Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་དཀོན་སྤྲུལ་སྐུ་ལ་འདས་མཆོད་འབུལ་བའི་ཀ་རྩོམ།

Posted on 2013-10-112013-10-11 By ཁ་བརྡ་ 2 Comments on ཨ་དཀོན་སྤྲུལ་སྐུ་ལ་འདས་མཆོད་འབུལ་བའི་ཀ་རྩོམ།

ཤྲཱི་ཨེ་མ་ཧོ།

0ཀྱེ་མ་ཧོ།
ཨ་ཙི་སྙིགས་མའི་དུས་ཀྱི་གྲུ་ཁ་ན།།
ཧ་ཅང་ལྷག་བསམ་དཀར་པོའི་ཟླ་བཞོན་ཞིག །
ས་སྐྱོང་དཔོན་ལས་བཟང་པའི་སྦྱིན་བདག་ཆེ།།
ཤ་ཁྲག་རུས་རྒྱུན་བཅད་པ་བདེན་སྲིད་དམ།།
ལ་རྒྱའི་དུང་བ་ཟབ་པའི་ཚོང་དཔོན་ཞིག །
ར་རུའི་གནོད་སེམས་དབེན་པའི་མི་རྒན་ཞིག །

དེ་ལས་མང་བ་། “ཨ་དཀོན་སྤྲུལ་སྐུ་ལ་འདས་མཆོད་འབུལ་བའི་ཀ་རྩོམ།” »

རྩོམ་རིག

མུན་ནག

Posted on 2013-10-112013-10-11 By ཁ་བརྡ་ No Comments on མུན་ནག

ཕུན་ཚོགས་བསྟན་དར།

༡༽
སྐྱེས་ཙམ་ཉིད་ནས་སྣང་བ་ཞིག་མིག་ལམ་དུ་འཆར།
འོན་ཀྱང་། ཨ་མ་ལགས་ནི་ཧ་ལས་ཤིང་།
ཧང་སངས་ཏེ་ཅང་མི་སྨྲ་བའི་བརྟུལ་ཞུགས་འཛིན།
ཆུ་ཚོད་གཅིག་ཙམ་རིང་དྲན་མེད་དུ་བརྒྱལ་ཞིང་།
ཟུངས་ཁྲག་གི་འབྱམས་རྒྱུན་མཚམས་མ་ཆད་པར།
ཉལ་སྟན་ཡོངས་སུ་བརླན།

དེ་ལས་མང་བ་། “མུན་ནག” »

སྙན་ངག

ཨ་དཀོན་རིན་པོ་ཆེ་མཆོག་གི་མཛད་རྣམ་བསྡུས་པ།

Posted on 2013-10-102013-10-10 By ཁ་བརྡ་ 12 Comments on ཨ་དཀོན་རིན་པོ་ཆེ་མཆོག་གི་མཛད་རྣམ་བསྡུས་པ།

ཀ་ར་མ།

༄༅། །ཆོས་རྗེ་ཨ་དཀོན་རིན་པོ་ཆེ་སྐུ་འཕྲེང་གཉིས་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་བསྡུས་པ་བཞུགས་སོ།།

དང་པོ། ཆོས་རྗེ་ཨ་དཀོན་སྐུ་འཁྲུངས་པའི་ཡུལ།

རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་གིས་དགོངས་བརྟགས་ལས། སྒྲོལ་མ་ལྷ་ཁང་ནས་བྱང་ཤར་ཕྱོགས་རྟ་ལམ་ལྷོད་པོ་ཉིན་གསུམ་གྱི་མཚམས་སུ་ཁྱིམ་ཚང་འབྲིང་པོ་ཙམ་ལ། ཡབ་བཀྲ་ཤིས་སམ་ཨོ་རྒྱན་མིང་ཅན་དང་། ཡུམ་ཆོས་ཀྱི་མིང་ཅན་ལ། ཁྱེའུ་འབྲུག་ལོ་པ་ཞིག་སྣང་། དེ་ཉིད་ལ་འགྲོ་དོན་རྒྱ་ཆེན་འབྱུང་། ཞེས་གསུངས་པ་ལྟར།

དེ་ལས་མང་བ་། “ཨ་དཀོན་རིན་པོ་ཆེ་མཆོག་གི་མཛད་རྣམ་བསྡུས་པ།” »

ལོ་རྒྱུས།

ཨ་ཀོང་རིན་པོ་ཆེ་དང་བཀའ་སྤྱི།

Posted on 2013-10-102013-10-10 By ཁ་བརྡ་ 13 Comments on ཨ་ཀོང་རིན་པོ་ཆེ་དང་བཀའ་སྤྱི།

ནམ་མཁའ།

akon renpochoeཁ་སང་དེ་རིང་ཨ་ཀོང་རིན་པོ་ཆེ་བཀྲོངས་བའི་གནས་ཚུལ་དྲ་རྒྱའི་ཀློངས་སུ་འཁྱམས་སོང་། ཕྲན་གྱིས་ཁོང་གི་མཚན་ཐོས་པ་ཐོག་མ་ཕལ་ཆེར་ལོ་གཉིས་ཡས་མས་ཞིག་རེད། དེ་ཡང་ཁོང་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཛིན་གྱི་གཏམ་བཤད་ཞིག་ལ་ལན་འདེབས་གནང་བའི་གནས་ཚུལ་དང་འབྲེལ་ཐོས་པ་ཞིག་ཡིན། ཡིན་ཡང་གསར་འགྱུར་གང་ཞིག་བརྒྱུད་ལམ་ནས་ཐོས་པ་དེ་རིང་ཡང་ད་རུང་དྲན་གྱི་མི་འདུག་པ་མ་ཟད།

དེ་ལས་མང་བ་། “ཨ་ཀོང་རིན་པོ་ཆེ་དང་བཀའ་སྤྱི།” »

རྩོམ་རིག

འཆར་སྣང་ཁྲོད་ཀྱི་ཕ་ཡུལ།

Posted on 2013-10-102013-10-10 By ཁ་བརྡ་ 1 Comment on འཆར་སྣང་ཁྲོད་ཀྱི་ཕ་ཡུལ།

བསྟན་འཛིན་སྐལ་བཟང་། ལྡི་ལི་གཙུག་ལག་སློབ་ཆེན་གྱི་སློབ་མ།

སྔོ་སེར་དམར་ལྗང་གི་མཛེས་སྡུག་རུམ་པའི།
རི་སྐྱེས་མེ་ཏོག་གི་ཞིང་སའི་དྲི་བསུང་འཐུ་བཞིན།

དབྱར་ཁའི་དུས་ཚིགས་ཀྱི་སྒལ་གཞུང་ན།
མཐའ་ཡས་པའི་སྔོ་ལྗང་གི་རྩྭ་ཐང་སྟེང་དུ།
འབྲི་གཡག་རྩྭ་ཆུ་ལ་རོལ་བའི་ངང་ཚུལ་སྒོམ་བཞིན།

དེ་ལས་མང་བ་། “འཆར་སྣང་ཁྲོད་ཀྱི་ཕ་ཡུལ།” »

སྙན་ངག

བན་ཆུང་ངའི་ལྟ་བ་འཁྲུགས་སོང་ཐལ།

Posted on 2013-10-102013-10-10 By ཁ་བརྡ་ 4 Comments on བན་ཆུང་ངའི་ལྟ་བ་འཁྲུགས་སོང་ཐལ།

ལོག་སྨྲ་ཚར་གཅོད།

བྱེས་འབྱོར་ནང་དར་དམར་ཡར་བསྒྲེང་རེད།།
གཞིས་བཞུགས་ནང་དར་དམར་མར་གཡུག་རེད།།
ཡར་བསྒྲེང་དང་མར་གཡུག་བར་མཚམས་དེར།།
བན་ཆུང་ངའི་མགོ་བོ་འཁྲུགས་སོང་ཐལ།།

བྱེས་འབྱོར་ནང་རྒྱ་དམར་ངོ་སྲུང་རེད།།
གཞིས་བཞུགས་ནང་རྒྱ་དམར་ངོ་རྒོལ་རེད།།
ངོ་སྲུང་དང་ངོ་རྒོལ་བར་མཚམས་དེར།།

དེ་ལས་མང་བ་། “བན་ཆུང་ངའི་ལྟ་བ་འཁྲུགས་སོང་ཐལ།” »

རྩོམ་རིག

མ་འོངས་པར་བོད་པ་བཙན་བྱོལ་བ་ཚོར་འཕྲད་རྒྱུའི་དཀའ་ངལ་གྱི་ཕྱོགས་ཤིག

Posted on 2013-10-092013-10-09 By ཁ་བརྡ་ 16 Comments on མ་འོངས་པར་བོད་པ་བཙན་བྱོལ་བ་ཚོར་འཕྲད་རྒྱུའི་དཀའ་ངལ་གྱི་ཕྱོགས་ཤིག

འབྲོང་མགོ་སྐམ་པོ། ཧྥ་རན་སི།

ཉེ་བའི་ལོ་འགའི་རིང་ནས་བོད་དོན་གྱི་གནས་བབ་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་པའི་སྒང་ཡིན་པ་ལྟར། མང་པོ་ཞིག་གིས་བོད་དོན་འཛམ་གླིང་རང་བཞིན་ཅན་དུ་གྱུར་དང་འགྱུར་མུས་ལ་བསམ་བློ་བཏང་ནས་རང་ཅག་ལ་རེ་བ་ཞིག་ཡོད་པར་སྙམ་གྱིན་ཡོད་མོད། སྤྱི་ཡོངས་ནས་བཤད་ན་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་པ་འདིར་ལྡོག་ཕྱོགས་ཀྱི་ནུས་པ་ཡང་ཐོན་གྱིན་ཡོད་དེ། དེ་ཡང་ལྷ་སའི་སེ་འབྲས་དགེ་གསུམ་ན་སློབ་གཉེར་བྱེད་བཞིན་པའི་ཕྱོགས་ཡོང་གྲྭ་བ་ཚང་མ་ཕྱིར་རང་གནས་སུ་ལོག་དགོས་པར་བྱུང་ཡོད་པས།

དེ་ལས་མང་བ་། “མ་འོངས་པར་བོད་པ་བཙན་བྱོལ་བ་ཚོར་འཕྲད་རྒྱུའི་དཀའ་ངལ་གྱི་ཕྱོགས་ཤིག” »

སྣ་ཚོགས།

རྗེས་དྲན་ཐོལ་བྱུང་ཡིད་ཀྱི་མིག་ཆུ།

Posted on 2013-10-092013-10-09 By ཁ་བརྡ་ 2 Comments on རྗེས་དྲན་ཐོལ་བྱུང་ཡིད་ཀྱི་མིག་ཆུ།

ཆབ་མདོ་ངག་ཕུན།

སྔོན་གླེང་ཐུང་ངུ་།

༢༠༡༣ ཟླ་༡༠ ཚེས་༧ ཉིན་མོར་འཛམ་གླིང་རོགས་སྐྱོབ་ཚོགས་པའི་ཚོགས་གཙོ་ཨ་དཀོན་རིན་པོ་ཆེ་མཆོག་རྒྱ་ནག་ཁྲིན་འདུར་མི་ངན་བསམ་ཤེས་མེད་པའི་དུད་འགྲོ་གླང་གོག་ནང་བཞིན་མི་འགས་སྐུ་བཀྲོངས་པ་ཐོས་མ་ཐག་སྐབས་གཅིག་གི་རིང་ལ་ཅི་དྲན་མེད་པར་ཀྲོང་ངེར་ལྷག་སོང་། དེ་ནས་བསམ་གཞིག་གནད་མོ་ཞིག་བྱེད་དུས་དེ་ནི་བོད་མི་རིགས་ཙམ་དུ་མ་ཟད་འཛམ་གླིང་གི་དྲང་བདེན་ལ་དགའ་བ་མི་མང་ལ་གྱོང་གུད་བསམ་ཡུལ་ལས་འདས་པའི་གནས་སྟངས་ཤིག་རེད་འདུག་སྙམ་ནས་སེམས་ནང་དུ་སྐྱོ་གདུང་གི་མིག་ཆུ་དབང་མེད་དུ་སར་ཟགས་སོང་།

དེ་ལས་མང་བ་། “རྗེས་དྲན་ཐོལ་བྱུང་ཡིད་ཀྱི་མིག་ཆུ།” »

རྩོམ་རིག

རྒྱ་རིགས་བོད་རིག་པ་ཞིབ་འཇུག་པ་ཞུའུ་ནས་དབུ་མའི་ལམ་གྱི་སྐོར་བཅར་འདྲི་བྱས་པ།

Posted on 2013-10-092013-10-09 By ཁ་བརྡ་ 8 Comments on རྒྱ་རིགས་བོད་རིག་པ་ཞིབ་འཇུག་པ་ཞུའུ་ནས་དབུ་མའི་ལམ་གྱི་སྐོར་བཅར་འདྲི་བྱས་པ།

བཅར་འདྲི་ཞུ་ཡུལ་ཤར་ཕྱོགས་ཁུག་རྟ།

༡༽ དབུ་མའི་ལམ་གྱི་གཏན་ཚིགས་དང་ཁོངས་གཏོགས་བརྗོད་དོན་སོགས་ཀྱི་ཐད།

ལན། ༡ བརྟན་གཡོའི་དངོས་པོ་ཀུན་བརྟེན་ཅིང་འབྲེལ་བར་འབྱུང་བའམ་གཅིག་ལ་གཅིག་བརྟེན་ཡིན་པ། ༢ བོད་མི་རིགས་གནས་དགོས་དོན་འཇིག་རྟེན་སྤྱིའི་སྣོད་བཅུད་གཉིས་ཀྱི་ཕན་བདེའི་རྩ་བར་འབྲེལ་བ། ༣ ཕན་བདེའི་རྩ་བ་དེ་སྒྲུབ་བྱེད་བོད་མི་རིགས་ཀྱི་ངོ་བོ་དང་ལེགས་བྱང། ནང་དོན་རིག་པའི་སྲོལ་རྒྱུན་བཅས་བོད་སྐད་ཡིག་གི་ལམ་ནས་བརྒྱུད་འཛིན་ཐུབ་དགོས་པ།

དེ་ལས་མང་བ་། “རྒྱ་རིགས་བོད་རིག་པ་ཞིབ་འཇུག་པ་ཞུའུ་ནས་དབུ་མའི་ལམ་གྱི་སྐོར་བཅར་འདྲི་བྱས་པ།” »

བཅར་འདྲི།

འཐེན་རྟགས་ཀྱིས་བསླུས་པའི་མི་འབོར།

Posted on 2013-10-092013-10-09 By ཁ་བརྡ་ 3 Comments on འཐེན་རྟགས་ཀྱིས་བསླུས་པའི་མི་འབོར།

ཨ་དམར་པོ།

མང་བ་རྒྱལ་ཞིང་ཉུང་པ་ཕམ་པའི་དུས་རབས་དང་། མང་བར་མོས་ཤིང་ཉུང་བར་ལོག་པའི་འདུ་ཤེས་གྱིས་འཇིག་རྟེན་དུ་སྡོམ་ཚིག་སྲ་མོ་ཞིག་བཀོད་ཡོད་པ་ནི་མང་ཉུང་གི་རྩིས་གཞི་ལ་མཆོག་དམན་དང་། རྒྱལ་ཕམ། གྲལ་རིམ་དབྱེ་འབྱེད་ཀྱི་ནུས་སྟོབས་ཡོད་པ་དེའོ།།
འུ་ཚང་གི་གསར་བརྗེ་བློ་འབྱེད་པ་ཐོག་མ་དགེ་ཆོས་ཀྱིས་བཅུ་ཡི་བདེན་པ་བརྒྱ་ཡིས་བསུབ་ཏེ་མང་གྲངས་ལ་རྒྱལ་ཁ་ཐོབ་པ་དང་། ཉུང་གྲངས་ཕམ་པའི་བསམ་བློའི་འདུ་ཤེས་དེ་རྨོངས་བློར་ཤེས་ཏེ་ཐ་སྙད་ཚད་གྲུབ་འཇོག་ལ་བློ་བདེ་མྱོང་མེད།

དེ་ལས་མང་བ་། “འཐེན་རྟགས་ཀྱིས་བསླུས་པའི་མི་འབོར།” »

རྩོམ་རིག

བཙན་བྱོལ་ནང་གི་གསར་འགོད་པ་ཚོས་དོན་གྱིས་གཞིས་ལུས་མི་མང་ལ་སེམས་ཁུར་བྱེད་ཀྱི་ཡོད་དམ།

Posted on 2013-10-092013-10-09 By ཁ་བརྡ་ 7 Comments on བཙན་བྱོལ་ནང་གི་གསར་འགོད་པ་ཚོས་དོན་གྱིས་གཞིས་ལུས་མི་མང་ལ་སེམས་ཁུར་བྱེད་ཀྱི་ཡོད་དམ།

འབྲོང་མགོ་སྐམ་པོ། (ཧྥ་རན་སི།)

ཉེ་བའི་ལོ་ཤས་སྔོན་ནས་བོད་ནང་གི་གཞོན་སྐྱེས་ཚོའི་རིགས་ཞེན་གྱི་ལྟ་བ་ལ་བླ་ན་མེད་པའི་གོང་འཕེལ་ཆེན་པོ་ཞིག་བྱུང་སྟབས། བོད་ཡུལ་གང་ས་ནས་རྒྱ་གཞུང་ལ་རྒོལ་བའི་ལས་འགུལ་ཆེ་ཕྲ་སྣ་ཚོགས་འབྱུང་བཞིན་པ་ལྟར། གཞོན་སྐྱེས་འགའ་ཞིག་གིས་དཔའ་བོ་དག་གིས་རང་ལུས་མེར་བསྲེག་གཏོང་ཐུབ་སོང་ན་ངས་གསར་འགྱུར་ཙམ་ཡང་ཕྱི་ལོག་ཏུ་མཁོ་སྤྲོད་བྱེད་མི་ཐུབ་པ་འདི་སྐྱོ་བ་ལའང་སྙམ་ནས་ལས་འགུལ་སྐོར་གྱི་གསར་འགྱུར་དག་ཕྱི་ལོག་ཏུ་གཏོང་ཨེ་ཐུབ་ལ་འབད་པ་ནི་འཐབ་རྩོད་ཀྱི་ངོ་བོ་གཞན་ཞིག་ཡིན་ཡང་།

དེ་ལས་མང་བ་། “བཙན་བྱོལ་ནང་གི་གསར་འགོད་པ་ཚོས་དོན་གྱིས་གཞིས་ལུས་མི་མང་ལ་སེམས་ཁུར་བྱེད་ཀྱི་ཡོད་དམ།” »

སྣ་ཚོགས།

ལངས་ཕྱོགས་མི་བརྟན་པའི་ཆབ་སྲིད་ཚོགས་པ།

Posted on 2013-10-082013-10-08 By ཁ་བརྡ་ 16 Comments on ལངས་ཕྱོགས་མི་བརྟན་པའི་ཆབ་སྲིད་ཚོགས་པ།

ནམ་མཁའ།

ཆབ་སྲིད་ཀྱི་རི་སྒང་ཆུང་ཆུང་དེའི་རི་སྟོད་ཀྱི་ཟློས་གར་ཚོགས་པ་ནས་སྨད་གངས་སྐྱིད་བར་ཆབ་སྲིད་མི་གླེང་མཁན་ཞིག་དང་། ཆབ་སྲིད་ལ་དོན་སྣང་མི་བྱེད་མཁན་ཞིག་མེད་། དེ་ནི་གླེང་འོས་ཤིང་བསམ་ཚུལ་འདྲ་མིན་བཤད་དགོས་བ་ཞིག་ཀྱང་རེད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་གི་ལུང་པ་གཞན་དབང་དུ་གྱུར་ནས་གཞི་སྡོད་སྤུན་ཟླ་རྣམས་མེ་མདའི་འོག་ན་དབུགས་གཏོང་ལེན་ཡང་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པས། གཞི་བྱེས་གཉིས་ཀྱི་སེམས་སུ་ན་ཟུག་བཟོད་མི་ཐུབ་པ་ཡོད་པའི་རྐྱེན་གྱིས་ཡིན།

དེ་ལས་མང་བ་། “ལངས་ཕྱོགས་མི་བརྟན་པའི་ཆབ་སྲིད་ཚོགས་པ།” »

སྣ་ཚོགས།

གསར་འགྱུར་ཆ་ཚང་བ་ཞིག་ཁོད་རོགས།

Posted on 2013-10-082013-10-08 By ཁ་བརྡ་ 3 Comments on གསར་འགྱུར་ཆ་ཚང་བ་ཞིག་ཁོད་རོགས།

ཚེ་རིང་བསམ་གྲུབ།

བཙན་བྱོལ་བོད་མིའི་གསར་འགྱུར་ཆེད་གཉེར་གྱི་དྲྭ་རྒྱ་ཁག་ནི་བོད་ཕྱི་ནང་ཡོངས་ཀྱིས་ཡིད་ཆེས་བྱེད་སའི་གནས་ཚུལ་གྱི་ཡོངས་ཁུངས་ཤིག་རེད། དེ་བཞིན་རྒྱལ་སྤྱིའི་ཐོག་གི་བོད་དོན་ལ་དོ་སྣང་དང་། དཔྱད་ཞིབ། རྒྱབ་སྐྱོར་བྱེད་མཁན་བཅས་ཀྱིས་ཀྱང་དོ་སྣང་བྱ་ཡུལ་ཞིག་ཏུ་འགྱུར་ཡོད། བོད་མི་བཙན་བྱོལ་བའི་དྲྭ་རྒྱའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་ནི་བོད་ཀྱི་དུས་བབས་དང་། བང་ཆེན། དེ་བཞིན་དབྱིན་སྐད་ཐོག་ཕ་ཡུལ་དྲྭ་རྒྱ་བཅས་ཡིན།

དེ་ལས་མང་བ་། “གསར་འགྱུར་ཆ་ཚང་བ་ཞིག་ཁོད་རོགས།” »

སྣ་ཚོགས།

སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ།

Posted on 2013-10-082013-10-09 By ཁ་བརྡ་ 80 Comments on སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ།

སློབ་དཔོན་ཡན་ཧོང་པེན། ལྷ་སྡེ་གནམ་ལོ་ཡག

0

ངོ་སྤྲོད་མདོར་བསྡུས།

༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽ནི་རྒྱ་ནག་གི་བཙན་བྱོལ་རྩོམ་པ་པོ་དང་རྟོག་གེ་བ། ཁྲིམས་ལུགས་རིག་པ་སྨྲ་བ་བོ་སློབ་དཔོན་ཡན་ཧོང་པེན་དང་བོད་རྒྱ་སྐད་གཉིས་སྙན་ངག་པ། སྒེར་ཚུགས་ཅན་གྱི་བོད་རིག་པ་ཞིབ་འཇུག་པ་ལྷ་སྡེ་གནམ་ལོ་ཡག་གཉིས་ཀྱི་མཉམ་རུབ་བརྩམས་ཆོས་ཤིག་ཡིན།

དེ་ལས་མང་བ་། “སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ།” »

འགྱུར་རྩོམ།, ལོ་རྒྱུས།

བོད་ཕྱི་ནང་གི་མི་གཤིས་སྡུར་བ།

Posted on 2013-10-08 By ཁ་བརྡ་ 12 Comments on བོད་ཕྱི་ནང་གི་མི་གཤིས་སྡུར་བ།

ལུང་རྟོགས།

ལྔ་བཅུ་ང་དགུ་ལོར་བོད་ལ་དུས་འགྱུར་བྱུང་ནས་བོད་ཕྱི་ནང་གཉིས་སུ་གྱུར་པའི་དབང་གིས། བོད་ཕྱི་ནང་གི་བོད་མིའི་མི་གཤིས་ཀུན་སྤྱོད་ལ་ཡང་མ་འདྲ་བའི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད། བོད་ནང་གི་བོད་མི་ཚོ་སྤྱི་ཡོངས་ཀྱི་ཆ་ནས་བཙན་བྱོལ་བ་དང་སྡུར་ན་ཤེས་ཡོན་གྱི་གནས་ཚད་སྐྱོ་པོ་ཡིན་ཡང་། མི་གཤིས་ཀུན་སྤྱོད་དང་ལྷག་བསམ་ཕྱི་ཐག་སོགས་ནི་བཙན་བྱོལ་བ་དང་གནམ་ས་ལྟ་བུའི་ཁྱད་པར་ཡོད།

དེ་ལས་མང་བ་། “བོད་ཕྱི་ནང་གི་མི་གཤིས་སྡུར་བ།” »

རྩོམ་རིག

འཚོ་བའི་ཤུགས་སུ་བསྟན་པའི་བསམ་བློ་འཚོལ་བ།

Posted on 2013-10-082013-10-08 By ཁ་བརྡ་ 3 Comments on འཚོ་བའི་ཤུགས་སུ་བསྟན་པའི་བསམ་བློ་འཚོལ་བ།

ཨ་དམར་པོ།

ཉམ་ཐག་གི་ལོ་ཟླ་བསྐྱལ་སའི་ལྕགས་ཤོག་སློབ་གྲྭ། གསར་འབྱོར་མི་བུ་ཚོས་ཤུགས་རིང་དང་མིག་ཆུ་འཐོར་སའི་གནས་མལ་སྐྱ་བོ། ངད་སྔོ་འཚོོ་བའི་དཀའ་སྡུག་གི་ཉམས་ལེན་བྱེད་སའི་སྒོམ་ཁང་ཆུང་ཆུང་། ཆ་མེད་རྒྱུས་མེད་ཀྱི་ལྟད་མོ་བ་འགས་མཐོ་ས་ནས་དམའ་སར་བལྟས་ཏེ།  ཆེས་དམའ་བའི་རིན་ཐང་སྤྲོད་སའི“གསོག་སྒར་སློབ་གྲྭ”། སེམས་དཔའ་ཚོའི”སྙིང་རྗེ”ཡི་སེམས་ཁམས་སྒུལ་སའི་འཇིག་རྟེན་དང་པོ།། “ཤེས་རབ་དགའ་ཚལ་སློབ་གླིང་”། ནམ་ཡང་བརྗེད་མི་སྲིད་པའི་གསར་འབྱོར་ཚོའི་ཕ་གཞིས་གཉིས་པ།

དེ་ལས་མང་བ་། “འཚོ་བའི་ཤུགས་སུ་བསྟན་པའི་བསམ་བློ་འཚོལ་བ།” »

སྣ་ཚོགས།

དེང་དུས་བོད་ཀྱི་སྐད་ཡིག་སྤྱོད་ཚུལ་དང་འབྲེལ་བའི་མཐོང་སྣང་།

Posted on 2013-10-072013-10-08 By ཁ་བརྡ་ 21 Comments on དེང་དུས་བོད་ཀྱི་སྐད་ཡིག་སྤྱོད་ཚུལ་དང་འབྲེལ་བའི་མཐོང་སྣང་།

བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ།

བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་དེ་གཅེས་འཛིན་གྱི་ཐབས་ལམ། རྩོམ་ཡིག་སོགས་ཀློག་མཁན་སུ་ཡིན། རྩོམ་ཡིག་གི་བརྗོད་བྱ་རྗོད་བྱེད་འགོད་ཚུལ་གྱི་འགན། གསར་འགོད་ལས་རིགས་པའི་གནས་བབས། བསྡུ་ཚིག་སྐོར། ཞེ་ས་ཡོད་མེད། གཞུང་དོན་ཕྱོགས་བསྐྱོད། ཡོད། རེད། ཡིན། བྱུང་། སོང་། འདུག ཡོད་པ་རེད་འདུག ཡོད་པ་རེད་མི་འདུག ཡོད་མི་འདུག དྲ་རྒྱ། དྲ་སྣང་། དྲ་བརྙན། གཅིག་དགུ་དགུ་བརྒྱད་ལོ། དོན་ཚན་གཅིག གཉིས གསུམ། བཞི་སོགས།

དེ་ལས་མང་བ་། “དེང་དུས་བོད་ཀྱི་སྐད་ཡིག་སྤྱོད་ཚུལ་དང་འབྲེལ་བའི་མཐོང་སྣང་།” »

དཔྱད་རྩོམ།

ཚིགས་བརྒྱ་མ།

Posted on 2013-10-072013-10-08 By ཁ་བརྡ་ 1 Comment on ཚིགས་བརྒྱ་མ།

______ལོ་མ་རྒྱལ།

Untitled༡

ཁྱོད་ནི་འོད་དུ་འཚེར་བའི་ཆུ་ཐིགས་ཤིག །

ང་ཡི་རྒྱ་མཚོ་ནང་དུ་ཟགས་ནས་བྱུང་།།

ཁྱོད་ནི་འཇམ་མཉེན་ལྡན་པའི་མཚོ་རླབས་ཤིག །

ང་ཡི་མཚོ་མོའི་ངོགས་སུ་བྱིལ་བྱིལ་བྱེད།།

༢

དུས་ནི་ཁུ་སིམ་འཆར་ཀའི་ཕང་བ་ལ།།

རླུང་གི་རལ་གྲི་རྩྭ་ལོའི་གསེབ་ལ་གཡུགས།།

དེ་ལས་མང་བ་། “ཚིགས་བརྒྱ་མ།” »

སྙན་ངག

དྲན་སྣང་ཐོར་བུའི་ཁྲོད་ཀྱི་བྱིས་དུས་ཀྱི་འཚོ་བ།

Posted on 2013-10-062013-10-07 By ཁ་བརྡ་ 2 Comments on དྲན་སྣང་ཐོར་བུའི་ཁྲོད་ཀྱི་བྱིས་དུས་ཀྱི་འཚོ་བ།

གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། (ལྡི་ལི་མཐོ་སློབ།)

རྒྱུ་རྐྱེན་དེ་བག་ཆགས་འདི་ཡི་དབང་གིས་ཡིན་ནམ། ཡང་ན་ཨ་མའི་བྱམས་བརྩེ་ཡི་དབང་གིས་ཡིན་ནམ། ད་ལྟ་ཡིག་རྒྱུགས་སླེབས་གྲབས་ཉེ་བའི་མཐོ་སློབ་ཀྱི་སློབ་མ་ཞིག་ལ་ཆ་མཚོན་ན་གོང་གི་དྲི་བ་འདི་གཉིས་ལ་ལ་བསམ་བློ་གཏོང་རྒྱུ་དང་ལན་འདེབས་རྒྱུར་དུས་ཚོད་ཅིག་གང་ན་ཡོད། ཁོའི་མིག་མདུན་དུ་སྔ་ས་ནས་དྲི་བའི་ཕུང་པོ་རེ་རེ་རི་བོའི་གཏོས་དང་མཉམ་པ་སྤུངས་ནས་ཡོད་ན་ཡང་། ཆེས་སྤྱིར་བཏང་མིན་པའི་དྲི་བ་དེ་འཁོར་ཐེངས་རེར་ཁོའི་འདས་སོང་གི་འཚོ་བ་གང་མང་ཞིག་ལ་བསམ་གཞིག་བྱེད་དགོས་བྱུང་སོང་ལ།

དེ་ལས་མང་བ་། “དྲན་སྣང་ཐོར་བུའི་ཁྲོད་ཀྱི་བྱིས་དུས་ཀྱི་འཚོ་བ།” »

སྣ་ཚོགས།

དགོངས་པ་མ་ཚོམས།

Posted on 2013-10-062013-10-07 By ཁ་བརྡ་ 40 Comments on དགོངས་པ་མ་ཚོམས།

ད་ལྟ་ཁ་བརྡ་ལ་འགྱུར་བ་གཏོང་བཞིན་པའི་སྐབས་འདིར་སླར་ཡང་ཁ་བརྡའི་པར་སྒྲོམ་རྙིང་པ་ལ་ཕྱིར་ལོག་བྱས་ཡོད། འདིའི་རྒྱུ་མཚན་གཅིག་ནི་ཀློག་མཁན་མང་པོས་དེ་ལྟར་གནང་རོགས་ཞེས་སྐུལ་མ་བཏབ་པ་དེ་ཡིན། རྒྱུ་མཚན་གཞན་ཞིག་ནི་ཁ་བརྡའི་པར་སྒྲོམ་མམ་པར་རྩ་གསར་པ་ལ་བཟོ་བཅོས་ཆ་ཚང་བར་མ་གྲུབ་པར་ཚོད་ལྟའི་ཚུལ་དུ་གཟིགས་མཁན་རྣམས་ཀྱི་སྤྱན་སྔར་བསྟར་སྐབས། གློ་བུར་དུ་འགྱུར་བ་སྣ་ཚོགས་ཤིག་ཡོང་བཞིན་འདུག་ན། དེ་དག་མི་འོང་བའི་ཆེད་དུ་ཡིན། འདིར་ཁ་བརྡའི་ལས་བྱ་བ་ཡོངས་ཀྱིས་ཁྱེད་རྣམས་ལ་དགོངས་པ་མ་ཚོམས་ཞེས་ཞུ་བ་དང་ཆབས་གཅིག གནས་སྐབས་རིང་པར་སྒྲོམ་རྙིང་པ་འདི་མུ་མཐུད་ནས་ཉར་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བ་ཡིན། ཁ་བརྡའི་འཛིན་སྐྱོང་གིས་ཕུལ།

གསལ་བསྒྲགས།

Posts pagination

Previous 1 … 141 142 143 … 423 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme