Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇམ་ཐིང་ཐིང་གི་ཕ་ཡུལ།

Posted on 2013-04-04 By ཁ་བརྡ་ 1 Comment on འཇམ་ཐིང་ཐིང་གི་ཕ་ཡུལ།
ཟླ་བ་ཆོས་གྲགས། 
ཉིས་སྟོང་བཅུ་གསུམ་པའི་སྤྱི་ཟླ་བཞི་པའི་ཚེས་པ་གཅིག་ནས་བཟུང་ཡང་བསྐྱར་ཕྲན་རང་དྲྭ་ཐོག་གི་གཞི་བྱེས་འཕྲད་སོང་། ལོ་འདིའི་སྤྱི་ཟླ་གསུམ་པའི་ཟླ་མགོ་ཙམ་ནས་ངའི་ཕ་ཡུལ་དང་། གྲོང་ཚོ། ཡུལ་མི། གྲོགས་པོ།  ནང་མི་རྣམས་ལ་ཁ་པར་དང་། བརྡ་འཕྲིན། གློག་གླད་སོགས་ཀྱི་བེད་སྤྱོད་ཅི་ཡང་མེད་པར་ཁུ་སིམ་སིམ་དུ་གྱུར། ངས་ནམ་ཁོམ་ལ་ཁ་པར་ནང་དུ་ཁ་བྱང་ཡོད་པ་ཚོར་གཟུགས་བརྙན་དང་། འཕྲིན་ཐུང་། སྐད་ཆ་སོགས་གང་མང་བསྐུར་ཀྱང་འཇམ་ཐིང་ཐིང་ལས་ཅི་ཡང་མི་འདུག

དེ་ལས་མང་བ་། “འཇམ་ཐིང་ཐིང་གི་ཕ་ཡུལ།” »

སྣ་ཚོགས།

ཕུ་ཡི་གངས་རི་ཁྱོད།

Posted on 2013-04-04 By ཁ་བརྡ་ 1 Comment on ཕུ་ཡི་གངས་རི་ཁྱོད།

མེ་ཏོག་དཀར་པོ།
དགུན་གསུམ་འཁྱག་གིས་བསྡམ་ནས་ངལ་མ་སོང་ངམ། ཁྱོད་ད་དུང་ཁ་བའི་རས་དཀར་གྱོན་ནས་སྡུག་སྒོམ་རྒྱག་གི་ཡིན་ནམ།
ལྟོས་དང་།
མ་གི་མདའ་ཡི་མཚོ་དང་མཚེའུས་བག་ཁུམ་དང་སྒྱིད་ལུགས་དོར། གསར་གཏོད་དང་གསར་འདྲེན་གྱི་རང་བཞིན་གྱི་མར་ཁུ་འཐུང་ཏེ་འཁྱག་རོམ་བཏོར་ནས་ཉ་དང་ངང་པའི་བདེ་སྐྱིད་ལ་གསོན་དབུགས་སྟེར་གི་མིན་འདུག་གམ།
ད་དུང་ཉོན་དང་།

དེ་ལས་མང་བ་། “ཕུ་ཡི་གངས་རི་ཁྱོད།” »

སྣ་ཚོགས།

སྔགས་ལུཊ་ལ་སློབ་མས་འཇོན་ན་ཁྱི་སོ་ལའང་རིང་སྲེལ་འཁྲུངས་པའི་སྐོར།

Posted on 2013-04-032013-04-03 By ཁ་བརྡ་ 10 Comments on སྔགས་ལུཊ་ལ་སློབ་མས་འཇོན་ན་ཁྱི་སོ་ལའང་རིང་སྲེལ་འཁྲུངས་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

གསང་སྔགས་ལུགས་ཀྱི་བླ་མ་ལ་མཚན་ཉིད་གང་ཡང་ཚང་མི་དགོས་ཏེ།༼ཞེས་པའི་སུག་བྲིས་དེ་ཕྱོགས་རེ་བ་ཞིག་ངེས་ཏེ། བླ་མ་ལྔ་བཅུ་པ་ལས། བརྟན་ཅིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིན་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །ཞེས་པ་ལ་སོགས་པའི་ལུང་ཚིགས་རྣམས་མ་གཟིགས་པའི་ཕྱིར་རོ།།༽

དེ་ལས་མང་བ་། “སྔགས་ལུཊ་ལ་སློབ་མས་འཇོན་ན་ཁྱི་སོ་ལའང་རིང་སྲེལ་འཁྲུངས་པའི་སྐོར།” »

རྩོམ་རིག

ཁ་བྱང་མ་རྙེད་པའི་བཅད་རྩོམ།

Posted on 2013-04-032013-04-03 By ཁ་བརྡ་ No Comments on ཁ་བྱང་མ་རྙེད་པའི་བཅད་རྩོམ།

སོག་མདའ།

ཟག་བཅས་ཕུང་བོ་གཤེད་རེད་མ་གསུངས་རང་ལ་ཡོད་པའི་ལུས་རྟེན་རེད།།
རླུང་མཁྲིས་བད་ཀན་ནད་རེད་མ་གསུངས་མི་གཞི་འདི་ཡི་རང་བཞིན་རེད།།
སྐྱུགས་པའི་ཟ་མ་དུག་རེད་མ་གསུངས་སྔོན་ལ་ཟས་པའི་ཟས་མཆོག་རེད།།
ཁ་ཡི་སོ་དཀར་མང་གི་མ་གསུངས་སྣ་བུག་གཉིས་ཀྱི་འོག་རོལ་རེད།།

དེ་ལས་མང་བ་། “ཁ་བྱང་མ་རྙེད་པའི་བཅད་རྩོམ།” »

སྙན་ངག

༧གོང་ས་མཆོག་གིས་བོད་དོན་གསུངས་པ།

Posted on 2013-04-03 By ཁ་བརྡ་ 8 Comments on ༧གོང་ས་མཆོག་གིས་བོད་དོན་གསུངས་པ།

གསར་འགྱུར།

<<སྙན་ངག་རྒྱན་>>གྱི་ཚིགས་སུ་བཅད་པ་འགའ།

Posted on 2013-04-032013-04-03 By ཁ་བརྡ་ 1 Comment on <<སྙན་ངག་རྒྱན་>>གྱི་ཚིགས་སུ་བཅད་པ་འགའ།

མཛད་པ་པོ། རུ་དྲ་ཊ(रुद्रट)
སྒྱུར་བ་བོ། ཟླ་བ་གཞོན་ནུ།

<<काव्यालङ्कार>> <<སྙན་ངག་རྒྱན།>>
སྙན་དངགས་ལེགས་པ་ངེས་སྦྱོར་བས།། ཕུན་ཚོགས་སྡེ་བཞིར་མཁས་བྱེད་ཅིང་།།
སྒྱུ་རྩལ་ལ་ཡང་དགའ་བ་དང་།། གྲགས་པའང་རབ་ཏུ་སྦྱིན་པར་བྱེད།།༢

དེ་ལས་མང་བ་། “<>གྱི་ཚིགས་སུ་བཅད་པ་འགའ།” »

འགྱུར་རྩོམ།

གྱི་ཚིགས་སུ་བཅད་པ་འགའ།

Posted on 2013-04-03 By ཁ་བརྡ་ No Comments on གྱི་ཚིགས་སུ་བཅད་པ་འགའ།

མཛད་པ་པོ། རུ་དྲ་ཊ(रुद्रट)
སྒྱུར་བ་བོ། ཟླ་བ་གཞོན་ནུ།

<> <>
སྙན་དངགས་ལེགས་པ་ངེས་སྦྱོར་བས།། ཕུན་ཚོགས་སྡེ་བཞིར་མཁས་བྱེད་ཅིང་།།
སྒྱུ་རྩལ་ལ་ཡང་དགའ་བ་དང་།། གྲགས་པའང་རབ་ཏུ་སྦྱིན་པར་བྱེད།།༢

དེ་ལས་མང་བ་། “གྱི་ཚིགས་སུ་བཅད་པ་འགའ།” »

འགྱུར་རྩོམ།

བུ་མོས་གཞལ་བ།

Posted on 2013-04-032013-04-03 By ཁ་བརྡ་ 3 Comments on བུ་མོས་གཞལ་བ།

སྐྱོ་བྲག་དགའ་དབང་།

གནམ་ས་ཕྱེད་བགོས་ཀྱི་བདག་པོ་མོ་རིགས་ཡིན་པའི་ཕྱིར་ན་བུད་མེད་རྣམས་ཀྱང་འགྲོ་བ་མིའི་རིགས་ཀྱི་གྲུབ་ཆ་གལ་ཆེན་དང་། སྤྱི་ཚོགས་ཀྱི་གནས་ཚུལ་འཇལ་བའི་ཉ་ག་ཟབ་མོ་ཡིན་པ་སྟེ། བུད་མེད་ཀྱི་བྱམས་སྐྱོང་ལ་དཔགས་ཏེ་ཁྱོ་གའི་གཤིས་རྒྱུད་བཟང་ངན་ཤེས་ཤིང། བུད་མེད་ཀྱི་རྒྱན་གོས་ཉེར་སྤྱོད་ལ་དཔགས་ཏེ་སྤྱི་སྒེར་གྱི་དཔལ་འབྱོར་གནས་བབས་དང་། བུད་མེད་ཀྱི་ཐོབ་ཐང་ལ་དཔགས་ཏེ་སྤྱི་ཚོགས་ཀྱི་རང་དབང་གནས་བབས་དང་།

དེ་ལས་མང་བ་། “བུ་མོས་གཞལ་བ།” »

སྣ་ཚོགས།

རྒྱ་བོད་འབྲེལ་མོལ་ཐད་ལ་ང་སྒེར་གྱི་བསམ་གཞིགས།

Posted on 2013-04-032013-04-03 By ཁ་བརྡ་ 2 Comments on རྒྱ་བོད་འབྲེལ་མོལ་ཐད་ལ་ང་སྒེར་གྱི་བསམ་གཞིགས།

མཁས་དབང་ཟླ་བ་ནོར་བུ། ཁང་གསར་ཀརྨ་བསྟན་འཛིན་གྱིས་བོད་སྒྱུར་བྱས།

དུས་དེབ་གཞན་ཞིག་ཏུ་(བོད་གནས་བསྐྱར་ཞིབ་དུས་དེབ་)ངས་རྒྱ་བོད་འབྲེལ་མོལ་གྱི་བརྒྱུད་རིམ་ལ་ཞིབ་འཇུག་བྱས་ཡོད་པ་དང། རྩོམ་ཡིག་འདིའི་ནང་དུ་རྒྱུ་ཆ་རྙིང་བཅོས་བསྐྱར་བཀོལ་བྱེད་དགོས་དོན་མི་འདུག དེའི་ཚབ་ཏུ་གལ་སྲིད་བོད་རྒྱ་འབྲེལ་མོལ་དེ་མགྱོགས་མྱུར་འགོ་འཛུགས་བྱས་ཚེ་དེའི་ནང་གི་སེལ་དགོས་པའི་དཀའ་ངལ་ཁག་གི་ཐོག་ལ་སོ་སོ་སྒེར་གྱི་བསམ་ཚུལ་རྣམས་བརྗོད་རྒྱུ་ཡིན། གཉིས་པར་ང་རང་གི་རྩོམ་ཡིག་ནང་དུ་དགོས་ངེས་ཅན་གྱི་ཉེ་འཆར་ཨ་རིའི་རྒྱ་ནག་འབྲེལ་བའི་སྲིད་བྱུས་འགྱུར་བ་ཕྱིན་པ་རྣམས་ཁ་སྐོང་བྱེད་རྒྱུ་ཡིན།

དེ་ལས་མང་བ་། “རྒྱ་བོད་འབྲེལ་མོལ་ཐད་ལ་ང་སྒེར་གྱི་བསམ་གཞིགས།” »

འགྱུར་རྩོམ།

རྒྱ་དཀར་ནག་གཉིས་དང་བོད་མི་རིགས་ཀྱི་སྤོབས་པ་ཡིན།

Posted on 2013-04-032013-04-03 By ཁ་བརྡ་ 3 Comments on རྒྱ་དཀར་ནག་གཉིས་དང་བོད་མི་རིགས་ཀྱི་སྤོབས་པ་ཡིན།

སྤྲུལ་འཁོར་སྐལ་བཟང་དོན་ལྡན།

རྒྱ་གར་འཕགས་པའི་ཡུལ་འདིར་ཆ་མཚོན་ན་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས། ས་གཤིས། ཐོན་ཁུངས། དཔལ་འབྱོར། མི་འབོར་སོགས་ཕྱོགས་གང་ནས་བལྟས་ཀྱང་ཆེས་ཧ་ཅང་གི་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཡིན། སྒོས་སུ་རྒྱ་གར་དུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྒྱལ་པོ་༸ སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་བཟུང་རིམ་པས་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱང་བོད་དུ་ས་དར་རྡོ་དར་དུ་ཁྱབ་སྤེལ་བྱུང་ཡོད།

དེ་ལས་མང་བ་། “རྒྱ་དཀར་ནག་གཉིས་དང་བོད་མི་རིགས་ཀྱི་སྤོབས་པ་ཡིན།” »

སྣ་ཚོགས།

དབུ་མའི་ལམ་གྱི་དྲི་རྟགས་བཀྲོལ་བ།

Posted on 2013-04-03 By ཁ་བརྡ་ 33 Comments on དབུ་མའི་ལམ་གྱི་དྲི་རྟགས་བཀྲོལ་བ།
   གཟུ་བ།
དབུ་མའི་ལམ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཡུན་རིང་ལག་ལེན་དུ་བསྟར་བའི་བོད་རྒྱའི་བར་གྱི་གནད་དོན་ཐག་གཅོད་བྱེད་པའི་སྲིད་ཇུས་ཀྱི་ལངས་ཕྱོགས་ཤིག་ཡིན། དུས་ཡུན་ངེས་ཅན་བརྒྱུད་པའི་ཁྲོད་དུ་རང་བཙན་གཙང་མ་གླེང་བའི་མི་སྣ་ཡང་གཏན་དུ་མེད་པ་མིན་མོད་དེ། ལངས་ཕྱོགས་འདི་ནི་ལོ་ངོ་བཅུ་ཕྲག་ཁ་ཤས་ཤིག་ཏུ་རྒྱུན་འཁྱོལ་བྱས་པ་ཞིག་ཡིན། དེ་ལྟ་ན་འདིའི་ཐད་དུ་བསམ་ཚུལ་རེ་ཟུང་ཡོད་པ་དག་ཁོལ་དུ་ཕྱུང་སྟེ་སྨྲ་བར་འདོད།

དེ་ལས་མང་བ་། “དབུ་མའི་ལམ་གྱི་དྲི་རྟགས་བཀྲོལ་བ།” »

དཔྱད་རྩོམ།

པཎ་ཆེན་སྐུ་ཕྲེང་བཅུ་པ་དྲན་པ།

Posted on 2013-04-03 By ཁ་བརྡ་ 10 Comments on པཎ་ཆེན་སྐུ་ཕྲེང་བཅུ་པ་དྲན་པ།

རེབ་ཐོག་མདའ།

ཀ་མད་སུམ་ཅུའི་འཆི་གསོན་དོན་དུ་རང་གི་སྐུ་སྲོག་རྒྱང་ལ་དོར།།
ཁ་བ་རི་པའི་མི་རབས་འདི་ལ་ལག་རྗེས་རི་ལྟར་སྤུངས་ཏེ་སོང་།།
ག་དུས་ཡིན་ཡང་བོད་པ་ཚང་ལ་ཤ་ཞེན་ཅན་གྱི་བླ་མ་ཁྱོད།།
ང་ཚོའི་སྙིང་ན་ཡིག་འབྲུ་བདུན་ཁྲིའི་ཚེ་སྲོག་ཇི་བཞིན་གསོན་པོར་ཡོད།།

དེ་ལས་མང་བ་། “པཎ་ཆེན་སྐུ་ཕྲེང་བཅུ་པ་དྲན་པ།” »

སྙན་ངག

དུས་བཞིའི་ཁུག་ན།

Posted on 2013-04-03 By ཁ་བརྡ་ No Comments on དུས་བཞིའི་ཁུག་ན།

རེབ་ཐོག་མདའ།

མི་བུ་བརྒྱ་ཁ་ཆེམས་དང་སྡེབ་ནས་མཆེད་བཞིན་པས
དམར་ལམ་ལམ་གྱི་ཁྱོད
ལོ་ཟླ་ཞིག་གི་ཧྲག་བར་ནས་འབར་དུས
ཁྱོད ངེད་ཚང་གི་སྦྲ་སྒོ་སྒུལ་བའི་མགྲོན་པོ་དེ་ཡིན་མི་འདོད་ལ
ཨ་མའི་ངོ་གདོང་གི་འཛུམ་ཆུང་
ཟ་མཁན་གྱི་མིག་ཆུ་དེ་ཡང་ཡིན་མི་འདོད

དེ་ལས་མང་བ་། “དུས་བཞིའི་ཁུག་ན།” »

སྙན་ངག

སྐྱོ་སྣང་ཞིག

Posted on 2013-04-02 By ཁ་བརྡ་ 32 Comments on སྐྱོ་སྣང་ཞིག

མེ་ཏོག་དཀར་པོ།

མི་ཚེ་འདི་མུ་ཏིག་གི་ཕྲེང་བ་འདྲ་བྱུང་། མཛེས་སྡུག་དང་རིན་ཐང་ཇི་ལྟར་ཆེ་ཡང་ཚེ་སྲོག་གི་སྐུད་པ་ཕྲ་མོ་འདི་ཉིན་ཞིག་ཆད་རྒྱུ་ཉག་གཅིག་ཡིན། ཀྱེ་མ། ཇི་འདྲའི་སྐྱོ་བ་ལ་ཨང་། གང་གི་ཚེ་ཨ་མའི་འོ་མ་མངར་མོ་དེ་དང་། ཨ་མའི་དྲོད་ལྡན་གྱི་པང་ན་སྐྱིད་པའི་དགའ་སྟོན་ལ་རོལ་བའི་ང་། ད་ནི་མི་ཚེའི་རྐེད་པར་སླེབས་ཟིན་འདུག མུ་ཏིག་གི་ཕྲེང་རྡོག་ཟད་འགྲོ་གིན་འདུག

དེ་ལས་མང་བ་། “སྐྱོ་སྣང་ཞིག” »

སྣ་ཚོགས།

རེབ་གོང་རྨ་ལྷོ་ཁུལ་གྱི་ཚགས་པར་སྟེང་དུ་སྤེལ་བའི་རྒྱ་གཞུང་གི་རྒོལ་གཏམ།

Posted on 2013-04-022013-04-02 By ཁ་བརྡ་ 24 Comments on རེབ་གོང་རྨ་ལྷོ་ཁུལ་གྱི་ཚགས་པར་སྟེང་དུ་སྤེལ་བའི་རྒྱ་གཞུང་གི་རྒོལ་གཏམ།

ཡིག་འགོད་དང་མཁོ་འདོན་པ། བསོད་ནམས།

༡༽ཏཱ་ལའི་བླ་མ་ཅིའི་ཕྱིར་རྒྱལ་ནང་དུ་ལོག་མི་ཐུབ་པ་གསལ་བོར་བཤད་དགོས།

དུས་ཡུན་རིང་བོ་ཞིག་ལ། ཏཱ་ལའི་ཚོགས་ཁག་གིས་རྣམ་པ་ཀུན་ཏུ་ཕྱོགས་གཉིས་ཀྱི་བྱེད་ཐབས་སྤྱད་པ་རེད། ཕྱོགས་གཅིག་ནི་རྒྱལ་སྤྱིའི་གར་སྟེགས་སྟེང་ཐེངས་མང་བུད་དེ། “བོད་རང་བཙན”བསྒྲགས་པ་དང་། རྒྱལ་སྤྱིའི་གླེང་བརྗོད་ལ་བརྟེན་ནས་ཀྲུང་དབྱང་སྲིད་གཞུང་ལ་གནོན་ཤུགས་བྱིན་ཏེ། “བོད་ལྗོངས་རང་བཙན་”གྱི་དམིགས་འབེན་འགྲུབ་པའི་རེ་བ་བཅངས། ཕྱོགས་གཞན་ཞིག་ནས་གྲོས་མོལ་རོལ་རྩེད་ལ་བརྟེན་ནས་ཀྲུང་དབྱང་སྲིད་གཞུང་དང་ཁ་བརྡ་བྱས་པ་དང་། དེ་ལ་བརྟེན་ནས་རང་ཉིད་ཇེ་མཐོར་བཏང་།

དེ་ལས་མང་བ་། “རེབ་གོང་རྨ་ལྷོ་ཁུལ་གྱི་ཚགས་པར་སྟེང་དུ་སྤེལ་བའི་རྒྱ་གཞུང་གི་རྒོལ་གཏམ།” »

གསར་འགྱུར།

བླ་མའི་གནང་བ་ཐོབ་ན་སློབ་མ་ལ་ཉམས་རྟོགས་ལྷུན་འགྲུབ་ཏུ་འབབ་པའི་སྐོར།

Posted on 2013-04-022013-04-02 By ཁ་བརྡ་ 3 Comments on བླ་མའི་གནང་བ་ཐོབ་ན་སློབ་མ་ལ་ཉམས་རྟོགས་ལྷུན་འགྲུབ་ཏུ་འབབ་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

དེའི་རྒྱུ་མཚན་གསང་སྔགས་ལུགས་ལ་བླ་མའི་གནང་བ་མ་ཐོབ་ན་སློབ་མ་ལ་ཉམས་ལེན་གྱི་ཐོབ་ཐང་མེད་ཅིང༌། བླ་མའི་གནང་བ་ཐོབ་ན་སློབ་མ་ལ་ཉམས་རྟོགས་ཀྱི་ཆར་པ་འབད་མེད་ལྷུན་འགྲུབ་ཏུ་འབབ་ཡོང་བ་ཡིན། གསང་སྔགས་༼ཀྱི་༽ལུགས་ལ་སྡིག་པ་ཆུ་ཡིས་འཁྲུ་རུང་ཞིང༌། སྡུག་བསྔལ་ཕྱག་གིས་སེལ་ཆོག་༼པའི་རྒྱུ་མཚན་ཡང་འདི་ལྟར་སྣང་སྟེ། དྭགས་བརྒྱུད་གྲུབ་པའི་མེ་ལོང་ལས། ཀླུའི་རྒྱལ་པོ་མ་དྲོས་པས་མཚེའུ་ཞིག་ཏུ་སྐྱེ་བ་བླངས་ནས།

དེ་ལས་མང་བ་། “བླ་མའི་གནང་བ་ཐོབ་ན་སློབ་མ་ལ་ཉམས་རྟོགས་ལྷུན་འགྲུབ་ཏུ་འབབ་པའི་སྐོར།” »

རྩོམ་རིག

གླིང་ཚ་གནང་ཉིན་ལྡི་ལིར་ཐོན་རྒྱུ་རེད།

Posted on 2013-04-022013-04-02 By ཁ་བརྡ་ 15 Comments on གླིང་ཚ་གནང་ཉིན་ལྡི་ལིར་ཐོན་རྒྱུ་རེད།

དེ་རིང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལྡི་ལིའི་ས་འབྲེལ་ soniqat ཞེས་པའི་ས་གནས་ལ་སླེབས་ཡོད་པ་དང་། དེ་རིང་ལྡིའི་མདོ་སྨད་ས་གནས་རྒྱུ་ལས་ཀྱི་ཚོགས་གཙོ་རྟ་མགྲིན་དང་རྩིས་པ་བྱམས་པ་གཉིས་ཁོང་ལ་ལྟ་བར་ཐོན་ཡོད་པ་དང་། དོ་ནུབ་ཁོང་དང་ལྷན་དུ་བསྡད་དེ་སང་ཉིན་ཕྱིར་ཆས་རྒྱུ་ཡིན་འདུག  ཉིན་ཤས་གོང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཁུར་བོ་ལྕི་བ་དང་ལམ་ཐག་རིང་བོ་བསྐྱོད་པའི་རྐྱེན་གྱིས་རྐང་པར་ཆུ་འབུར་བཏོན་ནས་ཉིན་གཅིག་ལ་ངལ་གསོ་དགོས་བྱུང་ཡོད་པ་དང་།

དེ་ལས་མང་བ་། “གླིང་ཚ་གནང་ཉིན་ལྡི་ལིར་ཐོན་རྒྱུ་རེད།” »

གསར་འགྱུར།

ཐའེ་ཝན་དུ་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་དྲིལ་བ།

Posted on 2013-04-022013-04-02 By ཁ་བརྡ་ 22 Comments on ཐའེ་ཝན་དུ་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་དྲིལ་བ།

གནས་ཚུལ་བསྡུ་བསྒྲིགས་དང་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།

༼དུས་རབས་ཉེར་གཅིག་པའི་ནང་པ་༽ཞེས་པའི་མགོ་བརྗོད་ཀྱི་འོག་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ལྷོ་བརྒྱུད། རྒྱ་བརྒྱུད། བོད་བརྒྱུད་དེ། ནང་བསྟན་བརྒྱུད་པ་གསུམ་གྱི་བགྲོ་གླེང་ཚོགས་ཆེན་ཞིག་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་མི་སྣ་མཁན་པོ་ཚུལ་རྣམ་རིན་པོ་ཆེས་དམིགས་བསལ་ཐུགས་འགན་ཆ་ཚང་བཞེས་པའི་ཐོག་ནས།

དེ་ལས་མང་བ་། “ཐའེ་ཝན་དུ་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་དྲིལ་བ།” »

གསར་འགྱུར།

རྨོ་མོ་ལགས། རེ་ཐག་ཆད་ཡོད་མེད་བཀའ་ཤག་ལ་འདྲི།

Posted on 2013-04-022013-04-02 By ཁ་བརྡ་ 5 Comments on རྨོ་མོ་ལགས། རེ་ཐག་ཆད་ཡོད་མེད་བཀའ་ཤག་ལ་འདྲི།

ནག་ཐར་སྐྱིད།

ལོ་རྒན་བདུན་ཅུ་བརྒལ་བའི་རྨོ་མོ་འདིའི་དབང་ཤེས་སྔར་བཞིན་རྣོ་ཞིང་། མི་ཚེ་གཅིག་ལ་རེ་ལྟོས་བྱས་བའི་༧གོང་ས་མཆོག་དང་མཇལ་འདོད་ཀྱི་རེ་འདུན་ཐད། ད་དུང་སེམས་ཤུགས་ཀྱིས་ཁེངས་ནས་འདུག ད་ནི་ཅི་ཞིག་བྱེད་འོས་སམ། ༧གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་རྒྱུའི་དམ་བཅའ་སྲིད་སྐྱོང་བློ་སེང་གིས་བཞག་ཡོད་བ་རེད། བསམ་དོན་འདི་འགྲུབ་རྒྱུར་དུས་ཡུན་གང་འཚམས་རེ་འགོར་སྲིད་ཀྱང་འབྲས་བུ་ཞིག་ཏན་ཏན་ཡོང་ངེས་རེད་ཟེར་བ་ལྟར། སྐད་ཆ་ཉ་གེ་ཉོག་གེ་དེ་བསྐྱར་དཔར་བརྒྱབ་ནས་ཉི་མ་ཕུད་ཐབས་བྱེད་དགོས་བའམ།

དེ་ལས་མང་བ་། “རྨོ་མོ་ལགས། རེ་ཐག་ཆད་ཡོད་མེད་བཀའ་ཤག་ལ་འདྲི།” »

རྩོམ་རིག

བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ཐད་ཀྱི་བསམ་ཚུལ།

Posted on 2013-04-022013-04-02 By ཁ་བརྡ་ 8 Comments on བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ཐད་ཀྱི་བསམ་ཚུལ།

ཁྲིམས་ལུགས་སློབ་མ། ལྷ་འབྲུག

མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་ནའང་། སོ་སོའི་ཡུལ་སྲོལ་གོམས་གཤིས་དང་རྒྱུན་ལྡན་གྱི་སྤྱི་ཚོགས་དང་མཐུན་པའི་ཁྲིམས་དང་སྒྲིལ་སྲོལ་རེ་ཡོད་པ་ནི་སྤྱི་ཡོངས་ཀྱི་འགྲོ་སྲོལ་ཞིག་ཡིན་པ་དང་། དེ་ཡང་ངེས་པར་ཏུ་དགོས་ངེས་ཅན་ཞིག་ཡིན་པ་རེད། དཔེར་ན་བོད་མི་རིགས་ལ་མཚོན་ན། ལོ་རྒྱུས་སུ་ང་ཚོ་ལ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཅེས་གྲགས་པའི་ཁྲིམས་ལུགས་སྒྲིག་སྲོལ་སོགས་མང་པོ་ཡོད་པར་ལོ་རྒྱུས་ནས་ང་ཚོས་ཤེས་རྒྱུ་ཡོད་པ་རེད།

དེ་ལས་མང་བ་། “བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ཐད་ཀྱི་བསམ་ཚུལ།” »

སྣ་ཚོགས།

Posts pagination

Previous 1 … 196 197 198 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme