Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བརྡ།

Posted on 2012-10-162012-10-16 By ཁ་བརྡ་ 1 Comment on གསལ་བརྡ།

མཁོ་འདོན་པ་ཀུན་དགའ་རྡོ་རྗེ། དེ་ལ་འདིར་ཐབས་མཁས་ཐུགས་རྗེ་ཆེན་པོ་དང་ལྡན་པ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། དཔལ་མཉམ་མེད་དྭགས་པོ་ལྷ་རྗེའི་དངོས་སློབ་འགྲོ་མགོན་དར་མ་དབང་ཕྱུག་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས། བགྲང་བྱ་༨༡༣ ལོན་པའི་རྗེས་དྲན་དུ་༼དུང་གི་ཟླ་ཟེར༽ ཞེས་པའི་ལོ་དེབ་ཅིག་ནང་བསྟན་རྒྱུད་འཛིན་ཡོངས་ཀྱི་སྤྱན་སྔར་འབུལ་བའི་འཆར་གཞི་ཡོད་པས། ཁྱེད་རྒྱལ་ཕྱི་ནང་ལ་བཞུགས་པའི་འབའ་རོམ་པའི་རྒྱུད་འཛིན་ཡོངས་དང་། ཁྱད་པར་དུ་ཕྱོགས་སོ་སོ་ལ་བཞུགས་པའི་མཁས་དབང་རྣམས་ཀྱིས་དུས་སུ་བབས་པའི་གཏམ། ལུགས་གཉིས་གསལ་བའི་བསླབ་བྱ་མི་ཉུང་པ་རེ་ཚིག་ལྷུག་མའི་ངང་ནས་བསྐུར་གནང་ཡོང་བ་ལ་བཀའ་དྲིན་མི་ཆུང་བར་ཞུ་ཞུ།། འབྲེལ་བ་གནང་ཡུལ་ཚང་སར་ཀུན་དགའ། གློག་འཕྲིན་ཁ་བྱང་། kunga008@yahoo.com

གསལ་བསྒྲགས།

བོད་ཀྱི་དཔའ་བོ་སངས་རྒྱས་རྒྱ་མཚོ།

Posted on 2012-10-162012-10-16 By ཁ་བརྡ་ 7 Comments on བོད་ཀྱི་དཔའ་བོ་སངས་རྒྱས་རྒྱ་མཚོ།

རྔ་བ་ཀུན་བཟང་སྒྲོལ་མ།

བོད་ཀྱི་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་སྲོག་བཏང་རྗེས་བྲིས།

རེ་བའི་རི་མོ་ཐོད་ལ་བྲིས་ནས་རང་ལུས་དམར་བོ་མེ་ལྕེས་འབར་སོང་།།
ཁ་བའི་ལས་དབང་སེམས་སུ་ཉར་ནས་རང་སྲོག་རིན་ཐང་བོད་ལ་ཕུལ་སོང་།།
བྱམས་བརྩེའི་འོ་མཚོ་རླུང་ལ་བསྐུར་ནས་བྱམས་ལྡན་ཕ་མ་ཡུལ་ལ་བཞག་ནས།།
དཔའ་བོའི་ངར་སྐད་རྒྱང་བསྒྲགས་ཤིག་གིས་འཇིག་རྟེན་མི་རྣམས་གཉིད་ལས་སད།།

དེ་ལས་མང་བ་། “བོད་ཀྱི་དཔའ་བོ་སངས་རྒྱས་རྒྱ་མཚོ།” »

རྩོམ་རིག

སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ།

Posted on 2012-10-162012-10-16 By ཁ་བརྡ་ 17 Comments on སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ།

གནས་ཚུལ་མཁོ་གཏོང་བ། ཁྲི་གཡུང་དྲུང་།

ཕྱི་ལོ་ ༢༠༡༢ལོའི་ཟླ་༡༠ཚེས་༡༦བོད་ཆུ་འབྲུག་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་ཡོད་པའི་གནས་བསྡུས།

དེ་ཡང་ཐོག་མར་ཕྱི་ལོ་༡༩༩༧ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་ཐུགས་བསྐྱེད་ཉེར་ལེན་ཟབ་མོ་ལ་བརྟེན་ནས་གསར་འཛུགས་མཛད་གནང་ཡོད་པ་རེད།

དེ་ལས་མང་བ་། “སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ།” »

གསར་འགྱུར།

བདག་གི་གཏམ་བཤད་ཅིག

Posted on 2012-10-162012-10-16 By ཁ་བརྡ་ 14 Comments on བདག་གི་གཏམ་བཤད་ཅིག

ཨ་རིག་དགེ་མཐོང་།

བསམ་འཆར་འདི་ནི་ཉེ་ཆར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་བའི་སྟེང་དུ་(བོད་ནང་གི་ཤེས་ཡོན་པའི་བསམ་བློ་དང་འོས་འགན་སྐོར་གླེང་བ)་ཞེས་པའི་བརྗོད་གཞི་ཞིག་སྤྲད་པ་དེའི་ཐད་དུ་བཤད་པའི་མ་ཟིན་ཙམ་ཡིན་ལ། འདིའི་ནང་དུ་ནོར་འཆུག་གང་མང་ཞིག་ཡོད་སྲིད་པས་ཀློག་པ་པོ་དག་གིས་དགོངས་ཚུལ་ལྷུག་བརྗོད་གནང་བའི་རེ་བ་ཆེ།

(བོད་ནང་གི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་དང་འོས་འགན་སྐོར་གླེང་བ)

དེ་ལས་མང་བ་། “བདག་གི་གཏམ་བཤད་ཅིག” »

སྣ་ཚོགས།

སྤྲུལ་པའི་སྐུ།

Posted on 2012-10-152012-10-15 By ཁ་བརྡ་ 135 Comments on སྤྲུལ་པའི་སྐུ།

དོལ་སྨྱོན།

དམར་པོ་རས་ཀྱི་སྟངས་ཀའི་འོག་ན་འདོད་པའི་ན་ཟུག་རླབས་ལྟར་གཡོ། །
ལུས་ཟུངས་བདུན་གྱི་འཁོར་སྐྱོད་ཁྲོད་ན་འཆར་གཞི་སྣ་དགུ་རླུང་ལྟར་འཚུབ། །
རིགས་མཐུན་འགྲོ་བའི་སྤྱི་ཚོགས་དཀྱིལ་ན་ཚུལ་འཆོས་བང་སོ་རྡོ་ལྟར་སྲ། །
གཤོག་པ་མེད་ཀྱང་འཕུར་ལ་གོམས་པའི་དེང་རབས་སྤྲུལ་པའི་སྐུ་ལོ་མཁྱེན། །

དེ་ལས་མང་བ་། “སྤྲུལ་པའི་སྐུ།” »

སྙན་ངག

བོད་རྒྱལ་གླུ་གཉུག་མའི་རང་སྒྲ།

Posted on 2012-10-152012-10-15 By ཁ་བརྡ་ 24 Comments on བོད་རྒྱལ་གླུ་གཉུག་མའི་རང་སྒྲ།

ཨེ་མ་ཧོ།

ཀ་དག་ལྷུན་གྲུབ་རོལ་གར་སྤྱན་རིས་གཟིགས། །
བདེ་ཆེན་སྒྱུ་མའི་རྣམ་འཕྲུལ་རྒྱལ་རབས་ཀུན། །
ཀུན་བཟང་སྲིད་ཞིའི་ཕན་བདེ་མ་ལུས་ཚོགས། །
མི་འཇིགས་ཆོས་བདུན་ངོ་བོར་རྒྱལ་གྱུར་ཅིག །
གངས་རིས་མུ་ཁྱུད་རབ་མཛེས་དག་པའི་ཞིང་། །
ཕུན་ཚོགས་འདོད་རྒུའི་འབྱུང་གནས་རྒྱལ་བའི་བསྟན། །
བསྟན་སྲིད་ཡིད་བཞིན་ནོར་བུའི་གཏེར་ཆེན་པོ། །
འཛམ་གླིང་འཛིན་མའི་རྒྱན་དུ་མཛེས་གྱུར་ཅིག །

དེ་ལས་མང་བ་། “བོད་རྒྱལ་གླུ་གཉུག་མའི་རང་སྒྲ།” »

རྩོམ་རིག

ཤོར་བའི་བརྩེ་དུང་།

Posted on 2012-10-152012-10-15 By ཁ་བརྡ་ 7 Comments on ཤོར་བའི་བརྩེ་དུང་།

གངས་དཀར་རྒྱལ་སྲས།

ཕྱི་རོལ་ན་ཆར་བ་ཤག་ཤག་འབབ་པས་སྒེའུ་ཁུང་གི་ངོས་སུ་ཆུ་ཐིགས་རིལ་མོ་ཐུར་དུ་འགྲིལ་བཞིན་འདུག དེ་ནི། ང་དང་མཛའ་མོ་འབྲལ་ཁའི། མོའི་བཞིན་རས་ཀྱི་མིག་ཆུ་དག་དང་ཀུན་ནས་མཚུངས། ཡིན་ནའང་མོའི་མིག་ཆུ་ནི་ཚོར་བ་གསོན་པོ་ཞིག་གི་གྱེས་གདུང་ཡིན་ལ་བརྩེ་བ་ངོ་མ་ཞིག་གི་ངོ་གདོང་ཡང་ཡིན་པས་རང་བྱུང་གི་ཆུ་ཐིགས་དེ་དག་ཇི་ལྟར་གཙང་ནའང་མོའི་མིག་ཆུ་དེ་དག་གི་བརྒྱ་སྟོང་དང་ཁྲི་འབུམ་གང་གི་ཆར་ཡང་མི་ལོན་ནོ། ནངས་མོ་དེར། མོ་རྟ་ཕོའི་རྨིག་སྒྲ་དང་བསང་གསོལ་གྱི་ཀི་སྒྲའི་ཁྲོད་ནས་ཁོ་མོ་གནས་ལ་ཆས། དེ་ནི་མོས་ཆེས་མི་འདོད་པ་ཞིག་ལ་ཨུ་ཚུགས་བྱེད་བཞིན་པ་ངས་ཤེས་ཡོད།

དེ་ལས་མང་བ་། “ཤོར་བའི་བརྩེ་དུང་།” »

སྣ་ཚོགས།

བོད་ཁ་བའི་བདེ་སྡུག་ཞུ་རུ་ང་ཡོང་གི་ཡོད།

Posted on 2012-10-142012-10-14 By ཁ་བརྡ་ 30 Comments on བོད་ཁ་བའི་བདེ་སྡུག་ཞུ་རུ་ང་ཡོང་གི་ཡོད།

བོད་གཞས་གསར་བ་༼ཡོང་གི་ཡོད༽ཅེས་པར་གསན་གཟིགས་གནོངས།

གླུ་གཞས།

སེམས་པ་སྐྱོ་དུས་ཚངས་རྒྱམ་ལ་བཏབ་པའི་སྙན་ངག

Posted on 2012-10-142012-10-14 By ཁ་བརྡ་ 41 Comments on སེམས་པ་སྐྱོ་དུས་ཚངས་རྒྱམ་ལ་བཏབ་པའི་སྙན་ངག

སྣང་རྒྱལ་ཤེས་དགེ། (ཝར་ཎཱ)

སེམས་པ་སྐྱོ་ཐེངས་རེ་ལ།།
ཚངས་དབྱངས་རྒྱ་མཚོ་དྲན་ཞིང་།།
མིག་ཆུ་ཤོར་ཐེངས་རེ་ལ།།
མ་སྐྱེས་ཨ་མ་དྲན་བྱུང་།།

པོ་ཏ་ལ་ཡི་རྩེ་ནས།།
གཞས་ཆུང་དབྱངས་སུ་གྱེར་དུས།།
སྤྱན་རིས་གཟིགས་ཀྱི་སྤྱན་མཐར།།
མཆི་མ་འཁོར་འཁོར་བྱས་སམ།

དེ་ལས་མང་བ་། “སེམས་པ་སྐྱོ་དུས་ཚངས་རྒྱམ་ལ་བཏབ་པའི་སྙན་ངག” »

སྙན་ངག

རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ།

Posted on 2012-10-142012-10-14 By ཁ་བརྡ་ 2 Comments on རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ།

གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

ཁ་སང་ཕྱི་ཟླ་༡༠ པའི་ཚེས་༡༣ ཉིན་སྤྱི་ཚོགས་རང་དབང་SOCIETÀ LIBERA་ཞེས་བའི་ཚོགས་སྡེ་ཡིས་བཀོད་སྒྲིག་འོག་འཛམ་གླིང་སྟེང་གཉའ་གནོན་དང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པའི་གྲངས་ཉུང་མི་རིགས་དང་ཉམ་ཐག་མི་མང་ཚོའི་ཆེད་དུ་༼རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ་༽ཞེས་བའི་ལས་འགུལ་ཐེངས་ལྔ་བ་དེ་ཡོ་རོབ་རྒྱལ་ཁབ་སི་པན་གྱི་གྲོང་ཁྱེར་སྦར་ཟིལ་ལོ་ན
་BARCELONAདང་། འཇར་མན་རྒྱལ་ས་སྦར་ལིནBERLIN། སྤེལ་ལྗམ་རྒྱལ་ས་སྦར་སིལBRUSSEL། ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིPARIS། ཨི་ཊ་ལིས་རྒྱལ་ས་རོམ་ROMEབཅས་སུ་ཉིན་བརྒྱ་དུས་གཅིག་ལ་སྤེལ་ཡོད་པ་དང་།

དེ་ལས་མང་བ་། “རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ།” »

གསར་འགྱུར།

གཏན་སློབ་ཁག་བཞིའི་བར་བོད་ཡིག་གི་དག་ཆ་འགྲན་སྡུར།

Posted on 2012-10-142012-10-14 By ཁ་བརྡ་ 27 Comments on གཏན་སློབ་ཁག་བཞིའི་བར་བོད་ཡིག་གི་དག་ཆ་འགྲན་སྡུར།

གནས་ཚུལ་མཁོ་གཏོང་བ། ཨ་མདོ་དབྱངས་འཇོམས།

དེ་རིང་རེས་གཟའ་སྤེན་པའི་ཉིན་བོད་ཡིག་གི་མིང་ཚིག་དག་ཆ་འགྲན་སྡུར་ཞིག་རྒྱ་གར་བྱང་ཤར་ཁུལ་གྱི་རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་གོ་སྒྲིག་འོག རིག་གཞུང་གཅེས་སྐྱོང་ཁང་དེའི་ཚོགས་ཁང་ནང་སྤེལ་ཡོད་པ་དང་། དག་ཆའི་འགྲན་སྡུར་ཁྲོད་འབྲུག་གསང་སྔགས་ཆོས་གླིང་དགོན་པ་དང་། རྡོ་རྗེ་གླིང་དབུས་གཞུང་བོད་ཀྱི་སློབ་གྲྭ། བསོད་ནམས་དར་དབུས་གཞུང་བོད་ཀྱི་སློབ་གྲྭ། སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་བཅས་གཏན་སློབ་ཁག་གསུམ་དང་།

དེ་ལས་མང་བ་། “གཏན་སློབ་ཁག་བཞིའི་བར་བོད་ཡིག་གི་དག་ཆ་འགྲན་སྡུར།” »

གསར་འགྱུར།

ན་གཞོན་ཤེས་ལྡན་པ་དག་ལ་གྲོས་སུ་འདེབས་པ།

Posted on 2012-10-142012-10-14 By ཁ་བརྡ་ 2 Comments on ན་གཞོན་ཤེས་ལྡན་པ་དག་ལ་གྲོས་སུ་འདེབས་པ།

ཐུབ་བསྟན་ཆོས་གྲགས།

ན་མོ་གུ་རུ། ཉེ་ལམ་ནས་བཟུང་མང་གཙོ་དང་རང་བཙན་བར་གྱི་ལྟ་གྲུབ་གཉིས་པོའི་ཐད་ནས་སྤྱི་ཚོགས་ནང་འུར་འདྲོགས་དང་། དྭོགས་འདྲོགས་མང་པོ་ཞིག་བསླངས་དང་སློང་བཞིན་པས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ངམ་ངམ་ཤུབ་ཤུབ་ཀྱི་གནོད་སྐྱོན་ཐེབས་བཞིན་འདུག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རང་ཉིད་ཀྱི་རྒྱབ་རྩར་འཁྱེར་ནས་བོད་བསྟན་པ་ཆབ་སྲིད་ཀྱི་རྩ་དོན་གྲུབ་མཁན་དག་ལ་དམའ་འབེབས་བྱུང་རྒྱལ་དུ་བྱེད་པ་དང་། མངོན་ལྐོག་གང་རུང་བརྒྱུད་ནས་སྤྱི་ཚོགས་ནང་གཟིངས་སློང་གི་རྩོམ་ཡིག་གང་བྱུང་སྤེལ་བ་མ་ཟད། སྲིད་ཀྱི་སྣེ་མོ་འཛིན་པའི་ན་གཞོན་ཤེས་ལྡན་པ་དག་རང་གི་རྐང་མར་ཁྲག་ལས་གྲུབ་པ་དེ་གང་བྱུང་དུ་ཁ་འགྱུར་དང་། ངན་རོགས་ཕྱོགས་སྒྲིལ་བྱེད་ཐབས་སྤེལ་བ་སོགས་ཡིད་ལ་བཟོད་ཐབས་མེད་པའི་བྱ་འགུལ་གང་མང་བྱས་སོང་བ་སེམས་ཀྱིས་བཟོད་ཐབས་མ་མཆིས།

དེ་ལས་མང་བ་། “ན་གཞོན་ཤེས་ལྡན་པ་དག་ལ་གྲོས་སུ་འདེབས་པ།” »

སྣ་ཚོགས།

སྙིང་གཏམ་ཚིག་གསུམ་མ།

Posted on 2012-10-132012-10-13 By ཁ་བརྡ་ 6 Comments on སྙིང་གཏམ་ཚིག་གསུམ་མ།

གཉིས་མེད་སེངྒེས།

ཀྭ་ཡེ་གློ་བ་ཉེ་བའི་སྤུན་གྲོགས་དག།
ཁ་ཞེ་གཉིས་མེད་ཚིག་གསུམ་བཤད་ལ་ཉོན།།
ག་ཆད་མེད་པར་རིག་པ་སློབ་འོས་ཀྱང་།།
ང་ཁྱོད་མེད་པར་ཟུར་དུ་བསྐྱུར་འདི་འཁྲུལ།།
ཅ་ཅོ་སྟོང་བའི་གཏམ་གྱིས་ཉེར་བསྡུས་པའི།།
ཆ་མེད་རྒྱུས་མེད་གྲོགས་དང་ཨ་གསར་གྱིས།།
ཇ་ཆང་ཁ་རུ་ངན་པ་མཐུན་འགྲིག་དེ།།
ཉ་པ་རྒན་པོའི་ཟས་ཀྱིས་བསླུ་ལྟས་ཡིན།།

དེ་ལས་མང་བ་། “སྙིང་གཏམ་ཚིག་གསུམ་མ།” »

རྩོམ་རིག

ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེའི་ཆེད་བསྔོ་སྨོན་མཆོད་འབུལ།

Posted on 2012-10-13 By ཁ་བརྡ་ 5 Comments on ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེའི་ཆེད་བསྔོ་སྨོན་མཆོད་འབུལ།

ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག དེ་རིང་བོད་ནང་གི་ཚུ་ཆོད་དང་པོ་ཡོལ་ཙམ་ལ། གཙོད་ཁ་སོག་འབྲོང་ལྕེ་སྡེ་བའི་རང་ལོ་ང་བདུན་ཡིན་པ་རྟ་མགྲིན་རྡོ་རྗེ་ལགས་ ༼གུང་ཐང་སྐུ་ཕྲེང་བདུན་པའི་མ་ཡུམ་གྱི་ཨ་ཕ་ཡིན་འདུག༽ ཀྱིས་མདོ་སྨད་གཙོད་དགོན་པའི་མཆོད་རྟེན་ཉེ་འགྲམ་དུ་སྐུ་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ས་གསན་དེ་ག་རང་དུ་འདས་གྲོངས་སུ་གྱུར་ཡོད་པར་ཆེད་དམིགས་ཞུས་འབྲེལ། འདས་པོ་ཁོང་གི་ཆེད་བསྔོ་སྨོན་མཆོད་འབུལ་

དེ་ལས་མང་བ་། “ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེའི་ཆེད་བསྔོ་སྨོན་མཆོད་འབུལ།” »

གསར་འགྱུར།

བརྩེ་དུངས་ཀྱི་ན་ཟུག

Posted on 2012-10-132012-10-13 By ཁ་བརྡ་ 27 Comments on བརྩེ་དུངས་ཀྱི་ན་ཟུག

རྔ་བ་ཀུན་བཟང་།

སུ་ཞིག་གིས་མཐོང་མ་མྱོང་བའི་ཁྱོད
སུ་ཞིག་གིས་བདག་དབང་མ་ཐུབ་པའི་ཁྱོད་
འདི་ལྟར་ མི་ཡུལ་གྱི་གྲུ་ཟུར་ཆུང་ཆུང་ཞིག་ནས་
ངའི་མི་ལོ་ཉེར་གསུམ་གྱི་ན་ཟུག་རེ་རེའི་བར་ནས་
མཚར་ལོངས་བྱུང་བཞིན་བྱུང་བཞིན་རྒས་སོང་
ངོ་མ་རྒས་སོང་

དེ་ལས་མང་བ་། “བརྩེ་དུངས་ཀྱི་ན་ཟུག” »

སྙན་ངག

ཁྱོད་ནི་སུ་ཞིག་གི་བྲན་གཡོག་ཡིན།

Posted on 2012-10-132012-10-13 By ཁ་བརྡ་ No Comments on ཁྱོད་ནི་སུ་ཞིག་གི་བྲན་གཡོག་ཡིན།

ཨ་དམར་པོ།

བྲན་དང་གཡོག་ཅེས་པའི་གོ་དོན་ནི་དེང་དུས་ཀྱི་འཚོ་བའི་གཞི་ནས་སྤང་དོར་གཡུགས་གསུམ་བྱེད་འོས་པ་ཞིག་ལས་བླང་འཛིན་ཉར་གསུམ་བྱེད་མི་ཆོག དེ་ནི་དངོས་ཡོད་འཚོ་བའི་ཤུགས་ཀྱིས་བསྟན་པའི་བསམ་བློ་རེད་ལ། འགྲོ་མིའི་ཐོབ་ཐང་གི་བླ་སྲོག་ཀྱང་རེད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་བྱུང་འཕེལ་དང་བསྟུན་ཏེ་རིག་གནས་རྣམ་པ་དང་། ལེགས་བྱང་སྣ་ཚོགས་པ་རིམ་ཅན་དུ་བརྡོལ། འཚོ་པའང་རྣམ་པ་ཅན་དང་སྒྲིག་གཞི་ཅན། ལམ་སྲོལ་ཅན། རྒྱུ་མཚན་ཅན་གྱི་ངོར་འཕོ་འགྱུར་བླ་ལྷག་ཏུ་བྱུང་།

དེ་ལས་མང་བ་། “ཁྱོད་ནི་སུ་ཞིག་གི་བྲན་གཡོག་ཡིན།” »

སྣ་ཚོགས།

འཇིགས་ཞུམ་བྲལ་བའི་དཔའ་མོ།

Posted on 2012-10-132012-10-13 By ཁ་བརྡ་ 9 Comments on འཇིགས་ཞུམ་བྲལ་བའི་དཔའ་མོ།

ངས་པོ་རྒྱལ་མཚན།

རྒྱལ་གཅེས་དཔའ་མོ་ཨ་མ་ཀུན་བཟང་མཆོག་ནི་དོན་དངོས་ཐོག་རྒྱ་མིའི་བཙོན་ཁང་ནས་སེམས་ཤུགས་དང་ལྷག་བསམ་འགྲན་ཟླ་བྲལ་བའི་རང་རེའི་བོད་ཀྱི་ཆེས་ཕུལ་བྱུང་གི་བུད་མེད་རྩེར་སོན་པ་ཞིག་ཡིན་ལ། དེང་སྐབས་བོད་རྒྱལ་ཡོངས་ཀྱིས་དྲན་གསོ་བྱེད་བཞིན་པའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་དེའི་རྐང་འཛིན་སྣེ་འཁྲིད་པ་དེ་ཡང་ཡིན། གསུམ་པའི་བཅུ་གཉིས་ཀྱི་སྣེ་ཁྲིད་པ་རྒྱལ་གཅེས་དཔའ་མོ་གུར་སྟེང་ཨ་མ་ཀུན་བཟང་མཆོག་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ཕྱོགས་ཀུན་བདེ་གླིང་ལ་སྐུ་འཁྲུངས་སོ།

དེ་ལས་མང་བ་། “འཇིགས་ཞུམ་བྲལ་བའི་དཔའ་མོ།” »

ལོ་རྒྱུས།

ད་ལྟ་རང་བོད་ནས་འབྱོར་བའི་གནས་ཚུལ།

Posted on 2012-10-132012-10-13 By ཁ་བརྡ་ 18 Comments on ད་ལྟ་རང་བོད་ནས་འབྱོར་བའི་གནས་ཚུལ།

གནས་ཚུལ་བརྒྱུད་སྤྲོད་པ་བསོད་ནམས། དེ་རིང་སྤྱི་ལོ༢༠༡༢/༡༠/༡༣/ཉིན་གུང་བོད་ནང་ཆུ་ཚོད་དང་པོ་ཡོལ་ཙམ་ལ་གཙོས་དགོན་པའི་མཆོད་རྟེན་གྱི་ཉེ་འགྲམ། ཉེ་སྔོན་སྒྲོལ་དཀར་འཚོས་མེ་མཆོད་ཕུལ་ས་དེར། གཙོས་ཁ་སོག་ལུང་རིལ་མ་སྡེ་བའི་རྟ་མགྲིན་རྡོ་རྗེ་ཞུ་བའི་མེར་སྲེག་བཏང་ནས་དུས་ཐོག་ཏུ་སྐུ་གྲོངས་འདུག ད་ལྟ་གྲྭ་མང་གིས་སྨོན་ལམ་གསུངས་ཏེ་མང་ཚོགས་ནས་སྐུ་ཕུང་ཕ་ཡུལ་དུ་གདན་འདྲེན་པའི་སྒང་རེད།

གསར་འགྱུར།

ནང་མི་རེ་ལ་དགའ་ཕྱོགས་ཐ་དད་རེ།

Posted on 2012-10-132012-10-13 By ཁ་བརྡ་ 18 Comments on ནང་མི་རེ་ལ་དགའ་ཕྱོགས་ཐ་དད་རེ།

འབའ་སྲས།

ཨ་ཕ་བོད་ཀྱི་སྐད་དང་ཡི་གེེར་དགའ།།
ཨ་མ་རྒྱ་གར་ཧིན་རྡིའི་སྐད་ལ་དགའ།།
བུ་ཕྲུག་ནུབ་ཕྱོགས་ཕྱི་རྒྱལ་སྐད་ལ་དགའ།།
ཐ་དད་དགའ་ཕྱོགས་མང་ན་ཉོག་འཛིང་རེད།།

དེ་ལས་མང་བ་། “ནང་མི་རེ་ལ་དགའ་ཕྱོགས་ཐ་དད་རེ།” »

སྙན་ངག

སྤྱི་འཐུས་ཚོགས་གཙོར་བཅར་འདྲི་ཞིག།

Posted on 2012-10-122012-10-12 By ཁ་བརྡ་ 6 Comments on སྤྱི་འཐུས་ཚོགས་གཙོར་བཅར་འདྲི་ཞིག།

http://www.youtube.com/watch?feature=player_embedded&v=8TVRZ3su51o#!

གསར་འགྱུར།

Posts pagination

Previous 1 … 253 254 255 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme