Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་བོ་གཉིས་ཀྱིས་ལུས་སྲོག་མཆོད་མེར་ཕུལ།། བློ་བཟང་སེང་གེས་རོ་ཐོག་ཞབས་བྲོ་འཁྲབ།།

Posted on 2016-03-072016-03-08 By ཁ་བརྡ 28 Comments on དཔའ་བོ་གཉིས་ཀྱིས་ལུས་སྲོག་མཆོད་མེར་ཕུལ།། བློ་བཟང་སེང་གེས་རོ་ཐོག་ཞབས་བྲོ་འཁྲབ།།

བློ་བཟང་བསྟན་པ།
 
བློ་བཟང་སེང་གེ་ལགས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུག་པ་ལ་འགྲེལ་ལོག་མ་རྒྱགས། ང་ཚོ་ཁྱེད་རང་གི་འགྲེལ་བཤད་རྫུན་མ་དེ་རིགས་ལ་སུན་སོང་། ཁྱེད་རང་གིས་འོས་ཤོག་སློང་རྒྱུ་ཨང་དང་པོར་བཞག་ནས། རྒྱལ་གཅེས་པ་ཚོའི་རོ་ཐོག་ནས་རྟ་རྒྱུགས་པའི་བྱེད་སྟངས་དེ་ང་ཚོས་ལོ་རྒྱུས་ཀྱི་ཟིན་ཐོ་ནས་གསལ་པོར་སྡོད་པ་ཞིག་བཟོ་རྒྱུ་ཡིན། འདི་ནི་ཁྱེད་རང་ལ་དམའ་འབེབས་བྱས་པ་མ་ཡིན་པར། ཁྱེད་རང་གིས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་དམའ་འབེབས་བྱས་པའི་བྱུང་བ་ཞིག་ཆགས་ཆགས་ཡོད། མ་འོངས་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུག་མཁན་མི་ཡོང་བའི་ཆེད་དུའང་ཡིན།

ཁྱེད་རང་ལ་གཞས་བཏང་མི་ཆོག་ཅེས་ཟེར་མཁན་ཡོད་པ་མ་རེད། སྲིད་སྐྱོང་གིས་གཞས་གཏོང་མི་ཆོག་ཅེས་ཀྱང་ལབ་མཁན་ཡོད་པ་མ་རེད། གཅེས་དཔའ་བོ་གཉིས་ཀྱིས་བོད་བསྟན་པ་ཆབ་སྲིད་ཆེད་རང་ལུས་མེར་སྲེག་བྱས་པ་དེར་བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་བྱེད་པའི་སྐབས་ཏག་ཏག་ལ། ཁྱེད་རང་གིས་འོས་ཤོག་སློང་མོའི་འདུ་ར་ནས་གཞས་བཏང་། ཞབས་བྲོ་འཁྲབ་པ་དེ་ནི། དགའ་བའི་བྲོ་འཁྲབ། སྐྱིད་པའི་གཞས་བཏང་ཟེར་བ་དེ་ཡིན་སྟབས། ད་རེས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུག་སོང་། བྲོ་འཁྲབ་སོང་། གཞས་བཏང་སོང་ཟེར་གྱི་ཡོད་པ་ལས། སྲིད་སྐྱོང་གིས་རྒྱལ་བ་རིན་པོ་ཆེར་བསྟོད་་གླུ་བཏང་སོང་། དེ་འགྲིག་གི་མི་འདུག་ཅེས་བཤད་མཁན་མེད་པ་རེད།

དགའ་བའི་གླུ་ལེན། སྐྱིད་པའི་བྲོ་འཁྲབ་ལན་ན་དོན་ཅི་རེད། སེམས་པ་དགའ་ནས་གླུ་ལེན། སྣང་བ་སྐྱིད་ནས་བྲོ་འཁྲབ་ཟེར་གྱིན་ཡོད་པ་རེད། གདུང་སེམས་མཉམ་སྐྱེད་ལབ་ན། གདུང་བ་སྟེར་བའི་བྱ་བ་་གང་ཞིག་ལ་མཉམ་དུ་སེམས་ནས་གདུང་སེམས་སྐྱེད་པ་ལ་གོ་བ་རེད། དེ་འདྲ་ཡིན་སྟབས། བོད་རྒྱ་ཆེའི་མི་དམངས་ཀྱིས་རང་ལུས་མེར་སྲེག་གནང་མཁན་གཉིས་ལ་མྱ་ངན་དང་། ཁོང་གཉིས་ཀྱི་ནང་མི་གཉེན་ཉེ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་པའི་སྐབས་ལ། ཁྱེད་རང་གད་མོ་འཚེར་འཚེར་ངང་། དགོད་སྒྲ་ལྷང་ལྷང་ངང། ལག་པ་གཉིས་གནམ་ལ་གཡུག་གཡུག རྐང་པ་གཉིས་ས་ལ་རྡེབ་རྡེབ་ངང་། རྐེད་པ་གཡུག་གཡུག་དང་ལྡེམ་པའི་ངང་ལ་གཞས་བཏང་ནས་བློ་འཁྲབ་པའི་རྣམ་པ་དེ་ནི་བསམ་པའི་ཡུལ་ན། བོད་རྒྱ་ཆེའི་མིང་མང་ལ་གདུང་སེམས་མཉམ་སྐྱེད་དང་། དཔའ་བོ་དཔའ་མོ་དག་ལ་གུས་སེམས་ཀྱི་ཞག་རྩི་མེད་པའི་རྟགས་བསྟན་པར་ངོས་འཛིན་གྱིན་ཡོད། གལ་ཏེ་ཡོད་དུ་ཆུག་ཀྱང་། གཞས་བཏང་ཞབས་རྒྱག་སྟངས་དེས། དོན་དག་འདི་འདྲ་ཞིག་གསལ་སྟོན་བྱེད་ཀྱིན་འདུག

བློ་བཟང་སེང་གེ་ཁྱེད་རང་ལྟར་ན། གཞས་བཏང་བ་ནི། གོང་ས་མཆོག་ལ་བསྟོད་གླུ་ཡིན། དེ་བཏང་མི་ཆོག་ལབ་ན་ག་རེ་ལབ་ཀྱི་ཡོད་པ་རེད་ཅེའ་རྫིག་རྫིག་བྱེད་ཀྱིན་འདུག་ལ། ད་དུང་ཁྲེལ་དགོད་དང་བཅས་གཞས་དེ་བཀག་པའི་དབང་དུ་བཏང་ན། བློ་བཟང་སེང་གེས་རྒྱལ་བ་རིན་པོ་ཆེར་བསྟོད་གླུ་བཏང་བཅུག་མ་སོང་ཟེར་གྱི་རེད་སོགས་ལབ་ནས་མང་ཚོགས་ལ་མགོ་སྐོར་གྱི་ལོག་བཤད་སྤེལ་ཡོད། དེ་ནི། ཁྱེད་རང་གིས་རྒྱལ་གཅེས་དཔའ་བོ་གཉིས་ལ་མྱ་ངན་དང་གུས་བརྩི། གདུང་སེམས་མཉམ་སྐྱེད་བྱ་རྒྱུའི་ཚབ་ལ། རང་ཉིད་ལ་འོས་ཤོག་སློང་ཡུལ་ཁག་ཅིག་གི་མཉམ་པོར་དགའ་བའི་གླུ་བླངས། སྐྱིད་པའི་བྲོ་འཁྲབ་ནས་འོས་ཤོག་གི་སློང་མོའི་ཀློང་ལ་འཛུལ་སོང་ཟེར་གྱི་ཡོད། སྒྲིག་འཛུགས་དང་མང་ཚོགས་ཀྱི་དབུ་ཁྲིད་མཁན་ཡིན་ཟེར་མཁན་ཞིག་གི་བྱེད་སྟངས་མ་རེད། དེ་བྱེད་སྟངས་ཡག་པོ་མ་རེད་ཟེར་གྱི་ཡོད་པ་རེད། བྱེད་སྟངས་དེ་ལ་རང་ཅག་བོད་པའི་སྐད་དུ་རོ་ཐོག་ནས་རྟ་རྒྱུག་པ་ཟེར་གྱི་ཡོད་པ་རེད། དེ་འདྲ་མ་གནང་རོགས་ཟེར་གྱི་ཡོད་པ་རེད། མ་རྩ་ནས་ཁྱེད་རང་གིས་གཞས་བཏང་ཞབས་བྲོ་འཁྲབ་པ་དེ། རོ་ཐོག་ནས་རྟ་རྒྱུག་པའི་བྱེད་སྟངས་ཆགས་ཡོད་སྟབས། རྒྱལ་བ་དགྱེས་པའི་མཆོད་སྤྲིན་ལྟ་བུར་འགྲེལ་ལོག་བརྒྱབ་ནས་ཁུངས་འཁྱོལ་གྱི་མ་རེད། ཁྱེད་རང་ལ་སྲིད་སྐྱོང་ཞིག་ཡིན་པའི་ཆ་ནས་བཤད་ན། འགྲེལ་ལོག་བྱེད་སྟངས་འདིས། མང་ཚོགས་ལ་ལྐུགས་པའི་རྩིས་ཙམ་ལས་བཞག་མེད།

དཔེ་བརྗོད་ཀྱི་ལབ་ནས་བཤད་ན། སྤྱིར་བཏང་ཉིས་སྟོང་བརྒྱད་ལོ་ནས་ད་ལྟ་ལ་ཐུག་གི་བར། གངས་སྐྱིད་ལས་བྱེད་ཀྱི་ཐུགས་སྤྲོ་དེ་མཚམས་བཞག་ཡོད་པ་རེད། དེ་ག་རེ་བྱས་ནས་མཚམས་བཞག་དགོས་བྱུང་བ་རེད། ཚོགས་པ་ཁག་གིས་ཐུགས་སྤྲོ་མཚམས་བཞག་ཡོད་པ་རེད། འདི་ཚང་མ་བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་དང་། ནང་སྒོས་སུ་བོད་ནང་གི་རྒྱ་ཆེའི་མང་ཚོོགས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་དམར་གསོད་དང་ཉེས་མེད་བོད་མི་མང་པོ་བཙོན་འཇུག་མནར་གཅོད་འོག་ཡོད་པ་ལ་གུས་བརྩི་དང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་རེད།

ཁྱེད་རང་གིས་འོས་ཤོག་ཙམ་གྱི་ཆེད་དུ་རང་ཉིད་ཀྱི་རང་མདོག་ཕྱིར་སྟོན་བྱས་པ་མ་ཡིན་པར། ཡང་ན། ད་རེས་རྒྱལ་གཅེས་དཔའ་བོ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཉིན་གཉིས་པ་དང་གསུལ་པའི་སྐབས་ལ། ཅི་མི་སྙམ་པར་གཞས་བཏང་ཞབས་བྲོ་འཁྲབ་པ་དེ་མིང་མང་ལ་ཕོག་ཐུག་བཟོ་བྱེད་ཅིག་ཆགས་ཡོད་པ་ལས། གནས་དུས་འདི་འདྲ་མ་ཡིན་པའི་སྐབས་གང་དུའང་། བློ་བཟང་སེང་གེ་ཁྱེད་རང་གིས་གཞས་བཏང་ཞབས་བྲོ་འཁྲབ་པ་ཡིན་ན། དེ་ལ་མང་ཚོགས་ཀྱིས་ཡུས་བཤད་ཀྱི་མ་རེད་ དེ་འགྲིག་མི་འདུག་དང། གོང་ས་མཆོག་ལ་བསྒོད་གླུ་བཏང་བ་འགྲིག་མི་འདུག་ཟེར་མཁན་ཡོད་པ་མ་རེད། གཏམ་བཤད་གནང་སྐབས། མདུན་གྱི་མང་ཚོགས་དེ་ཚང་མ་བླུན་པོ་བླུན་ནག་ལྟ་བུ་ཡིན་པའི་མཐོང་ཆུང་གི་རྣམ་འགྱུར་བསྟན་ནས། ང་བློ་བཟང་སེང་གེས་གཞས་བཏང་མི་ཚོག་ལབ་ན་ག་རེ་ཟེར་གི་ཡོད་པ་རེད་ཅེས་མང་ཚོགས་ལ་འགྲེལ་ལོག་མ་རྒྱག་རོགས། མགོ་སྐོར་མ་གཏོང་རོགས།

བློ་བཟང་སེང་གེས་རྒྱལ་བ་རིན་པོ་ཆེ་ལ་བསྟོད་གླུ་བླངས་སོང་། དེ་མི་ཆོག་ཟེར་གྱི་ཡོད་པ་མ་རེད། བློ་བཟང་སེང་གེ་རྒྱལ་གཅེས་ལ་ཚོའི་རོ་ཐོག་ནས་རྟ་རྒྱུག་སོང་། དེ་འགྲིག་པ་ཞིག་མ་རེད་ཟེར་གྱི་ཡོད་པ་རེད། ཧ་གོ་ན་འདི་རེད། ང་ཚོས་འདི་ལོ་རྒྱུས་ཀྱིས་མི་བརྗེད་པའི་ཆེད་དུ་གླེང་གིན་ཡོད།

བསམ་ཚུལ།

Post navigation

Previous Post: 2016 གསུམ་བཅུའི་དུས་དྲན་འབོད་ཚིག
Next Post: བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱི་གཏམ་འཕྲིན།

Comments (28) on “དཔའ་བོ་གཉིས་ཀྱིས་ལུས་སྲོག་མཆོད་མེར་ཕུལ།། བློ་བཟང་སེང་གེས་རོ་ཐོག་ཞབས་བྲོ་འཁྲབ།།”

  1. ཤར་མདའ། says:
    2016-03-07 at 2:49 am

    བློ་བཟང་བསྟན་པ་ལགས་ཀྱིས་གསུང་པ་ལྟར་རེད་སྦྱིར་བོད་མི་སུ་ཞིག་ཡིན་རུང་བསྟོད་གླུ་བླང་ནས་རེད་སྨད་གླུ་བླང་ན་འོས་པ་ཞིག་ཡིན་ན་ཐང་ད་བར་༧གོང་ས་མཆོག་སྨད་ཁང་དུ་ཡོད་པ་དང་དཔའ་བོ་གཉིས་ཀྱི་སྐུ་ལུས་མེ་མཆོད་ཕུལ་ཡོད་ཙང་རོ་ཐོག་ལ་རྟ་རྒྱུག་ཟེར་བ་ཆགས་ཡོད་པ་མ་ཡིན་ནམ་དེ་ངེས་པར་སྲིད་དང་དེའི་འཁོར་ཚོགས་རྣམས་ཀྱི་བོད་མི་རིགས་དང་རྒྱལ་ཞེན་ཅན་གྱི་དཔའ་བོ་གཉིས་ཀྱི་ནང་མིའི་གཙོའི་བོད་མི་རྣམས་ལ་དགོངས་དག་ཞུ་དགོས་པ་རེད་དྲན་ནས་ཡོད།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-07 at 2:49 am

    སྲིད་སྐྱོང་སྨྱོན་པ་ནི་མ་རེད་གདའ། རོ་ཐོག་རྟ་རྒྱུགས་བྱས་ཀྱི་རེད་དམ། རང་མཁྲིས་ནད་ཀྱིས་ཟིན་ཡོད་པས་མཁྲིས་སྨན་ཟོ་དང་དྲག་པའི་རེ་བ་ཡོད་རེད། མ་དྲག་ན་ཨ་ཞང་སར་མཇལ་ཁ་ཕེབས་ཨང་་་་་་་་་་

  3. མེ་ཏོག་བཀྲ says:
    2016-03-07 at 2:52 am

    སྲིད་སྐྱོང་གི་སྲིད་དོན་གྱི་འཁྲབ་སྟོན་གྱི་དུས་འདིར། བོད་མི་བཀའ་དྲིན་ཅན་གཉིས་ནས་རང་སྲོག་མཆོད་མེར་ཕུལ་བ་ལས་ང་ཚོར་བརྡ་ལན་འདི་ལྟར་ཡོང་བ་ཚོར་དགོས། ཁོང་གཉིས་ནས་བོད་མི་ཚོས་བཙོག་དྲི་ལྡན་པའི་སྲིད་དོན་གྱི་བྱ་གཞག་ལས་གལ་ཆེ་བ། བོད་མི་རིགས་ཀྱི་རྒྱལ་ཁབ་དང་རང་དབང་དང་། དེ་དག་ལས་སྐབས་བབ་གལ་ཆེ་བ་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་པ་བསྟན་གྱི་ཡོད་པས། བོད་མི་སྤྱི་བོ་གནམ་བསྟན་ཀུན་གྱིས་ཡིད་ལ་འཆང་གི་ཡོད་ཤག་ལ། དེ་ལྟར་འཆང་དགོས་སོ།།

  4. ཨ་མཆོག་རྡོ་བྷ། says:
    2016-03-07 at 2:58 am

    བཀའ་དྲིན་ཆེ། རྩོམ་འདིའི་སེམས་ནང་གི་སྐད་ཆ་མང་པོ་བཤད་བྱུང་། བློ་བཟང་སེང་གེས་ང་ཚོ་དང་ང་ཚོའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དམའ་འབེབས་བྱས་ཆོག་མོ། འོན་ཀྱང་ང་ཚོའི་ལག་ཏུ་སྲིད་སྐྱོང་འོས་བསྡུ་ཡི་འདེམས་ཤོག་རེ་ཡོད། བློ་སེང་གིས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུག་བྲོ་འཁྲབ་པའི་རྒྱུ་མཚན་འོས་ཤོག་གི་ཆེད་དུ་ཡིན །དེ་ན་ང་ཚོས་ཁོ་ལ་ཡང་དམའ་འབེབས་བྱས་ཆོག དེ་མིན་ལག་གི་འདེམས་ཤོག་ཡང་འོས་མི་གཞན་ལ་འབུལ་ཐུབ།གལ་སུ་ཁོ་རང་མི་ཆེན་ཞིག་ཡིན་ན། གླུ་ལེན་བྲོ་འཁྲབ་བྱེད་ཡོད་མི་སྲིད། འདི་དག་ནི་གླེན་པའི་རྟགས་རེད།

  5. གདོང་དམར says:
    2016-03-07 at 3:05 am

    ཞབས་འདྲེན་བློ་སེང་། འོས་ཤོག་རྐྱང་རྐྱང་གི་ཁྱེད་།དཔའ་བོའི་རོ་ཐོག་ནས་རྟ་རྒྱུག་བ་མ་ཟད་དེ་ལ་འགྲེལ་ལོག་རྒྱབས། ཁྱེད་རང་གི་སེམས་ནང་ན་སྲིད་སྐྱོངགི་རྐུབ་སྟེགས་མ་རྟོག་༧གོང་ས་མཆོག་གང་ན་ཡོད་།བོད་མི་རིགས་གང་ན་ཡོད་།ཁྱེད་ཀྱི་སྐྱོ་འོས་བའི་བྱེད་སྟངས་དེ་ཚོ་ང་ཚོས་ངེས་པར་དུ་གཞིས་བྱས་བོད་མི་ཡོངས་ཀྱི་ཁྲོད་ནས་གསལ་པོར་བཟོ་དགོས།

  6. ནག་ཐུག says:
    2016-03-07 at 3:15 am

    བོད་རྒྱ་ཆེའི་མི་དམངས་ཀྱིས་རང་ལུས་མེར་སྲེག་གནང་མཁན་གཉིས་ལ་མྱ་ངན་ཡང་ཡང་ཞུ། ཁོང་གཉིས་ཀྱི་ནང་མི་གཉེན་ཉེ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་པའི་སྐབས་ལ།
    ང་ཚོའི་སྲིད་སྐྱོང་དགའ་བའི་གླུ་ལེན།སྐྱིད་པའི་བྲོ་འཁྲབ།སེམས་པ་དགའ་ནས་གླུ་ལེན། སྣང་བ་སྐྱིད་ནས་བྲོ་འཁྲབ་ཟེར་ཡོད་པ་རེད།གདུང་སེམས་མཉམ་སྐྱེད་ཀྱི་སེམས་པ་མེད། སྐྱུག་ཟིན།།།།།།

  7. རྡོ་རྗེ་སྐལ་བཟང says:
    2016-03-07 at 3:22 am

    སྲིད་སྐྱོང་གི་འོས་ཤོག་མིའི་སྲོག་ལས་ཀྱང་གལ།
    དཔའ་བོ་ཡི་རིན་ཐང་བ་ཕྱུགས་ལས་ཀྱང་་ཆུང་།

  8. ཆོས་སྒྲོན། says:
    2016-03-07 at 3:24 am

    དཔའ་བོ་ལུས་སྲོག་ཕུལ།
    སྲིད་སྐྱོང་ཞབས་བྲོ་འཁྲབ།

  9. དགྲ་འདུལ says:
    2016-03-07 at 3:35 am

    ང་ཚོ་བོད་ལ་མཚོན་ན་ད་སྐབས་མཁོ་བ་ནི་ནང་མི་མཐུན་སྒྲིལ་བྱེས་དགོས།
    སྲིད་སྐྱོང་སུ་ཡིན་རུང་ཁྱད་པར་ཆེན་པོ་མེད།
    གཙོ་བོར་སུས་ང་ཚོ་མི་རིགས་ལ་ཕམ་ཐོག་བྱེད་ཐུབ།
    ང་ཚོའི་ད་ནང་འཁྲིག་མི་བྱེད་རོགས

  10. འབྲོག་ཕྲུག། says:
    2016-03-07 at 3:38 am

    ༼བློ་བཟང་སེང་གེའི་ཞབས་བྲོ་དང་། དེར་མང་ཚོགས་ཀྱི་བློ་ཕམ་བསམ་ཚུལ་དྲ་ཐག་གཤམ་གྱི་འདི་ལ་གཟིགས་རོགས།༽

    https://www.facebook.com/geshe.choephel/posts/798146473622962

    https://www.facebook.com/jigme.dhakpa.3/posts/199428210413618

  11. ཅང་ཤེས་རྟ་མཆོག says:
    2016-03-07 at 3:58 am

    ་་་་་་་་བློ་བཟང་སེང་གེས་རྒྱལ་བ་རིན་པོ་ཆེ་ལ་བསྟོད་གླུ་བླངས་སོང་། དེ་མི་ཆོག་ཟེར་གྱི་ཡོད་པ་མ་རེད། བློ་བཟང་སེང་གེ་རྒྱལ་གཅེས་ལ་ཚོའི་རོ་ཐོག་ནས་རྟ་རྒྱུག་སོང་། དེ་འགྲིག་པ་ཞིག་མ་རེད་ཟེར་གྱི་ཡོད་པ་རེད། ཧ་གོ་ན་འདི་རེད། ང་ཚོས་འདི་ལོ་རྒྱུས་ཀྱིས་མི་བརྗེད་པའི་ཆེད་དུ་གླེང་གིན་ཡོད། ་་་་་་ཟེར།

  12. གངས་ཕྲུག། says:
    2016-03-07 at 4:16 am

    སྐབས་འཚོལ་བས་གླེང་གཞི་བཟོ་བ་ཙམ་ལས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུགས་པ། ཞེས་པའི་ཚིག་སྦྱོེ་དེ་གས་མི་འདིའི་སྙིང་ཁམས་ན་རྒྱལ་གཅེས་པ་དག་ལ་ཆེས་ཐང་ཇི་ཙམ་ཡོད་མེད་རྟོགས་ཐུབ། རྒྱལ་གཅེས་བ་ཚོའི་མཛད་པར་སྤེན་ཚེའི་འོས་སློང་ཆེད་དུ་བྱ་ངན་སྤེལ་བ་འདི་ཚོར་ནམ་ཡང་ངོ་རྒོལ་ཡོད།

  13. སྒྲོན་མེ says:
    2016-03-07 at 4:22 am

    རང་སྲོག་བཏང་མཁན་དཔའ་རྒོད།
    ཞབས་བྲོ་གཏོང་མཁན་ཁྱི་རྒན།

  14. ཁྲག says:
    2016-03-07 at 5:09 am

    བློ་སེང་ནི་ཕྱོགས་ཞེན་ཁོ་ནས་བཀྱགས་པའི་ལྒང་བུ་ཞིག་དང་འདྲ་བོ་འདུག
    ཁོ་མཁས་པ་ཡིན་ཟེར་མཁན་དག་ནི་དོན་ངོ་མ་བླུན་པོ་ཤ་སྟག་རེད། དེ་མིན་ན་བློ་སེང་གི་རང་བསྟོད་དང་ཧམ་པ། སྤྲེལ་ལད། གཡོ་སྒྱུ། སོགས་མདོར་ན་མཐོང་ན་སྙིང་ན་ཞིང་། གོ་ན་ངུ་བྲོ་བའི་གད་སྙིགས་མང་པོ་སྤྱི་ཚོགས་ཐོན་པ་རེད། བོད་སྤྱི་པའི་རྩ་དོན་ལ་སེམས་ཁྲལ་ཡོད་མཁན་ཞིག་ཡིན་ན། བློ་སེང་གིས་བྱེད་སྟངས་དང་ལས་སྟངས་ཧ་གོ་ཚོད་ཡིན།

  15. པི་ཝང says:
    2016-03-07 at 11:03 am

    ང་ཚོས་ཡང་དག་པའི་ལྟ་བ་ལ་རྒྱབ་སྐྱོར་བྱེད་པ། ང་ཚོ་ལ་ཡང་དག་པའི་ཁྲིད་སྟོན་ཞིག་དགོས། ང་ཚོའི་ལག་ཏུ་སྲིད་སྐྱོང་འོས་བསྡུ་ཡི་འདེམས་ཤོག་རེ་ཡོད། ང་ཚོའི་བསལ་འདེམས་ཀྱི་ཁེ་དབང་དེ་ཆུད་ཟོས་མིན། བློ་བཟང་སེང་གེས་བྱ་ཚུལ་ནི་བླུན་པོའི་བྱེད་སྟངས་རེད། བློ་བཟང་སེང་གེ་ལ་སྲིད་སྐྱོང་འོས་ཤོག་ཐོབ་པའི་དབང་ཆ་མེད་པ་རེད། བོད་པ་ཚང་ཞིག་ཡིན་ན་བློ་བཟང་སེང་གེ་སྲིད་སྐྱོང་མི་འདེམས།

  16. གཡུ་ཐོག་རྒྱལ་པོ། says:
    2016-03-07 at 11:59 am

    ད་ལོའི་འོས་བསྡུ་འདི་མི་མང་ལ་མཚཽན་ན། ཡིག་ཚད་གཅིག་རེད། ཡིག་ཚད་དེ་ལོན་མིན་ནི། མི་མང་གིས་སྲིད་སྐྱོང་སུ་འདྲ་ཞིག་འདེམས་མིན་དེར་ཐུག་ཡོད། ད་བར་བློ་བཟང་སེང་གེས། ཧམ་བཤད་དང་ལོག་འབྲེལ་ཁོ་ན་བྱས་ནས་ཕེབས་སོང་། དཔའ་བོ་གྲོངས་དུས། གཞས་དང་ཞབས་བྲོ་འཁྲབ་སོང་། ཡོད་ཚད་འོས་ཤོག་གི་ཆཻད་དུ། ཁོང་གིས་ག་རེ་ཡིན་ཀྱང་། གནང་ཕོད་ཀྱི་འདུག ངོ་མ་ཡིན། ང་ཚཽའི་ལས་ཐཽག་སྲིད་སྐྱོང་འདིར། འོས་ཤོག་མ་གཏོགས། དེ་མིན་ཅང་བསམ་རྒྱུ་མེད་པ་འདྲ། ཉེ་དུས། དཔའ་བོ་རྡོ་རྗེ་ཚེ་རིང་གིས་ཕ་མར་མཚམས་
    གཟིགས་སུ་ཕེབས་ཏེ། སླར་ཡང་རང་མདོག་ངོ་མ་དེ་བཏོན་སོང་། དེ་ནི་གཞན་གང་ཡང་མིན་པར། རང་ཉིད་དབུས་སུ་བསྡད། དཔའ་བོའི་ཕ་མ་གཉིས་གཡས་གཡོན་དུ་བཞག། རྒྱབ་ཕྱོགས་སུ་དཔའ་བོའི་གཉེན་ཉེ་རྣམས། བཞག་སྟེ། པར་ཞིག་བརྒྱབ། པར་དེ་དྲ་ལམ་གང་སར་བཏང་ནས་རང་ཉིད་ཀྱི་དཔའ་བོའི་མཛད་རྗེས་ལ། སེམས་ཁུར་ཡོད་ཁུལ་བྱས། འོན་ཀྱང་། པར་རིས་དེས་ཅི་ཞིག་གསལ་བཤད་བྱེད་ཀྱི་འདུག་ཅེ་ན། ཡོད་ཚད་དྲིལ་བསྒྲགས་དང་འོས་ཤོག་ཁོ་ནའི་ཆེད་དུ་མ་གཏོགས། ཁོང་ལ་གཞན་དྲན་རྒྱུ་གང་ཡང་མེད་པ་ར་སྤྲོད་བྱས་སོང་། དེ་འདྲའི་སྲིད་སྐྱོང་ཞིག་ང་ཚཽར་དགོས་པ་འདུག་གམ།

  17. གངས་མྱི། says:
    2016-03-07 at 3:15 pm

    སྲིད་སྐྱོང་རྐུབ་སྟེགས་ཀྱི་ཆེད་སྨྱོས་འདུག

  18. གླག་མིག says:
    2016-03-07 at 9:12 pm

    བློ་བཟང་སེང་གེ་ལགས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་རྒྱུག་པ་ལ་འགྲེལ་ལོག་མ་རྒྱགས།

  19. གླག་མིག says:
    2016-03-07 at 9:30 pm

    བློ་བཟང་སེང་གེ་ལགས་ཀྱིས་འོས་ཤོག་གི་ཆེད་དུ་བོད་ཀྱི་ན་གཞོན་ཟུང་གི་རང་སྲོག་དམར་པོ་མེ་རུ་སྒྲོན་པའི་དུས་སྐབས་དེ་དང་བསྟུན་ནས་རྒྱ་སྒྱུ་མ་མཁན་གྱི་འཕྲུལ་སྟོན་པའི་དཔེ་བཞིན་ཁ་ཞེ་གཉིས་འགལ་གྱིས་གསུང་བཤད་བྱས་པ་དངོས་ནས་རང་དོན་འབའ་ཞིག་ཁོ་ན་ལས་མི་རིགས་སྤྱི་དང་བོད་གཞིས་བྱེས་གཉིས་སེམས་ཁོངས་ནས་བརྗེད་ཚར་བ་ཤ་སྟག་རེད། རྒྱུ་མཚན་ནི་དེ་སྔ་ཁོ་རང་འདེམས་བསྐོ་བྱེད་པའི་སྐབས་སུའང་དེ་འདྲའི་དམ་བཅའ་དང་ཁེ་འཆེས་ཡོད་ལ་ད་པར་དུ་གཅིག་ཀྱང་བོད་མི་རིགས་ལ་ངོ་འཕྲོད་མེད་པས་སོ།།

  20. རྣམ་བཀྲ says:
    2016-03-07 at 9:51 pm

    ཤེས་རབ་ཕུན་སུམ་ཚོགས་པའི་རྣམ་རིག་གཤོག་རྩལ་རྒོད་ནའང་།།
    མ་དྭངས་སེམས་ཀྱི་ཉོན་མོངས་བདུད་ཀྱི་རང་གཤིས་འཛིན།།
    རང་དོན་གཙིགས་སུ་བཟུང་ཞིང་འདོད་རྔམས་མཚེར་མའི་གཟེངས།།
    རང་ཕྱོགས་ཤུགས་ཀྱིས་བསྣུན་ན་བློ་སེང་ཁྱོད་ལ་དད་པ་ཆད།།

  21. རྣམ་བཀྲ says:
    2016-03-07 at 10:03 pm

    བོད་མི་རིགས་ལ་གནའ་ནས་ད་ལྟའི་བར་དུ་སྡུག་ལ་མྱ་ངན་དང་སྐྱིད་ལ་གླུ་གར་གྱི་ལན་པའི་སྲོལ་བཟང་ཆགས་ཡོད། དུས་ད་ལྟའི་དུས་ན་བོད་ནང་གི་ཁོ་ཡིན་ང་ཡིན་ཟེར་བའི་སྤྱི་བློན་བློ་བཟང་སེང་གེ་ལགས་ཀྱིས་རོ་ཐོག་རྟ་རྒྱུག་གི་འཆལ་གཏམ་བཟོས་སོང་བས་དངོས་ནས་ཡིད་འཕངས་བ་ལ།

  22. ནག་ཐུག says:
    2016-03-07 at 11:28 pm

    ང་ཚོའི་སྲིད་སྐྱོང་སྨྱོན་པ་རེད།
    དཔའ་བོའི་རོ་ཐོག་རྟ་རྒྱུག་བྱས།
    འདི་འདྲ་སྲིད་སྐྱོང་འདེམས་པའི་ཚེ།
    བོད་མིའི་མདུན་ལམ་མཐོང་མི་སྲིད།

  23. གནས་ཆུང་། says:
    2016-03-08 at 2:53 am

    ང་ཚོ་ལ་མཁོ་བ་ནི་མི་རིགས་ཀྱི་མདུན་ལམ་ཐོད་དུ་བླངས་ཏེ་རང་དོན་གྱི་དབྱིག་ཏོ་རྒྱབ་ཏུ་སྐྱུར་ནས་མི་མང་གི་རེ་འདོད་ལྟར་རྒྱུག་ཟེར་ན་གཤིན་རྗེ་འཕྲང་དང་རྒྱོབ་ཟེར་ན་ཨ་བའི་མགོ་ཟེར་བའི་དཔེ་ལྟར་རྒྱལ་སྤྱི་དང་རྒྱ་གར་ནག་གཉིས་ནས་བོད་མི་སྤྱི་ལ་ཁེ་ཕན་གང་མང་ལོན་རྒྱུ་དེ་ཡིན། ད་ལྟའི་དུས་ན་བོད་གཞིས་བྱེས་གཉིས་གཙོས་ས་མདོ་ཁམས་གཙང་གསུམ་གྱི་བོད་པ་ནི་བུ་བདག་མེད་དྭ་ཕྲུག་ལུས་བའི་ཚུལ་དུ་གནས་ཡོད། ཉེ་སྔོན་བློ་བཟང་སེང་གེ་ལགས་ཀྱིས་བོད་སྤྱིའི་བདག་མགོན་གྱི་འགན་བཞེས་ནའང་། བོད་མི་དམངས་ཀྱི་རེ་འདོད་ཇི་བཞིན་གྲུབ་འབྲས་དེ་འདྲའི་གཡེར་དུ་ཟ་བ་ཞིག་ལོན་མ་སོང་། ང་ཚོས་རང་དཔེ་གཞན་སྟོན་གྱིས་ཤེས་གསལ། བོད་མི་ས་ཡ་དྲུག་ལ་ཁ་དབང་བསྒྱུར་དགོས་ན་དེ་འདྲའི་ལས་སླ་བོ་ཞིག་གང་ན་ཡོད། ཡིན་ནའང་ང་ཚོས་བློ་སེང་བློ་སེང་དང་འདྲ་བ་ལ་དཔེ་ལེན་ཆགས་འཇོག་བྱེད་དགོས། གཞན་མི་རིགས་དང་གཞན་རྒྱལ་ཁབ་ཀྱི་དབུ་འཛིན་རྣམས་ཀྱིས་ཅི་འདྲའི་ཁེ་དབང་ཕོན་ཆེན་པོ་ལོན་གི་འདུག བློ་སེང་ཁོང་ལ་དེ་འདྲའི་གྲུབ་འབྲས་ཡོད་དམ། ཡོད་ན་སྟོན་རན་རེད། མི་འགྱངས་བར་འདེམས་བསྐོའི་བྱ་གཞག་གནང་རྒྱུ་རེད། འདེམས་ཤོག་ཟེར་བ་དེ་ལྷམ་ཉོ་བ་ལྟར་དེ་རིང་ཉོས་ཏེ་སང་ཉིན་ཕྱིར་སློག་ན་ཆོག་པ་ཞིག་མ་རེད། འགྲིག་སོང་ན་བོད་མི་གཞུང་གི་ལོ་ངོ་ལྔའི་རིང་གི་སྐྱིད་ཅིག་རེད་ལ། འཕྱུག་སོང་ན་ལོ་ངོ་ལྔའི་རིང་གི་སྡུག་ཅིག་རེད།

  24. ཤམ་བྷ་ལ says:
    2016-03-11 at 8:29 am

    བློ་སེང་གི་མགོ་སྐོར་དང་མི་དམངས་ཀྱི་དགེ་སེམས་སྡུར་ན་ཡིད་སྐྱོ་བ་ཞིག་རེད། གལ་ཏེ་བོད་རང་ལ་བོད་ཀྱི་གནས་བབ་དང་དཀའ་སྡུག་ཤེས་བའི་སྲིད་སྐྱོང་ཡོད་ཚེ་འདི་ཅི་མ་རུང་།
    ང་ཚོས་སྐད་འབོད་རྒྱག
    ང་ཚོས་ཡི་རེངས་བྱེད
    ང་ཚོ་སྲིད་སྐྱོང་དགོས་ལ་བློ་སེང་མི་དགོས

  25. ཤམ་བྷ་ལ says:
    2016-03-11 at 8:41 am

    བློ་སེང་གི་རྒྱལ་གཅེས་ཐོབ་ཐང་མཐོ་ཞེས་པ་དེ་ནི་ཁོ་རང་ཨ་རིའི་ཧ་ཝར་སློབ་ཆེན་ཡིན་པ་དེའི་ནུས་ཤུགས་རེད།ཁོ་རང་ཉིད་ངོས་ནས་མཐོ་བ་ཡིན་པ་མ་རེད།སློབ་གྲྭར་རྐྱེན་རེད།
    ཁོ་རང་ཆབ་སྲིད་བྱ་ལས་ཀྱི་ནུས་པ་དང་ཉམས་མྱོང་ཆེན་པོ་མེད། ལོ་འདེ་དག་རིང་གི་བྱ་ལས་ལ་བལྟས་ན་གསལ་བོར་ཤེས་ཐུབ།
    དཔེར་ན། ༡ མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་ཙམ་དང་། བོད་རྒྱ་འབྲེལ་མོལ་ཚོགས་ཆུང་བཙུགས་ཡོད། འོན་ཀྱང་། བློ་བཟང་སེང་གེའི་སྐབས་སུ་དེ་ཚོ་མེད་པ་ཆགས་ནས་ད་ལྟ་ཀླད་གོར་༠ ཡིན།

    ༢ གཞུང་དངུལ་ལྐོག་ཟ་བྱས་ནས་ཨ་རིའི་ཁང་རིན་ལ་སྤྲད་པའི་དོགས་གནས་ཡོད་པས་ཁྲིམས་མཐུན་མིན་པ་ཆགས་ཡོད།། ཁང་རིན་ཨ་རིའི་མ་དངུལ་འབུམ་གསུམ་སྤྲད་ཡོད།
    འདི་དག་བྱེད་མཁན་ཆབ་སྲིད་བ་ཞིག་མ་ཡིན་པར་རྐུན་མ་རྫུན་རྐྱལ་ཞིག་གི་བྱ་ལས་རེད། མི་འདི་འདྲ་ཞིག་སྲིད་སྐྱོང་ལ་འདེམས་ན་ངོས་ནས་མི་ལེགས་བསམ། ང་ཚོ་ད་ལྟ་བོད་མིའི་མདུན་ལམ་ལ་བསམ་བློ་གཏོང་དགོས། མི་རང་ཉིད་ཀྱི་དགའ་བ་ལྟར་བསམ་བློ་བཏང་ན་ནོར་འདུག སྲིད་སྐྱོང་ཞིག་ཡིན་ཚེ་ཐོག་མར་མི་དྲང་བདེན་ཤིག་ཡིན་དགོས བོད་མིའི་ཆེད་དུ་ང་ཚོ་ལ་སྲིད་སྐྱོང་ཞིག་དགོས། འོན་ཀྱང་བློ་བཟང་སེང་གེ་མི་དགོས།

  26. ཀརྡོ་གཉེར་ཕྱག་པ་ says:
    2016-03-11 at 9:05 am

    སྤེན་ཚེ་ཡང་ངེས་པར་དུ་སྲིད་སྐྱོང་དུ་མི་དགོས་ན། ད་དུང་ལོལྔ། ་བློ་སེང་རང་། རང་འཇག་སྲིད་སྟེགས་སུ་བཞག་ན་ཕན་ཐོགས་ཆེ་བ་མཐོང་ལགས།

  27. པི་ཝང says:
    2016-03-12 at 1:15 am

    སྤྱི་དོན་མི་བསམ་སྒེར་དོན་བསམ།།
    ལྷག་བསམ་མ་རེད་འཁོན་སེམས་རེད།།
    གཞན་བསྟོད་མ་རེད་རང་བསྟོད་རེད།།
    གཞི་ལུས་མི་བསམ་རང་ལུས་བསམ།།

  28. ཁ་བྱང་ལྟ says:
    2016-03-12 at 8:06 am

    བློ་བཟང་སེང་གེས་ཨ་རིའི་ཐོབ་ཐང་ཁྱེར་ནས་བོད་ཀྱི་སྤྱི་དོན་ལ་སྒེར་རྩེད་རྩེ། བོད་ཀྱི་མདུན་ལམ་ཁོ་ལ་བཅོལ་ན་རེ་བ་ཅི་ཡང་མེད། སྤུན་ཟླ་ཚོས་བསམ་བློ་ཡག་པོ་གཏོང་དགོས་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme