Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེ་བཙུན་གཡུ་ཐོག་པའི་བླ་མའི་རྣལ་འབྱོར་མདོར་བསྡུས།

Posted on 2013-01-252013-01-25 By ཁ་བརྡ་ 8 Comments on རྗེ་བཙུན་གཡུ་ཐོག་པའི་བླ་མའི་རྣལ་འབྱོར་མདོར་བསྡུས།

༄༅། །ན་མོ་རིགས་འདུས་བདེ་གཤེགས་རྡོ་རྗེ་འཆང་། །ཕྱོགས་བསྡུས་དཀོན་མཆོག་གསུམ་གྱི་དངོས། །བདག་གཞན་བྱང་ཆུབ་མ་ཐོབ་པར། །སྙིང་ནས་ཉེ་བར་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ལན་གསུམ་བརྗོད། ནམ་མཁས་ཁྱབ་པའི་སེམས་ཅན་རྣམས། །སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར། །རྩ་བ་གསུམ་གྱི་གོ་འཕང་མཆོག །མ་འཐོབ་བར་དུ་བསྒྲུབ་པར་བྱ། །ཞེས་སེམས་བསྐྱེད་ལན་གསུམ་བྱ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡན་ལག་བདུན་པ་བྱ།

དེ་ལས་མང་བ་། “རྗེ་བཙུན་གཡུ་ཐོག་པའི་བླ་མའི་རྣལ་འབྱོར་མདོར་བསྡུས།” »

རྩོམ་རིག

ནོར་གླིང་ས་གནས་མི་མང་གིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ།

Posted on 2013-01-252013-01-25 By ཁ་བརྡ་ No Comments on ནོར་གླིང་ས་གནས་མི་མང་གིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ།

བཀྲ་དོན་ནས།

ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་བོད་བསྟན་པ་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་མོས། སྨྲ་བརྗོད་རང་དབང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕེབས་དགོས་པ་སོགས་ཀྱི་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་མུས་བཞིན། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡  ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༦ པའི་འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་དང་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ།

དེ་ལས་མང་བ་། “ནོར་གླིང་ས་གནས་མི་མང་གིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ།” »

གསར་འགྱུར།

རྒྱ་རིགས་རྩོམ་པ་པོ་ཚོའོ་ཁྲང་ཆིན་ངོ་སྤྲོད། ཙ་ཡུས་ཕུན་ཚོགས།

Posted on 2013-01-252013-01-25 By ཁ་བརྡ་ 2 Comments on རྒྱ་རིགས་རྩོམ་པ་པོ་ཚོའོ་ཁྲང་ཆིན་ངོ་སྤྲོད། ཙ་ཡུས་ཕུན་ཚོགས།

དེང་རབས་བོད་ཀྱི་རྩོམ་པ་པོའི་ཁྲོད་དཔྱད་བརྗོད་རྩོམ་འབྲི་བ་ཁོང་ལྟ་བུ་མི་འབྱུང་དོན་ག་རེ་ཡིན་ནམ། 

ཚོའོ་ཁྲང་ཆིན་ལགས་ནི་དང་ཐོག་སྙན་ངག་གསར་རྩོམ་དང་། སྙན་གཞུང་ཉམས་ཞིབ་པ་ཞིག་ཡིན་ལ། སྤྱི་ལོ་༡༩༨༢ལོར་རྒྱ་ནག་ཤི་ལོན་ཅང་སློབ་གྲྭ་ཆེན་མོའི་(黑龍江大學)རྒྱ་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། མཐོ་སློབ་དེར་སྡོད་སྐབས་རྩོམ་རིག་ཚོགས་ཤོག<<ལམ་ཆེན་ཚོགས་ཤོག>>《大路社》ཞེས་པ་གསར་འདོན་སྣེ་ཁྲིད་དང་རྩོམ་སྒྲིག་པའི་ལས་འགན་བཞེས། སློབ་མཐར་ཕྱིན་རྗེས་<<ཧྲིན་ཀྲིན་ན་གཞོན་ཚོགས་ཤོག>>(深圳青年報)རྩོམ་སྒྲིག་པའི་ལས་འགན་བཞེས། སྤྱི་ལོ༡༩༨༧ལོར་<<ཧྲིན་ཀྲིན་ན་གཞོན་ཚོགས་ཤོག>>རྒྱ་གཞུང་གིས་བཀག་སྡོམ་བྱས་རྗེས། སྤྱི་ལོ་༡༩༨༨ལོར་རྩོམ་སྒྲིག་པའི་ལས་ཐོག་ནས་ཨ་རིར་སྐྱབས་བཅོལ་དུ་ཕྱིན།

དེ་ལས་མང་བ་། “རྒྱ་རིགས་རྩོམ་པ་པོ་ཚོའོ་ཁྲང་ཆིན་ངོ་སྤྲོད། ཙ་ཡུས་ཕུན་ཚོགས།” »

རྩོམ་རིག

གྲུ་ཟུར་གྱི་སྙན་ངག

Posted on 2013-01-242013-01-24 By ཁ་བརྡ་ 3 Comments on གྲུ་ཟུར་གྱི་སྙན་ངག

རྔ་བ་ཀུན་བཟང་སྒྲོལ་མ།
—-སྦྲ་ནག་ལ་བྲིས།

གློ་བུར་དུ་བབས་བྱུང་།
འོད་སྣང་དང་དྲོད་ཁོལ་མེད་པར་བབས་བྱུང་།
རྨི་ལམ་དང་མུན་ནག་གི་ཁམས་ནས་བབས་བྱུང་།
གོ་རིམ་མེད་ལ་ཐོག་མ་མེད་ལ་
ཐ་ན་ཅི་ཡང་མེད་པར་བློ་ལ་བབས་བྱུང་།
གོ་མེད་ཚོར་མེད་དུ་བབས་དོན་ཅི།

དེ་ལས་མང་བ་། “གྲུ་ཟུར་གྱི་སྙན་ངག” »

སྙན་ངག

རང་ལུས་མེར་སྲེག་ཐད་ལ་བསྒྲགས་པའི་རྒྱ་གཞུང་གི་ཡིག་ཆ་ཞིག

Posted on 2013-01-232013-01-23 By ཁ་བརྡ་ 6 Comments on རང་ལུས་མེར་སྲེག་ཐད་ལ་བསྒྲགས་པའི་རྒྱ་གཞུང་གི་ཡིག་ཆ་ཞིག

མཁོ་འདོན་པ། བསོད་ནམས། ཡིག་ཆ་འདི་ནི་བོད་མིའི་རང་ལུས་མེར་སྲེག་ཐད་ལ་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཟེར་བའི་སྐབས་སུ་དྲིལ་བསྒྲགས་བྱས་པ་ཞིག་རེད་འདུག

གསར་འགྱུར།

འགྲོ་བའི་ཉི་མ།

Posted on 2013-01-232013-01-23 By ཁ་བརྡ་ 7 Comments on འགྲོ་བའི་ཉི་མ།

ཚུལ་ཁྲིམས་ཟླ་བ།

སྙིང་རྗེའི་དབང་ཕྱུག་བསྟན་འཛིན་རྒྱ་མཚོ།།
རིང་བའི་སྤྱན་གྱི་འོད་ཞགས་ཟླུམ་པོས།།
དད་པའི་རྗེས་འགྲོ་གངས་ཅན་པ་ཡི།།
སྡུག་གི་མུན་པ་སེལ་རོགས་གནང་ཞིག།

གངས་རིའི་ཨ་ཕ་བསྟན་འཛིན་རྒྱ་མཚོ།།
འཇམ་པའི་ཕྱག་གི་གཡབ་མོ་ཞིག་གིས།།
གོག་འགྲོས་བྱིས་པ་གངས་ཅན་བོད་ཀྱི།།
འཆོལ་བའི་གོམ་ཁ་བསྐྱོར་རོགས་གནང་ཞིག།

དེ་ལས་མང་བ་། “འགྲོ་བའི་ཉི་མ།” »

རྩོམ་རིག

མདོ་སྨད་འབོ་རའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེས་མེར་བསྲེགས་བཏང་སྐོར་གྱི་གནས་བསྡུས།

Posted on 2013-01-222013-01-24 By ཁ་བརྡ་ 20 Comments on མདོ་སྨད་འབོ་རའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེས་མེར་བསྲེགས་བཏང་སྐོར་གྱི་གནས་བསྡུས།


དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ སྟེང་། བོད་ཨ་མདོ་བླ་བྲང་འབོ་ར་རྒྱང་རིང་༼ཡུལ་སྐད་དུ་རྒྱ་ར༽སྡེ་བའི་དཀོན་མཆོག་སྐྱབས་སམ

དེ་ལས་མང་བ་། “མདོ་སྨད་འབོ་རའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེས་མེར་བསྲེགས་བཏང་སྐོར་གྱི་གནས་བསྡུས།” »

གསར་འགྱུར།

མ་ཡུམ་སློབ་གྲྭར་ལོག་པ། འཛུམ་ཆུང་བཀྲ་ཤིས།

Posted on 2013-01-222013-01-22 By ཁ་བརྡ་ 3 Comments on མ་ཡུམ་སློབ་གྲྭར་ལོག་པ། འཛུམ་ཆུང་བཀྲ་ཤིས།

མ་ཡུམ་སློབ་གྲྭར་ཐེངས་གཅིག་ལོག་པའི་ཚོར་སྣང།

རིང་ཐུང་སྙོམས་པའི་གཞུང་ལམ་ཕྲ་མོ་འཕྲུལ་རྟས་གཅོད་དུས་སྙིང་ན་དྲན་པའི་གདུང་བ་ཞིག །
ལྗང་མདོག་ཡལ་བའི་ཇ་ཤིང་ལོ་མ་མིག་ལ་མངོན་དུས་སེམས་ན་སྐྱོ་བའི་སྣང་བ་ཞིག །
ཡུན་རིང་བྲལ་བའི་ལྕགས་སྒོ་ཆེན་མོ་དལ་གྱིས་བརྒལ་དུས་ཡུལ་ལ་ལོག་འདྲའི་ཚོར་བ་ཞིག །
སྔར་ནས་འདྲིས་པའི་ཁོ་ར་ཁོར་ཡུག་ཡུན་གྱིས་མྱུལ་དུས་ཅུང་ཙམ་འགྱུར་བས་ཁེངས་བ་ཞིག །

དེ་ལས་མང་བ་། “མ་ཡུམ་སློབ་གྲྭར་ལོག་པ། འཛུམ་ཆུང་བཀྲ་ཤིས།” »

རྩོམ་རིག

དངོས་ཁམས་དང་སེམས་གཤིས་རིག་པའི་གྲུབ་དོན་གསར་བ། སེར་ཤུལ་རིན་ཆེན་དོན་གྲུབ།

Posted on 2013-01-222013-01-22 By ཁ་བརྡ་ 65 Comments on དངོས་ཁམས་དང་སེམས་གཤིས་རིག་པའི་གྲུབ་དོན་གསར་བ། སེར་ཤུལ་རིན་ཆེན་དོན་གྲུབ།

༸གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་༢༦པ་འབྲས་སྤུངས་ཆོས་སྒར་དུ་ཚོགས་པར་ལྟ་བ།

སྤྱི་ལོ་༢༠༡༣ ལོའི་ཟླ་༡ ཚེས་༡༧ ནས་༢༢ བར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ལོ་རྒྱུས་རང་བཞིན་ལྡན་པའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༢༦ པ་སྐོང་ཚོགས་གནང་། ཚོགས་འདུ་དེར་ཕེབས་མཁན་གྱི་མི་སྣ་གཙོ་བོ་ནི་ནུབ་ཕྱོགས་ཀྱི་དངོས་ཁམས་དང་ཀླད་རྩའི་ཚན་རིག་སྐོར་གྱི་མཁས་པ་འབུམ་རམས་པ་ཁག་ཅིག་དང་། ནང་པའི་གཞུང་ལུགས་རམས་འབྱམས་ལ་མཁས་པའི་དགེ་བཤེས་ལྷ་རམས་པ་དང་། ཕྱི་རྒྱལ་གྱི་མཐོ་སློབ་ཁག་ནས་འབུམ་རམས་པའི་མཚན་གནས་ཐོབ་པའི་ནང་པའི་མཁས་པ་དག་རེད།

དེ་ལས་མང་བ་། “དངོས་ཁམས་དང་སེམས་གཤིས་རིག་པའི་གྲུབ་དོན་གསར་བ། སེར་ཤུལ་རིན་ཆེན་དོན་གྲུབ།” »

རྩོམ་རིག

ནོར་གླིང་ས་གནས་བོད་རིགས་སེར་སྐྱ་མི་མང་གི་གདུང་སེམས་མཉམ་སྐྱེད་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

Posted on 2013-01-22 By ཁ་བརྡ་ No Comments on ནོར་གླིང་ས་གནས་བོད་རིགས་སེར་སྐྱ་མི་མང་གི་གདུང་སེམས་མཉམ་སྐྱེད་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

གསར་གནས་མཁོ་འདོན་པཿ བཀྲ་དོན།

སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡ ཚེས་ ༡༨ ཉིན་བོད་རྔ་པ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་མའི་ཕ་ཀྱོག་པོ་དང་མ་གཡང་མཚོ་གཉིས་ཀྱི་བུ་གྲུབ་མཆོག་གིས་རྒྱ་ནག་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་པར། ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས། ཚེས་ ༢༠ ཉིན་རེས་གཟའ་ཉི་མའི་དགོང་དྲོར། ནོར་གླིང་འདབས་འབྲེལ་འཆི་མེད་དགའ་ཚལ་གླིང༼ཁམས་སྤྲུལ་རིན་པོ་ཆེིའི་དགོན་པ༽དུ་མཆོད་འབུལ་སྨོན་ལམ་ཚུགས་ཡོད་པ་དང་།

དེ་ལས་མང་བ་། “ནོར་གླིང་ས་གནས་བོད་རིགས་སེར་སྐྱ་མི་མང་གི་གདུང་སེམས་མཉམ་སྐྱེད་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།” »

གསར་འགྱུར།

ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གི་ཡི་གེ

Posted on 2013-01-212013-01-21 By ཁ་བརྡ་ 28 Comments on ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གི་ཡི་གེ

བོད་སྒྱུར་བྱེད་མཁན། ཚངས་དབྱངས།

༄༄། །བཀུར་འོས་གྲོས་ཚོགས་སྔོན་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཧལ་རོ་ཇར་ (Hal Rogers)མཆོག་གི་དྲུང་དུ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནང་གི་གནད་དོན་འགའ་ཤས་ཐད་ལ་ང་རང་བློ་མི་བདེ་བ་ཡོང་ཞིང་། དེ་ཡང་འདི་ལྟར་ཡོང་བའི་རྒྱུ་མཚན་ནི། ངས་གྲོས་ཚོགས་ཀྱི་ཕྱི་སྲིད་ལྷན་ཚོགས་ཀྱི་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོའི་མིང་ཐོག་ནས་ལོ་གཉིས་རིང་ངེད་ཚོའི་རྒྱལ་སྤྱིའི་རླུང་འཕྲིན་མ་ལག་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་དང་འབྲེལ་བ་ཡོད།

དེ་ལས་མང་བ་། “ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གི་ཡི་གེ” »

འཕྲིན་ཡིག

ཕ་ཡུལ་གྲང་ངམ་དྲིས་པ།

Posted on 2013-01-212013-01-21 By ཁ་བརྡ་ 1 Comment on ཕ་ཡུལ་གྲང་ངམ་དྲིས་པ།

སྐྲན།

མིག་མེད་པའི་སྲིབ་འཁྱགས་ཀྱི་གངས་འཁྱགས་ཉལ་གདན་འདྲ་བ་ཞིག་ལ།
ངའི་ཕ་ཡུལ་གྱི་གནམ་གཤིས་གྲང་ངམ་དྲིས་དུས།
རང་བྱུང་ལ་རང་བྱུང་གླན་པས་ཕ་ཡུལ་ཧ་ཅང་འཁྱགས་ཟེར།
དྭངས་གཙང་ལ་ཉི་ཟེར་འཕྲོས་ཀྱང་ཕ་ཡུལ་ཧ་ཅང་འཁྱགས་ཟེར།

དེ་ལས་མང་བ་། “ཕ་ཡུལ་གྲང་ངམ་དྲིས་པ།” »

སྙན་ངག

ཝ་ར་ན་སིར་གསར་འགོད་ལྷན་ཚོགས་སྐོང་།

Posted on 2013-01-212013-01-21 By ཁ་བརྡ་ 2 Comments on ཝ་ར་ན་སིར་གསར་འགོད་ལྷན་ཚོགས་སྐོང་།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།

ཕྱི་ཚེས་༢༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གནས་མཆོག་ཝ་ར་ན་སིར་འབྱོར། བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ཝར་ནའི་སཱ་ར་ན་ཐའི་བོད་དགོན་པར་བཞུགས་པའི་གདན་ས་གསུམ་གྱི་དགེ་འདུན་པས་བླ་མ་མཆོད་པ་དང་འབྲེལ་བའི་ཚོགས་མཆོད་གྱི་སྒོ་ནས་མཆོད་འབུལ་སྨོན་ལམ་གནང་། ས་གནས་དཔོན་རིགས་ཁག་ཅིག་ལ་ཞུ་གཏུགས་ཀྱི་སྙན་ཞུ་སོགས་ཕུལ་ཏེ་བོད་ནང་གི་ཛ་དྲག་གི་དཀའ་ངལ་སྐོར་ཞུས།

དེ་ལས་མང་བ་། “ཝ་ར་ན་སིར་གསར་འགོད་ལྷན་ཚོགས་སྐོང་།” »

གསར་འགྱུར།

གལ་ཆེའི་གསལ་བསྒྲགས།

Posted on 2013-01-212013-01-21 By ཁ་བརྡ་ 17 Comments on གལ་ཆེའི་གསལ་བསྒྲགས།

གནས་ཚུལ་མཁོ་འདོན་པ། རྫ་ཚེ་རིང་བཀྲ་ཤིས།

མཉམ་མེད་ཤཱཀྱ་སེང་གེའི་བསྟན་པའི་སྙིང་པོ་ཡོངས་ཁྱབ་ཏུ་ངོ་སྤྲོད་བྱ་བའི་ཕྱིར་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལས་འཆར་བཞིན་སྤྱི་ལོ་༢༠༡༣ཟླ་༣ཚེས་༡༥ཉིན་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་གསུམ་པ་འཚོགས་རྒྱུ་གཏན་འཁེལ་བྱས་ཡོད། ཚོགས་ཞུགས་པ་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་གྱི་ཚོགས་ཞུགས་དགེ་འདུན་པ་རྣམས་གཙོ་བྱས་པའི་ཐའེ་བཞུགས་བླ་གྲྭ་གང་མང་ཕེབས་གནང་ཐུབ་པའི་རེ་བ་ཞུ།

དེ་ལས་མང་བ་། “གལ་ཆེའི་གསལ་བསྒྲགས།” »

གསལ་བསྒྲགས།

གྲྭ་པ་བཞི་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ།

Posted on 2013-01-21 By ཁ་བརྡ་ 1 Comment on གྲྭ་པ་བཞི་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ།

ཕྱི་ལོ་༢༠༡༣ ཟླ་༡ ཚེས་༢༠ ཉིན་བོད་ནས་གནས་ཚུལ་འབྱོར་བར། བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་གཞིམ་གོན་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་བློ་བཟང་སེང་གེ། རང་ལོ་༡༩ ཡིན་པ་ཁོང་ལ་འདི་ཟླའི་ཟླ་དཀྱིལ་ཞིག་ལ་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་༢ དང་། རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་སྤོད་ས་ཁེར་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་ཨ་སྲུང་། རང་ལོ་༢༢ དང། ཁོང་ལ་ལོ་༢ དང་ཟླ་༦ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་ལས་མང་བ་། “གྲྭ་པ་བཞི་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ།” »

གསར་འགྱུར།

རྣལ་འབྱོར་ངའི་དགའ་མ། ལོག་སྨྲ་ཚར་གཅོད།

Posted on 2013-01-212013-01-21 By ཁ་བརྡ་ 18 Comments on རྣལ་འབྱོར་ངའི་དགའ་མ། ལོག་སྨྲ་ཚར་གཅོད།

བྱམས་པས་བརླན་ཡང་ཡེ་ཤེས་མེ་ཡིས་ནག་པོའི་རྩ་ལག་བསྲེགས་མཛད་མ།།
སྡང་སེམས་མེད་ཀྱང་མ་རུང་དགྲ་ལ་ནས་འབྲུའི་མཆེ་བ་ཀུན་དུ་བརྩིགས།།
ཁྲོ་སེམས་དབེན་ཡང་ཁྲོ་གཉེར་སྨིན་མ་མཚམས་སུ་བསྡུས་པའི་ཁྲོ་མོ་ཁྱེད།།
དགའ་མ་མེད་ཀྱང་རྣལ་འབྱོར་ང་ནི་རྣལ་འབྱོར་མ་ལ་ཧ་ཅང་དགའ།།
སྤྲོས་བྲལ་ངེས་ཀྱང་ཁྱེད་ཀྱི་སྐུ་ལུས་རུས་པའི་རྒྱན་གྱིས་སྤྲོས་མཛད་མ།།

དེ་ལས་མང་བ་། “རྣལ་འབྱོར་ངའི་དགའ་མ། ལོག་སྨྲ་ཚར་གཅོད།” »

སྙན་ངག

གནམ་ལོ་གསར་ཚེས་བྱས་ན་བསམ། ། ཨེ་ཀྱེ་ཧོ།

Posted on 2013-01-21 By ཁ་བརྡ་ 9 Comments on གནམ་ལོ་གསར་ཚེས་བྱས་ན་བསམ། ། ཨེ་ཀྱེ་ཧོ།

 

དེ་ལས་མང་བ་། “གནམ་ལོ་གསར་ཚེས་བྱས་ན་བསམ། ། ཨེ་ཀྱེ་ཧོ།” »

སྙན་ངག

༼དྲན་སྟངས་ཤིག ༽ མི་ཉག་དུང་བརྡ།

Posted on 2013-01-21 By ཁ་བརྡ་ 2 Comments on ༼དྲན་སྟངས་ཤིག ༽ མི་ཉག་དུང་བརྡ།

ང་དང་ཐོག་ཁྱོད་ལ་ཐུག་པ་འདི།

ཁྱོད་ང་དང་འཕྲད་པ་ཐོག་མ་ཡིན།
འདི་ལ་བཀོད་སྒྲིག་གི་མི་ཁ་མེད་ལ།
སྟེས་དབང་དང་ལས་དབང་གི་དཀྲོགས་གཏམ་བཤད་མཁན་ཀྱང་དེ་བས་མེད།
འདི་ནི་ཕལ་ཆེར   སེམས་པ་དང་སེམས་པ་ཞིག་གི་ཐུག་སྟངས་ཤིག་ལོས་ཡིན།
 

དེ་ལས་མང་བ་། “༼དྲན་སྟངས་ཤིག ༽ མི་ཉག་དུང་བརྡ།” »

སྙན་ངག

ད་ལོའི་ལོ་སར་དུས་སྟོན་གཏོང་དགོས་མིན་ཐད་ལ་བསམ་ཚུལ། བྱམས་བརྩེ་འོད་སྣང་།

Posted on 2013-01-202013-01-21 By ཁ་བརྡ་ 8 Comments on ད་ལོའི་ལོ་སར་དུས་སྟོན་གཏོང་དགོས་མིན་ཐད་ལ་བསམ་ཚུལ། བྱམས་བརྩེ་འོད་སྣང་།

སྤྲུལ་སྐུ་དབང་ཆེན།

བོད་ཕྱི་ནང་གཉིས་ཀ་ནས་ལོ་ངོ་ཁ་ཤས་ཤིག་ལ་ལོ་གསར་གྱི་དུས་སྟོན་མི་བྱེད་པའི་རྣམ་འགྱུར་ཞིག་བསྟན་པ་ཙམ་རེད་མ་གཏོགས་ད་ནས་བཟུང་བོད་ཀྱི་ལོ་གསར་དུས་སྟོན་དེ་རྩ་བ་ནས་གཅོད་ཀྱི་ཡིན་ལབ་པ་དང་མཇུག་བསྒྲིལ་བ་ཡིན་ཟེར་གྱི་ཡོད་པ་མ་རེད་བསམ། ལོ་གསར་བ་ཚེས་པ་ལ་ལོ་གསར་གྱི་དུས་སྟོན་བྱེད་པ་ནི་འཛམ་གླིང་སྤྱི་ལ་གཅིག་མཚུངས་སུ་ཡོད་པ་ཞིག་རེད་མ་གཏོགས་བོད་མིས་འཛམ་གླིང་ལ་མ་དར་བ་ཞིག་གསར་བཏོད་དང་གསར་རྙེད་བྱུང་བ་དེ་འདྲ་ཅི་མ་རེད།

དེ་ལས་མང་བ་། “ད་ལོའི་ལོ་སར་དུས་སྟོན་གཏོང་དགོས་མིན་ཐད་ལ་བསམ་ཚུལ། བྱམས་བརྩེ་འོད་སྣང་།” »

རྩོམ་རིག

གནས་མཆོག་རྡོར་གདན་དུ་རང་ལུས་མེར་བསྲེགས་ཆེད་ཆོས་ལུགས་ཁག་གིས་སྨོན་ལམ་གནང་།

Posted on 2013-01-202013-01-20 By ཁ་བརྡ་ 33 Comments on གནས་མཆོག་རྡོར་གདན་དུ་རང་ལུས་མེར་བསྲེགས་ཆེད་ཆོས་ལུགས་ཁག་གིས་སྨོན་ལམ་གནང་།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག་ཕྱི་ཚེས་༢༠ ཉིན་གྱི་ཞོགས་པར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ཉེར་བཞི་བ་འཚོགས་བཞིན་པ་དང་སྟབས་བསྟུན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། ཞི་ཆེན་རབ་འབྱམས་རིན་པོ་ཆེ། སྨན་གླིང་མཁན་རྩེ། རྣམ་གྲོལ་གླིང་ཇོ་ཀོང་རིན་པོ་ཆེ་སོགས་དབུ་བཞུགས་ཀྱིས་མཁན་བླ་འདུས་ཚོགས་བརྒྱད་སྟོང་ལྷག་དང་།

དེ་ལས་མང་བ་། “གནས་མཆོག་རྡོར་གདན་དུ་རང་ལུས་མེར་བསྲེགས་ཆེད་ཆོས་ལུགས་ཁག་གིས་སྨོན་ལམ་གནང་།” »

གསར་འགྱུར།

Posts pagination

Previous 1 … 218 219 220 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme