Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གི་ཡི་གེ

Posted on 2013-01-212013-01-21 By ཁ་བརྡ་ 28 Comments on ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གི་ཡི་གེ

བོད་སྒྱུར་བྱེད་མཁན། ཚངས་དབྱངས།

༄༄། །བཀུར་འོས་གྲོས་ཚོགས་སྔོན་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཧལ་རོ་ཇར་ (Hal Rogers)མཆོག་གི་དྲུང་དུ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནང་གི་གནད་དོན་འགའ་ཤས་ཐད་ལ་ང་རང་བློ་མི་བདེ་བ་ཡོང་ཞིང་། དེ་ཡང་འདི་ལྟར་ཡོང་བའི་རྒྱུ་མཚན་ནི། ངས་གྲོས་ཚོགས་ཀྱི་ཕྱི་སྲིད་ལྷན་ཚོགས་ཀྱི་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོའི་མིང་ཐོག་ནས་ལོ་གཉིས་རིང་ངེད་ཚོའི་རྒྱལ་སྤྱིའི་རླུང་འཕྲིན་མ་ལག་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་དང་འབྲེལ་བ་ཡོད། སྐབས་དེར་༼ང་ཚོས་༽ཚིག་ཐོ་ཞིག་གི་ནང་ལ་ཞིབ་དཔྱོད་ཀྱི་མཇུག་སྡོམ་དང་མིག་སྔའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཞིབ་ཕྲའི་གནས་ཚུལ་རྣམས་བཀོད་ཡོད། ཞིབ་བཤེར་བྱས་པའི་འབྲས་བུར་བོད་སྐད་རླུང་འཕྲིན་སྡེ་ཚན་ནང་ལ་སྒྲིག་གཞི་རྩ་གཏོར་གཏོང་བའི་འགལ་འཛོལ་བྱུང་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་ཀའི་ཐོག་ལ་ཕྱི་རྒྱལ་མི་སྣའི་ཐལ་ཆ་ཅན་གྱི་ཤུགས་རྐྱེན་བསླེབས་ཡོད་པ་བསྟན་ཡོད།

རླུང་འཕྲིན་འཛིན་སྐྱོང་ལྷན་ཁང་(BBG)གིས་ལྟ་རྟོག་གནང་བཞིན་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་(the Department of State) ཀྱིས་སློབ་སྟོན་གནང་བཞིན་ཡོད་པའི་རླུང་འཕྲིན་གྱི་སྒྲོམ་གཞི་ཁྱོན་ཡོངས་ལ་འདུ་ཤེས་གཅིག་ཁྱབ་ཡོད་པ་ནི། རང་གི་ཁ་གཏད་རྒྱལ་ཁབ་དཔེར་ན་རྒྱ་ནག་དམར་ཤོག་དང་ཨི་རན་ལྟ་བུར་ཕོག་ཐུག་འགྲོ་རྒྱུར་འཇིགས་སྣང་བྱེད་པ་དེ་རེད། དེའི་ཐོག་ལ། ལས་བྱེད་མཁོ་བསྡུ་བྱེད་སྐབས་རྒྱབ་ལྗོངས་ཞིབ་རྩད་དམ་ཡང་ན་བརྟག་དཔྱད་བྱེད་སྟངས་ཀྱི་སྒྲིག་གཞི་གསལ་པོ་མེད་པ། ད་དུང་ད་ལྟའི་སྒྲོམ་གཞི་དེས་འཛིན་སྐྱོང་ལྷན་ཁང་དང་དེའི་གཤམ་འོག་གི་ལས་ཁུངས་རྣམས་ཀྱིས་ཨ་རིའི་དཔྱ་ཁྲལ་འབུལ་མཁན་རྣམས་ལ་འགན་འཁུར་གསལ་པོ་ལེན་ཐུབ་པའི་ནུས་པ་མེད་པར་མཐོང་། དེ་བཞིན་གསལ་ཁ་མེད་པའི་སྒྲོམ་གཞི་འདིས་དམིགས་བསལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དེ་མི་སྒེར་གྱི་ཁེ་ཕན་བསྒྲུབ་སའི་གཞིས་ཀར་གྱུར་ཡོད། ཕལ་ཆེར་ང་ཚོས་རྣམ་པ་འདི་ད་ལྟ་མཐོང་བཞིན་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མིག་སྔའི་གཙོ་འཛིན་ལི་སྦི་ལེའུ་(Libby Liu)ནས་ཉེ་ཆར་བོད་སྐད་སྡེ་ཚན་གྱི་འགན་འཛིན་ང་ཕོད་འཇིགས་མེད་གནས་དབྱུང་བཏང་འདུག ཁོ་མོའི་བྱ་སྤྱོད་དེ་བོད་མིས་རང་སྲེག་གཏོང་བའི་ཛ་དྲག་གི་གནས་ཚུལ་༼ དེ་རིང་མི་གྲངས་༩༦ཟིན་ཡོད།༽དང་འབྲེལ་བ་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་རྒྱལ་མི་སྣའི་ཤུགས་རྐྱེན་སླེབས་སྲིད་པའི་གནད་དོན་ཆེན་པོ་ཞིག་ཡིན། བློ་ཕམ་དགོས་པ་ཞིག་ལ། ཁོ་མོའི་གླེན་རྟགས་ཚ་བའི་བྱ་སྤྱོད་འདི་ལ་ཞིབ་ཕྲའི་གསལ་བཤད་རྒྱག་དགོས་པས་ཁོ་བོའི་དྲི་བ་ཐེངས་འགའ་ཤས་ལ་ཁོ་མོས་ལན་འདེབས་བྱས་མེད།

རླུང་འཕྲིན་འཛིན་སྐྱོང་ལྷན་ཁང་(BBG)དང་དེའི་ཚན་ཁག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གི་དམིགས་ཡུལ་ནི་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་མདུན་དུ་སྤོར་བ་དང་། ཕྱི་རྒྱལ་གྱི་རླུང་འཕྲིན་ཉན་མཁན་རྣམས་ལ་ནུབ་ཕྱོགས་ལ་ངོ་རྒོལ་བྱེད་མཁན་གྱི་སྲིད་དབང་སྒེར་འཛིན་པ་ཚོའི་འོག་ལ་འཚོ་བ་ལས་ཐབས་ལམ་གཞན་པ་དེ་ལས་ལེགས་པ་ཞིག་ཡོད་པར་ལམ་སྟོན་བྱ་རྒྱུ་དང་། དེ་ཡང་ཐབས་ལམ་ཞིག་རྙེད་པར་ཨ་རིའི་མི་དམངས་ཀྱིས་རོགས་རམ་བྱ་རྒྱུ་དེ་རེད། ངེད་ཚོའི་རླུང་འཕྲིན་ལས་ཁུངས་ཁག་གིས་དམིགས་ཡུལ་དེ་བསྒྲུབ་ཐུབ་ཀྱི་ཡོད་པར་ང་ལ་ད་ལྟ་གདེང་སྤོབས་མེད་པ་དང་། ཨ་རིའི་དཔྱ་ཁྲལ་བསྡུ་མཁན་གྱི་མ་དངུལ་དེ་རླུང་འཕྲིན་འདི་ཚོའི་ཐོག་ལ་མུ་མཐུད་འགྲོ་སོང་གཏོང་དགོས་པར་ང་ལ་ད་ལྟ་གདེང་སྤོབས་མེད།

འཚམས་འདྲི་བཅས།
གུས་པ་གྲོས་ཚོགས་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ། (གྲོས་ཚོགས་ཐེངས་༡༡༢)
ཌ་ན་རོ་རར་སྦ་ཆར། (Dana Rohrabacher)

འདྲ་བཤུས་བསྐུར་ཡུལ།
ཕྱི་སྲིད་ལག་བསྟར་དང་འབྲེལ་ཡོད་ལས་གཞིའི་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ཁ་ཡེ་ག་རན་གར། (Rep. Kay Granger, Chairwoman, Subcommittee on State, Foreign Operations and Related Programs)
གྲོས་ཚོགས་རྒྱ་ནག་གི་ཇུས་སྟོན་ཚོགས་ཆུང་གི་ཚོགས་གཙོ་ཟུང་འབྲེལ་འཐུས་མི་རན་ཌི་ཕོར་སྦེ་སི། (Rep. Randy Forbes, Co-Chair Congressional China Caucus)
ཨ་རི་དང་རྒྱ་ནག་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་མེ་ཁལ་ཌནནི་སི། (Michael Danis, Executive Director, US-China Economic and Security Review Commission)
ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ཞིབ་དཔྱོད་པ་གཞོན་པ་ཧར་རོལ་ཌི་གེ་སེལ། (Harold W. Geisel, Deputy Inspector General, Department of State)

གྲོས་ཚོགས་འཐུས་མིའི་ཡི་གེའི་མ་ཡིག་ནི་གཤམ་གསལ་དེ་ཡིན།

འཕྲིན་ཡིག

Post navigation

Previous Post: ཕ་ཡུལ་གྲང་ངམ་དྲིས་པ།
Next Post: ནོར་གླིང་ས་གནས་བོད་རིགས་སེར་སྐྱ་མི་མང་གི་གདུང་སེམས་མཉམ་སྐྱེད་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

Comments (28) on “ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གི་ཡི་གེ”

  1. ཀླུ་སྨྱོན། says:
    2013-01-22 at 12:02 am

    གཅིག་གཅིག་གཅིག གཅིག་གཉིས་གཉིས། གཅིག་གསུམ་གསུམ། གཅིག་བཞི་བཞི། གཅིག་ལྔ་ལྔ། གཅིག་དྲུག་དྲུག གཅིག་བདུན་བདུན། གཅིག་བརྒྱད་བརྒྱད། གཅིག་དགུ་དགུ། གཅིག་བཅུ་བཅུ།

  2. tama says:
    2013-01-22 at 12:25 am

    ད་མྱང་སོང་། བལྟས་མོ་འདུག

  3. ས་སྐྱའི་རྗེས་འཇུག says:
    2013-01-22 at 12:50 am

    གྲོས་ཚོགས་མཐུས་མི་དེས་ཡི་གེ་བྱུང་དགོས་རྒྱུ་རྐྱེན་སུས་བྱས་པ་རེད། ད་ལྟས་མོ་རིམ་བཞིན་ལྟ་ཡ་རེད།

  4. བློ་གྲགས། says:
    2013-01-22 at 12:50 am

    ཀླུ་སྨྱོན་བཏགས་པས་རྟེན་འབྲེལ་འཆུག །ཐོག་མར་སྙན་གསར་གཡམ་གྱིས་སྨྱོ། །དེ་ནས་འདོད་པའི་གཏམ་གྱིས་སྨྱོ། །དེ་ནས་ཚུལ་འཆལ་གཅེར་བུས་སྨྱོ། །དེ་ནས་སྤྲུལ་སྐུའི་མིང་གིས་སྨྱོ། །དེ་ནས་གཏད་སོ་མེད་པས་སྨྱོ། །དེ་ནས་ཆོལ་ཁའི་ཞེན་གྱིས་སྨྱོ། །དེ་ནས་རང་གཞུང་སྤངས་པས་སྨྱོ། །དེ་ནས་ཆོས་ལ་དོགས་པས་སྨྱོ། །དེ་ནས་༸ཡིད་བཞིན་ནོར་བུ་ལ། །རྡུལ་ཕྲན་ཁེངས་པས་རི་དབང་བཞིན། །ལམ་སྟོན་བྱེད་ཁུལ་ཚུལ་གྱིས་སྨྱོ། །ད་ལྟར་གནས་ལ་ངེས་པ་མེད། །དེ་བས་ཞལ་ལ་བདག་པོ་མེད། །ཕྱག་གིས་གང་བྲིས་འདི་བྲིས་མེད། །བྲིས་ཚད་ཤོག་གུར་ལྗིད་ཁོག་མེད། །བྲིས་པ་ཤོག་གུ་སྟོང་ཚོ་རེད། །ཀྱེ་ཀྱེ་དེང་གི་འཁྱམས་ཉུལ་བ། །སྙན་ངག་གནད་ངོ་མ་ཆོད་ཀྱང་། །སྙན་ངག་བྲིས་ཞེས་སྟོང་གཏམ་སྨྲ། །འདི་དག་གངས་ཅན་རིག་པ་ཡི། །བླ་ཟུངས་ཉམས་པའི་སྔ་ལྟས་ཡིན། །

  5. ལར་རྒྱའི་བདག་པོ། says:
    2013-01-22 at 1:14 am

    ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་འདི་ཕྱི་གསལ་ནང་གསལ་ཞིག་མ་བྱུང་ན་རྒྱ་ནག་དམར་ཤོག་གི་བྱ་སྤྱོད་ནང་བཞིན་ཆགས་ཉེན་འདུག

  6. ལར་རྒྱའི་བདག་པོ། says:
    2013-01-22 at 1:15 am

    རྩོམ་བསྒྱུར་བ་དང་།དྲ་ཐོག་ལ་བཀོད་སྤེལ་བྱེད་མཁན་ལ་བཀྲིན་ཆེ་རྒྱུ་ཡིན།

  7. གནམ says:
    2013-01-22 at 1:44 am

    དགྲའི་སྔུན་སོ་ནས་རྔ་མ་དབྱུག་ཡ་མང་དྲག་ན། གྲོགས་ཀྱི་མདུན་སོ་ནས་མཐོང་ཤོར་ཟེར་བ་དེ་རེད། ཉིན་མ་གཅིག་ལ། རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར། ཨ་ཁ། བོད་འདི་ཆེས་ལས་ངན་ཞིག་རེད།
    ད་བོད་འདི་ཁ་ལས་རླུང་རྟ་མེད་ནི་ཞིག་གི་མི་ཆགས་པར་ཤོག། དགྲ་གྲོགས་གཉིས་ལས་རྒྱལ་བར་ཤོག།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-01-22 at 2:17 am

    ་་་་་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མིག་སྔའི་གཙོ་འཛིན་ལི་སྦི་ལེའུ་(Libby Liu)ནས་ཉེ་ཆར་བོད་སྐད་སྡེ་ཚན་གྱི་འགན་འཛིན་ང་ཕོད་འཇིགས་མེད་གནས་དབྱུང་བཏང་འདུག ་་་་ཟེར།

  9. ལྷ་འབྲུག་རྒྱལ། says:
    2013-01-22 at 4:38 am

    ཏག་ཏག་རེད། ང་ཕོད་ཕུད་པ་དེ་འགྲིག་བསྡད་ཡོད་པ་རེད། ད་དུང་ཨེ་ཤ་ཡ་རླུང་འཕྲིན་ཁང་ན་བོད་རང་སྐྱོང་ལྗོངས་ལ་རང་བཙན་དགོས་ཟེར་མཁན་ཁ་ཤས་ཡོད་པ་རེད། དཔེར་ན། ཀརྨ་རྒྱ་མཚོ་དང་སྒྲོལ་དཀར་ལྟ་བུ་རེད། མི་འདི་རིགས་གཙང་མ་མ་བཟོས་པར་བོད་ལ་ཆིག་སྒྲིལ་ཅིག་ག་ནས་ཡོང།
    སྒྲོལ་དཀར་ཟེར་བའི་རྐུབ་ལ་བདག་མེད་མ་དེ་ཁྱད་མཚར་ཞེ་དྲག་ཡོད་པ་རེད།

  10. རྒད་པོ། says:
    2013-01-22 at 10:43 am

    རྙོག་ཁྲ་གཙོ་བོ་འདི་རེད།

    “དེ་བཞིན་གསལ་ཁ་མེད་པའི་སྒྲོམ་གཞི་འདིས་དམིགས་བསལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དེ་མི་སྒེར་གྱི་ཁེ་ཕན་བསྒྲུབ་སའི་གཞིས་ཀར་གྱུར་ཡོད། ཕལ་ཆེར་ང་ཚོས་རྣམ་པ་འདི་ད་ལྟ་མཐོང་བཞིན་པ་རེད།”

  11. ཀརྡོ་གཉེར་ཕྱག་པ་ says:
    2013-01-22 at 10:50 am

    ཏག་ཏག་རེད། ང་ཕོད་ཕུད་པ་དེ་འགྲིག་བསྡད་ཡོད་པ་རེད། ད་དུང་ཨེ་ཤ་ཡ་རླུང་འཕྲིན་ཁང་ན་བོད་རང་སྐྱོང་ལྗོངས་ལ་རང་བཙན་དགོས་ཟེར་མཁན་ཁ་ཤས་ཡོད་པ་རེད། ་་་་ཟེར།

  12. དྲ་གཉིད་ says:
    2013-01-22 at 12:21 pm

    དབུས་གཙང་མི་གང་ཡོད་གནས་ནས་དབྱུང་ན་གཞི་ནས་བོད་མི་ཆིག་བསྒྲིལ།ཧེ་འདྲེ་འབྲུག་རྒྱལ་ཁོགས་ནང་ལ་འདོན་བཞུགས་པ་མ་ཡིན་ནམ། ཆིག་སྒྲིལ་དངོས་ཡོད་བསམ་གྱི་འདུག་ན་དེ་འདྲ་བའི་རིགས་ལ་ཟབ་ཟབ་བྱ་དགོས་འབྲུག་རྒྱལ།།

  13. རྒད་པོ། says:
    2013-01-22 at 1:40 pm

    “སྐབས་དེར་༼ང་ཚོས་༽ཚིག་ཐོ་ཞིག་གི་ནང་ལ་ཞིབ་དཔྱོད་ཀྱི་མཇུག་སྡོམ་དང་མིག་སྔའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཞིབ་ཕྲའི་གནས་ཚུལ་རྣམས་བཀོད་ཡོད། ཞིབ་བཤེར་བྱས་པའི་འབྲས་བུར་བོད་སྐད་རླུང་འཕྲིན་སྡེ་ཚན་ནང་ལ་སྒྲིག་གཞི་རྩ་གཏོར་གཏོང་བའི་འགལ་འཛོལ་བྱུང་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་ཀའི་ཐོག་ལ་ཕྱི་རྒྱལ་མི་སྣའི་ཐལ་ཆ་ཅན་གྱི་ཤུགས་རྐྱེན་བསླེབས་ཡོད་པ་བསྟན་ཡོད།”

  14. ལྷ་རིག says:
    2013-01-22 at 2:29 pm

    རྒད་པོ ་དང་ཀརྡོ་གཉེར་ཕྱག་པ་ལགས་ཁྱེད་གཉིས་བསྐྱར་བསྡུས་བྱས་པ་དེ་དོན་དག་ཅི་ཞིག་ཡིན་ནམ །ནམ་རྒྱུན་འདི་ལྟར་བྱེད་བཞིན་ཡོད་མོད།ཕལ་ཆེར་ཁྱེད་གཉིས་ཀྱིས་སྣང་བར་མ་སོང་བ་ཡིན་ནམ་ཡང་ན་དོན་དག་གཞན་ཞིག་ཡོད་པ་རེད།ཡང་ན་ལས་ཀ་ཅི་ཡང་མེད་པར་དུས་ཚོད་སྐྱེལ་བཞིན་པ་རེད།འབྲི་མི་འདོད་ན་མ་བྲི་ནའང་ཁྱེད་གཉིས་ལ་བཙན་དབང་བྱེད་མཁན་ཡོད་རྒྱུ་མ་རེད།

  15. ས་སྐྱའི་རྗེས་འཇུག says:
    2013-01-22 at 2:41 pm

    ༼ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་ཀའི་ཐོག་ལ་ཕྱི་རྒྱལ་མི་སྣའི་ཐལ་ཆ་ཅན་གྱི་ཤུགས་རྐྱེན་བསླེབས་ཡོད་པ་བསྟན་ཡོད།༽ཟེར། གྲོས་ཚོགས་འཐུས་མི་ཁོང་གིས་ཉེ་སྔོན་ཡི་གི་ཞིག་ནང་བཙན་བྱོལ་སྒྲིགས་འཛུག་མི་ཁ་ཤས་ཞིག་གི་མིང་བསྟོན་པ་ཡོད་པ་རེད། ད་བྱེད་དུས་ཐལ་ཆ་ཅན་གྱི་ཤུགས་རྐྱེན་བསླེབས་ཟེར་བ་དེ་སུ་ལ་གོ་དགོས་པ་རེད།

  16. ཀརྡོ་གཉེར་ཕྱག་པ་ says:
    2013-01-22 at 3:40 pm

    ༡༤༽ ལྷ་རིག་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ གི་ཆུ་ཚོད་ ༡༤ སྐར་མ་ ༢༩
    རྒད་པོ ་དང་ཀརྡོ་གཉེར་ཕྱག་པ་ལགས་ཁྱེད་གཉིས་བསྐྱར་བསྡུས་བྱས་པ་དེ་དོན་དག་ཅི་ཞིག་ཡིན་ནམ ། ་་་ཟེར།

  17. རྒད་པོ། says:
    2013-01-22 at 4:12 pm

    སྐུ་ངོ་ལྷ་རིག་ལགས།

    སྐུ་ངོ་དགོངས་དག ང་མི་ལས་མེད་ཀྱི་སྐུ་ངོའི་དུས་ཚོད་འཕྲོ་བརླག་བཏང་བཞག མ་གཞི་ང་རང་ད་ལྟ་ལས་ཀ་ཞིག་ཡོད་ཁུལ་རེད་མོད། ད་མགྱོགས་པོ་རང་རིགས་ཐལ་ཆ་ཅན་གྱི་མི་འགའ་ཤས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། ང་ཚོའི་ལས་ཀ་དེ་མགྱོགས་པོ་མཇུག་སྒྲིལ་ས་རེད། དེ་དུས། ལྷོད་ལྷོད་བྱས་ནས་མཆན་རྒྱག་གི་ཡིན། སྐུ་ངོ་ངའི་མཆན་གཟིགས་པར་ཕེབས་ཤོག་ཨ།

  18. གྲ་འཁྱམས says:
    2013-01-22 at 5:34 pm

    མི་འདི་གྲོས་ཚོགས་ཀྱི་མཐུས་མི་རྫུས་མ་རེད་འདུག གོ་ཐོས་ལ་ཁོ་ད་ལྟ་ཨ་རིའི་སྦོ་ལི་སི་ནས་འཇུ་བཟུང་བྱས་ཡོད་འདུག

  19. དགའ་སྐྱིད་ says:
    2013-01-22 at 9:30 pm

    ཨ་རི་རླུང་འཕྲིན་ཁང་ཁག་གཉིས་ཀྱིས་བོད་པ་ལས་བྱེད་ཚོ་བོད་པའི་མིང་ཐོག་ལས་ཀ་རག་ཡོད་ཀྱང་ གསར་རྒྱུར་྄ཚང་མ་བོད་ཀྱི་དུས་བབས་དང་ ཕ་ཡུལ་ཁ ་བརྡ་ བང་ཆེན་ སོགས་ནས་ཤུལ་བར་ལས་རང་གི་གསར་རྒྱུར་གསར་པ་ཐེང་གཅིག་ཡང་བཏང་མྱུང་མེད་པ་ དེ་ནི་བློ་ཕམ་གྱིས་གནས་ཚུལ་རེད་ པེ་ན་ཨ་རི་ནང་གི་གནས་ཚུལ་ཡང་དང་པོ་རྒྱ་གར་ནས་བཏང་རྗེས་སང་སྡ་དྲོ་ཨ་རི་ནས་བཏང་གི་འདུག་ ད་དུང་ཁོ་ཚོ་བོད་རིགས་ཡིན་པ་བརྗེད་ནས་ཨ་རི་མི་སེར་ཡིན་པས་སྤོ་བ་ཆེན་པོ་འདུག་ལ།་ངག་ཕོད་འཇིགས་མེད་ལགས་གནས་དབྱུང་བཏང་བར་ཧ་ལས་དོགས་དང་བློ་ཕམ་བྱེད་དགོས་མ་རེད་ ངག་འཕོད་ངག་དབང་འཇིགས་མེད་ནང་མི་ཚང་མ་ཉིན་མ་གཅིག་ཀྱང་བོད་རྒྱལ་ཁབ་དང་བོད་མི་རིགས་ཆེད་ སྡུག་པོ་མྱང་མེད་ ཨ་རི་རླུང་འཕྲིན་ཁང་གི་ལས་བྱེད་ལྷག་བསམ་དང་ སེམས་ཤུགས་མི་འདུག་ཟེར་ཁན་མང་པོ་འདུག་ པོ་དང་མོ་བོད་ཡིག་ཀློག་མ་ཤེས་མཁན་ལ་ཕན་ཐོགས་འདུག་།།།།

  20. ཟུར་གནས། says:
    2013-01-23 at 9:04 pm

    དགའ་སྐྱིད་ལགས།

    ཁྱེད་ལ་གཏམ་བཟང་ཞིག་ཞུ་འདོད་བྱུང་། ངས་བལྟས་ན། རླུང་འཕྲིན་ཁང་གཉིས་ཀ་མགྱོགས་པོ་སྒོ་རྒྱག་ས་རེད། གྲོས་ཚོགས་ཀྱི་ཡི་གེ་འདིའི་སྙིང་དོན་གཙོ་བོ་འདི་ཚིག་གྲུབ་མཐའ་མ་དེར་བཤད་འདུག། ཡི་གེ་གཏོང་ཡུལ་དེ་ཨ་རིའི་གྲོས་ཚོགས་ཀྱི་དངུལ་གཉེར་དང་ཕྱག་མཛོད་ལ་བཏང་འདུག། ཡི་གེའི་སྙིང་པོར། སྒོ་བརྒྱབ། ང་ཚོའི་དམིགས་ཡུལ་དང་འབྲེལ་བ་མིན་འདུག། མ་ཟད་དེའི་ནང་ལ་རྙོག་ཁྲ་མང་པོ་འདུག་ཟེར། འབྲི་མཁན་ཞིབ་དཔྱོདེ་པ་རེད། འབྲི་ཡུལ་དངུལ་དོ་དམ་པ་དང་། རྒྱ་ནག་ལ་ཁ་གཏད་འཇོག་མཁན་གྱི་ཚོགས་ཆུང་དེ་ཚོར་རེད། བོད་གཞུང་གི་ཡི་གེ་འདི་གནད་འགག་ག་ཚོད་ཙམ་ཡིན་པ་ཤེས་ཀྱི་ཡོད་དམ།

  21. ས་སྐྱའི་རྗེས་འཇུག says:
    2013-01-24 at 1:18 am

    རེད་རེད། དགའ་སྐྱིད་ལགས། ཁྱེད་ལ་དགའ་འོས་གནས་ཚུལ་འདི་ཚོ་རེད། ཞིབ་དཔྱོད་ཚོགས་ཆུང་གིས་ཡི་གེ་ཞིག་ཨེ་རླུང་ཚང་ལ་བཏང་འདུག དེའི་ནས་གནད་དོན་ཁ་ཤས་འདུག ༼ཨ་རིའི་དཔྱ་ཁྲལ་བསྡུ་མཁན་གྱི་མ་དངུལ་དེ་རླུང་འཕྲིན་འདི་ཚོའི་ཐོག་ལ་མུ་མཐུད་འགྲོ་སོང་གཏོང་དགོས་པར་ང་ལ་ད་ལྟ་གདེང་སྤོབས་མེད།༽ འདི་དང་ ༼ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་རྒྱལ་མི་སྣའི་ཤུགས་རྐྱེན་སླེབས་ཡོད་པ་རེད། བློ་ཕམ་དགོས་པ་ཞིག་ལ། ཁོ་མོའི་གླེན་རྟགས་ཚ་བའི་བྱ་སྤྱོད་འདི་ལ་ཞིབ་ཕྲའི་གསལ་བཤད་རྒྱག་དགོས་པས་ཁོ་བོའི་དྲི་བ་ཐེངས་འགའ་ཤས་ལ་ཁོ་མོས་ལན་འདེབས་བྱས་མེད།༽ད་དུང་ང་ཕོད་འཇིགས་མེད་ལས་གནས་སྐྱར་གསོ་བྱེད་འོས་འཚམས་ཡིན་ཚུལ་སོགས་བཤད་འདུག ༼དེ་བཞིན་གསལ་ཁ་མེད་པའི་སྒྲོམ་གཞི་འདིས་དམིགས་བསལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དེ་མི་སྒེར་གྱི་ཁེ་ཕན་བསྒྲུབ་སའི་གཞིས་ཀར་གྱུར་ཡོད།༽ འདི་ཚོ་ཁྱེད་ལ་གོ་དགོས་པའི་གཏམ་བཟང་ཡིན་ས་རེད། གྲོགས་པོ་ལགས།།

  22. གསེར་འབྲུག་སྡེར་ལྔ་ says:
    2013-01-24 at 6:55 am

    ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ།

  23. དགའ་སྐྱིད་ says:
    2013-01-24 at 8:31 pm

    ས་སྐྱའི་རྗེས་འཇུག་ལགས། ང་ལ་དགའ་འོས་པའི་གནས་ཚུལ་འདིར་ཚོར་མ་རེད་ ང་ལ་དགོས་པའི་གནས་ཤེས་འདོད་ན་ང་ཕྱི་གསལ་ནང་གསལ་ཡིན་ལབ་ཆོག་ ང་དགའ་འོས་གནས་ཚུལ་གཤམ་གསལ། ༡ ༧ གོང་ས་མཆོག་དབུ་བཞུགས་ཐོག་བོད་ནང་བོད་མི་མཉམ་འཛོམས་འབྱུང་ན་ང་དགའ་འོས། ༢ བོད་ནང་གི་དཀའ་སྡུག་ལ་དོན་དམ་སེམས་ཤུགས་ཡོད་པའི་འགོ་ཁྲིད་ཤེས་འབྱོན་ཡོད་པ་དཀའ་ངལ་སྲིད་ཐུབ་མཁན་མི་ཞིག་རག་ན་དགའ་སྐྱིད་ང་དགའ་འོས། ད་ལྟ་བོད་ནང་ ཕྱི་ལོ་ ༢༠༠༩ ནས ད་བར་ན་གཞོན་གྲངས་ ༩༨ ཀྱིས་རང་གི་གཅེས་པའི་སྲོག་བློ་བཏང་གི་སྐུ་ལུས་མེ་བསྲེགས་གནང་དགོས་པའི་ཛ་དྲག་གི་གནས་ཚུལ་སྐབས་ ཨ་རི་གཞུང་གི་བོད་ཀྱི་ཙ་དོན་ཆེད་རོགས་དངུལ་བཏང་དང་གཏོང་གཞིན་པའི་རླུང་འཕྲིན་ཁག་གཉིས་ཀྱིས་ལས་བྱེད་ཚར་མ་ལྷག་བསམ་མི་འདུག་གསར་འརྒྱུར་གསར་པ་བཤད་རྒྱར་ཚབ་ལ། བོད་ཀྱིས་དུས་བབས་ཚང་དང་ བངས་ཆེན། ཕ་ཡུལ།། ཁ་རྡ། སོགས་ནས་གཏོན་ཙར་པའི་གནས་ཚུལ་ཀྱང་ཀྱང་མ་ཡིན་པར་ཕྱོགས་ལྷུང་དཔང་ནས་ལྷག་བསམ་ཕྱག་ལས་གནང་ན་ང་དགའ་འོས་པའི་གནས་ཚུལ་ཡིན། ས་སྐྱའི་རྗེས་འཇུག་ལགས། ཨ་རི་གཞུང་ནས་བོད་པའི་གཅིག་པོ་ཆེད་དངུལ་བཏང་བར་ཙ་ནས་མ་རེད་ ཨེ་ཤེས་ཡ་གྲངས་ཉུང་མི་རིགས་ ༤༥ སྐད་ཡིག་མ་འདྲ་བར་ཚང་མ་ལ་རོགས་གནང་གི་ཡོད་རེད་བོད་པ་སྒོ་རྒྱབ་ཀྱི་མ་རེད་ བློ་ཕམ་མ་བྱེཅ་ཨ་།

  24. པདྨ་འཕྲིན་ལས་། says:
    2013-01-24 at 8:41 pm

    སུ་ཡིན་ནཡིན་། སུ་གནས་དབྱུངས་ལ་བཏང་ན་བཏང། འདི་ནི་སེམས་ཁྲེལ་མེད་ས་ལ་སེམས་ཁྲེལ་རེད། ལས་ཁུང་གང་ཞིག་གི་རྒོ་རྒྱབ་ན་རྒྱབ་དེ་ནི་སེམས་ཁྲེལ་མེད་ས་ལ་སེམས་ཁྲེལ་རེད། མྱི་སྨྱོན་དེ་དག་གནས་དབྱུངས་ལ་མ་བཏང་ན་ཡང་ལས་ཀ་ལ་གང་ཡང་འཇོན་གྱི་མི་འདུག། ལས་ཁུངས་དེ་དག་རྒོ་རྒྱབ་དང་ཡང་ང་ཚོ་ལ་དམིགས་གསལ་གྱི་གྱོང་གང་ཡང་རག་རྒྱུ་མ་རེད། མ་གཞི་ནས་ལས་ཁུངས་འདི་གཉིས་ཀྱི་གསར་འགྱུར་མི་མཐུད་ནས་ཡོད་ན་ཡག་གྱང། འོན་ཀྱང་ལས་བྱེད་ད་དག་གི་ཤེས་ཚད་དང་འཇོན་ཐེངས་ལ་བསམ་བློ་ཤིག་བཏང་དེས་སེམས་སྟེང་ནས་སྐྱོ་ནི་ཞིག་རེད། ཚང་མ་རང་གི་དགའ་པོ་དང་ཉེ་བོ་དག་རེད། འདི་ཕྱོགས་སུ་བསམ་བློ་ཞིག་འཁོར་ཡོངས་དེས་ང་ཕོད་འཇིགས་མེད་ལས་ཀ་ནས་གནས་དབྱུངས་ལ་བཏང་བ་དེ་ནོར་མི་འདུག་བསམས། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དེས་ངོ་ནས་དྲངས་ནས་ལས་ཀ་ཡག་པོ་ཞིག་བྱེད་འདོད་ཡོད་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་དང་ཨ་རི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་ཡོངས་ཁུངས་ལ་ཞིབ་འཇུགས་ཞིག་བཤད་ན་ཡག་རེད་འདོད། དེ་མིན་ཁོང་གི་སྐད་ཆ་ག་རེ་བཤད་ཀྱང་བློ་ལ་འགྲོ་གི་མི་འདུག།

  25. ལུང་རྟོགས། says:
    2013-01-24 at 9:50 pm

    ཨེ་རླུང་དང་ཨ་རླུང་གི་བོད་སྐད་སྡེ་ཚན་གཉིས་ནི་བོད་ཕྱི་ནང་བར་གྱི་འབྲེལ་ཟམ་ལྟ་བུ་རེད་ལ། བོད་ནང་གི་བོད་མི་ཚོའི་འཛམ་གླིང་ལ་བལྟ་བའི་མིག་དང་ཉན་པའི་རྣ་བ་རེད། དེས་ན་འདི་གཉིས་ངེས་པར་དུ་གནས་ཐབས་བྱེད་དགོས་པ་རེད།

  26. པདྨ་རྡ་རྗེ། says:
    2013-01-24 at 11:05 pm

    གང་ཤེས་ཡང་ཡར་ལོང་འདུག་། ཨེ་རླུང་གི་ནང་ལ་ཡོད་པའི་ལས་མི་འགའི་བྱེད་སྟངས་ནི་དངོས་གནས་ཡ་ཚན་ཆེན་པོ་རེད་། གནད་ལ་ཐུག་དུས་བོད་མི་རིགས་ཡིན་པའི་ལ་རྒྱ་ནི་མ་དྲན་། བོད་སྤྱིའི་གནས་བབ་ཡང་དེ་བཞིན་མ་དྲན་། ད་ག་པར་སླེབས་ས་རེད་། ང་ནི་གཞན་གྱི་བྱེད་སྟངས་ཐད་མི་འགྲིག་བཤད་རྒྱུར་དགའ་པོ་རང་མེད་ཀྱང་། ད་ནི་མ་བཤད་རང་བཤད་རེད་འདུག་། སུ་ལ་ཕོག་ན་ཡང་ཕོག་། ངས་མུ་མཐུད་ནས་ཨེ་རླུང་སྐོར་བཤད་གི་ཡིན་།

  27. ངས་པོ་རྒྱལ་མཚན། says:
    2013-01-26 at 5:29 am

    རང་ཅག་སྨྱུ་གུ་འཛིན་པ་ཚོས། སྨྱུག་ཁ་དེ་བོད་ནང་གི་གནས་སྟངས་དམྱལ་བ་མི་ཡུལ་དུ་ཕོད་པ་ལྟར་གྱི་སྡུག་བསྔལ་རྒྱ་མཚོའི་ནང་ནས་བོད་ཀྱི་བསྟན་སྲིད་དོན་དུ་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་དམིགས་ཡུལ་དང་མཐུན་པར་རྒྱལ་གཅེས་འཐབ་རྩོད་ཀྱི་ཆེད་དུ་བེད་སྤྱོད་མི་བཏང་བར། ལག་ནས་བྲིས་ཚད་ནང་འཛིང་དང་ཁ་ནས་བཤད་ཚད་ཆོས་དང་ཆོལ་ཁའི་ཕྱོགས་ཞེན་གྱིས་བཙན་བྱོལ་སྤྱི་ཚོགས་འདི་ཉིད་གཏོར་བཤིག་གི་བྱ་འགུལ་དུ་སོང་ན། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་གཞིས་བཞུགས་སྤུན་ཟླ་རྣམ་པར་ངོ་གནོང་སྐྱེས་དགོས་པ་ཞིག་མ་རེད་དམ། དེར་བརྟེན་ངེད་ཚོས་བསམ་བློ་ངེས་པར་གཏོང་དགོས་སྙམ།

  28. ཨ་རོག says:
    2013-03-18 at 7:21 am

    དེ་ཚོ་གང་ག་བཟོས་མཁན་གྲྭ་ལོག་སྐལ་ལྡན་པས་བྱེད་པ་རེད་ སྐུ་ངོ་བློ་བཟང་དགའ་ལགས་ལ་ཡང་ཁ་གཏང་བ་སོགས་བྱུང་སོང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme