྒྱུ་རྩལ་གྱི་ལས་འཆར་འདི་བརྒྱུད་། ཕ་ཡུལ་བོར་ཚར་བའི་བཙན་བྱོལ་བོད་མི་རྣམས་ལ་ཕ་ཡུལ་གྱི་ས་དངོས་སུ་མཐོང་བ་དང་དེ་ལ་ཉམས་མྱོང་ཞིག་གསོག་འཇུག་ཆེད་། བསྟན་འཛིན་རིག་གྲོལ་གྱིས་རི་བོ་ཧི་མ་ལ་བརྒྱུད་བོད་ནས་ས་སྤྱི་རྒྱ་ཉིས་ཁྲི་རྒྱ་གར་རྡ་ལམ་ས་ལར་དབོར་འདྲེན་བྱས་བ་རེད་། ཁོང་གི་ཕུགས་བསམ་ཆུང་ཆུང་འདིའི་དགེ་ཕན་བརྒྱུད་། སྒྱུ་རྩལ་གྱི་ལས་འཆར་འདིས་ཕ་ཡུལ་ལ་ཕྱིར་ལོག་དཀའ་བའི་བཙན་བྱོལ་བོད་མི་སྟོང་ཕྲག་མང་པོའི་སེམས་ལ་བག་ཆགས་ཟབ་མོ་བསྐྲུན་།

གསལ་བསྒྲགས།

"ཕ་ས་བུ་ཐུག" གློག་བརྙན་ལས་འཆར་འདི་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་རོགས།

Posted on 2012-06-12 By ཁ་བརྡ་ No Comments on "ཕ་ས་བུ་ཐུག" གློག་བརྙན་ལས་འཆར་འདི་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་རོགས།

དྲ་རྒྱར་གཟིགས་ན་འདི་ལ་བསྣུན། འདི་ནི་སེམས་ཤུགས་འཕར་ངེས་བའི་བོད་པའི་སྒྱུ་རྩལ་བ་ཞིག་གི་གཏམ་རྒྱུད་སྟེ། བསྟན་འཛིན་རིག་གྲོལ་ལགས་ནས་སྐྱབས་བཅོལ་བོད་མི་རྣམས་བོད་ལ་ཉེ་བར་བཅར་བའི་ཕུགས་བསམ་ཞིག་བསླངས་བ་དེ་རེད་། སྔོན་ཆད་བྱུང་མ་མྱོང་བའི་སྒྱུ་རྩལ་གྱི་ལས་འཆར་འདི་བརྒྱུད་། ཕ་ཡུལ་བོར་ཚར་བའི་བཙན་བྱོལ་བོད་མི་རྣམས་ལ་ཕ་ཡུལ་གྱི་ས་དངོས་སུ་མཐོང་བ་དང་དེ་ལ་ཉམས་མྱོང་ཞིག་གསོག་འཇུག་ཆེད་། བསྟན་འཛིན་རིག་གྲོལ་གྱིས་རི་བོ་ཧི་མ་ལ་བརྒྱུད་བོད་ནས་ས་སྤྱི་རྒྱ་ཉིས་ཁྲི་རྒྱ་གར་རྡ་ལམ་ས་ལར་དབོར་འདྲེན་བྱས་བ་རེད་། ཁོང་གི་ཕུགས་བསམ་ཆུང་ཆུང་འདིའི་དགེ་ཕན་བརྒྱུད་། སྒྱུ་རྩལ་གྱི་ལས་འཆར་འདིས་ཕ་ཡུལ་ལ་ཕྱིར་ལོག་དཀའ་བའི་བཙན་བྱོལ་བོད་མི་སྟོང་ཕྲག་མང་པོའི་སེམས་ལ་བག་ཆགས་ཟབ་མོ་བསྐྲུན་།

གསལ་བསྒྲགས།

དྲ་འབུ་ Kawa རྙེད་པའི་སྒྲུང་།

Posted on 2012-06-12 By ཁ་བརྡ་ 35 Comments on དྲ་འབུ་ Kawa རྙེད་པའི་སྒྲུང་།

ཨ་རིག་འགྱུར་མེད་།

ཉེ་ཆར་ངས་དྲ་འབུ་ཞིག་རྙེད། དྲ་འབུ་འདི་ང་དང་ཐག་ཉེ་ས་ཉེ་ས་ཞིག་ན་འདུག ཁ་གསལ་ནས་བཤད་ན་ངའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་རེད།

ཟླ་སྔོན་མའི་ཕྱི་ཚེས་ ༡༩ ཉིན་ངས་ཁ་བྱང་ལ་ “ཨ་རིའི་རླུང་འཕྲིན་ཁང་དང་ཟུར་ཟའི་འདྲ་པར་གཉིས།” ཞེས་པའི་རྩོམ་ཡིག་ཅིག་ཁ་བརྡ་དང་དུས་བབ་ཟིན་བྲིས་སུ་སྤེལ། རྩོམ་ཡིག་དེ་ནི་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ལ་གཞི་མེད་སྐྱོན་བརྗོད་དང་དགའ་མིན་དགའ་མདོག་གང་ཡང་མིན་པར་ཁོང་རྣམས་ཀྱིས་ཀུན་གླེང་ལེ་ཚན་གཙོ་སྐྱོང་སྐབས་བོད་ལྭ་གྱོན་རྒྱུ་མིན་པའི་སྐོར་གྱི་གསལ་བརྡ་དང་། དེ་བཞིན་སུ་ཡིན་མ་ངེས་མོད། སྔ་ཕྱིར་སྒྲིག་བཟོ་བྱས་པའི་ཟུར་ཟའི་འདྲ་པར་གཉིས་བྱུང་བ་བརྗོད་སྙིང་དུ་བཟུང་སྟེ། བོད་ལྭ་གྱོན་རྒྱུར་སྐུལ་འདེད་ཐེངས་ཤིག་བྱས་པ་ཡིན་ལ། དེ་ནི་ངས་སེམས་བསམ་པའི་སྟེང་གི་རེ་འདུན་ཞིག་ནན་བརྗོད་བྱས་པའང་ཡིན།

དེ་ལས་མང་བ་། “དྲ་འབུ་ Kawa རྙེད་པའི་སྒྲུང་།” »

སྣ་ཚོགས།

རྒྱ་ནག་གིས་བོད་ཀྱི་ཁ་ནང་དུ་བཙན་གྱིས་བཞག་པའི་རང་བཙན།

Posted on 2012-06-12 By ཁ་བརྡ་ 7 Comments on རྒྱ་ནག་གིས་བོད་ཀྱི་ཁ་ནང་དུ་བཙན་གྱིས་བཞག་པའི་རང་བཙན།

ནམ་མཁའ།

དུས་རབས་ཉི་ཤུའི་ལོ་རབས་བདུན་བཅུ་ནང་མའོ་ཤི་རྗེས་སུ་ཏིན་ཞོ་ཕེན་གྱིས་རང་བཙན་མ་ཡིན་པའི་སྐད་ཆ་ག་རེ་ཡིན་ན་བཤད་འདོད་ཡོད་ཅེས་བཤད། སྐབས་དེ་ནས་བཟུང་ཏིན་ཞོ་ཕེན་གྱིས་བོད་རྒྱ་གཉིས་ཀྱི་བར་དུ་ས་རྒོད་དུ་ཤོར་བའི་ཐང་ཆེན་དེར།ཁོས་གཡོ་ཐབས་དང་ཡང་ན་དངོས་ཡོད་སེམས་གཏིང་གང་ཡིན་བཤད་དཀའ་ན་ཡང་། བོད་རྒྱའི་བར་གྱི་ས་རྒོད་མཁྲེགས་པོ་དེར་གཡས་སློག་དང་གཡོན་སློག་བྱས་ཏེ་འབྲས་བུ་མྱུ་གུ་སྐྱེས་སའི་ཞིང་ས་ཞིག་ཕན་ཚུན་གཉིས་ཀྱི་ཕྱོགས་ནས་འབད་བརྩོན་བྱས་ཏེ་ངོས་མི་མཉམ་པའི་ཞིང་ས་ཞིག་བཟོས་བ་རེད།

དེ་ལས་མང་བ་། “རྒྱ་ནག་གིས་བོད་ཀྱི་ཁ་ནང་དུ་བཙན་གྱིས་བཞག་པའི་རང་བཙན།” »

སྣ་ཚོགས།

ང་ཚོ་ཡང་མི་ཞིག་ཡིན།

Posted on 2012-06-12 By ཁ་བརྡ་ 3 Comments on ང་ཚོ་ཡང་མི་ཞིག་ཡིན།

དབུས་ཕྲུག་ཚེ་རིང་།

ཁྱེད་ཀྱིས། ཉེ་འཁོར་གྱི་གཉེན་ཉེ་དང་།
རང་ཉིད་ཀྱི་བདེ་སྐྱིད་ཆེད།
མི་གཞན་གྱི་ཚེ་སྲོག རྡོག་པས་མ་བརྫི་རོགས།
ང་ཚོ་ཡང་མི་ཞིག་ཡིན།

དེ་ལས་མང་བ་། “ང་ཚོ་ཡང་མི་ཞིག་ཡིན།” »

སྙན་ངག

དེ་རིང་གི་ལྷ་ས།

Posted on 2012-06-122012-06-12 By ཁ་བརྡ་ 29 Comments on དེ་རིང་གི་ལྷ་ས།

དེ་ལས་མང་བ་། “དེ་རིང་གི་ལྷ་ས།” »

གསར་འགྱུར།

ཉི་འོད་འོག་གི་ནང་ཆེན་ཤར་མདའ་ལ་ལྟ་བ།

Posted on 2012-06-11 By ཁ་བརྡ་ 3 Comments on ཉི་འོད་འོག་གི་ནང་ཆེན་ཤར་མདའ་ལ་ལྟ་བ།

རྫ ་ཚེ་རིང་བཀྲ་ཤིས།

(རྩོམ་འདི་འབྲི་སྐབས་ང་ལ་དངོས་སུ་ད་ལྟའི་སྐབས་ཀྱི་ཕ་ཡུལ་གྱི་དབྱར་སྟག་གླང་གི་ཟླ་བ་ཡུད་ཙམ་པོ་དེ་ལྷག་ཏུ་དྲན་པ་ཞིག་བྱུང་བར་མ་ཟད། པར་དེ་རང་ལ་ལྟ་གིན་ལྟ་གིན་ཕ་ཡུལ་གྱི་རྣམ་པ་ཡིད་ལ་དུང་ངེར་ཤར་བའི་ངང་བྲིས་པ་ཡང་ཡིན། དེས་ན་པར་འདི་ནི་རྩོམ་ཡིག་འདིའི་རྩ་བ་དང་འགྲེལ་པ་གཉིས་ཀ་ཡིན་ནོ)

དེ་ལས་མང་བ་། “ཉི་འོད་འོག་གི་ནང་ཆེན་ཤར་མདའ་ལ་ལྟ་བ།” »

སྙན་ངག

Posts pagination

Previous 1 … 295 296 297 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme