Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་ཚེས་ ༢ ཉིན་མེར་བསྲེགས་གནང་བ་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ཀྱི་གནས་བསྡུས།

Posted on 2012-12-032012-12-04 By ཁ་བརྡ་ 2 Comments on ཕྱི་ཚེས་ ༢ ཉིན་མེར་བསྲེགས་གནང་བ་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ཀྱི་གནས་བསྡུས།

2012/12/2 ཉིན་བོད་མདོ་སྨད་འབོ་ར་ནས་དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་3ཡས་མས་སུ། རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱིས་ཁ་ཉིན་མེར་བསྲེགས་གནང་སའི་གཞི་མདོ་སྟེ་འབོ་ར་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་ཨང་རྟགས་213ཅན་སྟེང་འབོ་རའི་བརྡར་མདོ་སྡ་བའི་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག སྐབས་དེར་དགོན་པའི་གྲྭ་མང་དཔེ་ཁྲིད་སོགས་ཚོགས་འདུག་པ་དང་། གནས་ཚུལ་མཁོ་འདོན་པས་གསལ་བཤད་བྱས་པ་ལྟར་ན།

དེ་ལས་མང་བ་། “ཕྱི་ཚེས་ ༢ ཉིན་མེར་བསྲེགས་གནང་བ་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ཀྱི་གནས་བསྡུས།” »

གསར་འགྱུར།

ཏཱ་ལའི་བླ་མའི་མིག་ཆུ།

Posted on 2012-12-032012-12-04 By ཁ་བརྡ་ 20 Comments on ཏཱ་ལའི་བླ་མའི་མིག་ཆུ།

ནམ་མཁའ།

བོད་ཀྱི་གསར་གནས་ཁག་ནས་མཐོང་གསལ་ལ། ཏཱ་ལའི་བླ་མ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་པའི་སྐབས།རྒྱ་གར་གསར་འགོད་པ་ཞིག་གིས་ཏཱ་ལའི་བླ་མ་མཆོག་ལ་རང་ལུས་མེ་སྲེགས་སྐོར་གྱི་དྲི་བ་དྲིས་ཏེ།ཁོང་གིས་གསུངས་ལན་གནང་དུས་༼རང་ལུས་མེ་སྲེགས་ཀྱི་གནས་ཚུལ་གོ་ཐེངས་རེ་ལ་ང་རང་མིག་ཆུ་ཤོར་གྱི་འདུག༽ཞེས་བཀོད་འདུག་པས། དེ་ནི་ཡིན་དང་ཡིན།

དེ་ལས་མང་བ་། “ཏཱ་ལའི་བླ་མའི་མིག་ཆུ།” »

སྣ་ཚོགས།

ཁ་བརྡའི་བགྲོ་གླེང་། “རང་སྲེག་ཐད་ཅི་བྱ་ཅི་འགབ།”

Posted on 2012-12-032012-12-12 By ཁ་བརྡ་ 156 Comments on ཁ་བརྡའི་བགྲོ་གླེང་། “རང་སྲེག་ཐད་ཅི་བྱ་ཅི་འགབ།”

རང་སྲེག་ནི་བོད་མི་ཚོའི་སེམས་ལ་ཟུག་ཡོད། རང་སྲེག་གིས་བོད་ཀྱི་འཐབ་རྩོད་འདི་རྣམ་པ་གསར་པ་ཞིག་ལ་བསྐྱལ་ཡོད། སྲིད་སྐྱོང་བློ་བཟང་སེང་གེའི་བཀའ་ཤག་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་རང་སྲེག་གི་ལོ་ཟླ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་རྒྱུ་རེད། ཁ་བརྡའི་ངོས་ནས། “རང་སྲེག་ཐད་ཅི་བྱ་ཅི་འགབ།”ཅེས་པའི་ཁ་བྱང་ཐོག་ནས། རང་སྲེག་གི་གནད་དོན་དང་འབྲེལ་ནས་བོད་མི་སྒེར་པ་རེ་རེ་དང་ཡང་ན་བཀའ་ཤག་གིས་མཚོན་པའི་སྒྲིག་འཛུགས་ཁག་གིས་ཅི་བྱ་ཅི་འགབ་ཀྱི་ཐད་ལ་བགྲོ་གླེང་བྱེད་རྒྱུ་ཡིན། དུས་ཡུན་ནི་དེ་རིང་ནས་ཉིན་བཅུའི་རིང་བྱེད་རྒྱུ་ཡིན། བགྲོ་གླེང་གནང་ཕྱོགས་ཐད་ནས་ དགག་སྒྲུབ་ཀྱི་ཕྱོགས་གང་ཡིན་ཡང་བརྗོད་བྱ་དོན་ལ་དམིགས་པ་མ་གཏོགས་རྗོད་མཁན་གྱི་སྐྱེ་བོ་སྒེར་ལ་འཕྱ་སྨོད་ཀྱི་ཚིག་མི་འབྲི་བའི་རེ་བ་ཞུ་བ་ཡིན།

གསལ་བསྒྲགས།

ང་རང་ཐང་སྟོང་གི་དབྱིངས་སུ་འཁོར།

Posted on 2012-12-032012-12-03 By ཁ་བརྡ་ 2 Comments on ང་རང་ཐང་སྟོང་གི་དབྱིངས་སུ་འཁོར།

རས་པ།

༡

ངས་བྱེའུ་ཆུང་ཞིག་བཙན་ཐབས་ཀྱིས་གཡོག་ལ་བཀོལ་རྗེས
རང་ཉིད་ལ་གཤོག་པ་ཡོད་པའི་སྣང་བ་བཟུང
གཤོག་པ་ག་ལེར་བརྐྱངས་ཤིང
དབུགས་ནང་དུ་བཀག་ནས་ག་ལེར་སྣ་ཁུང་ལས་ཕྱི་རུ་བཏང
ང་རང་ཐང་སྟོང་གི་དབྱིངས་སུ་འཁོར  

དེ་ལས་མང་བ་། “ང་རང་ཐང་སྟོང་གི་དབྱིངས་སུ་འཁོར།” »

སྙན་ངག

ལྷ་ཁོ་སྒྲོལ་མར་སྤྲིངས་བའི་འཕྲིན་པ།

Posted on 2012-12-032012-12-03 By ཁ་བརྡ་ 4 Comments on ལྷ་ཁོ་སྒྲོལ་མར་སྤྲིངས་བའི་འཕྲིན་པ།

སོག་མདའ།
སེམས་སོང་ལགས། ངའི་སེམས་ཀྱི་ཟབ་ས་ནས་ཁྱེད་རང་མི་འདོད་བཞིན་གནས་ལ་བརྗངས་བའི་ཉིན་མོ་ནས། ངའི་ཡ་ཆུང་སྙིང་གི་ཁུག་སོ་ན་ཧ་ཅང་ལྗིད་དྲག་པའི་ནད་གཞི་ཞིག་གི་མནར་སོང་ལ། དེ་ནས་བཟུང་རྒྱ་མཚོའི་གླིང་ཕྲན་སྟེང་གཅིག་པུར་ལུས་པའི་མི་བུ་དེ་ལས་ཀྱང་སྐྱོ་བའི་ང་། ངའི་ཡོད་ཚད་ཤོར་བའི་སེམས་པ་དེ་ཇི་འདྲའི་སྐྱོ་ཨང་། མཚམས་རེ་རེས་རང་གིས་རང་ལ་ལས་བདའ་བྱེད་བཞིན། ཁྱེད་རང་ཀྱི་ཅིའི་ཕྱིར་ཁོ་མོ་ཁྲིད་ནས་ས་ཆ་གཞན་ཞིག་ལ་མི་འབྲོ་འམ་ཞེས་པའི་དྲི་ཚིག་བཀོད་མྱོང་ལ།

དེ་ལས་མང་བ་། “ལྷ་ཁོ་སྒྲོལ་མར་སྤྲིངས་བའི་འཕྲིན་པ།” »

སྙན་ངག

མགོ་ལོག་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ།

Posted on 2012-12-032012-12-03 By ཁ་བརྡ་ 9 Comments on མགོ་ལོག་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ།

དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༧།༡༠ ཡས་མས་སུ་མགོ་ལོག་པདྨ་རྫོང་ནས་བོད་མི་ཞིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནང་སྐུ་གྲོངས་ཡོད་པའི་ཛ་དྲག་གནས་ཚུལ་ཐོན་འདུག

ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན་དེ་རིང་དགོང་མོའི་བོད་ནང་གི་དུས་ཚོད་ ༧།༤༥ ཡས་མས་སུ་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་གྲྭ་བ་རང་ལོ་ ༢༩ ཡིན་པ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ལས་མང་བ་། “མགོ་ལོག་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ།” »

གསར་འགྱུར།

དྲི་བས་འདེད་ཀྱིན་འདུག

Posted on 2012-12-03 By ཁ་བརྡ་ 4 Comments on དྲི་བས་འདེད་ཀྱིན་འདུག

རྨེའུ་དཀོན་རྒྱམ།

གཞིས་བཞུགས་བོད་མི་རྣམས་ཀྱིས། བོད་ཀྱི་རིག་གཞུང་སྙིང་དོན་ཉམས་སུ་བླངས་ཤིང་། མི་རིགས་ལར་ཞེན་གྱི་སྙིང་སྟོབས་དང་ཆོད་སེམས་དེ། སྐྱབས་བཅོལ་བོད་མི་རྣམ་པའི་སྙིང་ཁམས་སུ་སིམ་རན་པའི་དུས་སུ་བབས་སོང་ལ། མཉམ་རུབ་ཀྱིས་སྡེབ་ལངས་བྱེད་རན་པའི་དུས་ཚོད་ཀྱང་ཐོན་སོང་།

དེ་ལས་མང་བ་། “དྲི་བས་འདེད་ཀྱིན་འདུག” »

སྣ་ཚོགས།

སང་ཉིན་ཁ་བ་འབབ་སྲིད། (ཚན་པ་གཉིས།)

Posted on 2012-12-032012-12-03 By ཁ་བརྡ་ No Comments on སང་ཉིན་ཁ་བ་འབབ་སྲིད། (ཚན་པ་གཉིས།)

གཅན་འོད་འབར།

ས་རྡུལ་གྱིས་འཐུམ་པའི་གནམ་ས་འདིའི་བར་དུ་འགྲེང་ནས།

རྐང་འོག་ན་ཕྱོགས་པའི་སྡོང་ལོའི་སྐྱོ་གླུ་ལ་ཉན་ན།
སང་ཉིན་ཡང་དེ་རིང་ལྟར།
རི་བོ་དེ་ཚོ་སྐྱ་སོབ་སོབ་ཀྱིས་འགྱིང་ཞིང་།
ཆུ་མོ་དེ་དག་སྔོ་ལྡེམ་ལྡེམ་གྱིས་བཞུར་པ་ལས།
ཐལ་མདོག་གི་གནམ་ས་འདི་ལ།
དཀར་ནག་གི་འགྱུར་ལྡོག་ཅིག་ཡོད་མི་ངེས་སྙམ་མོད།

དེ་ལས་མང་བ་། “སང་ཉིན་ཁ་བ་འབབ་སྲིད། (ཚན་པ་གཉིས།)” »

སྙན་ངག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ཀྱི་འདྲ་པར་དང་གནས་ཚུལ་ཁ་སྣོན།

Posted on 2012-12-022012-12-02 By ཁ་བརྡ་ 1 Comment on རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ཀྱི་འདྲ་པར་དང་གནས་ཚུལ་ཁ་སྣོན།

ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༢ ཉིན་བོད་ནས་གནས་ཚུལ་འབྱོར་བར། ཕྱི་ཟླ་༡༡ ཚེས་༣༠ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་གཟའ་རུའི་དཀོན་མཆོག་སྐྱབས། རང་ལོ་༢༩ ཡིན་པ་ཁོང་ཕྱི་ཟླ་༡༢ ཚེས་༡ ཉིན་གྱི་དགོང་མོ་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་འདས་གྲོངས་སུ་གྱུར་ཡོད་ཀྱང་། ཁོང་གི་རུས་ཐལ་ཞིག་མ་གཏོགས་སྐུ་ཕུང་ནང་མིར་ཕྱིར་སྤྲད་མེད་པ་དང་།

དེ་ལས་མང་བ་། “རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ཀྱི་འདྲ་པར་དང་གནས་ཚུལ་ཁ་སྣོན།” »

གསར་འགྱུར།

རྒྱལ་གཅེས་དཔའ་བོ་མཁའ་འབུམ་རྒྱལ་གྱི་མེར་སྲེག་གི་སྐུ་པར་ཁག་ཅིག་འབྱོར་བ།

Posted on 2012-12-022012-12-02 By ཁ་བརྡ་ 1 Comment on རྒྱལ་གཅེས་དཔའ་བོ་མཁའ་འབུམ་རྒྱལ་གྱི་མེར་སྲེག་གི་སྐུ་པར་ཁག་ཅིག་འབྱོར་བ།

དཔའ་བོ་ན་ཆུང་དམ་པ་འདིའི་གནས་ཚུལ་སྔོན་ནས་ཐོན་ཟིན་པ་དང་། དེ་རིང་གཞི་ནས་སྐབས་དེའི་སྐུ་པར་ཁག་ཅིག་འབྱོར་བ་འདིར་བཀོད་ཡོད། རྡོ་རྗེ་དབང་ཕྱུག་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་བྱས་པ་འདི་ལྟར། “ཚེས་ ༡༥ ཉིན་གྱི་བོད་ནང་གི་ཆུ་ཚོད་བཅུ་གཅིག་ཡས་མས་ཤིག་ལ། རེབ་གོང་རྒྱལ་བོ་ཀླུ་ཆུའི་ཀླུ་ཆུ་ཐང་ནས་རེབ་གོང་རོང་པོའི་ཕྱོགས་སུ་ཡོང་སའི་ལམ་འཁེལ་ཁོང་གསེང་མདོ་ཟེར་བའི་ས་གནས་སུ། ཀླུ་ཆུ་སྡེ་བའི་ཆུ་ཅ་ནས་ཡིན་པ་མཁའ་འབུམ་རྒྱལ་ཞུ་བ་ཞིག་གི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག ཁོང་ནི་ཕ་རྟ་མགྲིན་རྒྱལ་དང་མ་སྒྲོལ་དཀར་མཚོ་གཉིས་ཀྱི་བུ་ཡིན་པ་དང་།

དེ་ལས་མང་བ་། “རྒྱལ་གཅེས་དཔའ་བོ་མཁའ་འབུམ་རྒྱལ་གྱི་མེར་སྲེག་གི་སྐུ་པར་ཁག་ཅིག་འབྱོར་བ།” »

གསར་འགྱུར།

སྲིད་སྐྱོང་མཆོག་ལ་དྲི་བ་དང་རེ་སྐུལ།

Posted on 2012-12-022012-12-02 By ཁ་བརྡ་ 12 Comments on སྲིད་སྐྱོང་མཆོག་ལ་དྲི་བ་དང་རེ་སྐུལ།

རྨེའུ་དཀོན་རྒྱམ།

༄། བཀུར་འོས་སྲིད་སྐྱོང་མཆོག

གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་ངོས་ནས། སྐུ་ལུས་མེར་སྲེག་གིས་རྒྱ་གཞུང་དང་བོད་ཐོག་ཏུ་འཛིན་གྱིན་པའི་གཏིང་ནག་སྲིད་བྱུས་རྩུབ་པོ་ལ། ཞི་རྒོལ་གྱི་སྙིང་སྟོབས་དང་ཆོད་སེམས་ཆེན་པོ་དེ་བོད་མདོ་དབུས་ཁམས་གསུམ་ན། ཇེ་འབར་དུ་འགྲོ་བཞིན་པའི་དུས་འདིར། སྐྱབས་བཅོལ་བོད་མི་རྣམས་ཚོས་འཐབ་རྩོད་བྱེད་སྟངས་ཀྱི་ནུས་ཤུགས་གཅིག་ཏུ་ཇི་ལྟར་སྤུངས་རྒྱུ་ཡིན་ནམ།

དེ་ལས་མང་བ་། “སྲིད་སྐྱོང་མཆོག་ལ་དྲི་བ་དང་རེ་སྐུལ།” »

སྣ་ཚོགས།

མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ

Posted on 2012-12-022012-12-02 By ཁ་བརྡ་ 8 Comments on མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ

གླུ་གཞས།

ཟླ་ ༣ ཚེས་ ༡༤ ཉིན་མདོ་སྨད་འབའ་རྫོང་ནས་ངོ་རྒོལ་སྐབས་གཅར་རྡུང་ཕོག་པ་ཞིག་འདས་གྲོངས།

Posted on 2012-12-022012-12-02 By ཁ་བརྡ་ 2 Comments on ཟླ་ ༣ ཚེས་ ༡༤ ཉིན་མདོ་སྨད་འབའ་རྫོང་ནས་ངོ་རྒོལ་སྐབས་གཅར་རྡུང་ཕོག་པ་ཞིག་འདས་གྲོངས།

མཁོ་འདོན་པ། ཁ་བ་སྐམ་པོ། འགོད་སྤེལ་སོང་བའི་གནས་ཚུལ་སྦྲེལ་ཐག་འདི་ན་ཡོད། 

པར།

རེ་འབོད་སེམས་ཀྱི་མར་ལོ།

Posted on 2012-12-012012-12-01 By ཁ་བརྡ་ 2 Comments on རེ་འབོད་སེམས་ཀྱི་མར་ལོ།

སོག་མདའ།

དམར་ཆུང་སྲོག་གི་རིན་ཆེན་ནོར་བུ་མེ་ལ་འབར་བའི་ཕུ་ནུ་ཡི།།
དཔའ་རྟགས་འཛིན་མའི་ཁྱོན་ན་གནས་པའི་བདེན་པའི་མེ་དཔུང་དམར་བོ་སྟེ།།

རུས་རྐང་ཚིག་པའི་མེ་ལྕེའི་ཁྲོད་ན་ད་དུང་སྐད་གསེང་མཐོར་སྒྲེང་དེ།།
གངས་རིའི་མགོན་པོ་རང་ཡུལ་ཕེབས་ནས་བོད་ཡུལ་ཞིང་ལ་རང་དབང་དགོས།།

དེ་ལས་མང་བ་། “རེ་འབོད་སེམས་ཀྱི་མར་ལོ།” »

སྙན་ངག

ཁྱེད་དྲན་གི་ཕ་མ་རྒས་ནས་ཡོད།

Posted on 2012-12-012012-12-01 By ཁ་བརྡ་ 4 Comments on ཁྱེད་དྲན་གི་ཕ་མ་རྒས་ནས་ཡོད།

རྫོགས་ཆེན་དོན་གྲུབ་རྡོ་རྗེ།

ས་ཐག་རིང་གཅིག་དང་ཐག་རིང་གཉིས།།
ས་ཐག་རིང་རྒྱ་གར་ལུང་པ་ན།།
ངའི་སེམས་ཀྱི་ཡིད་བཞིན་ནོར་བུ་ཡོད།།
འདི་མ་མཇལ་ཡིད་སེམས་སྐྱོ་གི་ཡོད།།

དེ་ལས་མང་བ་། “ཁྱེད་དྲན་གི་ཕ་མ་རྒས་ནས་ཡོད།” »

སྙན་ངག

འཁྱམ་པོའི་སེམས་འགྱུ།

Posted on 2012-12-012012-12-01 By ཁ་བརྡ་ 1 Comment on འཁྱམ་པོའི་སེམས་འགྱུ།

ལུང་རྟོགས།

ཁ་བ་དཀར་པོ་ས་འཛིན་དབུ་རྩེར་འཁྱུད།།
ལོ་མ་ཐར་ཐོར་རླུང་བུས་ཕྱོགས་སུ་ཁྱེར།།
ངེས་གཏན་མེད་པའི་འཁྱམ་པོའི་སེམས་པ་འདི།།
དགུན་གྱི་ལྷག་རླུང་ཁྲོད་ན་འདར་སིག་སིག །

དེ་ལས་མང་བ་། “འཁྱམ་པོའི་སེམས་འགྱུ།” »

སྙན་ངག

འབར་བཞིན་པའི་བཙན་པོའི་སྙིང་སྟོབས།

Posted on 2012-12-012012-12-01 By ཁ་བརྡ་ 4 Comments on འབར་བཞིན་པའི་བཙན་པོའི་སྙིང་སྟོབས།

བཀྲ་ཤིས་དོན་འགྲུབ།

འགོ་བརྗོད།
བདག་གིས་ལོ་རྒྱུས་ཀྱི་སྐྱོ་གདུང་སྨུག་པོ་སྙིང་ཁོང་དུ་བསྐྱིལ་ཞིང
དཔའ་བོའི་རྟོགས་བརྗོད་རིང་མོ་དབྱངས་རྟར་དྲངས་ནས
སྙན་ཚིག་གི་རླབས་རྒྱུན་མ་འཇགས་ཀྱི་བར་དུ
སྦར་ཞིང་འབར་བའི་སྤུན་ཟླ་ཚོར་བསྟོད་གླུ་ལེན
བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་ཚོར་བསྟོད་གླུ་ལེན

དེ་ལས་མང་བ་། “འབར་བཞིན་པའི་བཙན་པོའི་སྙིང་སྟོབས།” »

སྙན་ངག

འཆར་ཤེལ་སྒང་གི་རྒྱབ་གཟུགས་དེ།

Posted on 2012-12-012012-12-01 By ཁ་བརྡ་ 3 Comments on འཆར་ཤེལ་སྒང་གི་རྒྱབ་གཟུགས་དེ།

ཁྲོ་གཏུམ།

ངས་མཐོང་སོང
སྐྱ་ཤེད་འདྲེས་བའི་སྐེ་དཀྲིས་རིང་བོ་དེའི་སྣེ་མོ་སྐྲ་ལོ་དང་ལྷན་དུ་རྒྱབ་ཤར་དཔྱངས་བ
གཡས་ལོག་གི་དཔྱི་མགོར་ལྷུང་པའི་པར་སྒམ་གྲུ་བཞི

དེ་ལས་མང་བ་། “འཆར་ཤེལ་སྒང་གི་རྒྱབ་གཟུགས་དེ།” »

སྙན་ངག

༸གོང་ས་མཆོག་དང་། ལམ་རིམ་ཆེན་མོ། ད་དུང་མང་ཚོགས།

Posted on 2012-12-012012-12-01 By ཁ་བརྡ་ 3 Comments on ༸གོང་ས་མཆོག་དང་། ལམ་རིམ་ཆེན་མོ། ད་དུང་མང་ཚོགས།

ཤིང་ལོ།

ལྷ་མི་ཡི་རྣམ་རོལ་འགྲོ་བའི་མགོན་པོ།།
མགོན་བླ་མ་ཀུན་གྱི་གཙུག་གི་ནོར་བུ།།
ཞལ་འཛུམ་མདངས་ཉི་མའི་གུར་ཁྱིམ་གསལ་ཞིང་།།
གསུང་ཆོས་དུང་རང་སྒྲ་ལྷོད་ཀྱིས་འཁྲོལ་སོང་།།

དེ་ལས་མང་བ་། “༸གོང་ས་མཆོག་དང་། ལམ་རིམ་ཆེན་མོ། ད་དུང་མང་ཚོགས།” »

རྩོམ་རིག

སེམས།

Posted on 2012-11-302012-12-01 By ཁ་བརྡ་ 2 Comments on སེམས།

ཐང.བདེ་མོ།

ཅི་ཙམ་བཙལ་ཀྱང
སུས་ཀྱང་རྙེད་མ་མྱོང་བ་དེ་ང་ཡིན

ཇི་ལྟར་དཔྱད་ཀྱང
ངའི་ཕྱི་ནང་གསང་གསུམ་གང་དུའང་བདེ་སྐྱིད་ཟེར་བ་ཞིག་མེད་དེ
འཁོར་བའི་ཕུན་ཚོགས་ཀྱི་སྙིང་བོ་རྡོག་རྡོག་དེ་ང་ཡིན་པས་སོ

དེ་ལས་མང་བ་། “སེམས།” »

སྙན་ངག

Posts pagination

Previous 1 … 234 235 236 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme