Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཨ་མདོ་འབོ་ར་ནས་དེ་རིང་ཡང་རང་ལུས་མེར་བསྲེགས་བཏང་འདུག

Posted on 2012-10-202012-10-20 By ཁ་བརྡ་ 25 Comments on བོད་ཨ་མདོ་འབོ་ར་ནས་དེ་རིང་ཡང་རང་ལུས་མེར་བསྲེགས་བཏང་འདུག

གནས་ཚུལ་མཁོ་འདོན་པཿ བསོད་ནམས།

༢༠༡༢ལོའི་ཟླ་༡༠ཚེས་༢༠ཉིན་བོད་ནང་གི་ཉིན་གུང་དུས་ཚོད་གཉིས་པ་ཡས་མས་སུ། ཨ་མདོ་འབོ་ར་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་ཨང་རྟགས་༢༡༣ཅན་གྱི་སྟེང་དུ་འབོ་ར་སྒྲོག་འགབ་མ་སྡེ་བའི་ཕ་མིང་ལ་སྟོབས་ལྡན་དང་། ཨ་མའི་མིང་ལ། སྙིང་མོ་ཐར་ལོ་ཟེར་བ་གཉིས་ཀྱི་བུ་རང་ལོ་༢༧་ཅན་གྱི་རྒྱལ་གཅེས་དཔའ་བོ་སྟག་ལོ་བ་ལྷ་མོ་སྐྱབས་ཀྱིས། དགོན་པའི་གཡས་ངོས་དང་ཐག་མི་རིང་བའི་འབོ་ར་མདོ་སྡེ་བའི་མདུན་ཕྱོགས་ནས་རང་ལུས་ལ་མེར་སྒྲོན་ཏེ་ཀུ་རིང་ཞིག་དང་བཅས་(༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཞེས་སོགས་སྐད་འབོད་ཁ་ཤས་བྱས་འདུག་ཀྱང་གནས་ཚུལ་ཡོང་ཁུངས་ནས་ནང་དོན་གསལ་བོ་ཐོས་མི་འདུག)

དེ་ལས་མང་བ་། “བོད་ཨ་མདོ་འབོ་ར་ནས་དེ་རིང་ཡང་རང་ལུས་མེར་བསྲེགས་བཏང་འདུག” »

གསར་འགྱུར།

མི་ཚེ་དང་སྙན་ངག་ལ་ལྟ་ཚུལ།

Posted on 2012-10-202012-10-20 By ཁ་བརྡ་ 7 Comments on མི་ཚེ་དང་སྙན་ངག་ལ་ལྟ་ཚུལ།

ངག་དབང་བརྩོན་འགྲུས། རྒྱ་གར་ལྷོ་ཕྱོགས།
—གཉིད་མི་འོང་པའི་མཚན་མོ་ཞིག་གི་ལབ་ལོབ་ཏུ་གཏོགས་པ།

༡༽ མི་ཚེའི་རིང་ཐང་ལ་གཞིགས་པའི་ལབ་རྡོལ།
ངས་ནམ་རྒྱུན་བཞིན་འདས་དོན་དང་ཕུགས་བསམ་མང་པོར་ཕྱིར་འདང་གིས་མི་ཚེའི་རིན་ཐང་ཞེས་པ་འདི་ཡང་སྒོས་ཅི་ཞིག་ཡིན་མིན་ཤེས་འདོད་བྱེད་ཀྱིན་ཡོད། ངས་<< གདོང་འབག་གྱོན་པའི་གཞས་མ། >> ཟེར་བའི་གློག་བརྙན་དེ་མཐོང་བ་ནས་བཟུང་དོན་དངོས་ཀྱི་མི་ཚེ་ནི་ཀྱག་ཀྱོག་གི་ལམ་བུ་ཞིག་དང་འདྲ་བར་ཚོར་བྱུང་ལ། མི་ཚེ་ནི་ཆེས་ཛ་དྲག་ཆེ་བའི་གཡུལ་ས་ཞིག་ཡིན་པའི་སྣང་བ་ཡང་སྐྱེ་ཡོང་། ཡིན་ནའང་ང་རང་ནི་ཛ་དྲག་པའི་མི་ཚེའི་བྲོ་བ་དེ་འདྲ་ཅི་ཡང་མ་མྱང་པར་ཁུ་སིམ་མེར་ལུས་སོང་བ་ལ་གནོང་འགྱོད་ཆེན་པོ་རེ་སྐྱེ་བཞིན་ཡོད་ལ། མཚམས་རེར་བསམ་ཚུལ་དེའི་རྐྱེན་གྱི་རང་ཚུགས་ཤོར་བའི་ཚིག་དུམ་འདི་འདྲ་རེ་ཡང་འབྲི་འཆོར་བཞིན་ཡོད།

དེ་ལས་མང་བ་། “མི་ཚེ་དང་སྙན་ངག་ལ་ལྟ་ཚུལ།” »

སྣ་ཚོགས།

གློག་བརྙན་འཁྲབ་ཁྲིད་པས་དྲི་བ་དྲི་ལན་གནང་རྒྱུ་རེད།

Posted on 2012-10-19 By ཁ་བརྡ་ 6 Comments on གློག་བརྙན་འཁྲབ་ཁྲིད་པས་དྲི་བ་དྲི་ལན་གནང་རྒྱུ་རེད།

མི་མང་པོ་ནས་རེ་སྐུལ་བྱུང་བ་ལྟར། གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ནས་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་སློབ་མས་བསྐྲུན་པའི་གློག་བརྙན་དྲག་འདེམས་གྱིས་ངོ་སྤྲོད་གནང་རྒྱུ་དང་། དྲི་བ་དྲི་ལན་གྱི་ལམ་ནས་དཔྱད་གླེང་གནང་རྒྱུ་རེད། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་ཟླ་༡༠ བའི་ཚེས་ ༢༤ ཉིན་དགོང་མོ་དུས་ཚོད་༦ པ་ དང་སྐར་མ་ ༣༠ ནས་དུས་ཚོད་ ༨ པ་སྐར་མ་ ༣༠ བར།…

དེ་ལས་མང་བ་། “གློག་བརྙན་འཁྲབ་ཁྲིད་པས་དྲི་བ་དྲི་ལན་གནང་རྒྱུ་རེད།” »

གསལ་བསྒྲགས།

སྙིང་ལ་རུས་པ་མེད་པའི་ང་།

Posted on 2012-10-192012-10-19 By ཁ་བརྡ་ No Comments on སྙིང་ལ་རུས་པ་མེད་པའི་ང་།

ཨ་དམར་པོ།

གཟུར་མེད་དུས་ཀྱི་འཕོ་འགྱུར་རླབས་ཀྱིས་གསར་རྙིང་དབྱེ་བའི་སོ་མཚམས་ཕྱེས།།
ང་དང་ཁྱོད་ཀྱི་བརྩེ་བ་དྲང་མོས་འོས་འགན་ཆེན་མོའི་དབུ་ཁྱུད་བྲིས། །
ལྷ་ཉིན་དཀར་པོའི་སྐྱ་རེངས་ལྷ་མོས་ང་ཡི་ཆེད་དུ་སྒྲོན་མེ་བཏེགས། །
ལང་ཤོར་ལེ་ལོའི་གསང་བ་བཙན་པོས་རྨི་ལམ་གསོན་པོའི་ཚེ་སྲོག་འཕྲོགས། །

དེ་ལས་མང་བ་། “སྙིང་ལ་རུས་པ་མེད་པའི་ང་།” »

སྙན་ངག

གླུ་ཡིས་བསུ་བའི་མྱ་ངན་དགོང་ཚོགས།

Posted on 2012-10-19 By ཁ་བརྡ་ 5 Comments on གླུ་ཡིས་བསུ་བའི་མྱ་ངན་དགོང་ཚོགས།

རེབ་ཐོག་མདའ།

སྡུག་གི་མགོ་བོ་གླུ་ཡིས་གནོན་པའི་མྱ་ངན་ཚོགས་འདུར་བདག་མི་ཁོམ།།
རྡོ་རིང་འཁྱེར་ནས་བསྡུ་རུབ་བྱེད་པའི་ཞལ་འདེབས་དེ་ཡང་ང་ལ་མེད།།
མིག་ཆུ་ཞིག་གི་སེམས་པ་རུམ་པའི་གངས་རིའི་ལས་དབང་འཚོལ་བཞིན་དུ།།
མེ་ལ་འཐིམ་པའི་ཕུ་ནུའི་གཞུག་ལ་ཡིག་གེ་དྲུག་མས་སྐྱེས་མ་མཆོག།

དེ་ལས་མང་བ་། “གླུ་ཡིས་བསུ་བའི་མྱ་ངན་དགོང་ཚོགས།” »

སྙན་ངག

ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བ།

Posted on 2012-10-192012-10-19 By ཁ་བརྡ་ 22 Comments on ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བ།

ཤིས་ཚང་ལྗང་མྱུག

(ཉེ་ལམ་བརྡ་སྤྲོད་སྐོར་གྱི་བགྲོ་གླེང་ཞིག་གི་སྐབས་གྲོགས་པོ་རྡོ་རྗེས་དྲིས་ཞེས་པའི་བྱ་ཚིག་གི་སྐུལ་ཚིག་ལ་ཐྲིས་ཞེས་བྲིས་ན་འགྲིག་མིན་གྱི་དོགས་འདྲི་ཞིག་བྱས་སོང་ལ། དེ་དང་འབྲེལ་ཏེ་དགག་སྒྲུབ་གཉིས་ཕྱོགས་ནས་དེར་བསམ་ཚུལ་འདོན་པའི་དྲ་གྲོགས་མང་དག་ཅིག་འུར་ཆེམ་མེར་སོང་ཡོད། ཁོ་བོར་མཚོན་ན་གྲོགས་པོའི་དོགས་འདྲི་དེ་ནི་སྔ་ས་ནས་སེམས་ངོར་ལྷུང་ཞིང་ཁ་སྒོར་འབུད་མ་ཐུབ་པའི་རྨོངས་འཆར་རིགས་ཤིག་ཡིན་ལ། དེ་རིང་གྲོགས་པོས་དྲ་གྲོགས་ཐུན་མོང་ལ་དོགས་འདྲི་གནང་བ་དེས་ང་ལ་ཆེད་དུ་བསམ་ཚུལ་འདི་འདི་ལྟར་འབྲི་བར་དྲན་སྐུལ་བྱས་པ་དང་འདྲ་སོང་།)

དེ་ལས་མང་བ་། “ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བ།” »

དཔྱད་རྩོམ།

ལོ་ལྔ་འདི་ལྟར་རྫོགས་སོང་།

Posted on 2012-10-192012-10-19 By ཁ་བརྡ་ 24 Comments on ལོ་ལྔ་འདི་ལྟར་རྫོགས་སོང་།

དོལ་སྨྱོན།

ལོ་རིམ་དང་པོ།
ཞོགས་པའི་སྐྱ་རེངས་དང་འདྲ་བའི་ལོ་རིམ་དང་པོ།
དཔྱིད་མགོའི་བསིལ་རླུང་དང་འདྲ་བའི་ལོ་རིམ་དང་པོ།
འབུས་མ་ཐག་པའི་ལྗང་བུ་གཞོན་ནུ་ཞིག་དང་འདྲ་ནའང་།
བཞད་མ་ཐག་པའི་མེ་ཏོག་གི་ཚོམ་བུ་ཞིག་དང་མཚུངས་ནའང་།
ཚེ་སྲོག་གི་དོན་སྙིང་མ་རྟོགས་པའི་ངས།
རིག་གཞུང་གི་ནང་དོན་མ་ཤེས་པའི་ངས།

དེ་ལས་མང་བ་། “ལོ་ལྔ་འདི་ལྟར་རྫོགས་སོང་།” »

སྙན་ངག

དཔལ་ས་སྐྱའི་གདུང་སྲས་དང་འབྲེལ་བའི་མགྱོགས་བྲིས་ཤིག

Posted on 2012-10-192012-10-22 By ཁ་བརྡ་ 71 Comments on དཔལ་ས་སྐྱའི་གདུང་སྲས་དང་འབྲེལ་བའི་མགྱོགས་བྲིས་ཤིག

རྫ་ཚེ་རིང་བཀྲ་ཤིས།

བྱང་དུར་མེ་ནི་ངའི་གྲོགས་པོ་དང་ཉེ་མཛའ་ཡིན་ན་ཡང་། དཔལ་ས་སྐྱའི་གདུང་སྲས་བདག་མོ་དང་ལྷན་དུ་ཡོད་པའི་སྐུ་པར་དྲ་ལམ་དུ་ཅུང་གུས་ཞབས་མ་ཞུས་པར་བཀྲམ་པ་ལ་ཐུགས་བསམ་རེ་བཞེས་དགོས་པ་འདུག་སྙམ། ངས་ཁར་ཉིན་ནས་སེང་རྡོར་དྲ་བའི་ཁོང་གི་ཟིན་བྲིས་སུ་བླ་མ་དང་སྒེག་མོ་ཞེས་པའི་ཁ་བྱང་འོག་ཏུ་སྤེལ་བའི་གདུང་སྲས་ཀྱི་སྐུ་པར་ཞིག་མཇལ་སོང་། འདི་གནས་ཚུལ་ཆེན་པོ་ཞིག་ཡིན་མིན་མི་ཤེས་ཏེ། གང་ལྟར་འདི་དང་འབྲེལ་བའི་སྐད་ཆ་ཞིག་བཤད་འདོད་སྐྱེས། སྐད་ཆ་འདི་གནད་དོན་འདི་ཁོ་ནའི་ཆེད་དུ་མིན་པར་ཞར་ལ་ལོ་རྒྱུས་ཀྱི་བདེན་པ་ཞིག་ངོ་སྤྲོད་འདོད་ཙམ་ཡིན།

དེ་ལས་མང་བ་། “དཔལ་ས་སྐྱའི་གདུང་སྲས་དང་འབྲེལ་བའི་མགྱོགས་བྲིས་ཤིག” »

སྣ་ཚོགས།

དེ་རིང་གི་དཔའ་བོ་རྟ་མགྲིན་རྡོ་རྗེ་ཡི་གནས་ཚུལ་དག་མ།

Posted on 2012-10-192012-10-19 By ཁ་བརྡ་ 5 Comments on དེ་རིང་གི་དཔའ་བོ་རྟ་མགྲིན་རྡོ་རྗེ་ཡི་གནས་ཚུལ་དག་མ།

བསོད་ནམས།

དེ་རིང་སྟེ་སྤྱི་ལོ༢༠༡༢/༡༠/༡༣/ཉིན་གུང་བོད་ནང་ཆུ་ཚོད་དང་བོ་ཡོལ་ཙམ་ལ་གཙོས་དགོན་པའི་གཡས་ངོས་ཀྱི་མཆོད་རྟེན་ཉེ་སར། གཙོས་ཁ་སོག་སྡེ་དྲུག་ནང་ཚན་འབྲོང་ལྕེ་སྡེ་བའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ཡིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག ད་ལྟ་གྲྭ་མང་གིས་སྨོན་ལམ་གསུངས་ཏེ་མང་ཚོགས་ཀྱིས་འདས་པོའི་སྐུ་ཕུང་ཕ་ཡུལ་དུ་གདན་འདྲེན་བཞིན་པའི་སྒང་རེད། འདས་པོ་ཁོང་ད་ལོ་རང་ལོ་༥༧ དང་། གུང་ཐང་སྐུ་ཕྲེང་བདུན་པའི་ཡུམ་ཆེན་གྱི་ཨ་ཕ་རེད་འདུག

དེ་ལས་མང་བ་། “དེ་རིང་གི་དཔའ་བོ་རྟ་མགྲིན་རྡོ་རྗེ་ཡི་གནས་ཚུལ་དག་མ།” »

གསར་འགྱུར།

བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གཉིས་པ།

Posted on 2012-10-19 By ཁ་བརྡ་ 47 Comments on བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གཉིས་པ།

ཨོ་རྒྱན་ཉི་མ།

ངས་ནམ་རྒྱུན་བོད་ཀྱི་ལས་དབང་ཆོས་ལ་འབྲེལ་བ་དང་། ཆོས་དང་། ཆོས་བརྒྱུད་གཙང་མ་གནས་ཐུབ་སོང་ན་བོད་དུས་ནམ་ཡང་འཇིག་རྟེན་འདི་ནས་ཡལ་མི་ཐུབ་པར་བཤད་བཞིན་ཡོད། ཡིན་ན་ཡང་མང་པོ་ཞིག་གིས་ཡུན་རིང་ཐོས་དྲགས་པས་རྣ་བ་ཚ་བའི་རྒྱུ་རུ་འཛིན་མཁན་དང་། ཡང་ཁ་ཅིག་གིས་དོན་ལ་བདེན་ཁ་སྦྱིན་ཡང་ཅི་མི་བསྙམ་པར་གནས་པ་ལས། འདི་ཡིན་འདི་མིན་གྱི་གཏམ་གང་ཡང་མེད་པར་བཏང་སྙོམས་སུ་གནས་མཁན་ཡང་མང་པོ་རེད།

དེ་ལས་མང་བ་། “བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གཉིས་པ།” »

སྣ་ཚོགས།

ཁ་ཁོག་གཉིས་ཀྱི་གཏུག་བཤེར།

Posted on 2012-10-192012-10-19 By ཁ་བརྡ་ 1 Comment on ཁ་ཁོག་གཉིས་ཀྱི་གཏུག་བཤེར།

ཚུལ་ཁྲིམས་ཟླ་བ།

ནམ་མཁའི་སྐར་མ་ལ་ལག་བསྙབས་བྱས་ཀྱང་།།
རེག་པའི་སྐལ་བ་ཞིག་ཨེ་ཡོད་མི་ཤེས།།
ས་ཁའི་རྩི་ཐོག་ལ་མཛེས་སྡུག་ཡོད་ཀྱང་།།
ཟ་ཟི་བུང་བ་འགའི་སྤྱོད་ཡུལ་ཡིན་སོང་།།

དེ་ལས་མང་བ་། “ཁ་ཁོག་གཉིས་ཀྱི་གཏུག་བཤེར།” »

སྙན་ངག

ཚངས་རྒྱམ་ལ་བཏབ་པའི་སྙན་ངག་འཕྲོ་མཐུད་མ།

Posted on 2012-10-18 By ཁ་བརྡ་ 16 Comments on ཚངས་རྒྱམ་ལ་བཏབ་པའི་སྙན་ངག་འཕྲོ་མཐུད་མ།

བདེ་ཆེན་སྒྲོལ་མ།༼ཝཱར་ཎཱ།༽

བཅོ་ལྔའི་ཟླ་བ་དཀར་པོ།།
མ་སྐྱེས་ཨ་མའི་ཞལ་རས།།
ཡིད་ལ་སྒོམ་པའི་བྱམས་པ།།
མ་སྐྱེས་ཨ་མ་ཡིན་སོང་།།

གངས་ལ་བབས་པའི་ཞབས་རྗེ།།
མྱི་ཁ་རླུང་བུས་འཁུར་སོང་།།
མ་སྐྱེས་ཨ་མའི་ཞལ་རས།།
བཙལ་ཀྱང་མཇལ་རྒྱུ་མ་བྱུང་།།

དེ་ལས་མང་བ་། “ཚངས་རྒྱམ་ལ་བཏབ་པའི་སྙན་ངག་འཕྲོ་མཐུད་མ།” »

སྙན་ངག

རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་སུ་བསམ་ཚུལ་བརྗེ་འབུལ།

Posted on 2012-10-18 By ཁ་བརྡ་ 34 Comments on རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་སུ་བསམ་ཚུལ་བརྗེ་འབུལ།

བོན་རྒྱ་བསྟན་འཛིན་རབ་རྒྱས།

ལ་དྭགས་བློ་བཟང་འཇམ་དཔལ་གྱིས། “ བོད་ཀྱི་ཆོས་སྐད་ཀྱི་སྒྲ་དང་ཕྲད་དག་ལ་ཡང་མཐོང་རྩིས་མེད་པ་མཐོང་། དཔེར་ན། རྩོམ་ཡིག་འདི་འབྲི་བ་པོ། བོན་རྒྱ་བསྟན་འཛིན་གྱིས། མ་ལྡང་བའི་སྐྱོན་ལ། མ་འདང་བའི་སྐྱོན་དང་། འཛོམས་པར་མ་ཟད། འདུག་པར་མ་ཟད། མང་བར་མ་ཟད། ཅེས་པ་སོགས་ལ། འཛོམས་པ་མ་ཟད། འདུག་པ་མ་ཟད། མང་བ་མ་ཟད། ཅེས་སོགས་དང་། རིང་པོ་དང་ གང་པོ། སོགས་ལ། རིང་བོ་ གང་བོ། སོགས་དང་། གཅིག་པུ་ལ། གཅིག་པོ་དང་། རྐྱེན་གྱིས་ཞེས་པ་ལ། རྐྱེན་པས་དང་། གྱུར་པའི་ཞེས་པ་ལ་གྱུར་བའི་དང་། བཞི་པ་ལ། བཞི་བ། ནང་པ་ལ་ནང་བ་དང་། ལྔ་པ་ལ། ལྔ་བ། ཁུར་ལ་དོལ་ཞེས་ཆོས་སྐད་མིན་པར་ཁ་སྐད་དེ། ལུང་སྐད་ཀྱི་ཚིག་འདྲེས་པ་མང་ངོ་། །” ཞེས་བདག་གི་རྩོམ་ཡིག་《ཝཱ་ར་ཎ་སིར་བསྐྱོད་པའི་ཟིན་བྲིས་》ཀྱི་མཆན་དུ་སྤེལ་བ་ལ་དགའ་བསུ་དང་ལྷན་ཁོང་ལ་པ་བའི་ཐོབ་ཐང་གི་སྐོར་ནས་བསམ་ཚུལ་ཁ་ཤས་འབུལ་འདོད་བྱུང་།

དེ་ལས་མང་བ་། “རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་སུ་བསམ་ཚུལ་བརྗེ་འབུལ།” »

སྣ་ཚོགས།

དམྱལ་ཁམས་ཀྱི་འཚོ་བ།

Posted on 2012-10-172012-10-17 By ཁ་བརྡ་ 4 Comments on དམྱལ་ཁམས་ཀྱི་འཚོ་བ།

ཨ་དམར་པོ།

སུམ་གཉིས་ས་ཡི་དཀྱིལ་འཁོོར་ཕྱག་ཐེལ་གྱིས་མནན་ཏེ། །
ལུགས་ཟུང་སྲིད་ཀྱི་རླུང་རྟ་མཁའ་དབྱིངས་སུ་འཕུར་བ།།
ཤར་མཐའི་ལྕགས་སྤྱང་དམར་པོའི་སྡེར་འོག་ཏུ་ཚུད་ནས།།
ཤི་གསོན་མཚན་མ་བྲལ་བའི་ངང་ཚུལ་དེ་སྐྱོ་བ། །

དེ་ལས་མང་བ་། “དམྱལ་ཁམས་ཀྱི་འཚོ་བ།” »

སྙན་ངག

ནོར་འཁྲུལ་དང་ནོར་འཁྲུལ།

Posted on 2012-10-172012-10-17 By ཁ་བརྡ་ 10 Comments on ནོར་འཁྲུལ་དང་ནོར་འཁྲུལ།

རས་པ།

དང་པོ།
“ཡི་གེ་གཡོན་ལག་གིས་བྲིས་ན་ནོར་འཁྲུལ་ཡིན
མི་ཤི་རྟ་འགྱེད་ཀྱི་དམག་འཁྲུག་བྱས་ན་ནོར་འཁྲུལ་ཡིན
རྒན་པར་ཚིག་ལོག་བྱས་ན་ནོར་འཁྲུལ་ཡིན།”

འོན་ཀྱང ཨ་རིའི་མགོ་གཙོ་ནག་ལྡང་དེ་གཡོན་ལག་ཅིག་ཡིན
ནག་ལྡང་དེས་ནོ་སྦེལ་གཟེངས་རྟགས་ལེན་སྐབས་གཡོན་ལག་གིས་ས་ཡིག་རྒྱབ་ཅིང
འཇིག་རྟེན་བདེ་ཐབས་སུ་དམག་འཁྲུག་རྒྱག་དགོས་ཟེར་ནས་ལེགས་སྦྱར་གནང

དེ་ལས་མང་བ་། “ནོར་འཁྲུལ་དང་ནོར་འཁྲུལ།” »

སྣ་ཚོགས།

ཝཱ་ར་ཎ་སིར་བསྐྱོད་པའི་ཟིན་བྲིས།

Posted on 2012-10-17 By ཁ་བརྡ་ 38 Comments on ཝཱ་ར་ཎ་སིར་བསྐྱོད་པའི་ཟིན་བྲིས།

བོན་རྒྱ་བསྟན་འཛིན་རབ་རྒྱས།

ང་ཡང་ཇུས་མེད་ཇུས་གཏོགས་དང་ཡིན་མིན་ཡིན་མདོག་གིས་ད་ལོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཉིན་གསུམ་(སྤྱི་ལོ་ ༢༠༡༢ ཟླ་ ༠༩ ཚེས་ ༢༡.༢༢.༢༣)རིང་སློབ་མ་རྩོམ་དགའ་ཚོར་རྩོམ་རིག་ཟབ་སྦྱོང་སྤྲོད་པར་ཆས་པ་ཡིན། ཅི་ཡིན་མ་ཤེས་ཏེ། ལོ་ཤས་སྔོན་ཞིག་ནས་བཟུང་རྩོམ་པ་པོའི་ཡིན་པའི་སྟེང་ལ་གཏམ་བཤད་པ་རུའང་གྱུར་འདུག དེའི་ཕྱིར། ཐེངས་འདིར་ཡང་ཚོར་སྣང་ཅི་ཡང་མེད་པར་ངོས་ལེན་བྱས་ཤིང་བློ་ཐག་རྦད་བཅད་ཀྱིས་ཝཱ་ཎ་སློབ་གྲྭར་ཆས་པ་ཡིན། ཕྱིར་འཁོར་ནས་འདང་ཞིག་བརྒྱབ་ན། ཐེངས་འདིའི་འགྲུལ་བཞུད་ནི་ཅུང་དོན་ཡོད་དུ་བསམ་པས། དེ་རིང་དེ་དག་ལ་དྲན་གསོ་ཙམ་གྱི་ཕྱིར་རྩོམ་ཡིག་འདི་འབྲི་བར་ཞུགས་པ་ཡིན།

དེ་ལས་མང་བ་། “ཝཱ་ར་ཎ་སིར་བསྐྱོད་པའི་ཟིན་བྲིས།” »

སྣ་ཚོགས།

གཟའ་ཉི་མའི་སྙན་ངག

Posted on 2012-10-17 By ཁ་བརྡ་ 2 Comments on གཟའ་ཉི་མའི་སྙན་ངག

རེབ་ཐོག་མདའ།

དགུན་གྱི་ནམ་ཟླ་འདིས་སེམས་པ་རུམ་པའི།།
རི་ལུང་ཐང་གསུམ་གྱི་ངོ་གདོང་མཐོང་ན།།
ཉི་མའི་དྲོད་ཁོད་དེ་ལུས་ལ་ཕོག་ཀྱང་།།
སེམས་པའི་གཏིང་རུམ་དེ་འཁྱག་པས་བསྡམས་ཀི།

དེ་ལས་མང་བ་། “གཟའ་ཉི་མའི་སྙན་ངག” »

སྙན་ངག

མི་རབས་གསར་བའི་དྲི་བ་ཞིག

Posted on 2012-10-172012-10-17 By ཁ་བརྡ་ 9 Comments on མི་རབས་གསར་བའི་དྲི་བ་ཞིག

འབའ་སྲས།

ཡིད་འོང་རང་བྱུང་སྤྲིན་པ་དཀར་པོ་བརྩེ་དུང་འཕྲིན་གྱི་ཕོ་ཉར་བསྐོས།།
དཔུང་བར་རྒྱུ་བའི་གདུ་བུ་དག་ལ་དྲན་པས་གདུང་བའི་གཟུགས་རིས་ཕབ།།
རི་ཚོགས་ནགས་དང་ཆུ་ཕྲན་ལ་ཡང་སྐྱོ་བ་སངས་པའི་གདོང་གྲོགས་ཞུས།།
དགའ་མ་དྲན་པའི་གདུང་དབྱངས་སྙན་ངག་དེ་རིང་ད་དུང་རྒས་མེད་དམ།།

དེ་ལས་མང་བ་། “མི་རབས་གསར་བའི་དྲི་བ་ཞིག” »

སྙན་ངག

མི་རྣམས་དུད་འགྲོ་ཇི་བཞིན་བླུན་ཡིན་ན།

Posted on 2012-10-172012-10-17 By ཁ་བརྡ་ 5 Comments on མི་རྣམས་དུད་འགྲོ་ཇི་བཞིན་བླུན་ཡིན་ན།

བྱམས་པ་ལྷུན་གྲུབ།

དོན་དམ་ཐོག་མར་སྒོར་མོ་ཞེས་པ་དེ།།
འགྲོ་བ་མི་རྣམས་ནང་ཁུལ་ཕན་ཚུན་ལ།།
ཉོ་ཚོང་ལ་སོགས་དགོས་མཁོ་སྒྲུབ་པའི་སླད།།
བློ་ལྡན་འགའ་ཡིས་གསར་གཏོད་བགྱིས་མེད་ཀྱང་།།
དེང་གི་དུས་འདིར་འགྲོ་བ་མི་རྣམས་ནི།།
ཉིན་རེ་བཞིན་དུ་སྒོར་ལ་ཆགས་དྲཊ་པས།།

དེ་ལས་མང་བ་། “མི་རྣམས་དུད་འགྲོ་ཇི་བཞིན་བླུན་ཡིན་ན།” »

རྩོམ་རིག

རྩོམ་པ་པོ་ཚོར་ལ་གཞས་ཤིག་བསྐུར་ཡོད།

Posted on 2012-10-16 By ཁ་བརྡ་ 5 Comments on རྩོམ་པ་པོ་ཚོར་ལ་གཞས་ཤིག་བསྐུར་ཡོད།

ཚེ་རིང་དོན་འགྲུབ།

བྱ་ཁུ་བྱུག་ནགས་ན་མེད་གི།
བྱ་ཁུ་བྱུག་ནགས་ན་ཡོད་ན།།
དགོང་ཕྱི་དྲོར་ཤིང་རྩེར་འབབ་བ།།
ནངས་སྔ་མོར་ཐེངས་གསུམ་གྲག་ག།
ངས་མེད་གི་ཟེར་དོན་དེ་རེད།།

དེ་ལས་མང་བ་། “རྩོམ་པ་པོ་ཚོར་ལ་གཞས་ཤིག་བསྐུར་ཡོད།” »

སྙན་ངག

Posts pagination

Previous 1 … 252 253 254 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme