རེབ་ཐོག་མདའ།
སྲང་ལམ་དོག་མོ་གོམ་པས་བཅད་དེ་
ང་ཡི་མདུན་ཕྱོགས་ཚོང་ཁང་སྒོ་
ཀོ་བའི་སྟོད་ལྭ་དམར་སྨུག་འོག་ན་
སྐེད་པ་ཕྲ་ཞིང་སྒེག་ཉམས་དོད་པའི་
ཕོ་ལུས་ཐོབ་པའི་མྱི་ཡི་ཚོགས་ཀྱི་མིག་དེ་མི་གཡོ་སུ་ཞིག་མཆིས།།
རེབ་ཐོག་མདའ།
སྲང་ལམ་དོག་མོ་གོམ་པས་བཅད་དེ་
ང་ཡི་མདུན་ཕྱོགས་ཚོང་ཁང་སྒོ་
ཀོ་བའི་སྟོད་ལྭ་དམར་སྨུག་འོག་ན་
སྐེད་པ་ཕྲ་ཞིང་སྒེག་ཉམས་དོད་པའི་
ཕོ་ལུས་ཐོབ་པའི་མྱི་ཡི་ཚོགས་ཀྱི་མིག་དེ་མི་གཡོ་སུ་ཞིག་མཆིས།།
འབྲི་དཀོན་མཆོག
“སྨར་ཁམས་ཀྱི་ཕ་བུ་གཉིས་ཆབ་མདོར་དབྱར་རྩྭ་དགུན་འབུ་འཚོང་བར་སོང་བ་རེད་ཟེེར”དགོང་ཁའི་རང་སྦྱོང་གྲོལ་རྗེས་ང་རང་གྲོགས་ཀུན་དགའི་ཤག་ཏུ་སོང་ནས་ཁ་བརྡ་འདྲ་མིན་སྣ་ཚོགས་བྱས་ཏེ་སྡོད་བཞིན་པའི་སྐབས། གློ་བུར་དུ་ཁོས་མཚར་གཏམ་འདིའི་འགོ་བཙུགས་བྱུང་། ཁོའི་གདོང་གི་རྣམ་འགྱུར་དང་བཤད་འདོད་ཀྱི་བྲེལ་བ་ལ་བརྟགས་ན། མཚར་གཏམ་འདི་ནི་ཤིན་ཏུ་དགོད་བྲོ་བ་ཞིག་ཡིན་པ་ཚེགས་མེད་དུ་རྟོགས་ཐུབ་ཀྱི་འདུག་པས།
དྲིལ་ལྕེ།
བཀྲ་ཤིས་རྫོང་དགོན་པ་ནི་ས་རྡུལ་འཚུབ་འཚུབ་ཀྱི་དགོན་པ་ཞིག་ཡིན། ང་རང་དགོན་པ་འདིར་གྲྭ་བ་བཟོ་དུས་ལོ་ན་བཅུ་དྲུག་ཙམ་རེད། ད་དུང་ངའི་སེམས་ལ་ཝ་ལེར་དྲན་པ་ནི། དགོན་ཆེན་འདིའི་ནང་དུ་ཐོན་མར་ཐོན་དུས། རང་ལུས་འདོམས་གང་བོ་དེ་གོས་སྨུག་གསར་བ་གསར་རྐྱང་ཞིག་དང་། རྒྱ་ལྷམ་གསར་བ་ཞིག་གྱོན་པ་དེ་རེད། སྐབས་དེར། ངའི་སེམས་ལ་ཧ་ཅང་སྨྲ་མི་ཤེས་པའི་དགའ་སྣང་ཞིག་དང་། སྐྱིད་པོ། སྤོབས་པ་ཞིག་སྐྱེས་བྱུང་།
ཨ།
སྐབས་དེར་ཁྱེད་བལ་ཡུལ་བཙོན་ཁང་དུ་ལྟུང་བའི་ཐན་སྐད་བདག་གིས་གོ་དུས། དེའི་སྔོན་ཁྱེད་ཀྱི་ཞི་བའི་གོམ་བགྲོད་འགོ་འཛུགས་ཀྱི་ཉིན་ལ་ལྟོས་ནས་ཀྱང་། ལྡབ་འགྱུར་གྱི་ཚོར་བ་དྲག་པོ་ཞིག་ངའི་ལུས་སེམས་ལ་བྱུང་ཙང་། དེ་དུས་ངས་ངའི་ཁོར་ཡུག་གི་མི་ཚོར་ཁྱེད་རང་འདྲི་འགོ་བརྩམས་པ་ཡིན་ལ་མི་ཚོའི་སྐད་ཆ་དེ་ཡང་། ཁྱེད་ཀྱིས་གཞི་གྲོང་གསུམ་པར་ཟ་ཁང་བཟུང་ནས་སྡོད་རིང་། ཁོ་བ་ཚོས་དེ་ནས་ཟ་མ་ཟོས་མྱོང་བ་དང་ཁྱེད་ཀྱི་ལག་ཟས་བཟང་རབས་སྐོར་དེ་རེད།
བཀྲ་ཤིས་དོན་འགྲུབ།
ཞོགས་པའི་རླུང་བུ་ནི་ཧ་ཅང་བསིལ་འཇམ་ཡིན་ལ། དབྱར་དུས་ཀྱི་སྔ་དྲོའི་མཛེས་ལྗོངས་ནི་ལྟ་བས་མི་ངོམ་པ་ཞིག་ཡིན་པས་ཆུ་ཚོད་བདུན་པ་ཟིན་མ་ཐག་མལ་ལས་ལངས་ཏེ་ཕྱི་རོལ་དུ་བསྐོར་འཆམ་ལ་འགྲོ་རྒྱུ་ནི་བདག་གི་དགའ་ཕྱོགས་ཤིག་ཡིན། འོན་ཀྱང་རྒྱ་མཚོ་དང་ཐག་ཉེ་བའི་ཡུལ་ལུང་འདིར་དབྱར་དུས་གནམ་གཤིས་དྭངས་པའི་སྐབས་ཤིན་ཏུ་ཉུང་བས་ཉི་འོད་ཀྱི་དྲོད་འཇམ་ལ་ལོངས་སྤྱོད་རྒྱུའི་གོ་སྐབས་ཧ་ཅང་དཀོན།
འབུམ་རྒྱ་ཐར།
ཁ་ཕྱོགས་མེད་པར་ཁ་ལས་ཤིག་གིས་འཁོར་འཁོར་ཁྱེད་ཀྱི་སྒོ་ཁར་ཐོན།།
དགོང་མ་དེ་ལ་ཁ་མ་མེད་མོད་ཁ་མཐུན་བུ་མོ་ཁྱོད་དང་འཕྲད།།
རུམ་ཁ་ཡུན་གྱིས་ཕྱེས་པ་ཙམ་ལས་འབྱར་བའི་བྱང་ཆ་དེ་འདྲ་མེད།།
ཡིན་ཡང་རི་ཁ་འབྲོག་ཁ་ཉུལ་ནས་ང་ལ་ལོབས་མྱོང་ཅིག་ཅིག་ཡོད།།
དེ་ལས་མང་བ་། “གང་ལྟར་མོག་མོག་ཞིག་གི་ཚུལ་དུ་ང་དང་བརྩེས་པ་བཀའ་དྲིན་ཞུ།།” »
སྲུང་ལེ་དྷུར་གྱིས་བརྩམས། ཟླ་ཟེར་གྱིས་བསྒྱུར།
ལེ་ཚན་གསུམ་པ། དྲི་བ།
ངས་མཱ་ཁུ་རྗོ་སྲན(Mark Johnson) ་དང་སྐད་ཆ་བཤད་ནས་དུས་ཚོད་གཅིག་གི་རྗེས། ང་རང་ཀོ་ལོ་རཱ་སྒྲའི་མཐོ་སློབ་(University of Colorado)སྨོན་ཁང་དུ་སླེབས་པ་དང་། ཅེ་
བས་(Chevy)ལས་བབས་ཏེ་མདུན་སྒོ་རུ་སོང་ནས། ང་ཨེམ་ཆི་རྗང་སྒྲའི་ཀལ་པན(Dr.Judy Kaplan)་དང་ཐུག་དགོས་ཞུས་པ་ཡིན།
ཤེས་རིག བྱ་གཞུང་དཔལ་ལྡན་རྡོ་རྗེ།
(རྩོམ་ཡིག་འདི་ནི་ང་རང་སྒེར་གྱི་བསམ་ཚུལ་ཡིན་པ་ལས་སྒྲིག་འཛུགས་གང་ཞིག་གི་ལྟ་བ་མཚོན་མེད།)
ཉེ་བའི་ལོ་འགའི་སྔོན་ནས་ནུབ་ཕྱོགས་སུ་གནས་བཞུགས་བོད་མིའི་ཕྲུ་གུ་ཚོའི་བོད་ཀྱི་རིག་གཞུང་དང་། འདུ་ཤེས་འཛིན་སྟངས། བོད་མིའི་ངོ་བོ་རྒྱུན་འཛིན། བོད་ཀྱི་སྐད་ཡིག་གི་བྱང་རྩལ་ཡར་རྒྱས་བཅས་ཀྱི་ཐད་ལ་བསམ་ཚུལ་དང་། དགོངས་སྐོར། དོགས་འདྲི་བཅས་རིམ་པ་མང་པོ་ཞིག་སླེབས་ཡོད་ལ། དེ་དག་ལས་བསམ་ཚུལ་ཆེས་མངོན་གསལ་དོད་ཤོས་ནི་ནུབ་ཕྱོགས་ཡུལ་གྲུ་ཁག་ཚང་མ་མཉམ་འབྲེལ་བྱས་ཏེ།
མཁོ་སྤྲོད་པ་དང་ཡིག་ཕབ་མཁན། ཤིང་རྟ།
བསམ་པ་ཡག་པོ་ཡོད་ན་ལས་ཀ་ཡག་པོ་ཡོང་གི་རེད།
དེའི་ཕྱིར་དགེ་རྒན་ཞིག་ཡིན་ན་རང་ལ་ཐོག་མ་ཉིད་ནས་བྱམས་པ་ཡོད་ན་བཟང་ཤོས་རེད། བྱམས་པ་མེད་ན་ང་ཚོའི་རིག་གནས་ནང་ལ་སེམས་ཁམས་ཀྱི་སྦྱོང་བརྡར་བྱེད་སྤྱད་ཀྱི་ཐབས་ཤེས་དེ་ཡོད་པས། སེམས་ཁམས་ཀྱི་སྦྱོང་བརྡར་དེ་བྱེད་དགོས་རེད་སེམས་ཁམས་ཀྱི་སྦྱོང་བརྡར་དེ་བྱས་ན་བསམ་པ་ཡག་པོ་ཡོང་གི་རེད། བསམ་པ་ཡག་པོ་ཡོང་ན་ལས་ཀ་ཡག་པོ་ཡོང་གི་རེད། ཁ་སང་དེ་རིང་གི་སྤྱི་ཚོགས་ཇི་ལྟ་རེད་ཟེར་ན། གཙོ་བོ་འབྲས་བུ་འདི་ལ་ལྟ་གི་ཡོད་རེད།
དེ་ལས་མང་བ་། “དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽” »
ཁྱི་རྒན།
༼༢༠༡༣/༧/༡༧ གཟའ་ལྷག་པ་སྟེ་དེ་རིང་ཉིན་གུང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བེག་ལོར་དུ་རྐང་གསུམ་འཕྲུལ་འཁོར་ཞིག་ལ་ཞོན་ནས་འགྲོ་སྐབས་ལམ་བར་གྱི་རྐང་གསུམ་ཁ་ལོ་བ་དང་སྐད་ཆ་བྱུང་དོན།༽ ངའི་མིང་ལ་རཱ་ཇི་ཤི་ཟེར་གྱི་ཡོད། ང་ཚོས་དཀོན་མཆོག་ཤི་ཝ་ལ་ཡིད་ཆེས་བྱེད་ཀྱི་ཡོད། བཟའ་ཟླ་ཡོད་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད། ཕྲུ་གུ་ཆེ་བ་དེ་སློབ་གྲྭ་འགྲོ་གི་ཡོད་པས་དེ་བསྐྱལ་ཞོར་དུ་ཉིན་ལྟར་ཞོགས་པ་ཆུ་ཚོད་ ༩ པ་ལ་མགོ་བཙུག་ནས་རྐང་གསུམ་གཏོང་ནས་གླ་ལེན་ཁ་འགྲོ་བཞིན་ཡོད།
རས་པ།
ངས་རང་ཉིད་སྒུར་སྒུར་གྱིས་འགྲོ་དགོས་པའི
སེམས་ཅན་ཆུང་ཆུང་ཞིག་ཏུ་ཆོག་ཤེས་བྱེད་དུས
ཁྱེད་རང་འགྲོ་ཞོར་དུ
“འུ་གཉིས་མཉམ་”ཟེར་ཞིང
སྡུག་བསྔལ་ནི་ཁྱོད་ཀྱིས་སྡུག་བསྔལ་དུ་མ་བསམ་པ་ཞིག་ཡིན་ཟེར
སངས་རྒྱས་དཀོན་མཆོག
—–རྒན་ཨ་འཇམ་ལགས་སློབ་གྲྭ་དང་བྲལ་སྐབས་སྐྱེལ་མ་ཞིག་གི་ཚུལ་དུ།
སེམས་ཀྱི་ཉི་འོད་སོར་མོའི་བར་ནས་ཤོར།།
རེ་བཞག་ལྗང་ཁུའི་ཁ་དོག་བྲང་ལ་ཕོག།
འཚོ་གནས་ནང་སྙིང་དབུལ་བའི་གནས་མལ་ན།།
དེ་རིང་ཁྱེད་ཉིད་འགྲོ་བར་ཞེ་བློ་འཕངས།།
དགེ་འདུན་རྒྱ་མཚོ།
༼ཚན་པ་བདུན་པ༽
ངའི་ཨ་མས་བཤད་ན་བསམ་ཁོ་འདི་ཆེ་རུ་ཆེ་རུ་སོང་བ་དང་བསྟུན་ནས་ཨ་ཕ་དང་ཨ་ན་མ་ན་རེད་ཟེར། དེས་ན་ཁོའི་ཨ་ཕ་ཡང་བསམ་ཁོ་དང་འདྲ་བར་གཞུང་རྒྱུད་དྲང་བ་དང་གཤིས་ཀ་འཇམ་པ། ལས་ལ་བརྩོན་པ་ཞིག་ཡིན་པ་ཐག་གིས་ཆོད།
མཉམ་པར་བསྡད་ཀྱང་མིག་གིས་རྫི་མ་མཐོང་ནི་མ་རེད། བསམ་ཁོས་བུ་མོ་ཚོའི་སྐྱོན་ལས་ཡོན་ཏན་གླེང་མི་ཤེས།
དྲ་འདྲེ།
ཕྱི་ཟླ་༧ པའི་ཚེས་༡༦ ཉིན། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཟུར་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝན་ཆོན་གྱིས་རྒྱ་ནག་<<གོ་ལའི་དུས་བབ་>>སྟེང་“དབུ་མའི་ལམ་ནི་རང་བཙན་གྱི་གོམ་ཁ་གཉིས་པ་རེད་”ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། རྩོམ་ཡིག་འགོ་བཙུགས་དུས་དེ་ནས་“རྒན་ཡོལ་བྱས་ནས་ལོ་ཤས་སོང་བའི་ཏཱ་ལའི་བླ་མས་ཨོ་སི་ཁྲུ་ལི་ཡར་དད་ལྡན་མང་ཚོགས་རྣམས་ལ།
རིགས་གྲོལ།
མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།
སྤྱིར་མཁྲིས་རྡོའི་དཀའ་ངལ་དེ་མི་ཁ་ཤས་ལ་མ་གཏོགས་མེད་པ་ལྟ་བུར་སྣང་ཡང་། དོན་དངོས་སུ་ང་ཚོ་ཚང་མར་ཆེ་ཆུང་དང་། མང་ཉུང་ལ་མ་ལྟོས་པའི་མཁྲིས་རྡོ་ཡོད། མཁྲིས་རྡོས་ཀྱང་སྐྲན་ནད་འཁྲིད་ཡོང་གི་ཡོད།
མཁྲིས་རྡོའི་ནད་རྟགས་ལ་ལྟོ་ཆས་མང་པོ་ཟོས་རྗེས་ཁོག་པ་སྦོས་ཡོང་བ་དང་། ཟས་འཇུ་མི་ཐུབ་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད།
ཆབ་བྲག་ལྷ་མོ་སྐྱབས་ཀྱིས།
༢༠༡༣ཕྱི་ཟླ་༦་ཚེས་༡༤ ཉིན་”རྩོམ་རིག་གི་འབུམ་རམས་པ”ཡི་གོ་འཕང་ལ་འཕགས་པའི་སྐྱེས་བུ་ཞིག་གི་འཕྲིན་བཟང་ཐོས། དེ་ནི་བདག་ལ་མཚོན་ན་མི་ལ་རྒྱལ་མཚན་ཤེས་རབ་ཀྱིས་རང་ལ་བུ་ཞིག་སྐྱེས་པ་ཐོས་ནས’ཐོས་པ་དགའ’ཞེས་བཏགས་པ་ལྟར་གྱི་སྤྲོ་སྣང་དང་སྤོབས་པ་སྐྱེ་བ་ཞིག་གོ།
ཁོང་སུ་ཡིན་ནམ། ཁོང་དང་ང་ལ་འབྲེལ་བ་ཅི་ཞིག་ཡོད་དམ། ཅིའི་ཕྱིར་ང་ཚོ་སྤོབས་པ་སྐྱེ་འོས་སམ། ཁྱེད་ཅག་གིས་འདི་དག་ཤེས་ན་ལོས་འདོད།
ཧེ་ཏིག་ཡོན་གྱིས་བརྩམས། རྡོ་མེ་འབུད་ཀྱིས་བསྒྱུར།
ཧེ་རྒན་པས་ཁྱེད་ལ་བཤད་ཆོག ཁྱེད་ཀྱི་བློ་ཁ་སློབ་སྦྱོང་ལ་ཕྱོགས་ཡོད་ཚེ་གནས་གང་ཞིག་ཡིན་རུང་དེ་ནི་ཁྱེད་ཀྱིས་སློབ་ཆེན་ལ་བརྩིས་ཆོག དཔེར་ན། དཔེ་ཁང་རྙིང་པའམ། དཔེ་ཆ་ཞིག ཡང་ན་གྲུ་ཁ་ཞིག
ངས་ཨ་རིའི་ཨེད་རེ་ཁུ་ཧོ་ཧྥེ་ཡི་ཉམས་མྱོང་གི་ཁྲོད་ནས་མཇུག་འབྲས་འདི་རྒྱུས་ལོན་པ་ཡིན། ཧོ་ཧྥེ་ལ་མཚོན་ན་ངས་གུས་བརྩི་བྱེད་ས་ཞིག་ཡིན།
ཨོ་རྒྱན་ཉི་མ།
བོད་གངས་ཅན་པའི་ལུགས་གཉིས་ཀྱི་དེད་དཔོན་ཆེན་པོ་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གི་འཁྲུངས་སྐར་ལ་ཕུལ་བའི་བསྟོད་སྨོན་བཀྲ་ཤིས་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭཱ་སྟི།
ཕན་བདེ་འབྱུང་གནས་རྒྱལ་བསྟན་འོད་པོ་ཆེ།།
སྲིད་འདིར་འདྲེན་པའི་མཉམ་མེད་ཟས་གཙང་སྲས།།
གང་གི་རྗེས་འཇུག་གཞན་དོན་ཁུར་འཁྱེར་བའི།།
རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ལ་འདུད།།
སངས་རྒྱས་དཀོན་མཆོག
མི་རབས་ཤིག་འདི་ལྟར་འདས་སོང་
རྩིག་རྡེབ་ངོས་ཀྱི་བཀྲག་རྩི་ལ་བལྟས་པས
ངས་མི་ལོ་མང་པོའི་སྔོན་གྱི་སྐྱེས་ཆེན་ཞིག་ཡིད་ལ་དྲན་བྱུང་
ཀི་རིང་ཞིག་བཏབ་ན་འདོད་མོད