Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མཆོག་ནས་ཚེ་རིང་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐོར་ཁ་གསབ་བྱས་ཡོད།

Posted on 2013-01-122013-01-13 By ཁ་བརྡ་ 33 Comments on ཨ་མཆོག་ནས་ཚེ་རིང་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐོར་ཁ་གསབ་བྱས་ཡོད།

ད་ལྟ་རང་པེ་ཅིན་དུ་གནས་བཞུགས་ཚེ་རིང་འོད་ཟེར་ལགས་ཀྱིས་གདོང་དེབ་ནང་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༡༢ ཉིན་མདོ་སྨད་ཀན་སུའུ་བསང་ཆུ་རྫོང་ཨ་མཆོག་ནས་ཡིན་པ་ཚེ་བྷེ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་འདུག ཁོ་རང་ལོ་༢༢ ཡིན་འདུག  འབར་བཞིན་པ་འདི་ནི་ཁོང་གིས་མེར་བསྲེགས་གཏོང་བཞིན་པའི་སྐབས་ཀྱི་པར་རིས་དང་།  འོག་གི་རྟ་འཁྲིད་ནས་ཡོད་པ་འདི་ནི་ཁོང་གིས་མེར་མ་བསྲེགས་པའི་སྐབས་ཀྱི་པར་ཞིག་རེད།

གནས་ཚུལ་ཁ་གསབ།   ༼དང་པོ།༽

རྩོམ་པ་པོ་འཇིགས་མེད་ཚེ་རིང་གིས་གདོང་དེབ་ནང་སྤེལ་གསལ་ལྟར་ན།   ཕྱི་ལོ་ ༢༠༡༣།༡།༡༢ ཉིན་ཀན་སུའི་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་ཤང་སྐྱིད་སྡེ་བ་ནས་ཡིན་པའི་རྒྱལ་གཅེས་དཔའ་བོ་རང་ལོ་༢༢་ཅན་ཕ་མིང་གདུགས་དཀར་སྐྱབས་དང་། མ་མིང་ཚེ་རིང་སྒྲོན་(མ)གཉིས་ཀྱི་བུ་མཚན་ལ་ཚེ་བྷེ་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་ཨ་མཆོག་ཞང་ངམ་ཨ་མཆོག་རྒྱ་སྒོ་རུ་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་ཁ་གསབ་གཉིས་པ། (དཔའ་བོ་ཁོང་གི་ཚ་མོ་ཡིན་པ་མཛངས་མ་ཚེ་རིང་སྐྱིད་ཀྱི་རྩོམ་ཡིག་གི་འབྲེལ་ཐག)

ངའི་སྙིང་ཉེ་བའི་ཚ་བོས་རང་ལུས་མེར་བསྲེགས་པ།

གནས་ཚུལ་ཁ་གསབ་གསུམ་པ།  (དཔའ་བོ་ཁོང་གི་པར་རིས་ཁ་ཤས་དང་གནས་ཚུལ་རྒྱས་པ།)

དཔའ་བོ་ཁོང་གིས་མེར་བསྲེགས་རྗེས་ཀྱི་རྣམ་པ། 

མེར་མ་བསྲེགས་སྔོན་གྱི་ཁོང་།

རྒྱལ་གཅེས་དཔའ་བོ་ཁོང་གི་ཕ་སོགས་བུ་སྤུན་གསམ་ལྷན་འཛཽམས།

ཁ་སང་སྟེ། སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༡ཚེས་༡༢ཉིན་གྱི་ཉིན་གུང་རྗེས་ཀྱི་ཆུ་ཚོད་གཉིས་པ་ཙམ་དུ་བོད་མདོ་སྨད་་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་ཁོངས་སྐྱིད་སྡེ་བའི་སྡེ་དཔོན་ཟུར་བ་གང་སེང་ཚང་གདུགས་དཀར་སྐྱབས་དང་བཟའ་ཟླ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ། ད་ལོ་རང་ལོ་ཡིན་པ་ཚེ་རིང་བཀྲ་ཤིས་(གཅེས་མིང་ལ་ཚེ་བྷེ)ཀྱིས་ཨ་མཆོག་གྲོལ་བརྡལ་གྱི་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་འདུག དེ་རིང་རང་ལུས་མེར་བསྲེགས་གཏོང་མཁན་ཁོང་གི་ཆུང་མའི་མིང་ལ་ཡུམ་མཚོ་སྐྱིད་ཅེས་འབོད་ཀྱིན་ཡོད་འདུག ཁོང་ལ་སྲིང་མོ་གཉིས་ཡོད་པ་ལས་གཅིག་གི་མིང་ལ་རྟ་མགྲིན་འཚོ་དང་གཅིག་ཤོས་ཀྱི་མིང་ལ་ཚེ་དར་སྐྱིད་ཟེར། ཚེ་རིང་བཀྲ་ཤིས་ཀྱིས་བོད་ལྭ་གྱོན་ཡོད་པའི་སྟེང་དུ་རང་གི་ལུས་ཧྲིལ་བོར་ལྕགས་སྐུད་ཀྱིས་བསྡམས་ཡོད་པ་དང་། མེ་འབར་གྱིན་པའི་སྐབས་སུ། ཀཱི་ཧོ་ཧོ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་སྐད་འབོད་བྱེད་ཀྱིན་ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་ནས་ཐེངས་འགྱེལ་ཞོར་དང་རྒྱུགས་ཞོར་བྱེད་ཡོད་པ་དང་། ཁོང་འདས་གྲོངས་སུ་གྱུར་བ་དང་སྲང་ལམ་གྱི་བོད་མི་ཚོས་ཁོང་གི་སྐུ་ཕུང་ཨ་མཆོག་སྐྱིད་སྡེ་བར་གདན་འདྲེན་གྱིས། རི་སྡེ་སེར་སྐྱ་མང་ཚོགས་ལྷན་འཛོམས་གྱིས་མ་ཎི་འུར་འདོན་བྱེད་ཀྱང་། ཨ་མཆོག་དགོན་པའི་དགེ་མདུན་པ་དང་རི་སྡེ་གཞན་གྱི་བོད་མི་ཚོ་སྐྱིད་སྡེ་བར་ཡོང་དུ་མ་བཅུག་པར། ལམ་གཞུང་གསུམ་དུ་ཉེན་རྟོག་པའི་རླངས་འཁོར་བཞག་ཏེ་འགྲོ་ལམ་བཅད་ཡོད་འདུག་ལ། མཚན་མོ་ཆུ་ཚོད་བཅུ་བ་ཙམ་ལ་ད་དུང་ཉེན་རྟོག་པའི་རླངས་འཁོར་རྣམས་གློག་འོད་འཚེར་འཚེར་གྱིས་བསྡད་ཡོད་པ་མ་ཟད། ཡང་གཞུང་དང་སྡེ་བའི་བར་དུ་བར་འདུམ་མི་བཏང་སྟེ། སྐུ་ཕུང་མགྱོགས་མྱུར་ཞུགས་འབུལ་བྱ་དགོས་པ་དང་གལ་ཏེ་མ་བྱེད་པར་དོན་དག་གཞན་བྱུང་བ་ཡིན་ན་ལས་འགན་ཡོད་ཚད་ཁྱེད་ཚོར་ཡོད་ཞེས་འཇིག་སྣང་སྐུལ་གྱིན་་ཡོད་འདུག

ཨ་མཆོག་ནས་སྤྱི་ལོ་༢༠༡༢ལོའི་ཟླ་༡༠ཚེས་ ༢༦ ཉིན་བོད་མི་ལྷ་མོ་ཚེ་བརྟན་ལཊ་ཀྱིས་ཨ་མཆོག་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང།༢༠༡༢ལོའི་སྤྱི་ཟླ་༡༡ཚེས་༢༠ཉིན་ཨ་མཆོག་ཁྱི་ངན་སྡེ་བའི་ཚེ་རིང་དོན་གྲུབ་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་ཕྱིན་ཡོད་ལ། ཡང་ཟླ་བ་དེའི་ཚེས་༢༦ཉིན་ཨ་མཆོག་རང་ལོ་༡༨ཙམ་གྱི་དཀོན་མཆོག་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་ཡོད། དེ་རིང་བསྐྱར་དུ་ཨ་མཆོག་ནས་ཚེ་རིང་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པ་ལྟར། བོད་མདོ་སྨད་ཨ་མཆོག་ས་ཆ་གཅིག་པུ་ནས་ད་ལྟའི་བར་དུ་བོད་མི་ན་གཞོན་བཞིས་རང་ལུས་མེར་བསྲེགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་གཏེར་ཁ་སྔོགས་འདོན་ལ་སོགས་པའི་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

 

གསར་འགྱུར།

Post navigation

Previous Post: རྐང་པ་སྤོ་སྟངས་ཤིག མི་ཉག་དུང་བརྡ།
Next Post: ཕྱིར་དྲན་ཁྲོད་ཀྱི་ཕ་ཡུལ།

Comments (33) on “ཨ་མཆོག་ནས་ཚེ་རིང་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐོར་ཁ་གསབ་བྱས་ཡོད།”

  1. དགེ་བསམ says:
    2013-01-12 at 4:43 am

    སླར་ཡང་དཔའ་བོ་གཅིག་བཞུད་སོང་ སྐྱོ་བ་སྐྱོ་བ་ལ་ མཚམས་ཆད་སོང་བསམ་

  2. ཇ་མ་ says:
    2013-01-12 at 4:46 am

    དཀོན་མཆོག་མཁྱེན་ཡང་མ་བ་ཐ་

  3. རེབ་ཐོག་མདའ says:
    2013-01-12 at 5:07 am

    དཀོན་མཆོག་གསུམ་པོ་མཁྱེན། ད་བསྲེགས་མི་ཉན་གི་ཡ། འདི་ལྟར་མི་མཐུད་དུ་བསྲེག་ན་མིའི་ཡག་ཡ་ཚང་མ་ཚར་རྒྱུ་རེད། ད་དངོས་གནས་བསྲེག་མི་ཉན་གི། དཀོན་མཆོག་གི་མཁྱེན། ཨོ་མ་ཎི་པདྨེ་ཧཱུ

  4. གནམ says:
    2013-01-12 at 5:44 am

    གློ་བུར་གྱི་གནས་ཚུལ་འདིས། ངའི་ཤ་གསེང་གི་རྩ་ལམ་སྦྲིད་སོང་། མིག་མཐའ་ལ་ཆུ་ཞིག་འཁོར་སོང་། མགྲིན་པ་འགགས་སོང་། བུ་ཧངས་མོ་རེ་ལག་ནས་ཤོར་ན། བཤད་མི་ཤེས་བའི་སེམས་སྡུག་རེ་འདུག། ཡིན་ན་ཡང་། བུ་སྐྱེས་ན་སྡེ་དོན་ལ་ཤི་དགོས་ནི་རེད་ཟེར་བའི་སྔོན་མ་ཚོའི་བཤད་རྒྱུན་དེ་དྲན་དུ་བཅུག་སོང་བས། དཔའ་བོ་ཁྱེད་ལ་གུས་ཞྭ་ཧུད།

  5. འཁྱམས་པོ says:
    2013-01-12 at 5:46 am

    ང་ཚོ་བོད་པའི་གསར་འགྱུར་ལ་རང་རང་ས་ནས་ལོ་ཚོད་མ་འདྲ་བ་བྲིས་ཡོད་ཁུ། དུས་བབ་ནང་དུ་ལོ༡༩ ཁ་བརྡ་རུ་ལོ༢༢ ཨོཾམཎིཔདྨེཧཱུྃ

  6. བསྟན་འཛིན། says:
    2013-01-12 at 5:49 am

    རང་བསྲེགས་ཀྱི་ལས་འདི་ཁ་ཕྱོགས་སྒྱུར་མཁན་ཞིག་ངེས་པར་དུ་ཡོང་དགོས་འདུག། ད་འདི་མོ་དག་དག་སོང་ན་མི་བཟང་གི། དཔལ་རྒོད་འདི་ཚོ་འཚོ་དགོས་རྒྱུ་ནི་བོད་མིའི་བདེ་རྩ་རེད།

  7. དགའ་ཡ་ says:
    2013-01-12 at 8:57 am

    སེམས་གཏིང་ནས་དཔའ་བོ་ཚེ་བྷེ་མཆོག་ལ་མྱ་དངན་གུས་འདུད་ཞུ།

  8. དགའ་ཡ་ says:
    2013-01-12 at 8:57 am

    ངན་ལ་བཅོས། དགོངས་དག

  9. ཀརྡོ་གཉེར་ཕྱག་པ་ says:
    2013-01-12 at 11:16 am

    དཀོན་མཆོག་མཁྱེན། དཔའ་བོ་ཚེ་བྷེ་ལགས་ལ་མྱ་ངན་གུས་འདུད་དང་། དལ་བའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད།

  10. ཨ་ཕྱི་ཆོས་སྒྲོན says:
    2013-01-12 at 11:19 am

    ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། འཕགས་པ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས།

  11. ལུང་རྟོགས། says:
    2013-01-12 at 11:38 am

    བཟོད་དཀའི་ན་ཟུག་ཅིག་གིས་རྒྱུད་བསྐུལ་ཏེ།།
    མིག་ཆུ་དྲོན་མོ་ཞིག་གིས་སྐྱེལ་མ་ཞུ།།
    མེ་ལྕེའི་ཀློང་ནས་བཞུད་པའི་སྤུན་ཟླ་ཚོ།།
    མི་བརྗེད་སྙིང་ལ་ཁྲག་གི་རི་མོ་བཀོད།།

  12. དགའ་སྐྱིད་ says:
    2013-01-12 at 11:51 am

    ༄། །བཀའ་སྤྱི་གཉིས་སྣེ་ཁྲིད་ནས་རྒྱལ་སྤྱིའ྄ི་ཁྲིམས་ཁང་ནང་ཁྲིམས་ཏུགས་གནང་རོགས་ཐུགས་རྗེ་གཟིགས། ང་ཚོའི་སྲིད་སྐྱོང་ནི་ཁྲིམས་མཁྱེན་མཁན་ཞིག་རེད་བོད་ནང་གི་སྐུ་ལུས་མེ་བསྲེགས་བརྒྱ་དང་གཅིག་ཆགས་ཀྱིས་འདུག་ང་ཚོ་བོད་མི་རིགས་ཉིན་རེ་ནས་ཉིན་རེ་གནས་ཚུལས་བསྡུག་རུ་འགྲོ་གཞིན་འདུག་དཀོན་མཅོག་མཁྱེན་བོད་མི་ང་ཚོའི་ལས་དབང་ནི་མིག་ཆུ་སྐྱང་སྐྱང་ངང་གནས།།།།།།།

  13. ཨ་རིག་དགེ་མཐོང་གིས། says:
    2013-01-12 at 12:01 pm

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སོགས་ལོངས་སྤྱོད་ཡོངས་བཏང་སྟེ། །
    བསྐལ་བ་བརྒྱ་ཕྲག་བསྒྲུབས་པས་སྐྱེས་བུ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། ། ཅེས་ཁོང་གིས་ཐུགས་སྨོན་མཛད་པ་བཞིན་བདེ་ལྡན་ཞིང་དུ་སྐྱེ་བར་སྨོན། གསར་འགྱུར་ཐོན་ཁུངས་གཞན་ཞིག་ན་ཁོང་ལོ་བཅུ་དགུ་ལབ་འདུག དེ་དག་གཅིག་མཐུན་ཞིག་ཡོང་རྒྱུ་གལ་ཆེ།

  14. བན་དེ་བ། says:
    2013-01-12 at 12:05 pm

    ས་ཡ་དྲུག་གི་བདེ་སྐྱིད་ཆེད།
    གཅེས་པའི་ལུས་སྲོག་ཡོངས་སུ་བཏང།
    མི་རིགས་རིག་གཞུང་ཡུན་གནས་ཕྱིར།
    སྙིང་ལྟར་བརྩེ་བའི་གཞིས་ཀྱང་བསྐྱུར།

    རང་ལས་གཞན་གཅེས་སེམས་དཔའི་ཚུལ།
    ལྔ་བརྡོའི་དུས་འདིར་ཁྱོད་མིན་སུ།
    མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས།
    ཐུགས་གཡེལ་མེད་པར་འདྲེན་དུ་གསོལ།

    རྟེན་བཟང་འདི་ལས་འཕོས་མ་ཐག
    ལྷ་དང་མཁའ་འགྲོས་ལེགས་བསུས་ཏེ།
    མཇའ་འོད་སྣ་ལྔའི་ལམ་དྲངས་ཏེ།
    བདེ་བ་ཅན་དུ་སྐྱེ་འགྱུར་ཅིག

  15. འཛུམ་ཤུལ་ཐབས་མཁས། says:
    2013-01-12 at 12:19 pm

    ་འཆི་བ་འདེམས་པ་ནི་སྐྱེས་བ་དང་གསོན་པ་ལ་རང་དབང་མེད་པས་ཡིན་ནམ།

  16. ཐབས་ཇུས་ཅན says:
    2013-01-12 at 12:23 pm

    བོད ཀྱི་ཆོས་སྐྱོང་ཁྲག་འཐུང་གི་རྒྱལ་བོ་རྣམ་གྱིས་རྒྱ་དམར་པོའི་གཞུང་གི་འགོ་ཁྲིད་ཚང་མའི་སྙིང་ཁྲག་བཞེས་རོགས།

  17. ཐུ་བ་རྒྱ་མཚོ། says:
    2013-01-12 at 12:37 pm

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་གཞོན་ནུ་ཚེ་བྷེ་མཆོག །
    བྱང་ཕྱོགས་ཤམ་བྷ་ལ་རུ་མྱུར་སྐྱེས་ཤོག །

  18. ཐུ་བ་རྒྱ་མཚོ། says:
    2013-01-12 at 12:50 pm

    ད་ནི་བོད་ཀྱི་ལྷ་དང་སྲུང་མ་དང་། །
    གཞི་བདག་ཆོས་སྐྱོང་ལ་སོགས་གང་གནས་པ། །
    མཐུ་དང་ནུས་རྩལ་ཡོད་ན་དུས་ལ་བབ། །
    ཡོད་མེད་ཁོ་ཐག་ཆོད་པའི་སྐབས་ཀྱང་ཡིན། །

  19. འཛུམ་ཤུལ་ཐབས་མཁས། says:
    2013-01-12 at 12:53 pm

    མི་རིགས་ཀྱི་བླ་སྲོག་སྲུང་སྐྱོབས་བྱེད་པའི་དཔའ་པོ་ལགས་ཁྱེད་ནི།༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས།ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ཕྱིན།རང་ཉིད་ཀྱི་ཆོས་ལུགས་དང་མི་རིགས་ལ་དད་འདུན་དང་ཤ་ཚ་ལར་ཞིན་ཡོད་པར་མ་ཟད།དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་རང་སྲོག་ཀྱང་བློས་གཏོང་སྲིད།ཞེས་གསུང་པ་ལྟར་དོན་ལ་གནས་འདུག།འཆར་ལྡན་བུ་སྐྱེས་ཀྱི་ཁྲལ་འོག་ནས་ཐར་ཙམ་བྱུང་པའི་མི་རིགས་ཤིག་རང་ཚུགས་ཐུབ་པར་གནས་མི་ཆོག་པའི་དྲང་བདེན་དང་ཁྲིམས་ལུགས་ཀྱི་འཕོང་པའི་འཇིག་རྟེན་འདི་ལ་རེ་ཐག་ཆད་དེ་ཆེས་མཐའ་འཇུག་གི་མངོན་འདོད་གཙང་མ་ཞིག་སྒྲོག་པ་དེའང་རྒྱ་དམར་སྲིད་གཞུང་གིས་ཅ་ཅོ་དང་རྫུན་གྱིས་སླད་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།

  20. དགའ་ཡ་ says:
    2013-01-12 at 1:01 pm

    ངཔའ་བོ་ཁོང་གིས་དེ་རིང་ཉིན་་རྒྱབ་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཞང་ཐོག་ཏུ་བོད་མི་ན་གཞོན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག ཚེ་རིང་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་མ་མིང་ལ་ཚེ་རིང་སྒྲོལ་མ། སྐྱེས་དམན་གྱི་མིང་ལ་ཡུམ་མཚོ་སྐྱིད་ཞུ་བཞིན་ཡོད་པ་དང་ཁོང་ད་ལྟ་རང་ལོ་ ༢༢ ཡིན་འདུག
    དུས་བབ་ལས།

  21. ལས་དབང་ says:
    2013-01-12 at 1:22 pm

    བདེ་བ་ཅན་དུ་སྐྱེས་པར་ཤོག

  22. རེབ་སྐྱིད་མཚོ says:
    2013-01-12 at 1:36 pm

    ཨོ་ཡང་སྔོན་མ་བཞིན་མེར་སྲེག་ལབ་རྒྱུ་དེ་ཐོན་ཤག་ངོ་མ་ད་ནས་བཤད་མི་ཤེས་པ་རང་ཡིན་
    དཔའ་བོའི་དཔའ་རྟགས་ངོམ་ཐང་ལ་ཡིད་རང་ཞུ་དགོས་ཀྱང་ད་ནི་ཞུ་མི་ཤེས་འདུག་གང་ཞེ་ན་
    ངའི་སྔ་མ་ནས་མང་པོ་བཤད་པ་ཡིན་མེར་སྲེག་གི་གྲངས་འབོར་ལ་བསམ་ན་ཆེས་ཡིད་མི་བདེ་
    བ་ཙམ་ལས་འབུར་དུ་ཐོན་པའི་མངོན་རྟགས་ཕུལ་བྱུང་ཞིག་ཡོད་མེད་ཀྱང།བཤད་ཁག་པོ་རེད་
    རྒྱུ་མཚན་དེ་དག་ལ་རྟེན་ནས་འདི་མཚམས་འཇོག་ཐབས་ལ་འབད་དགོས་ཞེས་ལན་མང་འབོད་
    མྱོང་ཡོད་དེ་རིང་ཡང་དེ་བཞིན་སྙད་པ་ལས་རྣམ་པ་གསར་པ་གང་ཡང་བཤད་རྒྱུ་མེད་དགོངས་
    དག

  23. ནག་ཐར་སྐྱིད། says:
    2013-01-12 at 6:20 pm

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སོགས་ལོངས་སྤྱོད་ཡོངས་བཏང་སྟེ། །
    བསྐལ་བ་བརྒྱ་ཕྲག་བསྒྲུབས་པས་སྐྱེས་བུ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །

  24. ལྷག་རྒྱལ་ says:
    2013-01-12 at 11:05 pm

    ད་དོངས་གནས་འཚམ་འཇོགས་བྱས་ན་ཡག་ག་་་་་་་ཕན་ཐུབ་ཡོངས་རྒྱུ་ཁག་པོ་རེད་་་་་་་་སེམས་སྐྱོ་བ་ལགས་

  25. སེང་བུ་འབྲུག་ཞོན།། says:
    2013-01-12 at 11:12 pm

    ཚེ་ཡི་འདུ་བྱེད་གཏོང་ཚེ་གནད་གཅོད་དང་།།
    བར་དོ་གཤིན་རྗེའི་འཇིགས་སྐྲག་ཀུན་ཞི་ནས།།
    དགའ་ལྡན་མཁའ་སྤྱོད་ཆོས་ཀྱི་ཕོ་བྲང་དུ།།
    སྐྱེ་ནས་འཇམ་མགོན་ཡབ་སྲས་ཞལ་མཐོང་ཤོག།

  26. དབུ་སྟོད་པས་ says:
    2013-01-13 at 12:22 am

    ཐར་བའི་གོ་ས་མྱུར་དུ་འཛིན་པ་ཤོག་ རེ་བའི་འདོད་དོན་མྱུར་དུ་གྲུབ་པར་ཤོག

  27. རུ་ཤུལ་བུ་ says:
    2013-01-13 at 12:54 am

    ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།
    ད་གང་དྲག མ་ཎི་རེ་འདོན་པ་ལས་ང་ལྟ་བུ་ལ་ཐབས་མི་འདུག

  28. ཀརྡོ་གཉེར་ཕྱག་པ་ says:
    2013-01-13 at 2:29 am

    ་་་་ དེ་རིང་བསྐྱར་དུ་ཨ་མཆོག་ནས་ཚེ་རིང་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པ་ལྟར། བོད་མདོ་སྨད་ཨ་མཆོག་ས་ཆ་གཅིག་པུ་ནས་ད་ལྟའི་བར་དུ་བོད་མི་ན་གཞོན་བཞིས་རང་ལུས་མེར་བསྲེགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་གཏེར་ཁ་སྔོགས་འདོན་ལ་སོགས་པའི་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ་་་་ཟེར།

  29. བསང་ཆུ་འབྲུག་བྷེ། says:
    2013-01-13 at 3:18 am

    ནུ་མོ་ཚེ་རིང་སྐྱིད་དང་ནང་མི་ལྷན་རྒྱས་ལ་སྙིང་ནས་གདུང་སེམས་མཉམ་དུ་སྐྱེལ་ནས་ཡོད་ལ། ལྷག་པར་འདས་པོ་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ཀྱིས་བོད་གངས་ཅན་གྱི་ལོ་རྒྱུས་ཁྲོད་གསེར་ཡིག་གི་བྲིས་པའི་བྱས་རྗེས་འོད་དུ་འཚེར་བ་ཞིག་འཇོག་པར་ལུས་ངག་ཡིད་གསུམ་གྱིས་གུས་འདུད་དང་མྱ་ངན་རྗེས་དྲན་ཞུ།

  30. མཐར་ཕྱིན says:
    2013-01-13 at 6:17 am

    སེམས་སྡུག་པའི་གནས་ཚུལ་འདི་ལྟ་བུ་རྣ་ལམ་དུ་གོ་ཐེངས་རེར། བཟོད་དཀའ་ཡི་སེམས་ཁོང་དུ་དབུགས་དབྱུང་སྟོད་དུ་བཙང་གི་འདུག ཅི་ཞིག་བྱ་དགོས་སམ།

  31. སྟག་ར་ says:
    2013-01-13 at 7:49 am

    ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། འཁོར་བ་དོང་སྤྲུགས་ནུས་པའི་སྙིང་པོ་འདིས། ཚེ་འདས་ལམ་སྣ་འདྲེན་པར་བྱིན་གྱིས་རློབས།

  32. འཇམ་གཅེས says:
    2013-01-13 at 8:26 am

    ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་

  33. ལོག་སྨྲ་ཚར་གཅོད། says:
    2013-01-13 at 9:00 am

    མངོན་རྟོགས་རྒྱན་ལས།
    ཆོས་ཀྱི་དོན་དུ་སྲོག་གཏོང་བ།།
    དེ་འདྲ་སྐད་ཅིག་བཅུ་དྲུག་ནི།།
    བློ་ལྡན་མཐོང་བའི་ལམ་དག་གི།
    ཕྱིར་མི་ལྡོག་པའི་རྟགས་དག་ཡིན།།

    ཞེས་ཆོས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་པ་ནི་བློ་ལྡན་བྱང་སེམས་མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་གནས་པའི་བྱང་སེམས་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་ཁྱད་པ་ཅན་ཡིན་པར་གསུངས། བོད་ཀྱི་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱང་བོད་བསྟན་པ་ཆབ་སྲིད་དང་ཡིད་བཞིན་ནོར་བུ་རང་ཡུལ་ལ་གདན་འདྲེན་ཞུ་ཆེད་ལུས་སྲོག་བཏང་པ་ཡིན་པས་སྐྱེ་བོ་ཐ་མལ་པ་ཞིག་མིན་པ་ནི་ངས་བཤད་མི་དགོས་མགོན་པོ་བྱམས་པས་ཐག་བཅད་ཟིན་པ་མིན་ནམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme