Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འོས་མི་གཉིས་ཀྱི་བགྲོ་གླེང་ཐེངས་གཉིས་པ།

Posted on 2016-03-092016-03-09 By ཁ་བརྡ 48 Comments on སྲིད་སྐྱོང་འོས་མི་གཉིས་ཀྱི་བགྲོ་གླེང་ཐེངས་གཉིས་པ།

བགྲོ་གླེང་།

Post navigation

Previous Post: དོན་ཕྲན་ཚེགས་ཤིག་ལས་སྐད་ཡིག་གི་བདག་དབང་སྐོར་ལ་སེམས་འཚབ་པ།
Next Post: གསུང་དང་ལད་མོ་སོ།

Comments (48) on “སྲིད་སྐྱོང་འོས་མི་གཉིས་ཀྱི་བགྲོ་གླེང་ཐེངས་གཉིས་པ།”

  1. ནུབ་ཕྱོགས་གངས་ཕྲུག says:
    2016-03-09 at 1:23 am

    སྲིད་སྐྱོང་ཁ་མཁས་པོ་མི་དགོས། སྲིད་སྐྱོང་འུར་གཏམ་ཅན་མི་དགོས། སྲིད་སྐྱོང་ཁྲམ་པའི་གདོང་དེ་མི་དགོས། སྲིད་སྐྱོང་ང་རྒྱལ་ཅན་དེ་མི་དགོས། སྲིད་སྐྱོང་གཞན་གྱི་བྱས་རྗེས་ཚང་མ་སོ་སོས་བྱས་པ་ཡིན་ཟེར་མཁན་དེ་མིན་དགོས། སྲིད་སྐྱོང་ལྟ་གྲུབ་གསུམ་ལ་གྲུབ་འབྲས་གང་ཡང་མ་འཐོན་མཁན་དེ་མི་དགོས། སྲིད་སྐྱོང་རྒྱ་བོད་ཞི་མོལ་ནམ་མཁའི་མཇའ་ལྟར་ཡལ་མཁན་དེ་མི་དགོས། སྲིད་སྐྱོང་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་དུང་བ་མེད་མཁན་དེ་མི་དགོས། མདོར་ན་སྲིད་སྐྱོང་རྡ་རམ་ས་ལར་དུས་ཚོད་འཕྲོ་བརླག་གཏང་མཁན་མི་དགོས།

  2. བླ་མ། says:
    2016-03-09 at 1:41 am

    ཀརྨ་བློ་གསལ་ཟེར་བ་ཁྱོད་ལྟ་བུའི་དོལ་འདྲེ་དག་ལ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་འདི་ཕྱི་གཉིས་ཀྱི་སྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་གི་དགོངས་དག་ཞུ་དགོས་པའི་རྒྱུ་ཚན་སྤུ་ཙམ་མེད།།

  3. ཕོ་རྒོད says:
    2016-03-09 at 1:57 am

    བློ་སེང་སྲིད་སྟེགས་སུ་འཚང་བ་ནི་སྒེར་དོན་སྒྲུབ་བྱེད་ཁོ་ན་ཡིན། བློ་སེང་གིས་ཁས་ལེན་གཅིག་ཀྱང་སྒྲུབ་མེད། བློ་སེང་ལ་དབུ་ཁྲིད་ཀྱི་ནུས་པ་དང་གཤིས་ཀ་གཏན་ནས་མེད། ང་ཚོ་ལ་དེ་འདྲའི་སྲིད་སྐྱོང་ལ་རྒྱབ་སྐྱོར་གཏན་ནས་མེད།

  4. རྡོ་རྗེ་སྐལ་བཟང says:
    2016-03-09 at 2:00 am

    ནག་ཐུག་དང་ནུབ་ཕྱོགས་གངས་ཕྲུག་ལ་རྒྱབ་སྐྱོར་།
    སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས།
    སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས།
    སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས།

  5. དགྲ་འདུལ says:
    2016-03-09 at 2:01 am

    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་ཁ་མཁས་པོ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་འུར་གཏམ་ཅན་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་ཁྲམ་པའི་གདོང་དེ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་ང་རྒྱལ་ཅན་མི་དགོས།

  6. སྒྲོན་མེ says:
    2016-03-09 at 2:14 am

    ང་ཚོར་སྲིད་སྐྱོང་ལས་ལྷག་པའི་བསྒྲུབ་བྱ་ཞིག་ཡོད་པ་ནི་རང་གི་ཕ་ཡུལ་དང་རང་གི་མི་རིགས་ཧྲིལ་པོ་དེ་སྐྱོབ་པའི་དུས་ཚོད་ད་ལྟ་ཡིན། འཇིགས་པར་ཉེན་པའི་རང་གི་ཕ་ཡུལ་གྱི་ས་ཆ། སྐད་ཡིག་དང་རིག་གཞུང་། གོམས་གཤིས། དེ་བཞིན་བུ་ཕྲུག་ཚོའི་མདུན་ལམ་བཅས་ལ་བསམ་གཞིགས་བྱེད་པ་ནི། ང་ལ་མཚོན་ན་སྲིད་སྐྱོང་གི་གོ་གནས་མིང་སྐམ་པོ་དེ་ལས་གལ་འགངས་ཆེ་བར་མངོན་། དེ་དག་བསྒྲུབ་པའི་དུས་ཚོད་ནི་ད་ལྟ་ཡིན། གོང་ན་རྒྱལ་བ་རིན་པོ་ཆེ་བཞུགས་པ་དང་། འོག་ན་བོད་མིའི་མཐུན་སྒྲིལ་གྱི་སྟོབས་ཤུགས་མི་ཉམས་པ། ཕྱི་ལ་བོད་ལ་བློ་ཉེ་བའི་གྲོགས་པོ་མི་ཉུང་བ་ཡོད་པས། བོད་དོན་སྒྲུབ་དུས་ནི་ད་ལྟ་ལས་གོ་སྐབས་ལེགས་པ་མེད། ང་ཚོ་ལ་སྲིད་སྐྱོང་ཡག་པོ་ཞིག་དགོས། ངའི་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་པ།

  7. གཡག་རྒན says:
    2016-03-09 at 2:19 am

    རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ལ་གནས་པ་འདིས། ། རང་གི་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ།།

  8. ཇུང་ཏོག་ says:
    2016-03-09 at 2:27 am

    སྲིད་སྐྱོང་འོས་མི་གཉིས་ཀྱི་བགྲོ་གླེང་ལ་བལྟས་ན་བོད་པ་ཚང་ངུ་བྲོ་འདའ་།
    བཙན་བྱོལ་སྤྱི་ཚོགས་ནང་མི་རྫོགས་པ་མ་རེད་དམ་ཧཧཧངོ་མའི་ངོ་ཚ་ཐི་།

  9. གླག་མིག says:
    2016-03-09 at 2:30 am

    བོད་པ་ཚོ། རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་བ་རྡོ་རྗེ་ཚེ་རིང་སྐུ་གྲོངས་དུས་བློ་སེང་གང་ན་ཡོད།
    འོས་ཤོག་དང་མི་སྲོག་གང་གལ་ཆེ་བ་ཡིན།

  10. སྐྱེས་ལོ། says:
    2016-03-09 at 2:30 am

    བློ་སེང་གི་ནག་སྐྱོན་གསུམ།
    ༡ མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་ཙམ་དང་། བོད་རྒྱ་འབྲེལ་མོལ་ཚོགས་ཆུང་བཙུགས་ཡོད། འོན་ཀྱང་།བློ་བཟང་སེང་གེའི་སྐབས་སུ་དེ་ཚོ་མེད་པ་ཆགས་ནས་ད་ལྟ་ཀླད་གོར་༠ཡིན།
    ༢ གཞུང་དངུལ་ལྐོག་ཟ་བྱས་ནས་ཨ་རིའི་ཁང་རིན་ལ་སྤྲད་པའི་དོགས་གནས་ཡོད་པས་ཁྲིམས་མཐུན་མིན་པ་ཆགས་ཡོད།། ཁང་རིན་ཨ་རིའི་མ་དངུལ་འབུམ་གསུམ་སྤྲད་ཡོད།
    ༣ ༢༠༡༦ལོར་དུས་འཁོར་དབང་ཆེན་ཡང་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས་རྙོག་དྲ་བསླངས་ཏེ་མེད་པར་བཟོས། མི་མང་ལ་ནང་འགལ་ཅན་གྱི་གསལ་བསྒྲགས་རྫུན་མ་སྔ་ཕྱི་ཁ་ཤས་བྱས།
    སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས།
    སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས།
    སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས།
    ཚང་མའི་སྐད་འབོད་བྱས་རོགས།

  11. གླག་མིག says:
    2016-03-09 at 2:41 am

    གལ་ཆེ་བའི་གསལ་བསྒྲགས།

    གངས་ལྗོངས་ལྷ་ཡི་ཡུལ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཆེད་དུ།
    གངས་ཅན་དབུ་མའི་ལམ་གྱི་དམངས་གཙོ་དང་རང་དབང་གི་ཆེད་དུ།
    སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས།

  12. གླག་མིག says:
    2016-03-09 at 2:43 am

    མཆོད་འབུལ་དཔའ་བོའི་ཁྱིམ་མི་ཡོད་སྐྱོ་སྡུག་བསྔལ་སྐབས་ལ་བློ་སེང་ཡོད་དམ་སྤེན་པ་ཡོད

  13. ཚེ་བཀྲ says:
    2016-03-09 at 2:43 am

    མི་གཤིས་ཡག་པོ་ཅན།ལས་ཀ་ཡག་པོ་ལས།བོད་སྐད་ཡག་པོ་བཤད་།བོད་ཡིག་ཡག་པོ་འབྲི།བླ་མ་ལ་གུས་པ་ཅན་།འབངས་མི་ལ་བྱམས་པ་ཅན་།ལས་གྲོགས་ལ་མཐུནཔ་ཅན་།འདི་ནི་ང་ཚོ་ལ་དགོས་པའི་སྲིད་སྐྱོང་ཡིན་པའི་བློ་སེང་མིན་ནོ་།

  14. ཤམ་བྷ་ལ says:
    2016-03-09 at 2:44 am

    ང་ཚོས་ད་ལྟ་གསལ་བོར་ཤེས་ཐུབ་པ་ནི། ཚོགས་གཙོ་སྤེན་པ་ཚེ་རིང་ལ་མི་གསོད་ལག་མར་གྱི་ཉེས་འདོགས་བྱས་རྗེས་ཁོང་གིས་ཡང་དང་བསྐྱར་དུ་གྲོས་ཚོགས་ར་བའི་ཕྱི་ལོགས་སུ་དོན་ཏེ་ཤོད་དང་། ང་ཚོས་ཁྲིམས་ཐོག་ནས་གསལ་ཁ་འབྱེད་པའི་འབོད་སྐུལ་བཏང་ཡང་། སྦྲང་སྒྲ་ཙམ་གྲག་རྒྱུ་མེད་པ་འདི་ཅི་རེད། བསམ་བཞིན་གཟུགས་མེད་གྲུབ་བཟོ་བྱས་པའི་དཔང་རྟགས་རྨ་མེད་པ་དེ་རེད། ད་དུང་ཡང་། ད་ལྟའི་འོས་སློང་གི་འགྲན་རྩོད་ཁྲོད་བློ་སེང་གི་རྒྱབ་སྐྱོར་བ་གཙོ་བོ་ནང་གི་ཡང་གཙོ་ཚོའི་ཁྲོད་ན་ཚོགས་གཙོ་སྤེན་པ་ཚེ་རིང་ལག་དམར་དུ་སྒྲོག་པའི་ཟེར་གཟུགས་དེ་གཙོས་པའི་མི་འགའ་ཡོད། ཁོ་ཚོས་འདི་ལྟའི་མ་རབས་ཀྱི་འཆར་འགོད་བཏིང་བ་བློ་སེང་གིས་མི་ཤེས་ཟེར་ན་སེའུ་བཅུ་བའི་བྱིས་པའང་ཡིད་ཆེས་ཐབས་དཀའ་ན། བློ་སེང་ནི་གཡོ་འཕྲུལ་ཉག་ཉོག་བཀོལ་ནས་རང་གི་སྤྱི་ཚོགས་དཀྲུགས་པར་ཡ་ང་མེད་པའི་ཆབ་སྲིད་པ་ཐབས་ཆག་རེད།

  15. ཚེ་བཀྲ says:
    2016-03-09 at 2:46 am

    མ་འོང་པའི་སྲིད་སྐྱོང་ནི་བློ་སེང་ལྟ་བའི་མི་གཡོ་སྒྱུ་ཅན་ཞིག་ཡིན་ན་གཏན་ནས་མི་དགོས།
    མ་འོང་པའི་སྲིད་སྐྱོང་ནི་བློ་སེང་ལྟ་བའི་མི་འུར་གཏམ་ཅན་ཅན་ཞིག་ཡིན་ན་གཏན་ནས་མི་དགོས།
    མ་འོང་པའི་སྲིད་སྐྱོང་ནི་བློ་སེང་ལྟ་བའི་མི་་ང་རྒྱལ་ཅན་ཞིག་ཡིན་ན་གཏན་ནས་མི་དགོས།
    མ་འོང་པའི་སྲིད་སྐྱོང་ནི་བློ་སེང་ལྟ་བའི་མི་གྲུབ་འབྲས་མེད་པ་ཅན་ཞིག་ཡིན་ན་གཏན་ནས་མི་དགོས།
    མ་འོང་པའི་སྲིད་སྐྱོང་ནི་བློ་སེང་ལྟ་བའི་མི་རང་སྐད་རང་ཡིག་མི་ཤེས་པ་ཅན་ཞིག་ཡིན་ན་གཏན་ནས་མི་དགོས།

  16. ཀརྨ་བློ་གསལ་ says:
    2016-03-09 at 2:47 am

    བླ་མ་ཅན། སྐུ་ངོ་ཚོགས་གཙོས་གོང་ས་མཆོག་ནས་དགོས་དབང་གིས་ཞལ་རྫུན་གསུང་འདུག་ཟེར་བ་དེ་བདེན་པ་ཡིན་ན་དགོངས་དག་ཞུ་དགོས་ད་དགོས། འདུལ་བར་འགལ་ཡོད་པ་རེད། གལ་སྲིད་ཚོགས་གཙོས་འོས་ཤོག་ཐོབ་ཆེད་རྫུན་རྒྱག་གི་ཡོད་ན་སྤེན་ཚེ་ནས་དགོངས་དག་ཞུ་དགོས་རེད། གནད་དོན་འདི་དོལ་རྒྱལ་དང་འབྲེལ་པ་འདུག་གམ།

  17. ལིང་ནག says:
    2016-03-09 at 2:59 am

    དགྲ་འདུལ་ལགས་ཀྱི་གསུངས་ལ་རྒྱབ་བསྐྱོར་ཡོད་་་་
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་ཁ་མཁས་པོ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་འུར་གཏམ་ཅན་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་ཁྲམ་པའི་གདོང་དེ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་ང་རྒྱལ་ཅན་མི་དགོས།
    སྲིད་སྐྱོང་རྫུན་བཤད་མཁན་མི་དགོས་སསསསསསསསསསསསསོ།

  18. འབྲོག་ཕྲུག། says:
    2016-03-09 at 3:05 am

    གནད་དོན་འདི་དོལ་རྒྱལ་དང་འབྲེལ་པ་འདུག་པ་མ་ཟད་བློ་སེང་ལ་ཡང་འབྲེལ་པ་ཆེན་པོ་ཡོད་།

  19. སྲོང་བཙན། says:
    2016-03-09 at 3:35 am

    དུས་དབང་སྐོར་ནས་ཚོགས་གཙོ་སྤེན་པ་ཚེ་རིང་གི་བྱས་རྗེས་ཆེན་པོ་བཅུ་འཇོག་ཐུབ་སོང་།

    སྤྱིར་བཙན་བྱོལ་ནང་དུ་དབུ་ཁྲིད་ཚོས་རྫུན་བཤད་ལུགས་དང་བཀག་ཤག་དང་བཀའ་བློན་ཚོས་གཅིག་བྱས་རབས་ཀྱི་སྐད་ཆ་མང་པོ་འདུག་ཅིང་ཆུ་སྒང་གི་དེབ་ཐེར་མང་པོའི་མང་དུ་རྒན་པོ་དཔའ་ངར་ཅན་དེ་ཚོས་དགའ་ལྡན་ཕོ་བྲང་གིས་གཅིག་བྱས་རབས་དང་གོང་ས་མཆོག་གིས་ཞལ་རྫུན་གསུངས་རབ་ཚུན་ཆོད་ཧ་ཅང་བློ་ཕམ་དང་རེ་ཟད་ཐོག་ནས་གླེང་འདུག འོན་ཀྱང་རྒས་འཁོགས་དེ་ཚོས་སྐད་ཆ་ལ་རྩ་བ་ལས་ཡིད་ཆེད་བྱེད་མ་མྱོང་ཡང་དེ་རིང་ང་ཚོ་མང་པོ་ཞིག་ལ་རྒན་པོ་དེ་ཚོའི་སྐད་ནང་དུའང་བདེན་པ་ཡོད་ས་རེ་སྙམ་པ་ཞིག་བྱུང་བ་འདི་ནི་ཚོགས་གཙོའི་བྱས་རྗེས་དང་པོའོ།

    བློ་སེང་གིས་རྫུན་བཤད་ལ་རྫུན་སྣོན་བྱས་པའི་དཀའ་ཤག་དང་དགའ་ལྡན་ཕོ་བྲང་ཟེར་བའི་ལས་ཁུངས་གལ་ཆེན་འདི་གཉིས་ཀྱི་རྫུན་རྐུབ་གཏོལ་བ་དེ་ཚོགས་གཙོའི་བྱས་རྗེས་གཉིས་པའོ།།

    རྫུན་བཤད་འདི་དང་འབྲེལ་བའི་ནག་ཉེས་ཅན་གྱི་མི་སྣ་སྲིད་སྐྱོང་བློ་སེང་དང་། ཆོས་རིག་བཀའ་བློན། བདེ་སྲུང་བཀའ་བློན། བཀའ་དྲུང་ཡིག་ཚང་གི་དྲུང་ཆེན་གཡུ་ཐོག་ཀརྨ་དགེ་ལེགས། དྭག་པོ་བསོད་ནམ་ནོར་བུ། དྲིལ་བསྒྲགས་དྲུང་ཆེན་བཀྲིས་ཕུན་ཚོགས། ད་དུང་བཀའ་དྲུང་ཡིག་ཚང་གི་འགན་ཁུར་བ་མང་པོ་ཞིག་ཚུད་ཡོད་ངེས། དགའ་ལྡན་ཕོ་བྲང་གི་དྲུང་ཆེན་བློ་བཟང་སྦྱིན་པ། རྔ་པ་ཚེ་རྒྱམ། སྐུ་ངོ་བྲེ་སོང་ལགས། མཁས་དབང་ཟམ་གདོང་རིན་ལོ་ཆེ། བསྟན་འཛིན་སྟག་ལྷ། ཚོགས་གཙོའི་སྲིང་མོའི་ཁྱོ་ག་འཇམ་དཔལ་ལྷུན་གྲུབ། ད་དུང་འགའ་ཚུད་ཡོད། མི་སྣ་ཉི་ཤུ་ཙམ་ཚུད་པའི་ཁོ་ཚོ་ཚང་མ་རྐོ་བ་གཅིག་ནས་ཆད་པའི་རྒྱུ་བུ་ཡིན་སྟབས། རྫུན་བཤད་ན་བཤད་མཉམ་དང་མ་རག་བྱས་ཡིན་མཉམ་ཡིན་པས་གནད་ཡོད་མི་སྣ་འདི་དག་གི་རྫུན་རྐུབ་ཡོངས་སུ་གཏོལ་ཐུབ་པ་དེ་ཚོགས་གཙོས་བྱས་རྗེས་གསུམ་པའོ།།

    ང་འདྲ་བའི་གཞོན་སྐྱེས་ཚོས་ད་བར་༸གོང་ས་མཆོག་གིས་མི་མང་ལ་འགོ་སྐོར་བཏང་ནས་རྫུན་བཤད་པའི་དངོས་དོན་དཔེ་མཚོན་སྣ་གཅིག་བཞག་རྒྱུ་མེད་ལ། ཁོང་གིས་དེ་འདྲ་གནང་སྲིད་པ་ཡིད་ལ་དོགས་པ་ཙམ་ཡང་ཟ་མྱོང་མེད། དེ་རིང་ང་ཚོ་ལ་༸གོང་ས་མཆོག་གིས་ཀྱང་ཞལ་རྫུན་གསུང་གི་ཡོད་འདུག་བསམ་པའི་དཔེ་མཚོན་ཞིག་དང་དོགས་པ་ཙམ་མིན་པར་དངོས་སུ་མཐོང་གཅུག་པ་འདི་ཚོགས་གཙོའི་བྱས་རྗེས་བཞི་པའོ།།

    ཆེས་མཐོ་བའི་བཀའ་ཤག་དང་དགའ་ལྡན་ཕོ་བྲང་གཉིས་ཀྱིས་ཀྱང་མི་མང་འགོ་སྐོར་བཏང་ནས་ལག་རིང་ཐུང་སྣ་ཚོགས་ཤིག་བྱེད་བཞིན་ཡོད་པ་གཏན་ཁེལ་ཞིག་ཆགས་ཡོད་པ་ནི་ད་རེས་རྫུན་སྣོན་དེ་ལས་གསལ་པོ་གྱུར་སོང་བ་གསལ་སྟོན་བྱས་པ་འདི་ཚོགས་གཙོའི་བྱས་རྗེས་ལྔ་པའོ།།

    དོལ་ཚོགས་ཀྱིས་ཏཱ་ལའི་བླ་མས་རྫུན་བཤད་མཚམས་ཞོགས་ཟེར་བཞིན་སྐད་འབོད་བྱེད་སྒང་དེར་ཁོ་ཚོའི་ཁ་ནང་ལ་སྐད་འབོད་བྱེད་ཆོག་ཆོག་གཅིག་དང་། ཁུངས་བདེན་དཔང་རྟགས་ཤིག་ཕུལ་གནང་བ་འདི་ཚོགས་གཙོའི་བྱས་རྗེས་དྲུག་པའོ།།

    རྒྱ་དམར་གུང་ཁྲན་གྱིས་གོང་ས་མ་མཆོག་ལ་སྐྱག་རྫུན་བཤད་པའི་དགེ་སློང་ཟེར་ནས་སྐྱོན་འཛུགས་སྙིང་ལ་གཟེར་བ་མག་པོ་བྱེད་བཞིན་པ་ཡོད་ཀྱང་བདེན་དཔང་ཞིག་གི་ཐོག་ནས་སྐྱོན་འཛུགས་ཤིག་ད་བར་བྱེད་རྒྱུ་རག་མེད་ནའང་དེ་རིང་དཔང་མི་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་ཚོགས་པ་དེའི་གྲོས་ཚོགས་ཚོགས་གཙོ་ཡིན་པའི་གནད་ཡོད་མི་འདི་ཡིན་ཟེར་ནས་བསྟན་རྒྱུ་ཞིག་བཟོས་པ་འདི་ཚོགས་གཙོའི་བྱས་རྗེས་བདུན་པའོ།།

    གུང་ཁྲན་མ་གཏོགས་འཛམ་གླེང་ཁྱོན་དུ་གོང་ས་མཆོག་ཟེར་དུས་ཁ་ཞེན་གཉིས་མེད་དང་རྫུན་བཤད་མི་ཤེས་པའི་སྐྱེས་མཆོག་ཅིག་ལ་བརྩི་བཞིན་ཡོད་མོད། དེ་རིང་སྐྱེས་མཆོག་འདིས་ཀྱང་རྫུན་ཞིག་བཤད་ཡོད་ས་རེད་སྙམ་པའི་དད་ལྡན་མང་ཚོགས་ཀྱི་སེམས་ལ་མི་བདེ་ཆེན་པོ་ཞིག་བཟོས་པ་འདི་ཚོགས་གཙོའི་བྱས་རྗེས་བརྒྱད་པའོ།།

    མ་འོངས་ལོ་རྗེས་ཀྱི་དེབ་ཐེར་ནང་དུ་བཙན་བྱོལ་སྒྲིག་འཛུགས་ཀྱི་བཀའ་ཤག་དང་། དགའ་ལྡན་ཕོ་བྲང་ཟེར་བའི་བླ་བྲང་ཆེན་པོ་དེའི་རྫུན་བཤད་མྱོང་བའི་ནག་ཐིག་ཅིག་འཁོད་ཐུབ་པ་གནང་བ་འདི་ཚོགས་གཙོའི་བྱས་རྗེས་དགུ་པའོ།།

    ད་ནི་དབུ་ཁྲིད་ལའང་ཡིད་ཆེས་མི་འདུག་ལ། རང་གཞུང་ལའང་སེམས་གཏོད་ས་མི་འདུག་ཅེས་མི་མང་ཚོ་བློ་ཕམ་དང་རེ་ཆད། ཐབས་ཟད་པའི་གནས་ཚུལ་ཡོང་ཆོག་ཆོག་གི་གཞི་རྩ་བརྟན་པོ་སྐྲུན་གནང་བ་འདི་ཚོགས་གཙོའི་བྱས་རྗེས་བཅུ་པའོ།།

    འདི་དག་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་མ་ཁེལ་བའི་དུས་ཡུན་ཐུང་ངུ་ཞིག་ནང་དུ་འཇོག་པའི་བྱས་རྗེས་རེད། སྲིད་སྐྱོང་ལ་ཁེལ་ན་དང་དཔེ་མི་སྲིད་པའི་རླབས་ཆེན་གྱི་བྱས་རྗེས་བཞག་ས་རེད།

  20. གཡག་རྒན says:
    2016-03-09 at 3:52 am

    སྲོང་བཙན། བོད་མིའི་འགན་འཁྲི་གཙོ་བོ་ནི་དམངས་གཙོའི་ལམ་ལུགས་ཇེ་ལེགས་སུ་འགྲོ་བར་ཤུགས་སྣིན་བྱེད་རྒྱུ་དང་དབུ་མའི་ལམ་ཐོག་བོད་གངས་ཅན་རྒྱལ་ཁབ་སླར་གཙོ་བྱེད་རྒྱུ་དེ་རེད། གུས་བའི་རེ་བ་ཡིན་ན་བློ་བཟང་སེང་གེ་སྐྱོན་འཛུགས་བྱེད་དགོས་བའི་ངེས་བ་མེད་བསམ་བཞིན། ཅི་ཡིན་ཞེ་ན།
    གཅིག བློ་སེང་གི་རྒྱལ་གཅེས་ཐོབ་ཐང་སྤེན་ཚེ་ལས་མཐོ།
    གཉིས སྤེན་ཚེའི་ཤེས་ཡོན་བློ་སེང་ལས་ཞན།
    གསུམ བློ་སེང་ནི་གསར་གཏོད་རང་བཞིན་གྱི་འཇོན་ཐང་ལྡན། སྤེན་ཚེ་ཅུང་ཙམ་སྲོལ་རྒྱུན་ལས་བོད་དོན་ཐབས་ཇུས་གསར་བ་མེད།
    བཞི བློ་སེང་ནི་བོད་ལ་མཁོ་བའི་ཆབ་སྲིད་བ་རེད། སྤེན་ཚེ་ནི་སྲིད་ཇུས་ལ་དགའ་ཞེན་ཆེ་བ་ལས་ཆབ་སྲིད་ཀྱི་ཐབས་བཀོད་མང་བོ་མེད
    འུ་ཅག་གིས་གླེང་མོལ་བྱེད་པ་ལས་དམའ་འབེབས་མི་བྱེད་པ་ཐུགས་རྗེ་ཆེ།

  21. འབྲོག་ཕྲུག། says:
    2016-03-09 at 3:55 am

    བློ་སེང་ཁྲིམས་ལུགས་མཁས་དབང་རེད་མང་པོ་གསུངས་འདུག དེ་འདྲ་ཡིན་ན།ཁྲིམས་ལུགས་དང་འབྲེལ་བའི་དཔྱད་རྩོམ་རྐང་གཅིག་ཀྱང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་བའི་དུས་དེབ་དང་དྲ་རྒྱ་གཅིག་ལ་ཡང་འདོན་ཐུབ་མེད་པ་དེ་གང་ལ་ཐུག་ཡོད་དམ། ཞིབ་འཇུག་ཡག་པོ་བྱས་ནས་ལན་ཞིག་སྩོལ་རོགས།

  22. ཚེ་བཀྲ says:
    2016-03-09 at 4:13 am

    གཡག་རྒན་ཟེར་བ་དེ་བློ་སེང་གི་རྒྱུག་ཁྱི་ན་མོ་ཞིག་རེད་།སྲོང་བཙན་གྱི་གསུང་བ་ལ་མངོན་པར་བསྟོད་།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་ཁ་མཁས་པོ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་འུར་གཏམ་ཅན་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་ཁྲམ་པའི་གདོང་དེ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་སེང་ང་རྒྱལ་ཅན་མི་དགོས།

  23. ཅོ་རི་ཉི་མ། says:
    2016-03-09 at 4:15 am

    ཕྱོགས་གཅིག་གིས་རྫུན་བཤད་ཀྱི་ཡོད་པར་གསལ་པོ་རེད། ༧གོང་ས་ཏྭ་ལའི་བླ་མ་དང་བློ་སེང་གཉིས་ཀྱིས་རྫུན་བཤད་ཀྱི་ཡོད་པར་རེད་དམ། སྤེན་ཚེས་རྫུན་བཤད་ཀྱི་ཡོད་པར་རེད། གལ་ཆེན་ཤོས་༧གོས་ས་ཏྭ་ལའི་བླ་མ་ལ་དྲིས་ན་གསལ་པོ་ཆགས་ངེས་རེད། གཞན་་་་ཕར་དད་པ་ལོག་སྤྱོད་རེ་བྱས། ཚུར་དད་པ་ལོག་སྤྱོད་རེ་བྱས་ནས་བསྡད་ན་ཅི་ཕན་ནམ། དད་པ་ལོག་སྤྱོད་བྱེད་སྟངས་འདི་དག་སྐྱུག་དྲོ་པོ་རེད།

  24. ཅོ་རི་ཉི་མ། says:
    2016-03-09 at 4:28 am

    སྤྱི་སྟངས་ནས་ད་ལོའི་སྲིད་སྐྱོང་འོས་མིའི་འགྲན་བརྩད་སྐབས་སུ་བོད་ཀྱི་རྩ་དོན་བོར་སོང་བ་རེད། དད་པ་ལོག་སྤྱོད་བྱེད་དུས་་་དབང་སྐོར་སྟངས་དང་། སྐུ་དཔར་བཤམས་སྟངས། བཀའ་སྒྲུབ་སྟངས་སོགས་བརྩད་དགོས་པ་རེད། དད་པ་ལོག་སྤྱོད་པའི་ལག་ཆ་ཡང་དེ་དག་རེད། བོད་རྒྱལ་ཁབ་ལ་ཕན་ཐོགས་སྣེ་གཅིག་མེད་པའི་རྩོད་རྙོག་རེད། དད་ལྡན་མི་དམངས་མགོ་སྐོར་གཏོང་ཆེད་དུ་རེད། དད་ལྡན་ཚོའི་ལག་གི་འོས་ཤོག་རེག་ཆེད་དུ་རེད། རྨོངས་དད་ཅན་གྱི་སྤྱི་ཚོགས་ནང་དུ་དད་པ་ལོག་སྤྱོད་མ་བྱས་ན་འོས་འཐོབ་པའི་རེ་བ་མེད་པས་རེད།་་་ཧཧ རྩ་བ་ཐུག་ས་རྨོངས་དད་ལ་ཐུག་ཡོད། ཇི་སྲིད་རྨོངས་དད་མེད་པའི་སྤྱི་ཚོགས་ཤིག་མ་ཆགས་བར་དུ་བོད་རྒྱལ་ཁབ་ལ་བདེ་སྐྱིད་ཡོང་མི་སྲིད། ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་མི་ཐུབ།

  25. ནག་ཐུག says:
    2016-03-09 at 4:31 am

    ཀྱེ གྲོགས་གཡག་རྒན་ལགས
    བློ་སེང་གི་རྒྱལ་གཅེས་ཐོབ་ཐང་མཐོ་ཞེས་པ་དེ་ནི་ཁོ་རང་ཨ་རིའི་ཧ་ཝར་སློབ་ཆེན་ཡིན་པ་དེའི་ནུས་ཤུགས་རེད།ཁོ་རང་ཉིད་ངོས་ནས་མཐོ་བ་ཡིན་པ་མ་རེད།སློབ་གྲྭར་རྐྱེན་རེད།
    ཁོ་རང་ཆབ་སྲིད་བྱ་ལས་ཀྱི་ནུས་པ་དང་ཉམས་མྱོང་ཆེན་པོ་མེད། ལོ་འདེ་དག་རིང་གི་བྱ་ལས་ལ་བལྟས་ན་གསལ་བོར་ཤེས་ཐུབ།
    དཔེར་ན། ༡ མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་ཙམ་དང་། བོད་རྒྱ་འབྲེལ་མོལ་ཚོགས་ཆུང་བཙུགས་ཡོད། འོན་ཀྱང་། བློ་བཟང་སེང་གེའི་སྐབས་སུ་དེ་ཚོ་མེད་པ་ཆགས་ནས་ད་ལྟ་ཀླད་གོར་༠ ཡིན།

    ༢ གཞུང་དངུལ་ལྐོག་ཟ་བྱས་ནས་ཨ་རིའི་ཁང་རིན་ལ་སྤྲད་པའི་དོགས་གནས་ཡོད་པས་ཁྲིམས་མཐུན་མིན་པ་ཆགས་ཡོད།། ཁང་རིན་ཨ་རིའི་མ་དངུལ་འབུམ་གསུམ་སྤྲད་ཡོད།
    འདི་དག་བྱེད་མཁན་ཆབ་སྲིད་བ་ཞིག་མ་ཡིན་པར་རྐུན་མ་རྫུན་རྐྱལ་ཞིག་གི་བྱ་ལས་རེད། མི་འདི་འདྲ་ཞིག་སྲིད་སྐྱོང་ལ་འདེམས་ན་ངོས་ནས་མི་ལེགས་བསམ། ང་ཚོ་ད་ལྟ་བོད་མིའི་མདུན་ལམ་ལ་བསམ་བློ་གཏོང་དགོས། མི་རང་ཉིད་ཀྱི་དགའ་བ་ལྟར་བསམ་བློ་བཏང་ན་ནོར་འདུག སྲིད་སྐྱོང་ཞིག་ཡིན་ཚེ་ཐོག་མར་མི་དྲང་བདེན་ཤིག་ཡིན་དགོས བོད་མིའི་ཆེད་དུ་ང་ཚོ་ལ་སྲིད་སྐྱོང་ཞིག་དགོས། འོན་ཀྱང་བློ་བཟང་སེང་གེ་མི་དགོས།

  26. རྡོ་རྗེ་སྐལ་བཟང says:
    2016-03-09 at 4:45 am

    བློ་སེང་གི་རྒྱུག་ཁྱི་ཚོས་བློ་སེང་ནི་བོད་པ་ཚང་གི་དེང་དུས་ཤེས་ཡོན་རྩེ་མོར་སོན་པ་ཞིག་ཡིན་པ་དང་འདི་ལྟ་བུ་མཁས་དབང་ཞིག་སྲིད་སྐྱོང་ལ་འཁོད་ཐུབ་པ་དེ་ཡང་བོད་པ་ཚང་གི་བསོད་ནམས་ཡིན་ལབ་ཀྱིན་འདུག།ངོ་མ་ཡ་མཚན་རེད་།རང་བོད་པ་ཚང་ལ་འདི་འདྲའི་བསོད་ནམས་ལྡན་པ་ཡིད་རེ་སྐྱོ།རང་བོད་པ་ཚང་ལ་འདི་འདྲའི་མཁས་དབང་ལྡན་པ་ཡིད་རེ་སྐྱོ།

  27. བླ་མ། says:
    2016-03-09 at 5:28 am

    ཀརྨ་མ་བློ་གསལ། ཁྱོད་ལ་འདུལ་བ་ཕར་ཞག་ནས་འདུལ་བའི་དྲི་མ་ཙམ་ཡང་མི་འདུག། ཁྱོད་ལྟ་བུ་ང་རྒྱལ་གྱི་ཁེངས་པའི་འདུལ་བ་གོ་མ་མྱོང་། ཁྱོད་ལྟ་བུའི་ཁྲ་དོག་གི་འདུལ་བ་གོ་མ་མྱོང་། བོད་ཀྱི་བླ་མ་རྣམས་ཀྱི་སོ་བྱང་སྔགས་གསུམ་ལྡན་པའི་བླ་མ་ཡིན། ཆོས་འདུལ་འདུལ་བ་ངའི་ངོ་མ་ཤེས། །རང་སེམས་དུལ་ན་འདུལ་བ་ཡིན།།

  28. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    2016-03-09 at 6:34 am

    བརྙན་ཕབ་བསྒྲིགས་སྦྱོར་བྱས་ནས་ཡིན་ན། ཡང་ནས་དམིགས་སུ་བཀར་ནས་བྱས་པ་ཡིན་ན། གང་ལྟར་སྲིད་སྐྱོང་འོས་མི་གཉིས་ཀྱི་བགྲོ་གླེང་གནང་བའི་ནང་གི་བཀའ་མོལ་བརྒྱ་ཆ་བརྒྱ་ཚང་མ་གོ་རྒྱུ་དང་མཐོང་རྒྱུ་མི་འདུག གླེང་མོལ་གྱིས་བར་ཙམ་ནས་བསྟུབ་བཞག ལྷག་པར་དུ་མཇུག་བསྡོམས་ཀྱི་སྐད་ཆའི་ཚིག་ཁ་ཤས་བཅད་བཞག
    ལོ་རྒྱུས་རང་བཞིན་གྱི་བགྲོ་གླེང་འདི་ལྟ་བུའི་སྐད་ཆའི་ནང་གི་ཚིག་གཅིག་ཡིན་རུང་རང་སོར་འཇོགས་པ་ལས་རྩ་བ་ནས་བཅོས་མི་ཉན་ནོ།།

  29. གནམ says:
    2016-03-09 at 7:46 am

    ཞལ་རྫུན་རེ་རེ་བསགས་དུས་འཛུམ་དམུལ་རེ།།
    ཧམ་པ་རེ་རེ་བཤད་དུས་ཕྱག་བརྒྱ་རེ།།
    ངོ་ཚ་རེ་རེ་ཉོ་དུས་ཁྲོ་ཉམས་རེ།།
    ཕྱི་ནང་རྣམ་འགྱུར་བར་ན་སྐྱོན་ཆ་རེ།།
    རེ་རེ་བཤད་ན་བཤད་ཚོད་མེད་པ་འདི།།
    སེང་གེ་སྲིད་སྐྱོང་ཐང་ལ་གཡུག་སྤྱད་ཞིག།
    ཧ་ཧ་ཧ།

  30. སྐལ་བཟང་རྒྱལ་མཚོ།། says:
    2016-03-09 at 8:19 am

    འདའ་བ་འདུ་བ་ཀྱི་མི་ཤེས་། ད་དགའ་ལྡན་ཕོ་བྲང་ཚང་གིས་མཁས་དབང་ཚོ་གོ་མེད་ཚོ་ནེད་རེད།

  31. ཀརྨ་བློ་གསལ་ says:
    2016-03-09 at 8:27 am

    རང་སེམས་མ་ཐུལ་བའི་བླ་མ་ཞིག་གིས་ད་དུང་སེམས་འདུལ་སྟངས་ལབ་ཀྱིན་འདུག སྐྱག་རྫུན་མ་རེད་དམ། སྤེན་པ་ཚེ་རིང་གིས་གོང་ས་མཆོག་གིས་དུས་དབང་ཆེད་རྫུན་ལབ་སོང་ཟེར་བར་ལན་ཡོད་དམ་མེད། གལ་སྲིད་མེད་ན་འདུལ་བའི་སྔོན་དུ་མཐོ་དམན་ཡོག་མ་རེད། སྡོམ་ཤོར་ཚར་བ་རེད། ཡང་ན། སྤེན་པ་ཚེ་རིང་གིས་རྫུན་ལབ་ཀྱིན་ཡོད་ན། མི་མང་གིས་འོས་ཤོག་བཀོལ་ནས་ས་ལ་བརྡབ་དགོས་ཀྱི་རེད། དེ་འདྲ་ཞིག་མ་རེད་དམ།

  32. ཤམ་བྷ་ལ says:
    2016-03-09 at 9:01 am

    གནས་ཚུལ་ཛ་དྲག་ཞིག
    བློ་སེང་གིས་འདི་ལྟར་བྱས་ན་བོད་པའི་ཡིད་སྐྱོ་སོང་།

    https:// youtu.be/O66jzO5U5kQ

  33. ཁུ་བྱུག says:
    2016-03-09 at 9:17 am

    སྡུག་སྐད་ག་རེ་བཏོན་ནའང་འོས་མིའི་སྟོབས་ཤུགས་ནི། གཞིས་ཆགས་ཁག་ཏུ་ཡོད་པའི་བོད་མི་རྣམས་ཡིན། ཁོང་ཅག་གིས་སྲིད་སྐྱོང་སུ་ཡིན་ཐག་བཅད་ཟིན་ན། འུར་ཅི་འདྲ་རྒྱབ་ནའང་དགོས་པ་ཅང་ཨེ་ཡོད། མ་གཞི་འོས་མི་སོ་སོའི་རྒྱབ་སྐྱོར་བ་ཚོས་ (Vote Bank) འོས་མཛོད་གཞིས་མི་རྣམས་ཕྱོགས་སོ་སོར་བློ་སེམས་བཀུག་དགོས་པ་ནི། མེད་མི་རུང་བ་ཡིན། ད་ནི་ཕྱིས་སོང་བ་རེད། སྐབས་རྗེས་མར་་་་vote bank་་་་་གང་དུ་ཡོད་ན། དེར་རྒྱབ་རྟེན་བཅོལ་རྒྱུ་བརྗེད་མི་ཉན། དེ་ནི་མང་གཙོའི་འོས་ཤོག་གི་ཆེས་གལ་གནད་ཅན་ཡིན། ཡོལ་རྒྱབ་ཏུ་གབ་ནས་ཁུངས་ལུང་མེད་ལ། ཡིད་བརྟོན་མི་རུང་བའི་ཡི་གེ་ཁྲི་མ་འབུམ་སྤེལ་ཟིན་ནའང་། vote bank གཡོ་སྐྱོམ་ཐེབས་མིན་འདུག་གདའ།

  34. ནག་ཆུ་ཀུན་དགའ says:
    2016-03-09 at 12:13 pm

    སྲོང་བཙན་ཟེར་བ་ཁྱོད་མི་ཁྱོད་ཡིན་ན། ཧཧཧ་་་དཀྲུགས་མཁས་པ་འདུག་ག།
    རྡ་ས་ཆུ་སྒང་གིས་བརྟེན་བཞུགས་སྐྱབས་འཇུག་ཞུས་པ་ལྟར། དེ་ལ་ས་གནས་གང་དང་སྐབས་གང་ཞིག་ལ་
    གནང་མིན་དེ་༸གོང་ས་མཆོག་གི་སྐུ་དབང་རེད། དེ་འགྲིགས་ཀྱི་མི་འདུག་ཟེར་མཁན་བློ་སེང་རེད།
    མཛད་དཀའ་བཟོས་པ་མ་ཟད་སྐུ་དབང་ལ་ལག་པ་འཆང་འདུག། དེར་བརྟེན་ཁོང་གིས་ཕྱི་འཐེན་གནང་བ་རེད།བླ་མས་མི་མང་ལ་བརྡ་སྟོན་ལུང་བསྟན་པ་རེད། མདོར་ན་འོས་བསྡུས་བརྒྱུད་རིམ་འདི་ཁྲོད་ན།
    བོད་མི་རིགས་ཀྱི་ཕྲལ་ཕུགས་རྒྱང་གསུམ་ལ་བློ་དཀར་སེམས་དཀར་ཅན་གྱི་མཐོ་རིམ་བླ་དཔོན་མང་པོས།
    བློ་སེང་སྲིད་སྐྱོང་མི་འོས་པའི་བརྡ་སྟོན་ཟུར་སྟོན་གནང་མཁན་མང་པོ་བྱུང་ཡོད།
    བཀའ་བློན་ལས་རོགས་བདེ་སྐྱིད་ཆོས་དབྱངས་དང་བཀའ་དྲུང་ལས་ཟུར་མི་འགྱུར་རྡོ་རྗེ་གཉིས་ནས་མངོན་གསལ་ཅན་རེད། ད་དུང་༸གོང་ས་མཆོག་གི་མཛད་རྗེས་མང་པོ་བློ་སེང་གིས་བསུབ་ཀྱིན་ཡོད།
    དགེ་བཤེས་མའི་མཚན་རྟགས་ཁོས་གསར་གཏོད་ཡིན་ཟེར་ནས་ངོ་ཚ་སྤངས་ནས་ཚང་མའི་མདུན་དུ་ཧམ་བཤད་བྱེད་ཀྱིན་ཡོད། དེ་དཔེ་མཚོན་ཙམ་ཡིན། བློ་སེང་སྲིད་སྐྱོང་ཆགས་པའི་རྗེས་ཏེ། ༢༠༡༡ནས་འཛིན་གྲྭ་དང་པོ་ཡིན་པ་ད་ལྟར་ལྔ་པར་འགྲོ་བཞིན་པ་ཚང་མ་སྔོན་དུས་ལས་ཡིག་ཚད་སྐྱོ་བ་ཆགསས་ཡོད།
    འཛིན་རིམ་བཅུ་གཉིས་ནང་གི་བརྒྱ་ཆ་མཐོ་བ་རེ་བཟུང་བགྲངས་བཞིན་པ་དེ་དག་ནི་བཀའ་ཤག་སྔོན་མ་དང་སོ་སོའི་ཕ་མ། རང་གིས་འབད་པ་བྱས་པ་བཅས་ཀྱི་འབྲས་བུ་ཙམ་གསུང་མཆོག་མོད། གནས་ཚུ་དེ་ཙམ་ནི་ཧ་ལས་རྒྱུ་མེད། ད་བཤད་རྒྱུ་མང་ཡང་དུས་ཚོད་ཀྱིས་མི་འདངས། དོན་དངོས་ཐོག་དཔལ་ལྡན་སྲིད་སྐྱོང་ལས་ཐོག་མཆོག་ཁྱེད་ལ་རྒྱ་ནག་གི་གྲོང་གསེབ་ཆུང་ཆུང་ཞིག་གི་དཔོན་པོ་ལ་ཁ་ཡ་འཕེར་བའི་རིག་གནས་དང་སྲིད་དོན་གྱི་གོ་རྟོགས་མི་འདུག་པའི་ཁར། ལྟ་བ་ཁྱེར་སྟངས་དེ་ཡང་ཚད་ལྡན་ཞིག་མི་འདུག་པས་དགོངས་དག་འོས་ཤོག་འབུལ་ཐབས་མི་འདུག།

  35. ཨ་ཁུ་འབྲོག་པ། says:
    2016-03-09 at 12:51 pm

    དང་པོ་མཁས་མདོག་བསྟན་པས། །མཁས་དབང་མཁས་དབང་ཞུས་སོང་། །བར་དུ་ཡིན་མདོག་བསྟན་པས། །སྲིད་སྐྱོང་སྲིད་སྐྱོང་ཞུས་སོང་། །ཐ་མ་སྤྱང་མདོག་བསྟན་པས། །ཁྲམ་པ་ཁྲམ་པ་ཞུས་སོང་། མ་འོངས་སྲིད་ཟུར་བློ་སེང་། རང་ཚོད་ཟིན་ཏེ་བཞུགས་དང་། །ཞེས་དེང་སྐབས་མདོ་དབུས་སྨན་ཤར་མ་ཁག་གཅིག་གིས་གཏོང་བཞིན་པའི་གཞས་དེ་འདིར་བྲིས་སོ། །

  36. སྐལ་ཚེ། says:
    2016-03-09 at 12:58 pm

    མང་གཙོ་ཡིན་ན་ད་ལྟད་མོ་གདའ།

  37. རྒྱ་ཞིང་མྱི་དཀར། says:
    2016-03-09 at 2:49 pm

    ཨ་དྲིན་ཆེ་ཚོ་ངོ་མ་ཅན་གྱི་སྐྲག་ས་འདྲ་རེད་ཕྱོགས་ཁག་འདི་གཉིས་སོ་ཁ་ཆེ་དང་ཨ་རི་གཉིས་ལས་ཀྱང་འཁྲུག་པོ་འདུག ད་ཆོག་གི་པ་གལ་སྲིད་༧གོང་ས་མཆོག་གི་ཐུགས་ལ་གསན་སོང་ན་ཇི་ལྟར་དགོངས་རྒྱུ་རེད། ཐུགས་བསམ་ཏོག་ཙམ་བཞེས་ཡག་གི་པ།

  38. རྒྱ་ཞིང་མྱི་དཀར། says:
    2016-03-09 at 2:53 pm

    རྣམ་པ་གཉིས་ཚད་འདི་སླེབས་པ་ཡང་དྲ་འབུ་ཚོས་ཤུགས་རྐྱེན་གྱིས་རེད་རྒྱབ་སྐྱོར་བ་ཡིན་མདོག་མདོག་ཁ་ཕྱོགས་ཡོད་མདོག་མདོག་ཆབ་སྲིད་ཤེས་མདོག་མདོག་བོད་འབངས་ལ་བསམ་བློ་ཡོད་མདོག་མདོག་རྐྱང་རྐྱང་གིས་རྙོག་དྲ་འདི་བཟོ་བ་རེད།

  39. BONPO says:
    2016-03-09 at 9:02 pm

    བཀའ་ཤག་གི་དངོས་དོན་གསལ་བཤད།
    ༢༠༡༦ ཟླ་ ༢ ཚེས་ ༥ རེས་གཟའ་པ་སངས།
    ༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཕེབས་ཏེ། ཕྱི་ནང་གི་གསར་འགོད་པ་ ༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་བཀའ་ཤག་གི་དངོས་དོན་གསལ་བཤད་སྒྲོག་སྦྱངས་གནང་དོན། དེང་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་བཞིན་ཡོད་པ་དང་ལྷན་ཅིག་ཏུ་བོད་དང་བོད་མིའི་གནད་དོན་མང་པོའི་ཐོག་གཏམ་བཤད་དང་། བགྲོ་གླེང་། རྟོག་དཔྱོད་བཅས་ཀྱང་གང་མང་ཡོང་བཞིན་ཡོད་པ་དང་། སྤྱི་ཚོགས་དྲྭ་རྒྱ་སོགས་མང་ཚོགས་ཀྱི་བརྒྱུད་ལམ་ཁག་ཅིག་ཏུ་ཐོན་གསལ་ལྟར་བྱས་ན། སྲིད་སྐྱོང་གི་འོས་མི་ཞིག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལས་དོན་ལ་སྐྱོན་བརྗོད་དང་གཟུགས་མེད་གྲིབ་བཟོ་མང་དག་ཅིག་གནང་བཞིན་ཡོད་པའི་ཁྲོད་ནས་གནད་དོན་གཉིས་ཀྱི་ཐོག་གསལ་བཤད་ཡོ་བསྲང་དགོས་རྒྱུ་གལ་ཆེར་མཐོང་བ་ལྟར་ཞུ་རྒྱུར།

    ༡༽ དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བའི་གནད་དོན།

    འདི་ལོའི་ཕྱི་ཟླ་དང་པོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་གནང་རྒྱུའི་དུས་འཁོར་དབང་ཆེན་ལོ་གཅིག་ཕྱིར་འགྱངས་གནང་དོན་གང་ཡིན་ཐད། བཀའ་ཤག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་སྤེལ་བའི་གསལ་བསྒྲགས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་ཤས་གོང་དུ་ཨ་རི་མི་ཎི་སོ་ཌ་དང་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བཀའ་སློབ་གསལ་ཕེབས་ཡོད་པ་དེ་དག་དང་ཡེ་ནས་མི་མཐུན་པའི་རྒྱུ་མཚན་གཞན་ཞིག་ཡོད་ཚུལ་བཤད་པ་ནི། བདེན་པ་མིན་པ་ཙམ་དུ་མ་ཟད། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཀྱང་རེད། གནད་དོན་དེའི་བྱུང་རིམ་དངོས་ནི། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གོ་བསྡུར་འགྲེལ་བཤད་སླད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཉིས་ཆེད་གཏོང་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་འགྲེལ་བཤད་གནང་དོན་དུ། ༸གོང་ས་མཆོག་སྨན་བཅོས་འཕྲོད་བཞེས་གནང་དགོས་སྐོར་བཀའ་བསྡུར་རིམ་པར་བྱུང་ཡོད་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ལྡི་ལིར་ཁྱད་མཁས་སྨན་པས་བརྟག་དཔྱད་ཞུས་སྐབས་ Prostate བསྙུན་གཞི་ངོ་འཕྲོད་བྱུང་སྟེ་སྨན་བཅོས་གནང་གལ་ཆེ་ཚུལ་ཞུས་སྐོར་དང་། ༸གོང་ས་མཆོག་ཉིད་ནས་ཀྱང་གལ་ཆེ་དོན་ཆེར་དགོངས་ཏེ། སྨན་བཅོས་གནང་རྒྱུ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་། ཐུགས་དམ་བདུན་ཀར་སྨན་བཅོས་གནང་ན་ལེགས་པ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཕྱིར་འགྱངས་གནང་ན་ལེགས་པ་གསལ་བབས་བྱུང་སྐོར་བཅས་གསུངས་ཐོག དུས་འཁོར་དབང་ཆེན་གྱི་མཛད་འཆར་ནི། མཛད་འཆར་གཞན་དང་མི་འདྲ་བ་འགོ་འཛུགས་ཟིན་རྗེས་གློ་བུར་བར་མཚམས་འཇོག་དགོས་བྱུང་ཚེ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་བརྡབ་གསིག་ཆེན་པོ་ཡོང་ངེས་ཡིན་སྐོར་འཕྲོས་མོལ་ཡང་བྱུང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས། ༸རྒྱལ་བའི་སྐུ་ཁམས་འཕྲོད་བཞེས་ལས་གལ་གནད་ཆེ་བའི་དོན་གནས་གཞན་མེད་པ་དང་།

    ཁྱད་པར་༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པའི་གནད་དོན་ཞིག་ཡིན་པར་བརྟེན། བཀའ་ཤག་ནས་༸རྒྱལ་བའི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུར་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་བར་དཀྱིལ་དུ་གློ་བུར་མཚམས་འཇོག་གནང་དགོས་བྱུང་ཚེ་ཕྱི་ལོ་ ༢༠༠༢ ལོར་སྐུ་ངལ་ཇི་བྱུང་ལྟར་ཡོང་རྒྱུའི་དྲན་བསྐུལ་ཡང་ཞུ་གནང་མཛད་ཡོད། གསལ་བསྒྲགས་ཞུ་ཕྱོགས་ཐད། སྨན་བཅོས་གནང་དགོས་པའི་རྒྱུ་མཚན་ལ་བརྟེན་ནས་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་དགོས་བྱུང་ལུགས་གསལ་བཀོད་བྱས་ཚེ། གཞིས་བྱེས་མང་ཚོགས་ཁྲོད་དུ་བློ་གཡེང་དང་འུར་འདྲོགས་ཆེན་པོ་ལངས་ཉེན་ཡོད་གཤིས། གསལ་བསྒྲགས་སུ་བཀའ་ཤག་ནས་༸གོང་ས་མཆོག་ལ་མཛད་འཆར་ཉུང་འཕྲི་ཡོང་བ་དང་། སྐུ་ངལ་མང་ཙམ་གསོ་བཞེས་ཡོང་བའི་གསོལ་འདེབས་དང་སྦྲགས། དུས་འཁོར་དབང་ཆེན་གནང་རྒྱུ་ཕྱིར་འགྱངས་ཆོག་པ་ཞུས་པ་ལ་བཀའ་བཞེས་བཟང་པོ་ཐོབ་སྐོར་འགོད་རྒྱུའི་དགོངས་འཆར་བཅས་ཕུལ་བར། ཕྱི་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་དེ་ལྟར་བྱ་འཐུས་ཀྱི་བཀའ་བཟང་སྤྱི་ཕེབས་བྱུང་རྗེས། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུས་ཤིང་། གསལ་བསྒྲགས་དེའི་ནང་སྨན་བཅོས་འཕྲོད་བཞེས་སླད་དུས་འཁོར་དབང་ཆེན་ཕར་འགྱངས་གནང་བའི་བརྡ་སྟོན་ཆེད་སྐུ་ངལ་གསོ་བཞེས་མང་ཙམ་དགོས་པ་དང་མཛད་འཆར་ཉུང་འཕྲི་དགོས་པའི་རྒྱུ་མཚན་གཉིས་ནན་བརྗོད་བྱས་ཡོད་ཅིང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ནང་དུའང་དེ་དང་གཅིག་མཚུངས་འགོད་གནང་མཛད་ཡོད། གོང་གསལ་གནས་ཚུལ་བྱུང་རིམ་ཁག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་བཅས་ལའང་ཇི་བཞིན་འགྲེལ་བརྗོད་གནང་ཡོད།

    ཕྱི་ལོ་ ༢༠༡༥ ཟླ་ ༩ པའི་ནང་༸གོང་ས་མཆོག་ཨ་རི་མི་ཎི་སོ་ཌའི་མཱ་ཡཱོ་སྨན་ཁང་དུ་བརྟག་དཔྱད་ཞུས་སྐབས་སུའང་ཁྱད་མཁས་སྨན་པས་སྐུ་ངལ་གསོ་བཞེས་དང་སྨན་བཅོས་གནང་དགོས་པའི་སློབ་སྟོན་ཕུལ་ཡོད་པ་དང་། དེ་ལ་བརྟེན་ནས་ཕྱི་ཟླ་ ༡༠ པའི་ཨ་རིའི་མཛད་འཆར་ཡོངས་རྫོགས་ཕྱི་བཤོལ་མཛད་ཡོད། དེ་སྐབས་༸གོང་ས་མཆོག་ནས་ས་གནས་བོད་མི་ཚོར་བཀའ་སློབ་གནང་སྐབས། སྨན་བཅོས་འཕྲོད་བཞེས་གནང་སླད་སོག་ཡུལ་དང་རྡོ་རྗེ་གདན་དུ་གནང་འཆར་ཡོད་པའི་དུས་འཁོར་དབང་ཆེན་གྱི་མཛད་འཆར་གཉིས་ཕྱི་བཤོལ་གནང་བ་ཡིན་ཞེས་བཀའ་གསལ་པོ་གནང་ཡོད་པ་དང་། དེ་བཞིན་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བཀྲ་ཤིས་ལྷུན་པོའི་གདན་སར་ཆོས་ཞུ་བའི་འདུས་ཚོགས་ལ་ཕྱི་ལོ་གསར་ཚེས་ཀྱི་འཚམས་འདྲི་གནང་བ་དང་ཆབས་ཅིག་ཏུ། རྡོ་རྗེ་གདན་དུ་གནང་རྒྱུའི་དུས་འཁོར་དབང་ཆེན་ལོ་གཅིག་ཕྱིར་འགྱངས་གནང་སྐོར་དང་། དུས་སང་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡ པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་ཆེ་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་མཛད་ཡོད། ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་ཨ་རིར་སྨན་བཅོས་འཕྲོད་བཞེས་སླད་ཕེབས་པའི་དུས་ཚེས་ཁག་སྔ་ལོར་འཆར་འགོད་གནང་བའི་དུས་འཁོར་དབང་ཆེན་གྱི་དུས་ཚེས་དང་བསྒྲིགས་པ་ལྟར་འགྲིགས་ཡོད་པ་ནས་གོང་གསལ་རྒྱུ་མཚན་གསལ་བཤད་མི་དགོས་ལྟ་བུ་གྱུར་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ཡིན།

    མཐའ་བསྡོམས། ཁྱད་མཁས་སྨན་པས་སློབ་སྟོན་རིམ་འབུལ་ཞུས་པ་དང་། ༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པ། ༸གོང་ས་མཆོག་སྐུ་ངོ་མ་ནས་མང་ཚོགས་ལ་བཀའ་སློབ་གསལ་རྗེན་སྔ་རྗེས་གཉིས་ཕེབས་ཡོད་པ་བཅས་ལ་གཞི་རྩ་བཟུང་སྟེ། སྨན་བཅོས་འཕྲོད་བཞེས་གནང་བའི་ཆེད་དུ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བ་ཞིག་རེད་ཅེས་ངེས་བཟུང་གིས་ནན་བརྗོད་ཞུ་རྒྱུ་དེ་ཁོ་ན་ལས། བཀའ་ཤག་ལ་དེ་མིན་པའི་རྒྱུ་མཚན་འགྲེལ་བརྗོད་ཞུ་རྒྱུ་གཞན་གང་ཡང་མེད།

    དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་ལས་དྲངས། །

    ༧གོང་ས་མཆོག་དགུང་ལོ་བརྒྱད་བཅུར་ཕེབས་པ་ཡིན་པས་དད་ལྡན་མང་ཚོགས་དང་ཚོགས་པ་སྐྱིད་སྡུག་ཁག་ལས་ཀྱང་༧ཁོང་གི་སྐུ་གཟུགས་འཕྲོད་བཞེས་དེ་གལ་ཆེ་བར་བརྩི་དགོས་པར་སེམས་སོ། །

  40. ཇུང་ཏོག་ says:
    2016-03-09 at 9:15 pm

    གོང་ས་མཆོག་ནས་ཐུགས་བརྩེ་བ་ཆེན་པོའི་བོད་མི་མང་ལ་མང་གཙོའི་ལམ་ཁ་བསྟན་ནས་བོད་ཀྱི་ཆབ་སྲིད་འགན་དབང་མི་མང་གནང་ན་ཡང་བོད་མིའི་བསོད་ནམས་ཀྱི་ནུས་པས་མ་ལྡང་ནས་ནང་ཁུལ་སྐྱོན་འཛུགས་ཀྱི་རྣོ་ངར་ལ་བལྟས་ན་བོད་མིའི་སྲིད་དབང་འཛིན་རྒྱུ་དཀའ་ངལ་ནང་ང་ཚོ་དང་ཁོ་ཚོ་ཟེར་ནས་ནང་ཁུལ་མཐུན་བསྒྲིལ་དམ་གཙང་ཐུབ་རྒྱུ་ཉིན་སྐར་ལ་སོང་བོད་མི་མང་ནས་སླར་གོང་ས་མཆོག་ལ་བོད་ཀྱི་སྲིད་དབང་བཞེས་རོགས་ཞུ་དགོས་པའི་དུས་ཚོད་མི་ཤར་བའི་ངེས་པ་མི་འདུག་ན་ཚང་མས་ཟབ་ཟབ་གནང་རོགས་ཐུགས་རྗེའི་གཟིགས་མང་པོ་མ་དཀྲུགས་རོགས་སྐུ་མཁྱེན་།

  41. BONPO says:
    2016-03-09 at 9:27 pm

    ༼དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་།༽ ཞེས་གསལ་འདུག་པས། འདི་ཕྱག་མོ་བརྒྱབ་པའི་དོན་ཡིན་ནམ ?

  42. ཀརྡོ་གཉེར་ཕྱག་པ་ says:
    2016-03-10 at 1:08 am

    ལགས་རེད། ཆོས་གྲོགས་བོན་པོ་ལགས། ་ཐུགས་དམ་བརྟག་པ་ནི། ཕྱག་མོ་བསྐྱོན་པའི་དོན་རེད།

  43. གྲགས་པ། says:
    2016-03-10 at 2:22 am

    སྲིད་སྐྱོང་གི་འོས་མི་རྣམ་པ་གཉིས་ཀྱིས་འཛེམ་ཟོན་མེད་པའི་ཐོག་ནས་བགྲོ་གླེང་ཡག་པོ་གནང་སོང་། དེ་རང་དབང་དང་མང་གཙོའི་ཐོབ་ཐང་ཡག་པོ་ལོངས་སུ་སྤྱད་པ་རེད། དུས་བབ་ཚང་གི་དྲ་ཐོག་ན་ཡོད་པའི་བརྙན་འཕྲིན་ཚན་པ་འདིའི་མཇུག་ཏུ་ཚོགས་གཙོ་སྤེན་པ་ཚེ་རིང་གི་གཏམ་བཤད་ཀྱི་མཇུག་གཏུབ་ཚར་འདུག་པ་ཅི་ཡིན་ནམ། ?????

  44. འདན་མའི་བུ་ཆུང་། says:
    2016-03-10 at 3:01 am

    ཧ་ཧ་ཧ་་་ ད་ཁྱེད་ཚོ་ཤ་ཚ་བའི་གང་དུ་སྙིང་ཞིག་བརྗེ་ན་འདོད་ མི་ངན་ཁྱེད་ཚོ་དགོས་ཡ་དེ་ཚོགས་གཙོ་༷༷༷xxxཁོ་རེད་ འོན་ཀྱང་ དུས་ཇི་སྲིད་བར་དུ་ཁོ་ལ་སྲིད་བསྐྱོང་གི་གོ་སྐབས་ཡོད་མ་རེ་ གང་ཡིན་ཞེ་ན་ཁོ་མི་རང་ཚུགས་མེད་མཁན་ཞིག་རེད་ལ་ལྷག་པར་དུ་བུ་མེད་མཛེས་མ་ཞིག་གིས་ཁོ་ལ་མདོད་པའི་རྣམ་འགྱུར་བསྟན་ན་ཁོས་བུ་མེད་དེ་ཅི་དགོས་ན་སྦྱིན་མཁན་གྱི་མི་ཞིག་རེད་

  45. མིང་གོ says:
    2016-03-10 at 8:37 am

    #24 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
    March 9th, 2016 at 4:28 am
    སྤྱི་སྟངས་ནས་ད་ལོའི་སྲིད་སྐྱོང་འོས་མིའི་འགྲན་བརྩད་སྐབས་སུ་བོད་ཀྱི་རྩ་དོན་བོར་སོང་བ་རེད། དད་པ་ལོག་སྤྱོད་བྱེད་དུས་་་དབང་སྐོར་སྟངས་དང་། སྐུ་དཔར་བཤམས་སྟངས། བཀའ་སྒྲུབ་སྟངས་སོགས་བརྩད་དགོས་པ་རེད། དད་པ་ལོག་སྤྱོད་པའི་ལག་ཆ་ཡང་དེ་དག་རེད། བོད་རྒྱལ་ཁབ་ལ་ཕན་ཐོགས་སྣེ་གཅིག་མེད་པའི་རྩོད་རྙོག་རེད། དད་ལྡན་མི་དམངས་མགོ་སྐོར་གཏོང་ཆེད་དུ་རེད། དད་ལྡན་ཚོའི་ལག་གི་འོས་ཤོག་རེག་ཆེད་དུ་རེད། རྨོངས་དད་ཅན་གྱི་སྤྱི་ཚོགས་ནང་དུ་དད་པ་ལོག་སྤྱོད་མ་བྱས་ན་འོས་འཐོབ་པའི་རེ་བ་མེད་པས་རེད།་་་ཧཧ རྩ་བ་ཐུག་ས་རྨོངས་དད་ལ་ཐུག་ཡོད། ཇི་སྲིད་རྨོངས་དད་མེད་པའི་སྤྱི་ཚོགས་ཤིག་མ་ཆགས་བར་དུ་བོད་རྒྱལ་ཁབ་ལ་བདེ་སྐྱིད་ཡོང་མི་སྲིད། ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་མི་ཐུབ།

  46. དྲང་སྲོང says:
    2016-03-11 at 12:04 am

    །༄གོང་ས་མཆོག་ནས་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ལྡན་མཁན་ན་གཞོན་སྲིད་སྐྱོང་བློ་བཟང་སེང་གེར་ང་ལོ་ན་ལོ་བཅུ་དྲུག་སྐབས་རྒྱལ་པོ་སྟག་བྲག་སྐུ་མདུན་ནས་ཆབ་སྲིད་རྩིས་ལེན་པ་དེ་ཆ་ཚང་སྲིད་སྐྱོང་བློ་བཟང་སེངྒ་ལ་རྩིས་སྤྲད་ཡ་བྱུང་བས་ངོས་ཀྱིས་བདེན་ཚིག་སྨོན་ལམ་དུ་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་དེ་ད་ཆ་འགྲུབ་སོང་གསུང་ནས་བསྟོད་བསྔགས་གང་འདྲ་གནང་སོང་སྤེན་ཚེ་ལ་གོང་ས་མཆོག་ནས་བསྟོད་བསྔགས་དེ་འདྲ་གནང་ཨེ་མྱོང་གལ་སྲིད་ཡོད་ན་དྲྭ་གྲོགས་ཚོས་འདིར་བཀོད་རོགས་གནང་ན་དགའ་བསུ་ཡོད།

  47. མིག་དམར། says:
    2016-03-11 at 6:33 am

    ཁྱོད་གཉིས་ཀ་ཨ་མའི་བུ་རེད། བོད་ལ་དགོས་པའི་བུ་རེད། བུ་རྒོད་གཉིས་རྩ་དོན་སྒང་ལ་ཤུགས་རྒྱོབས་གནང་རོགས་ཞུ། ཐུགས་རྗེ་ཆེ་ཞུ།

  48. BONPO says:
    2016-03-11 at 8:13 am

    ཆོས་གྲོགས་དམ་པ་ཀརྡོ་གཉེར་ཕྱག་པ་ལགས་སུ་བཀའ་དྲིན་ཆེ་ཞུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme