བན་ལོག ༼འབྲུག་ཡུལ། ༽
ནམ་མཁར་དབང་བོའི་བདག་མོར།
ནམ་མཁའ་སྔོན་པོ་དེ་ཁྱེད་ཀྱི་རྒྱལ་ཁའི་འཕྲིན་བཟང་ཡིན་ནམ།
གྲིབ་གཟུགས་ནག་པོ་དེའང་ཁྱེད་ཚང་གི་ཐབ་ཀ་ཡིན་ནམ།
འདི་ལྟར་འདྲི་མི་ཕོད་པའི་དམ་ཚིག་དང་ཁ་ཕོ།
བན་ལོག ༼འབྲུག་ཡུལ། ༽
ནམ་མཁར་དབང་བོའི་བདག་མོར།
ནམ་མཁའ་སྔོན་པོ་དེ་ཁྱེད་ཀྱི་རྒྱལ་ཁའི་འཕྲིན་བཟང་ཡིན་ནམ།
གྲིབ་གཟུགས་ནག་པོ་དེའང་ཁྱེད་ཚང་གི་ཐབ་ཀ་ཡིན་ནམ།
འདི་ལྟར་འདྲི་མི་ཕོད་པའི་དམ་ཚིག་དང་ཁ་ཕོ།
རྔ་བ་ཀུན་བཟང་སྒྲོལ་མ།
ཀ་ཁའི་དབྱངས་རྟ་མ་ཐོས་གོང་
ས་མཐའ་སྐྱིད་སྡུག་མ་མྱོང་གོང་
མུན་ནག་གིས་འཇིག་རྟེན་མ་སྒྲིབ་གོང་
ཅི་འདྲའི་ཡིད་དུ་འོང་པ་ཞིག
བཀྲ་ཤིས་དོན་འགྲུབ།
___སེམས་དང་སྲོག་གི་ཚོགས་འདུ་ཐེ
ཐལ་རྡུལ་འཚུབ་མའི་ཀློང་ན་གཡེང་
ལྷོ་མཐའི་གདན་ས་དཔལ་ལྡན་འབྲས་སྤུངས།།
དགུན་རླུང་ལྡོམ་པོའི་འགྲོས་ལ་
ཤིང་ལོ་སྐམ་པོའི་ཤུལ་དུ་གཡུག་ཡོ
ཧི་མ་ལ་ཡའི་འཕྲུལ་སྨྱུག
༼སྐབས་འདིའི་༽འགས་གཏོར་ཆེན་མོའི་གཞུང་ལུགས་འདིའི་ཁུངས་ནི་ཨ་རིའི་གནམ་རིག་མཁས་པ་ཧ་བོས་ཤིན་ཏུ་ལེགས་པའི་རྒྱང་ཤེལ་སྤྱད་ནས་རྟོག་ཞིབ་བྱས་པའི་གྲུབ་འབྲས་དེ་ཡིན་༼པ་རེད།༽
ཁོང་གིས་རྒྱང་ཤེལ་བརྒྱུད་ནས་ལྟ་སྐབས་སྐར་ཚོགས་༼ཏེ་དགུ་ཚིགས་ཁྱིམ་རྒྱུད་༽ཡོད་ཚད་ཕན་ཚུན་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་དང༌། དེ་ཡང་རྒྱང་ཐག་ཇི་ཙམ་རིང་བ་དེ་ཙམ་གྱིས་ཤུགས་ཀྱང་ཆེ་བར་འདུག་ཟེར།
དེ་ལས་མང་བ་། “འགས་གཏོར་ཆེན་མོའི་ཁུངས་ཨ་རིའི་ཁས་པ་ཧ་བོ་ལ་གཏུག་པའི་སྐོར། (ཞར་བཀོད་གཅིག)” »
ཐེ་བོ་སངས་རྒྱས།
SOS རྒྱལ་སྤྱིའི་ཕྲུ་གུའི་ཁྱིམ་སྡེ།
འདིའི་འབྱུང་ཁུངས་ནི་ཕྱི་ལོ་༡༩༤༩ ལོར་ཧེར་མན་རྒྱེ་མི་ནེར་Hermann Gmeiner གྱིས་ཨའོ་སི་ཁྲི་རི་ཡའི་ཨིམ་སི་ཊིའི་རྫོང་Imst Austria དུ་གསར་འཛུགས་བྱས་པ་དང་། SOS (save our soul,ང་ཚོའི་སྲོག་སྐྱོབས)རྒྱལ་སྤྱིའི་ཕྲུ་གུའི་ཁྱིམ་སྡེ་ནི་ཕྱི་ལོ་༡༩༦༠ ལོར་དབུ་བརྙེས་ཏེ། ཧྥ་རན་སི་དང་། ལྗར་མི་ནེ། ཨི་ཏྲ་ལི་བཅས་ནང་ལས་ཁུངས་ཀྱི་གཞི་བཙུགས་པ་ནས་བཟུང་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་བསྐྱེད་བཏང་ཡོད།
གློག་ཀླད་སློབ་གླིང་གི་རྩོམ་སྒྲིག་པ། ཟངས་དཀར་ཚུལ་ཁྲིམས།
བོད་ཀྱི་སྐད་ཡིག་བརྒྱུད་ནས་གློག་ཀླད་དང་འབྲེལ་བའི་ཤེས་བྱ་སྦྱོང་ས།
གློག་ཀླད་སློབ་གླིང་དྲ་ཚིགས་ཀྱི་མདུན་ངོས།
དེ་ཡང་སྤྱི་ལོ་༢༠༡༣ ལོའི་ཟླ་༤ ་ཚེས་༡ ཉིན། གློག་ཀླད་སློབ་གླིང་དྲ་ཚིགས་ལེགས་འགྲུབ་ཀྱིས་ཤར་གཏོང་བྱས་ཡོད། དྲ་ཚིགས་འདི་ནི་ང་རང་མི་སྒེར་གྱི་མ་དངུལ་དང་ཁོམ་སྐབས་བེད་སྤྱོད་ཀྱིས་བཟོས་པའི་བོད་ཡིག་དྲ་ཚིགས་ཤིག་ཡིན་ལ། ཕྱིའི་རྣམ་པའི་ཐད་ནས་ཀློག་པ་པོར་སྟབས་བདེ་བ་གཙོ་བོར་བཟུང་ཞིང་། གསར་བཏོད་ཀྱི་ཆ་ཅུང་ཙམ་རེ་ཡོད། བརྗོད་གཞིའི་ཐད་ནས་ཆེད་ལས་རང་བཞིན་ཅན་ཏེ།
ཁ་སང་ཕྱི་ཚེས་༢༩ ཉིན་ཨ་རིའི་bbg watchཞེས་པའི་དྲ་དེབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལ་བསྐོ་བཞག་བྱས་ཡོད་འདུག འདི་ནི་འགན་འཛིན་ང་ཕོད་འཇིགས་མེད་ལགས་ལས་ཀ་ནས་ཕྱིར་འབུད་བྱས་པ་དེའི་ཚབ་ཏུ་བསྐོ་བཞག་བྱས་པ་ཞིག་ཡིན་འདུག ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལི་བྷེ་ལུ་ལགས་ཀྱིས་སྐབས་འདི་ལ་འདི་ལྟར་བྲིས་ཡོད་འདུག “(བསྟན་འཛིན་རྣམ་རྒྱལ་)ཁོང་གིས་སྐུ་ཚེ་གང་བོར་བོད་མིར་ཞབས་ཞུ་ཞུས་ཡོད་ཅིང་། ཁོང་གི་མཚན་མཐོང་ནི་སྐྱོན་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་རེད། ངས་འདི་ནི་རྨ་ཁ་གསོ་བའི་ཕྱོགས་སུ་ཤིན་ཏུ་ནས་སྨན་པ་ཞིག་དང་། འུ་ཐུག་ཐབས་ཟད་ཀྱི་ཁྲོད་གནས་པའི་བོད་མི་རྣམས་ལ་ཞབས་འདེགས་ཐད་དམིགས་རྒྱང་སོས་པ་ཞིག་སྤྲོད་པའི་རེ་བ་བྱེད་ཀྱིན་ཡོད།”ཞེས་བྲིས་ཡོད་འདུག གནས་ཚུལ་འདི་དྲ་དེབ་འདི་ན་འདུག
སོག་མདའ།
རིན་ཆེན་རྒྱུ་ཆའི་རིགས་ལས་སྐྱེ
རྒས་ཁོག་རྒད་པོའི་ལག་ན་འདྲེན་ཞི
མཐོན་པོ་གསེར་གྱི་ཁྲི་ལ་བཞུགས་
དམར་སེར་གོས་ཀྱིས་སྐུ་ལུས་གཡོགས་
ཚེ་རིང་བསམ་གྲུབ།
ཁོ་བོས་བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གྲོས་ཚོགས་སུ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་གསུངས་པ་དེ་ལ་རྩོམ་ཐུང་ཞིག་བྲིས་པ་ཡིན། དེའི་འཕྲོས་དོན་ལས་བརྩམས་ཏེ་སླར་ཡང་རྩོམ་ཐུང་ཞིག་འབྲི་དགོས་པར་མཐོང་། དེ་ཡང་གྲོས་ཚོགས་ནང་དུ་སྤྱིར་བཏང་གི་གནས་ཚུལ་ཐོག་ལ་སྒེར་གྱི་བསམ་ཚུལ་ལས་བསླངས་ཏེ་བགྲོ་གླེང་དང་གྲོས་ཆོད་ཁག་བཞག་ཆོག་གི་ཡོད། དེ་ནི་བཀུར་འོས་སྤྱི་འཐུས་རྣམ་པར་སྨྲ་བརྗོད་ཀྱི་རང་དབང་ཙམ་མ་ཡིན་པར།
དེ་ལས་མང་བ་། “གྲོས་ཚོགས་ནང་གི་རྒྱབ་སྐྱོར་དང་བསམ་ཚུལ་གྱི་ཁྱད་པར།” »
མཁོ་སྤྲོད་པ། མེ་སཱོར་ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
ཟླ་འདིའི་ཚེས་༢༩ ནས་༣༡ བར་གྱི་ཉིན་གསུམ་རིང་བཙན་བྱོལ་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྡེ་ཚན་ནས་རྒན་ཚེ་ལྷ་ལགས་འདི་གར་རྒྱ་གར་ལྷོ་ཕྱོགས་མེ་སཱོར་གྲོང་ཁྱེར་ཏུ་ཕེབས་ནས། བཙན་བྱོལ་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་གཙོས་བོད་ཀྱི་མཐོ་སློབ་སློབ་མ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སྲིད་ཇུས་གསར་པ་དང་།
དེ་ལས་མང་བ་། “མཐོ་སློབ་ཁག་ལ་ལྟ་ཞིབ་དང་སློབ་ཡོན་སྲིད་ཇུས་ངོ་སྤྲོད།” »
བན་ལོག ༼འབྲུག་ཡུལ༽
ནུབ་ཀྱི་རྒྱ་མཚོའི་འགྲམ་ནས།
ངས་ཉི་ནུབ་ཀྱི་བར་ཐག་མཇལ།
རྒོད་པོའི་གཤོག་རླབས་ནི་ཇི་འདྲའི་ཡིད་དུ་འོང་།
གཡས་གཡོན་གྱི་གཅེར་གཟུགས་ནི་ཇི་འདྲའི་སྙིང་རེ་རྗེ།
འོས་སྦྱོར་བ། རྫོགས་ཆེན་ཟླ་བ། ༼ཁ་བའི་མེ་ཏོག༽ཅེས་པའི་དུས་དེབ་གསར་བ་ཞིག་མི་འགྱང་བར་འཇིག་རྟེན་འདིའི་འཚུབ་མ་འཚུབ་ཀྱི་ཀྱག་ཀྱོག་བརྒྱུད་དེ། གངས་རིའི་པང་དང་གཙང་པོའི་ཁར་བཞད་རྒྱུ་རེད་ཅེས་པའི་བརྡ་གསར་ཕོ་ཉ་ཞིག་དྲྭ་ལམ་བརྒྱུད་ནས་སའི་གྲུ་ཟུར་ཀུན་གཏམ་བཟང་གིས་ཁྱབ་ནས་འདུག གྲོགས་པོ་ཚོ། ལྟོས་དང་། ཤོག་དང་། ང་ཚོས་༼ཁ་བའི་མེ་ཏོག་༽གི་མཛེས་སྡུག་དང་། དེས་ཁུར་བའི་དགའ་སྐྱོའི་ཚོར་རིས་སེམས་དང་སེམས་པས་མྱོང་དུ་འགྲོ།
དཔལ་བཟང་། ལྡི་ལི་གཞིས་སྒར་བསམ་ཡས་གླིང་།
བལ་གཞུང་འདི་སྤྱི་ཡོངས་ཀྱིས་རྒྱ་ནག་གི་ཞིང་ཆེན་གཉིས་པ་ལྟ་བུ་ཞིག་རེད་འདུག ལྷག་པར་དུ་རྒྱ་གཞུང་གི་གསང་ཉུལ་བ་དང་སྤྱི་ཚོགས་གཏོར་རླག་པ་གང་མང་ཞིག་ཀྱང་འདུས་སྡོད་བྱེད་སའི་ལྟེ་བ་ཞིག་རེད། ཕྱི་ལོ་༢༠༠༨ ནས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་གྱི་གཞི་རིམ་མང་ཚོགས་ཀྱིས་བློས་གཏོང་ཆེན་པོས་གཞི་རྒྱ་ཆེ་བའི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ཀྱང་རིམ་གྱིས་ཁོང་ཚོ་ལའང་དཔལ་འབྱོར་གྱི་རྒྱབ་སྐྱོར་མེད་ཁར་གཅིག་རྒྱབ་གཉིས་གནོན་གྱིས་དྲང་བདེན་གྱི་འཐབ་རྩོད་བྱེད་རོགས་མེད་པ་དང་།
དེ་ལས་མང་བ་། “བལ་ཡུལ་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་སྐུ་ཕུང་གསང་བའི་ཐོག་ནས་བསྲེགས་འདུག” »
ཤར་ཕྱོགས་འོད་སྣང་།
དྲང་སྲོང་བདེན་པར་སྨྲ་བ་རྣམས་ལ་ཕྱག་འཚལ་ལོ།།
ཡང་དག་ལེགས་པའི་ལམ་དུ་འདྲེན་པར་དཀའ་ཡང་།།
ལེགས་མིན་གཡོ་སྒྱུའི་བྱུས་ཀྱིས་ལོག་པའི་ལམ་ན།།
རྣམ་ཀུན་འཁྲིད་པར་སླ་བའི་ལུས་ཅན་ཡོད་དགུ།།
དེ་རིང་དྲང་པོའི་གཏམ་ལ་རྣ་བ་བློགས་ཤིག།།
དེ་ལས་མང་བ་། “ཕྱི་ཟླ་བཞི་པའི་ཚེས་གཅིག་ (April-Fool) ཉིན་དོགས་ཟོན་གྱིས།” »
ཨ་རིག་དགེ་མཐོང་།
དེང་སང་གི་དུས་རབས་གསར་བའམ་བདུན་གསུམ་ཉེར་གཅིག་གི་ནང་དུ་བརྡ་འཕྲིན་དང་ཚན་རིག་དར་རྒྱས་ཕྱིན་ཏེ་སའི་གོ་ལ་ཟླུམ་པོ་འདི་ཇེ་ཆུང་དུ་འགྲོ་བཞིན་པ་དང་། ལག་འཕྲིན་ཁ་པར་དང་གློག་ཀླད་དམ་བརྩིས་འཁོར་དམངས་ཁྲོད་ཀྱི་མི་རྣམས་ཀྱིས་བཀོལ་སྤྱོད་བཏང་བ་ལ་བརྟེན། ཤར་ནུབ་ཀྱི་རྒྱལ་ཁབ་གང་ཞིག་གི་མི་དང་ཐད་ཀར་འབྲེལ་འདྲིས་དང་ཁོར་ཡུག་གི་གནས་སྟངས་བཅས་རྒྱུས་ཡོད་དུ་གྱུར།
སེར་ཤུལ་རིན་ཆེན་དོན་གྲུབ།
སྤྱི་ལོ་༢༠༡༢ ལོའི་ཟླ་༡༡ པའི་ཚེས་༣༡ ནས་ཟླ་༡༢ པའི་ཚེས་༣ བར་དུ་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཕྱི་རྒྱལ་ནས་ཆེད་དུ་གདན་ཞུས་བྱས་པའི་ཚན་རིག་གི་ཆེད་མཁས་པ་ཁག་ཅིག་དང་བོད་ཀྱི་ཚན་རིག་ཆེད་སྦྱོང་གི་སློབ་ཐོན་པ་ཁག་ཅིག་དང་མཉམ་དུ་དངོས་ཁམས་ཚན་རིག་གི་ནང་ཚན་(སྣོད་བཅུད་རྟེན་འབྲེལ་རིག་པའི)་སྐོར་གྱི་ཟབ་སྦྱོང་ཞིག་ལ་ཞུགས་པའི་སྐལ་བ་བྱུང་། ཐེངས་འདིའི་ཟབ་སྦྱོང་དེ་ནི་གདན་ས་ཁག་གི་དགེ་འདུན་པ་ཚོར་ཆེད་དུ་ཚན་རིག་གི་ཟབ་སྦྱོང་སྤྲད་པ་ཐེངས་བཞི་བ་དེ་རེད་འདུག
དེ་ལས་མང་བ་། “ཚན་རིག་དང་སེམས་གཤིས་ཀྱིས་གོ་ལར་བསྐྲུན་པའི་འཇིགས་སྔངས།” »
ཚེ་རིང་བསམ་གྲུབ། ཝཱཎ་མཐོ་སློབ།
བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་ཉིན་ཤས་སྔོན་བཙན་བྱོལ་བོད་མའི་གྲོས་ཚོགས་སུ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་གསལ་པོར་གསུངས། འོན་ཀྱང་བཀུར་འོས་སྤྱི་འཐུས་ཁོང་གི་རྩ་དོན་རང་བཞིན་ཅན་གྱི་བཀའ་མོལ་དེས་དཔལ་མཉམ་མེད་བཀའ་བརྒྱུད་པ་ཡོངས་རྫོགས་ཀྱི་བསམ་ཚུལ་མཚོན་གྱི་ཡོད་དམ་མེད། དེ་ནི་གལ་འགངས་ཤིན་ཏུ་ཆེ་བའི་གནད་འགགས་ཤིག་ཆགས་ཡོད།
བཀྲ་ཤིས་དོན་འགྲུབ།
འབྲུག་ཡུལ་ཟེར་ཡང་རི་བོ་མཐོན་པོ་ཙམ།།
རི་བོ་ཡོད་ཚད་ནྭགས་ཀྱིས་བཀབ་པ་ཙམ།།
ནྭགས་རི་ཁྱད་མཚར་མཐོན་པོ་མཐོན་པོ་དེ།།
དཔལ་ལྡན་འབྲུག་པའི་ཡུལ་གྱི་མཚན་ཉིད་ཡིན།།
བཞག་ལྡོམ་དར་རྒྱས་།
༄༄་།། སྐུ་ཞབས་གནམ་ལགས་མ་གཞི་མི་གཞན་
བསྟན་འཛིན་ཉིན་བྱེད།
ང་ལ་ཁམས་པའི་གྲོགས་པོ་འགའ་ཤས་ཡོ
ཁོང་ཚོ་ཚང་མ་ལོ་ཤས་སྔོན་བོད་ནས་
མང་ཆེ་བ་རྡ་ས་གསོག་སྒར་སློབ་གྲྭ
གཅིག་ཤོས་ནི་བོད་གཞུང་གི་ལྟེ་