གསར་གནས་མཁོ་འདོན་པཿ བཀྲ་དོན།
སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡ ཚེས་ ༡༨ ཉིན་བོད་རྔ་པ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་མའི་ཕ་ཀྱོག་པོ་དང་མ་གཡང་མཚོ་གཉིས་ཀྱི་བུ་གྲུབ་མཆོག་གིས་རྒྱ་ནག་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་པར། ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས། ཚེས་ ༢༠ ཉིན་རེས་གཟའ་ཉི་མའི་དགོང་དྲོར། ནོར་གླིང་འདབས་འབྲེལ་འཆི་མེད་དགའ་ཚལ་གླིང༼ཁམས་སྤྲུལ་རིན་པོ་ཆེིའི་དགོན་པ༽དུ་མཆོད་འབུལ་སྨོན་ལམ་ཚུགས་ཡོད་པ་དང་། སྨོན་ཚོགས་སུ་འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་དང་། སྒྲོལ་མ་གླིང་གི་བཙུན་མ། ས་གནས་བོད་རིགས་མང་ཚོགས་བཅས་མི་གྲངས་བཞི་བརྒྱ་ཡས་མས་མཉམ་བཞུགས་ཐོག་རྒྱལ་གཅེས་དཔའ་བོ་གྲུབ་མཆོག་གིས་གཙོས་པའི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་གདུང་སེམས་མཉམ་སྐྱེད་ཆེད་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་ཚོགས་ཡོད་པའི་གསར་གནས་སུ།