Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་གཙོ་ཆང་གིས་བཟི་ནས་མདོ་སྨད་སྤྱི་འཐུས་རྡུང་བ།

Posted on 2016-03-082016-03-08 By ཁ་བརྡ 29 Comments on ཚོགས་གཙོ་ཆང་གིས་བཟི་ནས་མདོ་སྨད་སྤྱི་འཐུས་རྡུང་བ།

སྲོང་བཙན།

 
ཁ་སང་དེ་རིང་གི་གསར་འགྱུར་འཁྲུགས་པོ་དེ་ནི་གངས་སྐྱིད་སྤྱི་ཐབ་ཁང་གི་མ་བྱན་བློ་བཟང་ཉི་མས་ཚོགས་གཙོ་ཆང་གིས་བཟི་སྟེ་སྤྱི་འཐུས་ཤིག་ལ་འགྲམ་ལྕག་གཞུས་སྐོར་གྱི་སྐད་ཆ་དེ་རེད། སྐར་མ་19ཅན་གྱི་སྐད་ཆ་དེས་མི་མང་པོ་ཧང་ནག་པོ་སང་གཅུག་འདུག་ལ། དེ་འདྲ་ངོ་མ་ཨེ་ཡིན་བསམ་ནའང་མི་ཟེར་ས་ཞིག་ལྷག་མི་འདུག་སྟེ། མ་བྱན་དེས་དཔང་མི་འདི་དང་འདི་ཡོད་དེས་མིང་དང་བཅས་པ་གསལ་པོ་བཤད་རྒྱུ་འདུག

དེ་རིང་མདོ་སྨད་སྤྱི་འཐུས་ཁོས་གསལ་བཤད་ཅིག་གནང་འདུག་པའི་ནང་མ་བྱན་དེ་ངོ་ཤེས་ལ་མི་ཡ་རབས་ཤིག་ཡིན་ཚུལ་དང་ད་ཐེངས་ཁོས་སྐད་ཆ་དེ་དྲང་པོ་མ་རེད་ཅེས་སྐད་ཆ་ཞིག་བཤད་འདུག་ནའང་ཁ་གསལ་དང་དཔང་མི་འདི་ཡོད་ཅེས་ཐག་ཆོད་པོ་ཞིག་བཤད་ཐུབ་མི་འདུག སྤྱི་འཐུས་རྒྱ་རིགས་ཐར་གྱི་གསལ་བཤད་གནང་ནས་ཅུང་མ་འགོར་བར་མ་བྱན་དེས་སླར་ཡང་སྐར་མ་11ཅན་ཞིག་བཤད་དེ་དཔང་མི་གསར་པ་གང་མང་ཞིག་མིང་དང་བཅས་པ་བཤད་འདུག དཔང་མི་ནང་དུ་མདོ་སྟོད་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་རྒྱལ། ཁྲིམས་ཞིབ་དྲུང་ཆེ་གྲགས་པ་ལགས། དྲིལ་བསྒྲགས་ལས་ཁུངས་ཀྱི་རྒྱ་བོ། ད་དུང་ལས་རོགས་མང་པོ་ཞིག་གི་མིང་ནས་སྨྲས་ཏེ་བཤད་འདུག

གནས་ཚུལ་འདི་ནི་2015 ལོའི་སྤྱི་ཟླ་9 པའི་ནང་དུ་གངས་སྐྱིད་ལ་མཚན་མོ་ཐུགས་སྤྲོ་ཞིག་སྐབས་སུ་བྱུང་ཡོད་འདུག སྐུ་མགྲོན་མང་པོ་ཕེབས་ཏེ་བཞེས་ལག་མཆོད་པ་དང་བཞེས་རག་འཐུང་མཁན་ཚོས་མཚན་མོ་ཕྱི་པོར་སྡོད་རྗེས་མཚན་མོའི་ཆུ་ཚོད1དང་སྐར་མ40ཐོག་ཏུ་དཔལ་ལྡན་ཚོགས་གཙོ་ཆང་གིས་བཟི་སྟེ་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་གྱི་འགྲམ་པ་ལ་གཅིག་བཞུས་ཏེ་ཁྱེད་ཚད་བཟུང་ཁྱེད་ཚད་བཟུང་ཟེར་ནས་ཤོར་སོང་ཟེར། ད་དུང་ཚོགས་གཙོས་ལག་ཏུ་ཤེལ་ཕོར་བཟུང་ནས་ཤོར་ཡོང་སྐབས་ས་ལ་བརྡབས་ནས་ལག་པ་རྨ་ཡང་བཟོས་འདུག་ཟེར། རྒྱ་རིགས་ཐར་གྱིས་”ཁྱི་སྐྱག་ཁྱོས་ང་ལ་གཞུས་སོང་བ” ཟེར་ནས་ངར་ངར་ཤོར་ཤོར་བྱས་སོང་ཟེར། སྐབས་དེར་ནང་སྲིད་དྲུང་ཆེན་གྱིས་རྒྱ་རིགས་ཐར་གྱི་རྒྱབ་ནས་ཟིན། མ་བྱན་ཁོ་རང་གིས་ཚོགས་གཙོ་ལ་མདུན་ནས་བཀག་པ་ཡིན། འབའ་པ་སྐལ་བཟང་རྒྱལ་མཚན་དཀྱིལ་མར་སླེབས་ནས་བར་པ་བྱས་ཡོད་འདུག མ་བྱན་ཁོས་ཚོགས་གཙོ་ལ་སློབ་གསོ་བརྒྱབ་པ་ཡིན་ཟེར། ང་འདྲ་བ་ཞིག་གི་ཚོགས་གཙོ་ལ་སློབ་གསོ་བརྒྱབ་དགོས་ན་དགོད་མོ་ཤོར་བྱེད་རེད་དེ། དེ་འདྲ་གནང་མི་ཉན་ཟེར་ནས་མ་བཤད་ཐབས་མེད་ཆགས་སོང་ཟེར།

ཞིབ་ཕྲ་ཤེས་འདོད་ན་གཤམ་གྱི་དྲ་ཐག་ནས་ཉན་ཐུབ།

———-
མ་བྱན་བློ་བཟང་ཉི་མའི་སྐད་ཆ།
https://goo.gl/UwoBAS

སྤྱི་འཐུས་རྒྱ་རིགས་ཐར་གྱི་གསལ་བཤད།
https://goo.gl/SjGTbw

རྒྱ་རིགས་ཐར་ལ་མ་བྱན་བློ་བཟང་ཉི་མས་སླར་ཡང་གསལ་བཤད།
https://goo.gl/Bd5KXA

སྣ་ཚོགས།

Post navigation

Previous Post: ཀུ་ཤུ་གསར་གཏོད་པ་སི་ཊེབ་ཇཱོབ་སི་ལས་བསླབ་འོས་པའི་འཚོ་བའི་སློབ་ཚན་བཅུ།
Next Post: བློ་སེང་དང་སྤེན་ཚེའི་ཤོག་ཁའི་དབར་ལ་བོད་མི་ལུས་ཡོད།

Comments (29) on “ཚོགས་གཙོ་ཆང་གིས་བཟི་ནས་མདོ་སྨད་སྤྱི་འཐུས་རྡུང་བ།”

  1. ལྷ་སྒང་ཆོས་གྲགས། says:
    2016-03-08 at 11:31 pm

    གནས་ཚུལ་འཁྱམས་པོ་འདི་ལ་ཧང་སང་རྒྱུ་གང་ཡང་མི་འདུག དེ་ཡང་། དང་པོ་གནས་ཚུལ་དེ་གསལ་ཁ་མེད་ལ་སྲང་ལམ་དུ་འཁྱམས་པའི་ཁྱིའི་ཟུག་སྐད་དང་གཅིག་པ་རེད། གཉིས་པ། དོ་བདག་དངོས་གནས་ང་ལ་གཞུས་མ་བྱུང་། ཚོགས་གཙོ་ང་གཉིས་འཆམ་པོ་ཡོད་ཅེས་པ་དེས་གནས་ཚུལ་དེར་གསལ་བཤད་ཡང་བཤད་བྱས་ཀྱང་གསལ་པོ་ཆགས་རྒྱུ་མེད་པ་ཞིག་དང་། ཁྲིམས་ཐོག་ནས་བཤད་ནའང་དོ་བདག་ངོ་མས་དཔང་རྟགས་ཐོན་པས་སྐད་ཆ་དེ་ནུས་མེད་དུ་གྱུར་བ་ཞིག་རེད། གསུམ་པ། གལ་ཏེ་བརྟག་པ་མཐའ་བཟུང་གིས་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་པའི་དབང་དུ་བཏང་ནའང་། ཧང་ནག་པོ་སང་རྒྱུ་གང་ཡང་མི་འདུག་སྟེ། སྤྱི་དོན་དང་འབྲེལ་བ་གང་ཡང་མེད་པར་སྤྲོ་སྐྱིད་དང་གུང་སེང་སྐབས་སུ་ཆང་རག་འཐུང་ནས་སྐྱིད་པོ་གཏོང་བ་དེ་རྒྱལ་ཁབ་ཚང་མའི་ནང་ཡོད་པ་ཞིག་རེད་ལ། ལྷག་པར་བོད་པའི་སྤྱི་ཚོགས་ནང་དགོན་སྡེ་ཁག་ཕུད་པའི་སྤྲོ་སྐྱིད་ཡོད་ན་ཆང་ཡོད་པས་ཁྱབ་རེད། དེ་ན་ཚོགས་གཙོ་སོགས་གཞུང་འབྲེལ་གྱི་མི་སྣ་སྐྱ་བོ་རྣམས་ཀྱིས་སྤྲོ་སྐྱིད་དང་གུང་སེང་སྐབས་ཆང་འཐུང་མི་ཆོག་ཅེས་བཅའ་ཁྲིམས་དང་རྩ་ཁྲིམས་གང་ཞིག་ཏུ་གསལ་ཡོད་དམ། གཞན་ཡང་། ཆང་འཐུང་ན་ར་བཟི་བ་ཆོས་ཉིད་ཡིན་པས་དེ་ལའང་ཧང་སང་རྒྱུ་གང་ཡང་མི་འདུག ར་བཟི་རྗེས་ཕན་ཚུན་ཁ་རྩོད་ཤོར་བ་ཡང་རྒྱུན་གཏན་གྱི་བྱ་སྤྱོད་ཡིན་པས་ཧང་སང་རྒྱུ་ཅང་མི་འདུག ལྷག་པར་ཚོགས་གཙོས་སྐབས་དེར་འཁྲུག་རྩོད་བརྒྱབས་ཡོད་སྲིད་ཀྱང་། དེ་ལའང་ཧང་སང་རྒྱུ་མེད་དེ། ཚོགས་གཙོ་ནི་ཞེ་སྡང་དང་ཁོང་ཁྲོ་མ་སྤངས་པའི་སོ་སོ་སྐྱོ་བོ་ཞིག་ཡིན་པ་དང་། ཚོགས་གཙོ་ནི་ཚོགས་གཙོ་ཡིན་པ་ལས། སངས་རྒྱས་མིན་པས་རེད། ད་དུང་། དེའི་སྐབས་སྤེན་པ་ཚེ་རིང་སྒེར་གྱིས་གུང་སེང་དང་སྤྲོ་སྐྱིད་ཀྱི་སྐབས་ཡིན་པས་རེད། འོན་ཀྱང་། ང་ཧང་སང་ས་གཅིག་རང་ཡོད་པ་ནི། ཚོགས་གཙོས་མ་བྱན་དཀྱུས་མ་ཐེབས་ཆག་ཅིག་གི་ཁ་ལ་ཉན་ཕོད་པ་དེ་རེད།

  2. སེམས་བཟང་། says:
    2016-03-09 at 12:10 am

    བརྩམས་སྒྲུང་རེད་བྱ། རྒྱུ་མཚན་མི་འདུག

  3. ལུང་ཤོར། says:
    2016-03-09 at 12:25 am

    བྱ་ཁྲས་བྱིའུ་བཟས་པ་ལས་བྱིའུས་འབུ་བསད་པ་མང་བ་ཡོད། འུ་ཐུག་བྱུང་དུས་མ་བྱན་ལའང་བདེན་དཔང་བཅོལ་དགོས་བྱུང་འདུག

  4. རྒྱང་མིག says:
    2016-03-09 at 12:49 am

    ད་ནི་བཤད་རྒྱུའི་ཕོངས་པའི་རང་མདངས་ངོ་མ་དེ་ཀུན་ལ་གསལ་སྟོན་བྱས་པ་ལས་གཞན་ཅི་ཡང་མི་འདུག

  5. བསོད་ནམས་བཀྲིས says:
    2016-03-09 at 12:59 am

    ད་སྔོག་ཆེས་ན། མི་ཚོ་འུ་ཐུག་ནས་བློ་སེང་གི་གནས་ཚུལ་ཛོར་པོ་དེ་འདྲ་འདོན་ཡོང་། ད་ཏག་ཏག་རེད། ཉི་མ་༡༡ ལས་མི་འདུག་པས་ལྷོད་ཙམ་བྱོས། ད་ལྟ་བློ་སེང་ལ་སྲིད་སྟེགས་ཐོབ་རྒྱུའི་རེ་བ་ཏོག་ཙམ་ཡོད་པའང་ཏག་ཏག་བཟོས་ཡོང་། རྒྱབ་སྐྱོར་བ་ཚོས་གཟབ་གཟབ་གྱིས།

  6. ༄།།སྟར་བུ་དམར་བོ། says:
    2016-03-09 at 1:07 am

    སྤྱིར་ན། གངས་ཅན་སྐྱིད་གཤོང་དང་རྡ་ས་སོགས་སུ། ཚོགས་གཙོས་ཆང་འཐུང་། བློ་སེང་ར་བཟི། ཀླུ་བྱམས་སྨྱོས། ཟེར་བའི་སྐད་ཆ་ཞིག་ཡོངས་ཁྱབ་ཏུ་འགྲོ་བཞིན་པ་ལས། ཚོགས་གཙོ་ཆང་འཐུང་སྟེ་ར་བཟི་ཞེས་པ་ད་སྔ་གོ་ཡུལ་དུ་མེད་མོད། ད་རེས་ཡང་། ཕྱོགས་སུ་ལྷུང་བ་འབའ་སྐལ་སོགས་ཀྱིས་མ་བྱན་ཞིག་གླས་ཏེ་བརྩམས་སྒྲུང་སྙན་པོ་ཞིག་བཟོ་འདོད་ཀྱིས་སྦྱོར་ངན་སྤེལ་ཡོད་ཀྱང་། སྟབས་མ་ལེགས་པར་དོ་བདག་གིས། རྫུན་རྐུབ་ཡོངས་སུ་བརྟོལ་ཟིན་པས། བཅོས་སྒྲུང་དེའི་ལམ་ཁ་རྦད་དེ་བཀག་བྱུང་། འོན་ཏེ། ཧང་སངས་པ་ཞིག་ལ། དྲ་མིང་སྲོང་བཙན་བྱ་བ་འདི། ནམ་ཡང་ཆོལ་ཞེན་གྱིས་སྨྱོས་ཏེ་གྲྭ་བ་མ་ཟད་མི་སྐྱ་དཀྱུས་མ་ཞིག་གི་བྱ་སྤྱོད་ལས་ཀྱང་ཡོངས་སུ་བརྒལ་ཏེ། དྲ་ཐོག་ལ་འདི་འགོད་དང་། དེ་མི་འགོད་ཀྱི་ས་མཚམས་མེད་པར་ཆོལ་ཁ་དང་ཚོགས་སྡེ་གང་དུའང་དཀྲུག་ཤིང་དང་དཀྲོག་གཏམ་འཕེན་པ་དེ་རེད།

  7. ནག་ཐུག says:
    2016-03-09 at 1:08 am

    འོས་འདེམས་ཉིན་མོ་ཇེ་ཉེ་རེད།གསར་འགྱུར་འཁྲིག་ལོག་ཇེ་མང་རེད།
    གཡོ་རྐྱལ་བློ་སེང་གི་རྒྱུག་ཁྱི་ཚོའི་དེ་རང་གནས་ཚུལ་འདི་འདྲ་སྤེལ་ནས།
    དོན་ངོ་མ་བཤད་ན་མི་རྫུན་བློ་སེང་གི་གཡོ་སྒྱུ་རེད།
    ཚོགས་གཙོ་སྤེན་ཚེ་ལ་དམའ་འབེབས་བྱེད་པའི་ཐབས་གཅིག་རེད།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་་སེང་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་་སེང་མི་དགོས།

  8. ནུབ་ཕྱོགས་གངས་ཕྲུག says:
    2016-03-09 at 1:28 am

    ཀརྨ་བློ་གསལ་ཁྱོད་༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་གཅིག་རེད་འདུག་ད།

  9. རྡོ་རྗེ་སྐལ་བཟང says:
    2016-03-09 at 1:50 am

    ྋགོང་ས་མཆོག་གིས་སྤེན་ཚེའི་མི་བསད་སོང་ཞེས་པའི་ཉེས་འདོགསའདི་གཙང་མ་བཟོ་དགོས་ཞེས་གསུངས་།བློ་སེང་ནས་དེ་གཙང་མ་བཟོས་མེད་།དམིགས་ཡུལ་ཡང་སྤེན་ཚེ་ལ་འགོག་རྐྱེན་བཟོ་བའི་ཆེད་རེད་།

  10. ཁྲག says:
    2016-03-09 at 2:04 am

    བློ་སེང་གི་རྒྱབ་སྐྱོར་བ་ཚོས་སྤེན་ཚེ་ཆང་འཐུང་སྟངས་དང་འབྲེལ་བའི་ཐོག་མ་བྱན་ཞིག་གི་སྐད་ཆར་རིན་ཐང་འཇོག་པ་འདི་ངོ་མ་ངུ་བྲོ་བ་ལ། དོན་དག་ཆུང་ཆུང་ཞིག་ཀྱང་ཧང་སང་མདོག་བྱེད་ཀྱི་འདུག འོ་ན་བློ་སེང་སྔོན་མ་བདེ་སྐྱིད་ཆོས་དབྱངས་གི་ནང་དགོང་ད་འགྲོ་གི་ཡོད་པ་མི་མང་པོས་མཐོང་མྱོང་བ་རེད། འདི་ཡང་བློ་སེང་ཆགས་སྲེད་ཆེ་གི་ཟེར་ན་བཤད་རིན་འདུག་གམ། སེང་གེ་མཇུག་མ་ཐོན་ཡོང་བ་འདི་བདེན་པ་དང་ཁོར་ཡུག་་དུས་ཚོད་བཅས་ཀྱིས་དེད་ཡོང་བ་རེད། ཐབས་ཤེས་ཡོད་ལེ་མ་རེད། ད་དུང་སྲོང་བཙན་ཟེར་བ་གྲ་བ་འདི་ངོ་མ་ཚོར་མདོག་གིས་དགོས་མི་དགོས་ཚང་མ་སྤྱི་ཚོགས་ནང་བཤད་རྐྱང་མིན་པ་ཤེས་པར་བགྱི། གལ་ཏེ་ནམ་ཞིག་སྤྱི་ཚོགས་གདོན་རྫས་ཆགས་དུས་ངུ་འདོད་ཀྱང་མིག་ཆུ་ཐོན་གི་མ་རེད་དོ།

  11. རྣམ་རྒྱལ། says:
    2016-03-09 at 2:27 am

    བདེན་དཔུང་ར་སྤྲོད་ཡོད་ན་མ་བྱན་མ་ཚན་སུ་ཞིག་གི་སྐད་ཆ་ཡིན་ཡང་ཡིད་ཆེས་ཆོག། བདེན་དཔུང་ར་སྤྲོད་མེད་ན་༧གོང་ས་མཆོག་ལྟར་བུའི་རྫུན་རྩ་བ་ནས་མི་ཤོད་མཁན་ཞིག་ཡིན་ན་ཕར་ཞོག གཞན་སྤྱི་འཐུས་སོགས་སུ་ཞིག་གིས་བཤད་ཀྱང་ཡིད་ཆེས་ཐབས་མེད།

  12. ནག་ཐུག says:
    2016-03-09 at 2:50 am

    གྲོགས་པོ་ཁྲག་གི་བཤད་པ་ལེགས་པོ་འདུག
    ཁྱེད་ཀྱི་བཤད་པའི་ བློ་སེང་སྔོན་མ་བདེ་སྐྱིད་ཆོས་དབྱངས་གི་ནང་དགོང་ད་འགྲོ་གི་ཡོད་པ་མི་མང་པོས་མཐོང་མྱོང་བ་ ཞེས་པའི་སྐད་ཆ་འདིའི་ཕལ་ཆེར་བློ་སེང་གི་རྒྱུག་ཁྱི་མང་པོའི་ཁ་བཙུམས་སོང་།

  13. ཀརྨ་བློ་གསལ་ says:
    2016-03-09 at 2:55 am

    གོང་ས་མཆོག་གིས་དུས་དབང་ཕྱིར་འགྱངས་ཐད་ཞལ་རྫུན་ལབ་སོང་ཞེས་ཚོགས་གཙོ་སྤེན་ཚེ་ནས་ལབ་ཀྱིན་པ་མ་ཐོས་སམ། སྤེན་ལོག་གི་ཨབ་ཕྲུག་འདི་ཚོར་ཨམ་ཅོག་མེད་དོན་ཅི། འགྲམ་ལྕག་རེག་པར་ཞེད་ཀྱི་ཡོད་དམ།

  14. གླག་མིག says:
    2016-03-09 at 3:00 am

    གལ་ཆེ་བའི་གསལ་བསྒྲགས།

    གངས་ལྗོངས་ལྷ་ཡི་ཡུལ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཆེད་དུ།
    གངས་ཅན་དབུ་མའི་ལམ་གྱི་དམངས་གཙོ་དང་རང་དབང་གི་ཆེད་དུ།
    སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས།
    སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས།

  15. དཔང་མི། says:
    2016-03-09 at 4:10 am

    ཐབས་ཟད་འུ་ཐུག་གི་བྱ་ཐབས་རལ་བོ། དཀར་ནག་གོ་ལྡོག་གི་འཆལ་གཏམ་སྡོམ་པོ། གཞི་མེད་རྫུན་སྒྲིག་གི་སྒྲུང་ཐུང་འཆལ་པོ། རང་མགོ་རང་གཅོག་གི་ཇ་མའི་ཐན་སྐད། བློ་སེང་རྒྱབ་ལོག་གི་རིག་རྟུལ་ཇུས་དཔོན།
    སྨྱོ་བཤད་གཟའ་བཤད་དེས་ཇི་ཡང་མ་ཕན།

  16. ཅོ་རི་ཉི་མ། says:
    2016-03-09 at 4:19 am

    མ་བྱན་ཟེར་ནས་མཐོང་ཆུང་མ་བྱས་ཨ། སྤྱི་འཐུས་ཚོགས་གཙོ་ལ་བསླབ་བརྒྱབ་ཐུབ་ཀྱི་འདུག་ག མ་བྱན་ཟེར་བ་དེ་ཐབས་སྡུག་ཞིག་ཡིན་ན་མ་བྱན་གྱི་བསླབ་བྱ་དགོས་ས་དེ་དང་དེ་ལས་ཐབས་སྡུག་བ་ཤིག་ཡིན་ངེས་རེད་པ་་་་ཧཧཧཧ་་་་དགོད་མོ་ཤོར་ཡ་འདྲ་ཞིག་འདུག

  17. བསྟན་ནོར་ says:
    2016-03-09 at 4:45 am

    ཚོགས་གཙོས་ཆང་བཏུང་ཡང་བོད་མིའི་རྩ་དོན་དོར་མེད།
    སྲིད་སྐྱོང་ཆང་མི་བཏུང་ཡང་བོད་མའི་སེམས་ནང་རྨ་ཁ་བཟོས།
    ཚོགས་གཙོས་སྲིད་སྐྱོང་གསུང་བའི་གཏམ་ལ་གསལ་ཁ་བཟོས་ཕེབས།
    སྲིད་སྐྱོང་རྐུབ་སྟེགས་འདི་ཆེད་དུ་འཇོན་རབས་དང་ནག་ཉེས་བསྐྱལ་ནས་བཞུགས།

  18. ཇུང་ཏོག་ says:
    2016-03-09 at 5:28 am

    ཨ་མདོ་ནང་འཁྲུགས་ན་འོས་གང་ན་རག་།

  19. palden says:
    2016-03-09 at 7:42 am

    སྲོང་བཙན་ཟེར་བའི་མི་སྨྱོན་འདིས་ལོ་ཟླ་གང་མང་ནང་བློ་སེང་གི་རྒྱབ་ཏུ་ལངས་ནས་སྤེན་ཚེ་ལ་སྐྱོན་འདོགས་འདྲ་མིན་སྣ་ཚོགས་ཤིག་བྱས་ཀྱང་ཕན་འབྲས་མ་ཐོན་པར་སྤེན་ཚེ་ལ་རྒྱབ་སྐྱོར་མང་ནས་མང་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་མཐོང་ཡོང་དུས་ཁམས་ཞེན་གྱི་མེ་ལྕེ་ཁོག་ཏུ་འབར་བའི་འབའ་བ་སྐལ་བཟང་རྒྱལ་མཚན་ལྐོག་ཏུ་ཡིབ་ནས་ཀུན་གྱི་ཐ་ཤལ་བ་མ་བྱན་ཞིག་ལ་ལྐོག་དངུལ་དང་ཐབས་ཤེས་བཏང་ནས་སྤེན་ཚེ་ལ་སྐྱོན་བརྗོད་གསར་བ་ཞིག་གི་འགོ་བརྩམས་པ་རེད། ཤོག་ཁག་འདིའི་འགོ་གཙོ་འབའ་བ་སྐལ་བཟང་རྒྱལ་མཚན་ཡིན། འབའ་བ་སྐལ་བཟང་རྒྱལ་མཚན། ཆོས་སྐྱོང་དབང་ཕྱུག འཕྲོད་བསྟེན་བཀའ་བློན་དབང་ཕྱུག་འདི་གསུམ་རྒྱུན་གཏན་ནས་ཕན་ཚུན་བར་འབྲེལ་འདྲིས་ཆེ་བའི་ཁར། ཐུན་མོང་གི་དམིགས་ཡུལ་གཅིག་ཡིན། དེའི་ནང་ནས་ཀྱང་འབའ་སྐལ་འདི་སྐབས་འཚོལ་རིང་ལུགས་པའི་འདུ་ཤེས་ཟབ་ཅིང་མཐོ་དཔོན་པོར་སྣུམ་བྱུག་གཏོང་མཁས་པའི་ཐ་ཤལ་བ་ཞིག་ཡིན། འབའ་སྐལ་གྱིས་འདི་ལྟར་ལྐོག་ལས་གནང་བ་ཐམས་ཅད་འབྲས་མེད་དང་ཕུགས་དམིགས་མེད་པ་གཏན་ནས་མིན། དེ་ནི་ཁོ་མ་འོངས་པའི་བཀའ་བློན་ལ་དམིགས་པ་ཞིག་རེད། བློ་སེང་དང་འབའ་སྐལ་གཉིས་སྐབས་འཚོལ་བ་ཡིན་པ་གཅིག་པ་རེད། འོན་ཏེ། འབའ་སྐལ་གྱིས་བློ་སེང་གི་གཡོ་ཐབས་དང་ཧམ་ལས་འགྲན་མི་ཕོད། ད་ལྟ་འབའ་སྐལ་བློ་སེང་གི་རྒྱུག་ཁྱི་ལྟ་བུ་ཆགས་ཡོད། འབའ་སྐལ་ནོར་བ། འབའ་སྐལ་གྱིས་བློ་སེང་སྐབས་རྗེས་མའི་སྲིད་སྐྱོང་འཐོབ་ཤག་གི་རྩིས་བརྒྱབ་ཡོད་ཀྱང་དེ་ནི་ཁོའི་ནོར་འཁྲུལ་རེད། བཀའ་བློན་དུ་འགྲོ་བར་གྲོས་ཚོགས་ཀྱི་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་འཐོབ་དགོས་པ་ལས་དེ་ཐོབ་མི་སྲིད། འབའ་སྐལ་བློ་སེང་གི་རྒྱུག་ཁྱི་ཡིན་པའི་རྒྱུ་མཚན། བདེ་ཆོས་ཀྱིས་བཀའ་བློན་དགོངས་ཞུ་གནང་སྟེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བར་འབའ་སྐལ་གྱིས་དེ་མ་ཐག་བློ་སེང་དང་གསར་འགོད་པའི་བར་འབྲེལ་བ་མཐུད་དེ་སྲིད་སྐྱོང་ལ་གསལ་བསྒྲགས་གནང་བཅུག་ཡོད། འདི་འདྲའི་སྨྱོ་འཁྲབ་བྱེད་མཁན་གྱི་གྲལ་དུ་སྲོང་བཙན་ཡང་ཚུད་ཡོད།

  20. མཁའ་འགྲོ། says:
    2016-03-09 at 7:44 am

    ད་སྲིད་སྐྱོང་བློ་སེང་ལགས་རྫུན་རྐུབ་བརྡོལ་བཞིན་སྟབས་ཁོང་གི་ཕྱོགས་རྟོགས་ཅི་བྱ་གཏོལ་མེད་དུ་གྱུར་ནས་ད་ཡང་སྤྱི་ཐབ་ཀྱི་མ་བྱན་ཟུར་པ་ཞིག་ནས་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་ར་བཟི་ནས་སྤྱི་འཐུས་ཤིག་ལ་རྡུང་བ་སྐད་ཆ་ཤོད་བཞིན་གདའ། གནས་ཚུལ་འདི་ཧང་སང་མ་སོང་གང་ལ་ཞུས་ན་དོ་བདག་སྤྱི་འཐུས་ནས་དེ་ལྟར་མིན་པའི་ཁ་གསལ་བཟོས་འདུག། ཐུགས་སྤྲོ་སྐབས་ཆང་འཐུང་ནས་ར་བཟི་བ་ཡོང་ངེས་ཡིན། དེ་མ་ཟད་ར་བཟི་རྗེས་སྐད་ཆ་མཐོ་དམན་ཤོར་ནས་འཁྲུག་རྩོད་ཡོང་སྲིད་པ་ཡིན་སྟབས་ཧང་སང་དགོས་དོན་མེད། གཙོ་བོ་དེ་སྤྱི་འཐུས་རྒྱ་རི་མཐར་ཁོ་རང་ནད་འཁྱོགས་སར་སྲིད་སྐྱོང་བློ་སེང་ལགས་ཀྱི་ཕྱོགས་རྟོགས་ངུ་སྐད་ཤོར་དགོས་དོན་མེད་པ་རེད། མང་ཚོགས་ནས་འུར་གཏམ་འདི་འདྲར་བློ་འགྱུར་མི་ཐུབ། སྲིད་སྐྱོང་བློ་སེང་ལགས་བདེ་མོ་བྱོན། Bye Bye… Ciao Ciao

  21. palden says:
    2016-03-09 at 7:51 am

    སྲོང་བཙན་ཟེར་བའི་མི་སྨྱོན་འདིས་ལོ་ཟླ་གང་མང་ནང་བློ་སེང་གི་རྒྱབ་ཏུ་ལངས་ནས་སྤེན་ཚེ་ལ་སྐྱོན་འདོགས་འདྲ་མིན་སྣ་ཚོགས་ཤིག་བྱས་ཀྱང་ཕན་འབྲས་མ་ཐོན་པར་སྤེན་ཚེ་ལ་རྒྱབ་སྐྱོར་མང་ནས་མང་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་མཐོང་ཡོང་དུས་ཁམས་ཞེན་གྱི་མེ་ལྕེ་ཁོག་ཏུ་འབར་བའི་འབའ་བ་སྐལ་བཟང་རྒྱལ་མཚན་ལྐོག་ཏུ་ཡིབ་ནས་ཀུན་གྱི་ཐ་ཤལ་བ་མ་བྱན་ཞིག་ལ་ལྐོག་དངུལ་དང་ཐབས་ཤེས་བཏང་ནས་སྤེན་ཚེ་ལ་སྐྱོན་བརྗོད་གསར་བ་ཞིག་གི་འགོ་བརྩམས་པ་རེད། ཤོག་ཁག་འདིའི་འགོ་གཙོ་འབའ་བ་སྐལ་བཟང་རྒྱལ་མཚན་ཡིན། འབའ་བ་སྐལ་བཟང་རྒྱལ་མཚན། ཆོས་སྐྱོང་དབང་ཕྱུག འཕྲོད་བསྟེན་བཀའ་བློན་དབང་ཕྱུག་འདི་གསུམ་རྒྱུན་གཏན་ནས་ཕན་ཚུན་བར་འབྲེལ་འདྲིས་ཆེ་བའི་ཁར། ཐུན་མོང་གི་དམིགས་ཡུལ་གཅིག་ཡིན། དེའི་ནང་ནས་ཀྱང་འབའ་སྐལ་འདི་སྐབས་འཚོལ་རིང་ལུགས་པའི་འདུ་ཤེས་ཟབ་ཅིང་མཐོ་དཔོན་པོར་སྣུམ་བྱུག་གཏོང་མཁས་པའི་ཐ་ཤལ་བ་ཞིག་ཡིན། འབའ་སྐལ་གྱིས་འདི་ལྟར་ལྐོག་ལས་གནང་བ་ཐམས་ཅད་འབྲས་མེད་དང་ཕུགས་དམིགས་མེད་པ་གཏན་ནས་མིན། དེ་ནི་ཁོ་མ་འོངས་པའི་བཀའ་བློན་ལ་དམིགས་པ་ཞིག་རེད། བློ་སེང་དང་འབའ་སྐལ་གཉིས་སྐབས་འཚོལ་བ་ཡིན་པ་གཅིག་པ་རེད། འོན་ཏེ། འབའ་སྐལ་གྱིས་བློ་སེང་གི་གཡོ་ཐབས་དང་ཧམ་ལས་འགྲན་མི་ཕོད། ད་ལྟ་འབའ་སྐལ་བློ་སེང་གི་རྒྱུག་ཁྱི་ལྟ་བུ་ཆགས་ཡོད། འབའ་སྐལ་ནོར་བ། འབའ་སྐལ་གྱིས་བློ་སེང་སྐབས་རྗེས་མའི་སྲིད་སྐྱོང་འཐོབ་ཤག་གི་རྩིས་བརྒྱབ་ཡོད་ཀྱང་དེ་ནི་ཁོའི་ནོར་འཁྲུལ་རེད། བཀའ་བློན་དུ་འགྲོ་བར་གྲོས་ཚོགས་ཀྱི་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་འཐོབ་དགོས་པ་ལས་དེ་ཐོབ་མི་སྲིད། འབའ་སྐལ་བློ་སེང་གི་རྒྱུག་ཁྱི་ཡིན་པའི་རྒྱུ་མཚན། བདེ་ཆོས་ཀྱིས་བཀའ་བློན་དགོངས་ཞུ་གནང་སྟེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བར་འབའ་སྐལ་གྱིས་དེ་མ་ཐག་བློ་སེང་དང་གསར་འགོད་པའི་བར་འབྲེལ་བ་མཐུད་དེ་སྲིད་སྐྱོང་ལ་གསལ་བསྒྲགས་གནང་བཅུག་ཡོད། འདི་འདྲའི་སྨྱོ་འཁྲབ་བྱེད་མཁན་གྱི་གྲལ་དུ་སྲོང་བཙན་ཡང་ཚུད་ཡོད། སྤེན་ཚེས་ཆང་འཐུང་ཞིང་ར་བཟིས་ཏེ་རྒྱ་རིགས་ཐར་ལ་འགྲམ་ལྕག་གཞུས་པ་བདེན་པ་མིན་ལུགས་བསྒྲགས་ཤིང་དེ་ལུགས་མིན་རབས་ཨུ་ཚུགས་ཀྱིས་གླེང་སྟངས་བལྟས་ན་བོད་གཞུང་གི་གོ་གནང་མཐོ་ཤོས་དེ་ཁམས་པ་ལས་གཞན་པའི་ལག་ཏུ་མི་འཇོག་པའི་དོན་ཡིན། ཁོང་ཚོར་བོད་རང་བཙན་ཤོར་བ་ལས་སྲིད་སྟེགས་འདི་གཞན་ལ་ཤོར་ན་སྡུག་བསྔལ་ཆེ། བློ་སེང་མགྲོན་ཁང་ནང་དུ་མར་ཉལ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལ་ལན་བསྐྱོན་པ། མགྲོན་ཁང་ནང་དུ་བུད་མེད་ཅིག་དང་མཉམ་སྡོད་བྱས་པའི་གནས་ཚུལ་རྣམས་གང་ལ་བསྐྱལ།

  22. རྡོ་རྗེ་སྐལ་བཟང says:
    2016-03-09 at 8:31 am

    བོད་ནང་གི་བོད་མི་རྣམས་ཀྱི་གདེངས་འཇོག་ཆེན་པོ་བྱས།བཙན་བྱོལ་བའི་བོད་མི་རྣམས་ཀྱི་རེ་བ་ཆེན་པོ་བྱས།ད་ཆ་ལོ་ངོ་བཞི་དང་ཕྱེད་ཙམ་རིང་སློབ་དཔོན་ཆེན་པོ་ཟམ་མདོང་མཆོག་གི་ཕྱག་ལས་འཇུག་སྐྱོང་་ཙམ་ལས་ནུས་པ་མཐོན་པའི་ལས་ཀ་གང་ཡང་བྱེད་ཐུབ་མེད་།ལས་ཡུན་མང་ཆེ་བ་ཕྱི་རྒྱལ་ཁག་ལ་རང་ཁ་རང་གསོ་བྱེད་པར་ཕྱིན་པ་ལས་མེད།།

  23. ནོར་བུ། says:
    2016-03-09 at 8:48 am

    ཚོགས་གཙོའི་རྒྱབ་སྐྱོར་བ་འདི་ཚོས་བཤད་སྟངས་དང་ལས་སྟངས་ཧ་ཅང་གི་ཐབས་སྐྱོ་བོ་རེད། ཁྱེད་ཚོ་མི་ཁ་ཤས་ཤིག་གིས་ང་ཚོ་མདོ་སྨད་མི་མང་གི་གདོང་ཆུ་ལ་མ་གཡུགས། འོས་མི་གཞན་ལ་རྒྱབ་སྐྱོར་གནང་མཁན་ཚང་མ་རྒྱ་མིའི་རྒྱུག་ཁྱི་དང་དོལ་རྒྱལ་རྗེས་འབྲངས་པ་རེད་ཅེས་སྐད་ཆ་སྐྱག་དྲི་ཅན་འདི་ཁ་ནང་ལ་ཐད་ཀར་བཟུང་འདུག ངོ་ཚ་ཅུང་ཙམ་རེ་ཡོད་ན་གཟབ་ཙམ་གནང་རོགས། ཁྱེད་ཚོ་ངོ་མི་ཚ་ན་ཡང་། ང་ཚོ་ཨ་མདོ་བ་ཚང་མ་ངོ་ཚ་ནས་ལ་ཡོད།

  24. ནོར་བུ། says:
    2016-03-09 at 8:50 am

    འབར་ལ་ཡོད།

  25. བོད་ཁམས་སྡེ་ says:
    2016-03-09 at 11:04 am

    མཆན་ཚང་མ་བཀླགས་ཟིན་རྗེས་ང་རང་ལ་ཚོར་སྣང་ཞིག་བྱུང་བ་དེ་ནི་ གལ་སྲིད་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡོད་ན། རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་མི་དེ་ནི་སྨྱོན་པ་དང་ཧ་ཅང་མ་རབས་གཅིག་ལ་ངོས་འཛིན་གྱིས་ཡོད་པ་དེ་རེད། ངས་ཚོགས་གཙོའི་རྒྱབ་སྐྱོར་བ་ཚོ་ལ་དྲི་བ་གཅིག་འདྲི་འདོད་བྱུང་། ཚོགས་གཙོ་མཆོག་ཁོ་རང་རང་གིས་ཞལ་དྲོད་མོའི་ནང་ནས་ཆང་འཐུང་གི་ཡོད་པ་ཁས་ལེན་བྱས་ཟིན་པ་ཞིག་ལ་ཁྱེད་ཚོའི་ད་དུང་ཨུ་ཚུགས་རྒྱབ་ནས་ཚོགས་གཙོས་ཆང་འཐུང་གི་མ་རེད་ཟེར་གྱི་ཡོད་དང་ཡང་ན་ཚོགས་གཙོ་ཆང་གིས་ར་བཟི་ཡི་མ་རེད་གསུང་གི་ཡོད་ ཆང་འཐུང་བ་དེ་ཁོང་གི་ཡོན་ཏན་ལ་ངོས་སཛིན་གྱི་ཡོད།།

  26. རྒྱ་ཞིང་མྱི་དཀར། says:
    2016-03-09 at 2:38 pm

    ངའི་རྣ་ཁྱོས་སོ་ཆོ་ཞིག་འདུག་གམ་ཆང་འཐུང་ན་དོན་ཏག་ཙག་ཙིག་ཞིག་ཡོད་པ་མི་སྐྱ་ཞིག་ལ་མཚོན་ན་རྒྱུན་ལྡན་གྱི་དོན་དག་ཞིག་རེད་ངོ་མ་འདི་སྤེན་ཚེའི་སྐྱོན་ཆ་རེད་འདུག་སྤེན་ཚེ་སྲིད་སྐྱོང་ལ་འོས་འཚམ་མ་རེད་ལབ་ན་འདི་ནི་ཕྱོགས་ཞེན་གྱི་རྙོག་གཏམ་རང་མ་གཏོགས་གནས་ལུགས་ཀྱི་སྐད་ཆ་ཞིག་རྩ་བ་ནས་མ་རེད་་་ད་ཡིན་ན་ཇོ་བོ་རིན་པོ་ངོ་ཚ་རྒྱུ་ཞིག་མེད་སོང་ནི་རེད།

  27. བདེན་དོན་སྐྱབས། says:
    2016-03-09 at 6:12 pm

    མ་བྱིན་ཅིག་གི་ཁ་ནས་གཏམ་བཟང་ཅིག་ག་བ་ཡིད།

  28. རླངས་སྔགས། says:
    2016-03-09 at 6:44 pm

    ས་པཎ་མཆོག་གི་ཞལ་ནས
    “དམན་པའི་སྐྱེ་བོ་བསྟོད་དྲགས་ན།། ཕྱི་ནས་དེ་ཉིད་ཁྱད་དུ་གསོད།། མཁའ་ལ་མི་གཙང་གཏོར་གྱུར་ན།། འཐོར་བ་པོ་ཡི་སྤྱི་བོར་བབ། ། སྐྱེ་བོ་བློ་ལྡན་མགོ་སྨད་ན།། སྨོད་བྱེད་ཉིད་ལ་ཉེས་པ་འཕོག། མར་མེ་ཐུར་དུ་ཁ་བསྟན་ན།། སྟོན་པ་པོ་ཡི་ལག་པ་སྲེག” ཟེར་པའི་དཔེ་ལས་མ་མཆིས།

  29. ཀརྡོ་གཉེར་ཕྱག་པ་ says:
    2016-03-25 at 1:32 am

    ཆོས་རྒྱལ་དྲུང་པ་རིན་པོ་ཆེའི་ཡང་སྲིད་ཀྱི་སྐོར་ལ།
    https://www.facebook.com/1491528167782752/photos/a.1491534457782123.1073741825.1491528167782752/1576710875931147/?type=3

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme