Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་པ་དག་ཐེར་ཡོང་བའི་རེ་བསྐུལ།

Posted on 2012-10-10 By ཁ་བརྡ་ 141 Comments on བསྟན་པ་དག་ཐེར་ཡོང་བའི་རེ་བསྐུལ།

ཨོ་རྒྱན་ཉི་མ།

ཕུལ་བྱུང་ཁྲིམས་ཀྱི་བདག་པོ་ཤཱཀ་ཐུབ་མགོན་ལ། །
རྒྱུ་མཚན་ཤེས་པའི་དད་པས་ལན་བརྒྱར་བཏུད་དེ། །
ཁ་ཁོག་གསོན་པོ་ཞིག་གི་དྲང་བདེན་ལམ་ནས། །
སྡེ་གཉིས་ཤན་འབྱེད་བྱེད་ལ་རིང་ནས་སྒུག་ཡོད། །

དེང་སང་དཀོར་ལ་དགའ་བའི་སྐྱེ་བོའི་ཁྲོད་དུ། །
བླ་ཆེན་མཚན་ལ་ཆགས་པ་མང་དུ་མཆིས་ཀྱང་། །
མཚན་གྱི་དགོས་དོན་སྒྲུབ་མཁན་ཤིན་ཏུ་ཉུང་བས། །
མིང་དོན་མཚུངས་པ་ཞིག་ལ་རེ་བཞིན་བལྟས་ཡོད། །

བསྟན་པ་འཛིན་དགོས་ཟེར་མཁན་མང་པོ་འདུག་སྟེ། །
བསྟན་དོན་ལུང་རྟོགས་ཤོར་བའི་ཕྱི་ཤུན་ཞིག་ལ། །
བསྟན་པ་རྣལ་མར་འཁྲུལ་བའི་དགེ་སྦྱོང་གཟུགས་ཅན། །
དེང་སང་རྒྱ་བོད་གཉིས་ལ་ཧ་ཅང་མང་གི། །

ལ་ལས་ཕུང་གསུམ་ལས་འདིའི་རྣམ་སྨིན་ལྕི་བས། །
ད་ལྟ་ཐེར་འདོན་མེད་ཀྱང་འཇིག་རྟེན་གཞན་དུ། །
ལས་ཀྱི་བགོ་སྐལ་སྤྱོད་ལ་གཏན་དུ་ངེས་པས། །
རང་དགར་བསྐྱུར་ཐོང་ཞེས་པའི་བཀའ་དགོངས་མང་ཡང་། །

གཤིན་རྗེའི་ཁྲིམས་ལ་བསྒུག་ན་བསྟན་པ་འཇིག་འགྲོ། །
ངོ་སྲུང་ཚུལ་འཆོས་མང་ན་སྡོམ་རྒྱུན་ཆད་འགྲོ། །
མཁས་གྲུབ་ཕལ་ཆེར་གཤེགས་པའི་དུས་ཚོད་འདི་ནས། །
བརྒྱུད་འཛིན་བསྐྱེད་བསྲིང་བྱ་བའི་ཐབས་ལམ་བསྐྲུན་དགོས། །

གཤིན་རྗེའི་ཁྲིམས་ཁ་བཙན་ཡང་ཕྱི་མའི་ཡུལ་རེད། །
ལས་ཀྱི་རྣམ་སྨིན་ལྕི་ཡང་ཚེ་རབས་གཞན་རེད། །
སྔ་དྲག་ཕྱི་ཐལ་མེད་པའི་དུས་ཚོད་གཉན་པོ། །
ཁྱེད་ཅག་ཁྲིམས་ལྡན་དག་གིས་དམ་འཛིན་གནོངས་ཤིག །

དེང་སང་དུས་སྙིགས་ཟེར་ནས་རང་དགར་མ་བསྐྱུར། །
ད་ལྟ་དགོས་མེད་གསུངས་ཏེ་གང་འདོད་མ་གནང་། །
ནམ་ཞིག་འཇིག་རྟེན་ཕལ་ཆེར་སྨྱོན་པ་ཆགས་དུས། །
རྒྱལ་བསྟན་རིན་ཆེན་སྨན་མཆོག་དགོས་དུས་ཚེས་འོངས། །

འཛམ་གླིང་ཤར་ནུབ་གཉིས་ཀའི་གསོ་རིག་དག་དང་། །
བསྡུར་ན་འགྲན་ཟླ་བྲལ་བའི་ཆོས་ཀྱི་སྨན་མཆོག །
མཉམ་མེད་ཤཀ་ཐུབ་མགོན་གྱི་བཀའ་ལུང་ཟབ་མོ། །
ད་ལྟ་ལག་ཏུ་ཡོད་དུས་ཕྱི་བཤོལ་མ་གནོངས། །

སྡོམ་དང་དམ་ཚིག་གཉིས་ཀ་སྲོག་ལས་གཅེས་ཤིང་། །
དབང་ལུང་མན་ངག་གསུམ་ག་སྙིང་ལྟར་སྲུང་པའི། །
མཁས་གྲུབ་གོང་མའི་རྣམ་ཐར་མཇལ་ཙམ་གྱིས་དང་། །
ད་གཟོད་དམ་པའི་ཆོས་ལ་ལ་རྒྱ་བརྟན་འོངས། །

མི་ཆོས་ལྷ་ཆོས་གཉིས་ཀ་རྩིས་མེད་གཏོང་བཞིན། །
རྒྱུས་མེད་མི་ཡུལ་འདི་ནས་རྒྱུས་སྟོན་ཅན་པོ། །
འདི་ཕྱིར་གཉིས་ཀ་ཕུང་པའི་མདོ་མེད་ཅིག་གིས། །
ཟོལ་མེད་བདེན་གཏམ་ཡིན་པའི་ཆོད་སེམས་ཡོད་ཀྱང། །

རིགས་དྲུག་མཐུན་སྣང་གྲུབ་པའི་ཆོས་ཤིག་མེད་ན། །
རྐང་གཉིས་འགྲོ་བའི་མོས་ངོར་འཐད་པ་ལྡན་ཞིང་། །
ཀུན་གྱི་ཡིད་ལ་མཛའ་བའི་གླེང་མོལ་དཀའ་བས། །
ཁྱེད་ཚོའི་ཞལ་གསུང་འགའ་ལ་དོན་ལྡན་ལོས་སེམས། །

འོན་ཏང་བསགས་པ་དཀར་བའི་ལས་ཅན་ཞིག་དང་། །
བསྟན་ལ་སྲི་ཞུར་དགའ་བའི་གང་ཟག་ཕལ་ལ། །
རྒྱལ་བསྟན་ཕུང་བར་དོགས་པའི་སེམས་ཚོར་ཟབ་པས། །
ཁྱེད་ཚོར་ལགས་སོ་ཕུལ་བའི་དཔྱོད་ལྡན་སྙུང་ངེས། །

དེ་ཕྱིར་དོན་གཉིས་སྒྲུབ་པའི་བྱིན་མཐུ་མེད་ཀྱང་། །
ཁྲེལ་མེད་ཐེར་འདོན་བྱ་བའི་ཡོ་ལང་འདི་ནས། །
ཕྱིས་འབྱུང་སྐལ་ལྡན་དག་ལ་དཔྱད་གཞི་ཞིག་དང་། །
ད་ཡོད་མཁས་པའི་ཚོགས་ལ་ར་མདར་སྦྲན་ཡོད། །

གསར་འགྱུར།

Post navigation

Previous Post: རྨི་ལམ་ནང་གི་དྲན་གདུང་།
Next Post: གཏིང་ནས་སྐྱོ།

Comments (141) on “བསྟན་པ་དག་ཐེར་ཡོང་བའི་རེ་བསྐུལ།”

  1. དབང་འདུས། says:
    2012-10-10 at 5:46 am

    ལེགས་ཉེས་བླང་དོར་འབྱེད་པའི་བློ་མིག་གསལ་ཞིང་།།
    དྲང་བདེན་ཁ་ཁོག་མཐུན་པའི་ལས་ལ་ཞུགས་དེས།།
    རྒྱབ་བསྟན་རིན་ཆེན་ཚོང་དང་སྲིད་ལ་བརྗེ་བའི།།
    ཡ་ངའི་གནས་ཚུལ་འདི་ལས་སྐྱོབས་ཐབས་གནང་རོགས།།

    ངེས་འབྱུང་ཐུགས་ལ་མེད་པའི་དགེ་སློང་མང་ཞིང་།།
    དམན་ལ་བྱམས་སྐྱོང་མེད་པའི་འདྲེན་པ་མང་བ།།
    རིམ་གཉིས་ལམ་གནད་བྲལ་བའི་སྔགས་གཟུགས་མང་འདིས།།
    རྒྱལ་བསྟན་གང་མྱུར་སྣུབ་པའི་བྱ་བ་སྒྲུབ་འདུག།

    སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་ལམ་མ་བརྙེད།།
    ད་དུང་སྐུ་འཕྲེང་དུ་མར་ཡིད་ཆེས་གནང་བཞིན།།
    དད་དམ་ཡིད་ཆེས་ཁོ་ནས་མི་ཚེ་རྫོགས་པའི།།
    རང་ཅག་བོད་མིའི་སྐལ་ངན་ནམ་ཞིག་ཆད་འགྲོ།།

    རང་ཉིད་ནམ་འཆི་ནམ་ནའི་ངེས་ཟིན་མེད་ཀྱང་།།
    གཞན་ལ་སྐྱེ་བ་སྔ་ཕྱི་ལུང་བསྟན་གནང་སྟེ།།
    སྤྲུལ་སྐུ་སྐུལ་སྐུ་ཞེས་པ་བརྫུན་བཟོའི་ཆོ་འཕྲུལ།།
    བོད་ཁམས་ཤེས་ཡོན་གཅོག་པའི་ཐོ་བ་རེད་འདུག།

    སྐྱེ་བ་སྔ་ཕྱི་རྟོགས་པའི་མངོན་ཤེས་མེད་པས།།
    བུ་ཆུང་མང་པོའི་མིང་ཐོ་བུམ་པར་བླུགས་ནས།།
    རྒྱན་ཐོ་དཀྲུགས་པའི་ཚུལ་གྱིས་སྐྱེ་སྤྲུལ་འཚོལ་བ།།
    ངོས་གནས་བཤད་ན་ཡིད་ཆེས་སྐྱེ་ཐབས་མི་འདུག།

  2. མེ་ཏོག་དཀར་པོ། says:
    2012-10-10 at 6:34 am

    ཤེས་བྱའི་ཁྱོན་ལ་ཤེས་རབ་ཡངས་པའི། །
    དྲུག་ཅུ་ལོན་པའི་རྒན་པོ་དེས་ཀྱང་། །
    སྐྱག་པ་གཏོང་སྟངས་མི་ཤེས་བྱིས་པར། །
    མགོ་འབུལ་བྱེད་པའི་སྲོལ་འདི་གཏོར་དགོས། །

    བསྟན་པ་དར་ཐེར་བྱེད་རང་དགོས་ན། །
    སྤྲུལ་གོག་མིང་འདི་དང་པོར་བློས་གཏོང་། །
    ལས་འབྲས་མེད་པའི་སྤྱོད་ངན་སྟོན་བཞིན། །
    སྔ་ནས་ཕྱི་མར་སྤྲུལ་རྒྱུ་ཅི་ཡོད། །

    གོང་མས་ལོ་དང་ལོ་རུ་སྦྱང་པའི། །
    ཡོན་ཏན་ཇི་ཡོད་གཏིང་ནས་བརྗེད་ཅིང་། །
    མི་དགོས་ཁ་ཕོར་ནག་གོག་དྲན་པའི། །
    སྤྲུལ་གོག་འཛམ་གླིང་འདི་ནས་བསྐྲད་འོས། །

    སྤྲུལ་གོག་རྐུན་མ་དོན་གཅིག་རེད་ལ། །
    སྤྲུལ་གོག་ཇག་པ་མངོན་སུམ་རེད་དོ། །
    སྤྲུལ་གོག་འདི་ཚོ་བསྟན་བཤིག་རེད་ལ། །
    སྤྲུལ་གོག་བསྟན་འཛིན་གཤེད་མ་རེད་དོ། །

    སྤྲུལ་གོག་མེ་རུ་སྲེག་པའི་རྗེས་ལ། །
    བསྟན་པ་དར་ཐེར་དམིགས་བསལ་མི་དགོས། །
    སྤྲུལ་སྐུས་བསྟན་པ་གཤིག་གཤིག །
    ལྷས་བྱིན་བྱེ་བས་དོ་ཡ་མིན་ནོ། །

  3. དྲང་གཏམ་གྱི་བུ། says:
    2012-10-10 at 6:47 am

    བསྟན་པ་དག་ཐེར་ཟེར་བ་སྔོན་བན་ལོག་ཨུ་རྒྱན་ཉི་མ་ཁྱེད་རང་གི་རྒྱུད་ལ་སྔར་སྡོམ་ཞུཔ་ས་ཚུལ་བར་དུ་ཐ་ཝེན་སོགས་སུ་མི་ཆོས་བླ་མའི་རྫུན་གྱི་འཁོར་ལོ་བསྐོར་ཏེ་དཔལ་འབྱོར་སོགས་རྒྱུ་དངོས་བསག་ཚུལ་མཐའ་མ་ཡུག་ས་མ་ཞིག་གི་སྟེང་དུ་མི་འཚངས་བ་སྤྱད་ཚུལ་ད་ལྟ་རི་ལུག་པ་ཐག་པས་མ་སྡུམ་པར་འདི་སྣང་གི་བྱ་བ་དུག་གསུམ་ཁོ་ནའི་གཞན་དབང་དུ་གྱུར་ཚུལ་སོགས་རང་གི་མ་རུང་བའི་བྱ་བ་གང་ཡིན་ལ་དག་ཐེར་ཞིག་བྱས་ཏེ་སྤྲུལ་སྐུ་བསྟན་དོན་དུ་བྱོན་ན་བསྟན་པའི་ལག་རྗེས་ཞིག་བསྟན་རྒྱུ་ཡོད་པ་ཞིག་དང་རང་གི་རྒྱུད་ལ་སླབ་གསུམ་གྱི་ཡོན་ཏན་ག་རེ་ཡོད་མེད་ཞིབ་རྟོག་ཞིག་བྱས་དེ་ནས་ཁ་ཕྱིར་བསྐོར་ཏེ་དག་ཐེར་ཞིག་བྱེད་ན་ད་གཟོད་དག་ཐེར་ངོ་མ་རེད་
    དེ་མིན་རང་གི་སྤྲུལ་སྐུའི་མིང་སྐམ་པོ་ཞིག་འཁྱེར་བྱ་བ་ཡོངས་རྫོགས་བསྟན་ཤིག་རྐྱང་རྐྱང་བྱས་ཏེ་གཞན་ལ་དག་ཐེར་ཟེར་བ་ངོ་ཚ་རྒྱུད་མེད་པ་ཧམ་པ་རི་ཙམ་བཤད་ན་བདེན་པ་གཡག་ཙམ་ཐོབ་ཟེར་བའི་བྱ་ངན་དེ་འདྲ་མ་བྱེད་ཅིག །

  4. མེ་ཏོག་དཀར་པོ། says:
    2012-10-10 at 7:43 am

    སྤྲུལ་སྐུས་བསྟན་པ་གཤིག་གཤིག ཅེས་པ། སྤྲུལ་སྐུས་བསྟན་པ་རྨང་ནས་གཤིག་གཤིག
    ཅེས་པར་བཅོས།

  5. བོད་ལ་ཞེན། says:
    2012-10-10 at 12:00 pm

    སྤྲུལ་སྐུ་རྫུན་མ་མང་བྱུང་།། སྡོམ་མེད་སྤྲུལ་སྐུ་མང་བྱུང་།།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-10-10 at 12:35 pm

    སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །

  7. བཀྲ་ཡེ་ཚང་། says:
    2012-10-10 at 12:55 pm

    ཧ་ཧ་ཧ་ཧ་ཧ། རང་རྣམ་ཡིན་ས་རེད། ཐེ་ཝན་ལ་ས་མ་ཟིན་ནས་དེ་རྗེས་ཨིན་ཇུ་ལ་ལག་ཁྱེར་རྫུན་མ་ཞིག་གི་ཐོག་ལ་འགྲོ་ཁུལ་བྱས། ད་ཡང་ཨིན་ཇུ་ལ་ས་མ་ཟིན་ཡིན་ས་རེད། མཐའ་མ་ཡུག་ས་མའི་རུམ་ནང་མ་གཏོགས་འགྲོ་ས་མེད། ཧ་ཧ་ཧ་ཧ་ཧ།

  8. བཙན་ནག་པ་ says:
    2012-10-10 at 1:29 pm

    སྤྱི་ཀྱི་བསྟན་པ་རང་ལ་མེད་རང་གི་བསྟན་པ་དགོན་ནུབ་ཏུ་མ་སོང་བ་ཞིག་བགྱིས། ཞེས་པ་འདི་བཀའ་དམ་བླ་མ་གོང་མ་རྣམས་ཀྱིས་གདམ་པ་ཟབ་མོ་ཞིག་ཡིན།

  9. མེ་ཏོག་ལྷ་མཛེས། says:
    2012-10-10 at 1:48 pm

    བསྟན་པ་དག་ཐེར་ཨེ། དང་པོ་རང་ལ་དག་ཐེར་ཐོངས། དེ་མིན་ན་ང་མཛེས་མ་མེ་ཏོག་ལྷ་མཛེས་ཀྱི་རྩར་ཤོག་དང་། ཁོ་མོས་ཁྱོད་ལ་དག་ཐེར་ཡག་པོ་ཞིག་བྱེད་ཆོག་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  10. amdo baglab says:
    2012-10-10 at 2:01 pm

    བསྟན་པ་དག་ཐེར་དགོས་ན།། ཁྱོད་རང་དག་ཐེར་གནང་རོག། དགེ་སློང་བསླབ་སྡོམ་ཤོར་ནས།། སྔགས་པ་ཡིན་པ་རློམ་པ།། བསྟན་པར་དག་ཐེར་འགྲོ་ན།། དག་ཐེར་དེ་ལས་སླ་ཞིག། དེ་འདྲའི་དག་ཐེར་ཞིག་ནི།། མེད་ན་དགའ་བ་ཡིན་པས།། ཁྱོད་རང་རང་ལ་དག་ཐེར།། ལན་ཅིག་གནང་བའི་རྗེས་ལ།། བསྟན་པ་དག་ཐེར་གནང་རོག །

  11. ཀརྡོ་གཉེར་ཕྱག་པ་ says:
    2012-10-10 at 2:07 pm

    བསྟན་པ་སྤྱི་ཚན་དང་སྒོས་ཚན་གྱི་ཐ་སྙད་ཅིག་ཡོད་པར་གསུངས་པ་དྲན་ཡུལ་དུ་འདུག

  12. ནུབ་ཕྱོགས་གངས་ཕྲུག་ says:
    2012-10-10 at 2:34 pm

    དང་པོ། མེ་ཏོག་ལྷ་མཛེས་ཁྱེད་རང་མཛེས་མ་ཡིན་མིན་དག་ཐེར་གཏོང་དགོས་འདུག
    དེའི་རྗེས་ཐེ་ཝེན་དུ་གྲྭ་བ་བླ་མ་དག་ཐེར་གཏོང་དགོས།
    གང་ལྟར་སྡོམ་པ་མེད་ན་ཆོས་འཆད་རྩོམ་ལ་མཁས་པ་དང་སློབ་མ་སྐྱོང་བར་མཁས་པ་དེ་ཚོར། ངའི་བསམ་ན་དམིགས་བསལ་བཏང་དགོས། བསྟན་པ་ལ་ཕན་ནམ་སྙམ།

  13. ཨུ༌རྒྱན༌རིག༌འཛིན། says:
    2012-10-10 at 5:17 pm

    བསྟན་པ་ལ་དག་ཐེར་བཏང་ཐུབ་མིན་གང་ཤེས་། ཡུག་ས་མིས་སྟུ་ལ་དག་ཐེར་མང་པོ་བཏང་ཡོད་ཀྱི་རེད་བ།
    ཧཧཧཧཧཧཧཧཧ ཨོ་རྒྱན་ལགས་ཡུག་ས་མའི་སྟུ་ལ་དག་ཐེར་བཏང་བའི་བསྐོར་གྱི་སྒྲུང་ཞིག་བཤད་ན་
    སྙན་པོ་ཡོད་ཀྱི་རེད། དེས་བསྐོར་ཅིག་ཤོད་དང།

  14. འཁྱམ་པོ says:
    2012-10-10 at 8:21 pm

    བསྟན་པ་དག་ཐེར་བཏང་དགོས་པ་དངོས་ཡོད་གནས་ཚུལ་རེད། འོང་ཀྱང་མཆན་དང་པོ་དབང་འདུས་བཤད་པ་དེ་བསྟན་པ་དག་འཐེར་མ་རེད་བསྟན་པ་བསྣུབས་པ་རེད། དེ་བཞིན་ཨོ་རྒྱན་རིགས་འཛིན་སོགས་མོ་མཚན་ཡང་ཡང་བརྗོད་ནས་སོ་སོ་སྐྱིད་པོ་ཡོད་སྲིད་རུང་། བོད་ལ་ཡོད་པའི་ངོ་ཚ་སྲུང་པའི་བཟང་སྤྱོད་དང་མི་མཐུན། མྱིང་སྲིང་མཉམ་དུ་ལྟ་ཐབས་བྲལ། ཕོ་མོ་ངོ་ཚ་ཏོག་ཙམ་ཡོད་མཁན་ཡིན་ནའམ་མཉམ་དུ་ལྟ་ཐབས་བྲལ། སྤྱི་བཏང་ཁ་བརྡ་ནང་དེ་འདྲ་མང་པོ་འདུག ཡ་རབ་སྤྱོད་བཟང་ཐོག་ནས་བཤད་ན་དེ་རིགས་ངོ་ཚ་དགོས་པ་མ་ཤེས་པ་ནི་ཡ་མཚན། ཡང་མིན་ན་གྲྭ་ལོག་འདོད་ཆགས་གིས་སྨྱོ་བ་ཡིན་རྒྱུ་རེད། ཡང་མིན་་ཕ་མ་མེད་པའི་དྭ་ཕྲུག་སྟེ།་འཇིག་བརྟན་བཟང་སྤྱོད་སློབ་མཁན་མེད་པ་མིན་ནམ། གང་ལྟར་ཡག་པོ་མི་འདུག

  15. འོད་གསལ says:
    2012-10-10 at 10:26 pm

    ཕྲན་གྱི་སྙམ་ཚོད་ལ། འདི་གར་ཕེབས་པའི་དབང་འདུས་དང་མེ་ཏོག་དཀར་པོ་ཞུ་བ་ཟུང་གིས་རྩོམ་ཧ་ཅང་ཡག་པོ་གནང་འདུག །ཁོང་གཉིས་ཀྱི་ཐུགས་བསམ་གཏོང་ཚུལ་ནི་རིགས་པ་རྣམ་དག་དང་མི་འགལ་ཞིང་། ད་ལྟའི་དངོས་ཡོད་སྤྱི་ཚོགས་ཀྱི་གནས་ཚུལ་ལ་དུས་བབ་དང་མཐུན་པའི་གཏམ་ཞིག་རེད། གྲོགས་པོ་རྣམ་པ་གཉིས་ལ། མུ་མཐུད་དུ་གསུང་རྩོམ་དེ་འདྲ་གནང་རོགས། ཐུགས་རྗེ་ཆེ།

  16. འོད་གསལ says:
    2012-10-10 at 10:33 pm

    ཁྱོད་རྣམ་པས་བགྲོ་གླེང་གནང་ཚེ། བརྗོད་བྱའི་ཐད་ལ་བསམ་འཆར་ལྷུག་འདོན་གནང་བར་དགའ་བསུ་ཞུ་འོས་ཀྱང་། མི་སྒེར་ལ་ཐད་ཀར་དུ་མཚང་མིང་འདོག་པ། དེའི་སྒེར་གྱི་ལོ་རྒྱུས་ཁྲོམ་འདོན་བྱེད་པ་དང་། སྟུ་དང་ཡུག་ས་མ་སོགས་ཀྱི་ཚིག་རྩུབ་མོ་སྙིང་རྗེའི་དྲི་ཙམ་མེད་པ་དག་བཀོལ་སྤྱོད་བྱེད་པ་སོགས་མི་གནང་རོགས།

  17. ཟུར་གནས། says:
    2012-10-10 at 10:48 pm

    བསྟན་པ་ལ་གཅེས་སྐྱོང་དགོས་ན།
    བསླབ་གསུམ་ལ་གཙོ་བོར་ལྟོས་དགོས།
    སྤུལ་སྐུ་དང་བླ་མ་བརྟག་དུས།
    བསླབ་གསུམ་གྱི་ཡོན་ཏན་འཚོལ་དགོས།

    ཚུལ་ཁྲིམས་བྲལ་བའི་བླ་མ།
    རྒྱལ་སྲས་ཡིན་ཡང་དོར་དགོས།
    བསམ་གཏན་མེད་པའི་བླ་མ།
    སྤུལ་སྐུ་ཡིན་ཡང་སྤོངས་དགོས།

    ཤེས་རབ་དབུལ་བའི་བླ་མ།
    མཁན་པོ་ཡིན་ཡང་མ་བསྟེན།
    རང་རྒྱུད་མ་ཐུལ་བླ་མ།
    སློབ་མ་བཅོམས་པའི་བཙན་པོ།

    བསླབ་གསུམ་དཀོན་པའི་བླ་མ།
    བསྟན་པའི་ཞབས་འདྲེན་ཁོ་ན།
    མིང་དང་རྒྱད་པ་རིང་རུང་།
    བསྟན་པར་ཕན་པར་དཀོན་ནོ།

    དག་ཐེར་དག་ཐེར་ཟེར་ནས།
    གཞན་ངོ་དཀྲུག་ན་མི་ཕན།
    གཙོ་བོ་རང་རྒྱུད་བཤེར་ནས།
    དགེ་སྒྲུབ་སྡིག་སྤོངས་བགྱིད་རོགས།

    ང་ལ་མཚོན་ན་འདོད་ཆགས།
    གཙོ་བོ་གཤེད་ཤུགས་ཆེ་བས།
    བུད་མེད་དངུལ་དང་རྒྱ་ནོར།
    རྟག་ཏུ་ཡིད་ལ་བསིམ་འདུག

    ཁོང་ཁྲོ་གཏི་མུག་ཡོད་ཀྱང་།
    སྐབས་འཕྲལ་སྐབས་འཕྲལ་ཙམ་ལས།
    གཙོ་བོ་འདོད་ཆགས་ཤུགས་ཆེ།
    ལྷག་དོན་སྟུ་ལ་ཆགས་སོ།

  18. ལེགས་བཤད། says:
    2012-10-10 at 11:59 pm

    སེམས་པ་བཟང་ན་འདོད་ཆགས་ཆེ་ཡང་སྐྱོན་མེད།
    སེམས་པ་བཟང་ན་ས་དང་ལམ་ཡང་བཟང་།།
    སེམས་པ་ངན་ན་བླ་སྤྲུལ་ཡིན་ཟེར་རུང་བདུད་ཀྱི་ལས་ཀ་ཡིན།
    སེམས་པ་ངན་ན་ས་དང་ལམ་ཡང་ངན།།
    ཆོས་དང་འཇིག་རྟེན་གྱི་ལུགས་གང་ཡིན་རུང་བསམ་པའི་འདུ་ཤེས་དེ་གལ་ཆེ་བས།
    ཐམས་ཅད་བསམ་པ་དག་ལ་རག་ལས་པས།།
    འབྱོར་བ་ཐོབ་ཚེ་གུས་ཞུམ་ཞུམ་གྱིས་བཏུད་ཀྱང་འབྱོར་བ་མེད་ཚེ་མཛུབ་གེར་གྱིས་འཕྱ་བས།
    བསམ་པ་བཟང་ངན་དག་ལ་བརྟག་དཔྱད་འཚལ།།

  19. མེ་ཏོག་དཀར་པོ། says:
    2012-10-11 at 12:09 am

    ལེགས་བཤད་ཀྱིས་ལེགས་པར་བཤད་དོ།།

  20. མེ་ཏོག་དཀར་པོ། says:
    2012-10-11 at 12:11 am

    འོད་གསལ་གྱིས་བསྔགས་པར་དགའ་ཞིང་། ཟུར་གནས་ཀྱི་གཤིས་ཀ་ཡང་ང་ཡི་གཤིས་ཀ་དང་ཨ་ན་མ་ན་རེད།

  21. བོད་ལ་ཞེན། says:
    2012-10-11 at 1:23 am

    Amdo baglab བདེན། དེ་སང་ཁ་ཅིག་གིས་སྡོམ་པ་ཤོར་ན་སྔགས་པར་འགྱུར་བ་བསམ་པ་ནི་སྡོམ་པ་གསུམ་གྱི་དོན་མ་ཤེས་པ་ལོས་ཡིན།།

  22. མེ་ཏོག་དཀར་པོ། says:
    2012-10-11 at 2:16 am

    དེ་བཞིན་དུ་དེང་སང་མང་ཆེ་བས་སྡོམ་པ་ཟེར་དུས་སོར་སྡོམ། དེའི་ནང་ནས་ཀྱང་རབ་བྱུང་གི་སྡོམ་པ་ཡིན་ཤག་བྱེད་གི་འདུག་པ་དེ་ནི་ཆེས་ནོར་བ་ཡིན་ཏེ། དེ་དག་གིས་ཀྱང་སྡོམ་གསུམ་མ་ཤེས་པ་ཐག་ཆོད་དོ།།

  23. ལེགས་བཤད། says:
    2012-10-11 at 3:03 am

    སྡོམ་པ་ལ་བྱང་སྔགས་སོར་གསུམ་གྱི་སྡོམ་པ་གསུམ་ཡོད། འདུལ་བ་ནི་ཉོན་མོངས་འདུལ་བ་དང་ལྟུང་བ་འདུལ་བ་གཉིས་བཤད་དེ། སྔ་མ་ནི། རྗེ་མི་ལས། འདུལ་བ་དང་འདུལ་བ་ངས་མི་ཤེས།།རང་རྒྱུད་གྱོང་པོ་འདུལ་ན་འདུལ་བ་ཡིན།།ཞེས་པ་ལྟར་སེམས་འདུལ་བའི་རིམ་པ་གཙོ་བོར་སྟོན་པ་དང་། ཕྱི་མ་ནི། སྟོན་པས་དགེ་ཚུལ་སློང་ལ་ལུས་ངག་གི་ཉེས་སྤྱོད་སྡོམ་པའི་ཕྱིར་འདུལ་བའི་བཅས་ཁྲིམས་མཛད་པའི་འདུལ་གཞུང་བྱེ་བྲག་པ་ཞིག་རེད། ལུས་ངག་འཆིང་བྱེད་ལྟ་བུར་གོ་མི་རུང་སྟེ་ཉེས་པ་སྡོམ་པའི་ཕྱིར་ཡིན། བསླབ་པ་གསུམ་བརྗོད་བྱར་གཙོ་བོར་སྟོན་པའི་སྡེ་སྣོད་གསུམ་ལས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་ཆ་ནས་འདུལ་བའི་སྡེ་སྣོད་དང་། ཡང་ཐེག་ཆེན་གྱི་སྡེ་སྣོད་གསུམ་དང་ཐེག་དམན་གྱི་སྡེ་སྣོད་གསུམ་དུའང་ཕྱེ་ཆོག །དེ་གཉིས་གའི་བརྗོད་བྱ་མ་ལུས་པར་བསྡུས་འདུས་པ་གཞུང་ཆེན་བཀའ་པོད་ལྔ་སྟེ་ཚད་མའི་གཞུང་རྣམས་དང་མངོན་པའི་གཞུང་། ཕར་ཕྱིན་དང་དབུ་མའི་གཞུང་། འདུལ་བའི་གཞུང་རྣམས་ཀྱི་ནང་ནས་ཚད་མའི་གཞུང་རྣམས་གཙོ་བོར་ཚད་མ་རྣམ་འགྲེལ་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད། མངོན་པ་ནི་མཛོད་དང་། ཕར་ཕྱིན་ནི་མངོན་རྟོགས་རྒྱན། དབུ་མ་ནི་དབུ་མ་འཇུག་པ། འདུལ་བ་ནི་འདུལ་བ་མདོ་རྩ་ལྟ་བུའི་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་གཞིར་བཟུང་ནས་འགྲེལ་བ་དང་མཐའ་གཅོད། མཆན་དང་དོགས་གཅོད། ཟུར་བཀོལ་ལྟ་བུའི་ཐོག་ནས་འཆད་ཉན་བྱེད་ཀྱི་ཡོད་པ་རེད།

  24. ཨོ་རྒྱན་ཉི་མ། says:
    2012-10-11 at 3:37 am

    ཧཧཧཧ་་་་་་ཕུང་གསུམ་པའི་ཕོ་ཉ་དེ་ཚོ་བསླེབས་འདུག་་་་་་

  25. མེ་ཏོག་དཀར་པོ། says:
    2012-10-11 at 4:15 am

    དངོས་ལན་མེད་པའི་རྫུན་ལྷང་ལ་ལྟོས་དང་། འདིས་བསྟན་པ་ལ་དག་ཐེར་ཡིན་ན་གཅིག་བྱེད་པ་འདུག་གམ།

  26. མེ་ཏོག་དཀར་པོ། says:
    2012-10-11 at 4:30 am

    ངེད་ཕུང་གསུམ་པའི་ཕོ་ཉ་ཡིན་མིན་གང་ཤེས་ཏེ། ཁྱོད་མ་ཊྲམ་རུ་ཊྲ་འམ་དགའ་རབས་དབང་ཕྱུག་མིའི་ཤ་ཚུགས་སུ་བྱོན་པ་ཅིས་མིན་ནམ་སྙམ་པ་འདུག་ལགས།

  27. བྱི་ལ says:
    2012-10-11 at 4:48 am

    སྤྲུལ་སྐུ་ཨོ་རྒྱན་ཉི་མའི་དགོངས་བཞེད་ལྟར། བསྟན་པ་དག་ཐེར་བྱེད་འདོད་ན། རང་རེའི་སྤྱི་ཚོགས་སུ་ཕ་སྤྲུལ་སྐུ་ཡིན་ཕྱིན་བུ་ཡང་སྤྲུལ་སྐུའི་ངེས་པ་ཅན་ལྟ་བུའི་བསྟན་བཤིག་ཡོང་ཁུངས་དང་གཅིག སོ་ཐར་གྱི་འདུལ་སྡོམ་སྲུང་མ་ཐུབ་པའི་གྲ་ལོག་རྣམས་གསང་སྔགས་པ་ཡིན་ཆོག་ཆོག་ལྟ་བུའི་བསྟན་བཤིག་ཀྱི་ཡོང་ཁུངས་གཉིས། ནང་སྐྱ་བོར་གྱུར་ནའང་ པྱི་གྲ་པའི་རྣམ་འགྱུར་ཅན་གྱི་བསྟན་བཤིག་ཡོང་ཁུངས་དང་གསུམ་ལ་ཐུག་འདུག་པས། འདི་དག་ཐེར་ཆོས་དོན་ལྷན་ཁང་གིས་བྱེད་དམ། ཆོས་རྒྱུད་སོ་སོའི་ཁོངས་གཏོགས་སོ་སོས་བྱེད། ཡང་ན་ཨོ་རྒྱན་ཉི་མ་ལྟ་བུས་བྱེད།

  28. མེ་ཏོག་དཀར་པོ། says:
    2012-10-11 at 5:22 am

    དེ་ཨོ་རྒྱན་ཉི་མས་འགོ་བཙུག བྱི་ལས་མཐའ་རྟེན་ཏེ་བྱོས་ཤིག

  29. བྱི་ལ says:
    2012-10-11 at 6:21 am

    གྲོགས་པོ་མེ་དཀར་ལགས། ཁྱེད་གོང་རིགས་གསུམ་པོ་གང་རུང་ཞིག་གི་ཁོངས་མིར་གྱུར་ཏེ་ཚབ་ཚུབ་བྱེད་ཀྱི་མེད་དམ། ཧཧ རྩེད་མོ་ཡིན་ལགས།

  30. བྱི་ལ says:
    2012-10-11 at 6:22 am

    རྒྱལ་བསྟན་དག་ཐེར་གྱི་ལས་ལ་ངལ་བ་བཟོད་པའི་སྤྲུལ་སྐུ་ཨོ་རྒྱན་ཉི་མ་མཆོག་ལ་ཞུ་སྙིང་། རང་རེའི་བསྟན་པ་འདིའི་རྨ་དང་དྲི་མ་སོགས་ལྡོག་ཕྱོགས་ཀྱི་སྐྱོན་ཡོང་ཁུངས་དང་། སྐྱོན་དང་དྲི་མ་མི་འབྱུང་བའི་ཐབས་ཤེས་སམ། ཁ་ཡོད་ལག་ཡོད་ཀྱི་སྤོང་ལེན་ཐུབ་པ་དང་དགོས་པ་གང་ཡོད།

  31. མེ་ཏོག་དཀར་པོ། says:
    2012-10-11 at 6:51 am

    བྱི་ལ་ནི་བྱི་ལ་རང་རེད། ཤེས་ཚད་ཀྱང་བྱི་ལ་ཙམ་ལས་མེད་ཚོད། ཁྱོད་ཀྱིས་གོང་རིགས་གསུམ་ཟེར་བ་དེ་ཕལ་ཆེར་ཨོ་ཉིས་བཤད་པའི་ཕུང་པོ་གསུམ་པར་ཟེར་རྒྱུར་འདུག་པས་དེ་ལྟར་ན་ཁྱོད་ཀྱིས་ཕུང་པོ་གསུམ་པའི་གོ་བ་ལེན་སྟངས་གཞིག་ནས་ངུ་བྲོ། ཡང་དགེ་ཆོས་པས་བྱིས་པ་ཞིག་གིས་ན་ཁྱོག་པོ་ཞིག་བྲིས་ནའང་ནང་གི་ཤེས་རབ་ཕྱིར་མངོན་པ་ཡིན་གསུངས་པ་ལྟར་ན་ཡི་རངས་ཀྱང་སྐྱེས། གང་ལྟར་ཨོ་ཉིས་བཤད་པའི་ཕུང་པོ་གསུམ་པ་ཟེར་བ་ནི། གང་ཟག་གང་ཞིག་རབ་བྱུང་ཡང་མིན་ལ་སྔགས་པ་ཡང་མིན་མོད། རབ་བྱུང་ཡིན་མདོག་དང་སྔགས་པ་ཡིན་མདོག་བྱེད་མཁན་ལ་ཟེར། དེ་ཡིན་དུས་ཕུང་གསུམ་མཁན་པོ་ཁོ་རང་ཕུང་གསུམ་པར་དོན་གྱིས་སོང་བ་མ་ཤེས། ད་དུང་དག་ཐེར་ཡིན་ན་ཞིག་བྱེད་གི་ཡིན་ནོ་ལོ། དེའི་རྗེས་འབྲང་བྱི་ལ་ཞིག་ཙིག་ཙིག ཙིག་ཙིག་ཟེར་བ་ལས་གཞན་མིན་འདུག ལར་ནས་ཨོ་ཉིས་བཤད་པ་དེ་མི་བདེན་ཞེས་ངས་མ་བཤད། བདེན་ཚད་ལེགས་པའི་ངེས་པ་གང་ཡང་མེད་དེ། ཡིད་མ་ཆེས་ན་དོལ་རྒྱལ་པ་ཊི་ཞིག་ལ་ཡ་དོལ་རྒྱལ་པ་ཊི་ལོབས་དང་དེ་མ་ཐག་དོན་རྟོགས་འོང་།
    དེས་ན་ཨོ་ཉི་ལ་ཤ་ཚ་བས་ངག་གི་འདི་གདམས་ཏེ། ཐབས་ལམ་གཞན་ཞིག་འཚོལ་རོགས། ཞེས་སོ།།

  32. ཨོ་རྒྱན་ཉི་མ། says:
    2012-10-11 at 8:14 am

    བྱི་ལས་མེ་ཏོག་ཟ་གྲབ་བྱེད་བཞིན་འདུག ཧཧཧཧཧཧཧཧཧཧཧཧ

  33. མེ་ཏོག་དཀར་པོ། says:
    2012-10-11 at 8:32 am

    མེ་ཏོག་ཟ་མཁན་གྱི་བྱི་ལ་ཨེ། མུ་གེ་ཤོར་ཡིན་བྲོ། ཧ་ཧཧ

  34. ཨུ༌རྒྱན༌རིག༌འཛིན། says:
    2012-10-11 at 11:01 am

    མིང་དོན་མཚུང་པའི་འཁྱམ་པོ་ལགས་ མཇེ་དང་སྟུ་ནི་སྐྱེ་འགྲོ་ཕལ་ཆེར་ལ་ལྷན་སྐྱེས་སུ་ཡོད།
    དེ་ལ་མི་དགའ་མཁན་དང་དེ་མི་འདོད་མཁན་ཕལ་ཆེར་མེད། ཚང་མས་དགའ་ཕྱོགས་དེ་གླེང་ན་
    ངོ་ཚ་དགོས་དོན་གང་ཡང་མེད། ངོ་ཚ་དགོས་ས་དེ་ཆོལ་ཁ་དང་ཆོས་རྒྱུད་བར་དཀྲུག་ཤིང་བྱེད་པ་
    དང། མི་རིགས་ཀྱི་ལ་རྒྱ་དོར་ནས་དགྲ་ཕྱོགས་སུ་འགྲོ་བ་དེ་རེད། ངས་བཤད་ཡ་ནོར་སོང་ན་དགོང་དག།

  35. བྱི་ལ says:
    2012-10-11 at 11:28 am

    རྩ་བའི་ཆ་ནས་མཁྱེན་དཔྱོད་ཀྱི་འཇུག་པ་རབ་ཏུ་ཡངས་པའི་མེ་ཏོག་དཀར་པོ་ཁྱེད་ཀྱི་བློ་གྲོས་དང་བསྡུར་ན། ཕྲན་ལ་བྱི་ལའི་མིང་དེ། ཤེས་ཚད་ཀྱི་མིང་དུ་སོང་འདུག་གསུངས་པ་དེ་ནི་ཤིན་མད་ཀྱང་། ངས་མཆནཨང་ཉེར་དགུ་པར་གོང་གི་རིགས་གསུམ་པོ་ཞེས་བྲིས་པའི་ རིགས་གསུམ་དེ ཨོ་ཉིས་བཤད་པའི་ཕུང་གསུམ་གྱི་དོན་མ་གོ་ནས། ཕུང་གསུམ་རིགས་གསུམ་ལ་འཁྲུལ་འདུག་ཅེས་པ་ནི། མཆན་ཉེར་བདུན་དུ་བསྟན་བཤིག་རིགས་གསུམ་བཀོད་པར། གྲོགས་པོ་མེ་དཀར་གྱིས་བསམ་གཞིག་མ་བྱས་པའི་རྫོབ་རྟགས་ཐུང་ཐུང་ཞིག་བསྟན་འདུག་པ་འདིས་ཕྲན་ཡང་ངུ་བྲོ་བ་ཞིག་བྱུང་ལགས།

  36. མེ་ཏོག་དཀར་པོ། says:
    2012-10-11 at 12:37 pm

    བྱི་ལ་ཁྱོད་ངུ་རུང་དགོད་རུང་རང་དབང་རེད། ངས་མཆན་བུ་དེ་བྲིས་ཟིན་མ་རག་དོན་དེ་རྟོགས་སོང་ཏེ་གནད་འགག་ཅང་མིན་འདུག་པས་རང་སོར་བཞག ནོར་བ་དེ་བྱི་ལ་ཁྱོད་དགྱེས་པའི་རྟེན་མཛོད་ཅིག་གུ

  37. རྒད་པོ། says:
    2012-10-11 at 1:05 pm

    སྔོན་མ་ལྷ་ལུང་རི་ཁྲོད་ལ་སྒོམ་ཆེན་པ་ཞིག་བཟོད་པར་ཉམས་ལེན་བྱེད་བཞིན་ཡོད་ཅེས་སྐད་གྲགས་ཀུན་ལ་ཁྱབ། ཉིན་ཞིག་མི་ཚོགས་མང་པོ་ཞིག་གི་ཁྲོམ་རྭར། ན་གཞོན་ལྡོམ་པོ་ཞིག་གིས། སྒོམ་ཆེན་པ་འདི་ལ། 
    “མི་ཚོས་ཤོད་རྒྱུར། ཁྱེད་བཟོད་པའི་རྣལ་འབྱོར་ཆེན་པོ་ཞིག་རེད་ཟེར། ངས་ཤེས་པར། མི་ཁྱོད་སེམས་གནག་ལ་གདུག་རྩུབ་ཤིན་དུ་ཆེ་བའི། མ་སྨད་གྲོང་གི་ཁྱམ་ཕྲུག་དེ་རེད་འདུག་”ཟེར།
    སྒོམ་ཆེན་དེས་གློག་བུར་དུ་ལྡོམ་པོ་དེའི་སྟེང་ལ་མཆོངས་ནས། ཁོ་ལ་འགྲམ་ལྕག་མེ་འབར་དགོས་པ་ཞིག་འབུད་རྗེས། 

    “ལྟས་ཕྲུག་ཁྱོད་ག་དུས་ཡིན་ནའང་། ངའི་ཆོས་ལ་བར་ཆད་གཏོང་བར་བྱེད། དི་རིང་ཡིན་ན། ཅི་ནས་མཐར་པར་གཏོང་གི་མིན།”ཟེར། ཉེ་འཁོར་ལ་ཡོད་པའི་མི་ཚོས་སྒོམ་ཆེན་ལ་ཞུ་བ་ཕུལ་རྗེས་ན་གཞོན་དེ་སྲོག་ལས་མཐར་ཙམ་བྱུང་།

  38. ཤར་ཕྱོགས་ཀྱི་ཉི་མ། says:
    2012-10-11 at 1:07 pm

    སྤྲུལ་ལོགས་ཨོ་རྒྱན་ཉི་མ་ལགས། སངས་རྒྱས་ཀྱི་བསྟན་པ་དེ་འདུལ་བའི་བསྟན་པ་ལ་ཐུགས་པ་ཧ་གོ་ན་ཁྱོད་རང་སྐྱེ་དམན་ཡུ་ས་མ་དེ་གི་སྟུ་ནང་ནང་ལ་སྡོམ་པ་ག་རེ་བྱེད་ནས་བཏོང་བ་ཡིན། ང་ལ་ལན་ཞིག་སྤྲོད་རོག

  39. མེ་ཏོག་དཀར་པོ། says:
    2012-10-11 at 1:13 pm

    ག་རེ། རྒད་པོའི་རང་རྣམ་མ་རེད་ནི།

  40. བྱི་ལ says:
    2012-10-11 at 1:34 pm

    གྲོགས་པོ་མེ་དཀར་ལགས། གནད་འགག་ཅང་མེད་ན་ ཐོག་མར་གླེང་བསླངས་བས་ཅི་བྱ། སླད་ཕྱིན་ཁ་མང་ལག་མང་གི་སྟོང་ངལ་མ་བྱེད། གྲོགས་པོའི་ཁ་ད་གོ་བར་གྱིས། མཁྱེན་སོང་ངམ།

  41. མེ་ཏོག་དཀར་པོ། says:
    2012-10-11 at 1:39 pm

    གནད་འགག་མེད་སོང་ན་ཁ་རྐུབ་གཙུན་ནས་སྡོད་དགོས་དོན་ཅི་ཡོད། གླེང་རྒྱུ་རང་ཡིན།

  42. མེ་ཏོག་དཀར་པོ། says:
    2012-10-11 at 1:41 pm

    གཙུན་་་་་བཙུམ་ལ་བཅོས།

  43. འོད་གསལ says:
    2012-10-11 at 3:17 pm

    གངས་ཅན་བོད་ཀྱི་གྲོགས་པོ་ཚོ། །
    རེ་ཞིག་བདག་ལ་ཚུར་གསོན་དང་། །
    ཕྱི་རབས་པ་ལ་ཕན་པ་ཡི། །
    གཟུ་བོའི་གཏམ་གྱི་མེ་ཏོག་སྤྲིང་། །

    མེས་དབོན་རྣམ་གསུམ་བཀའ་དྲིན་ལས། །
    མདོ་སྔགས་ཟུང་གི་བསྟན་པ་མཆོག །
    ཇི་ལྟར་མཁའ་ལ་ཉི་ཤར་བཞིན། །
    སཱ་ལའི་ལྗོངས་ཀྱི་གསོས་སུ་འཆར། །

    སྔོན་ཚེ་དཔལ་ལྡན་ཨ་ཏི་ཤས། །
    ལམ་གྱི་སྒྲོན་མེ་སོགས་མཛད་ནས། །
    དམ་ཆོས་འདུལ་བ་ཅ་འབྱིད་པའི། །
    ཐོ་ཅོའི་སྤྱོད་པ་བཀག་པར་གྲག །

    བོད་འདི་གཙང་སྦྲ་ཆུང་བ་དང་། །
    རྣམ་རྟོག་ཤིན་ཏུ་རྩུབ་པས་ན། །
    བྱ་སྤྱོད་བླ་མེད་རྒྱུད་ལས་ཀྱང་། །
    རྣལ་འབྱོར་རྒྱུད་ཀྱི་གདུལ་བྱར་གསུངས། །

    དེང་སང་ཆོས་མིན་སྤྱོད་པ་ཡིས། །
    ས་སྟེང་ཀུན་ཏུ་བཀང་བས་ན། །
    བསྟན་པ་དག་ཐེར་བྱེད་སྙམ་པ། །
    རི་བོང་གནམ་རྡིབ་སྡུག་བསྔལ་ལོ། །

    དེ་བས་བཏང་སྙོམས་ལ་བཞུགས་ནས། །
    སྤྱོད་འཇུག་སོགས་ལས་བསྟན་པ་བཞིན། །
    དྲན་ཤེས་བག་ཡོད་ལ་བརྟེན་ན། །
    ཁེ་ལས་ཉེན་ཁ་མེད་པར་སྙམ། །

    མཁས་པ་མེ་ཏོག་དཀར་པོ་དང་། །
    དབང་འདུས་ཞབས་ཀྱི་གསུང་རྩོམ་དག །
    བསམ་ན་ལེགས་བཤད་དུ་མཆིས་པས། །
    ཉམས་སུ་ལོངས་དང་བོད་ལ་སྨན། །

    ཨེ་མ་ཀུན་བཟང་ཐུགས་ཐིག་གི །
    བསྟན་པ་འབྱུང་བར་བཤད་པ་ལྟར། །
    ད་ནི་གཙོ་བོ་འདུལ་བ་ལས།
    ནང་གི་རྣལ་འབྱོར་གཙོ་བོར་འོས། །

    སོ་ཐར་ལུགས་ཀྱི་བཅའ་ཁྲིམས་ལས། །
    གཙོ་བོ་འགའ་ཞིག་མ་གཏོགས་པ། །
    ཕལ་ཆེར་རྒྱལ་བ་གཤེགས་པའི་རྗེས། །
    འོད་སྲུང་སོགས་ཀྱིས་བཟོས་པར་བཤད། །

    འདི་ལ་རྒྱུ་མཚན་ཆེར་འདུག་སྟེ། །
    སྡེ་བ་བཅོ་བརྒྱད་བྱུང་བ་དང་། །
    ཕལ་ཆེར་སྡེ་དང་ཡོད་སྨྲ་བའི། །
    ཆོ་ག་ཐུན་མིན་ཡོད་པས་ཤེས། །

    དེ་སྐད་མ་བཅོས་སྙིང་གི་གཏམ། །
    རབ་ཏུ་བྱུང་དང་སྔགས་པ་དང་། །
    ཕུང་གསུམ་པ་སོགས་མ་ཡིན་པའི། །
    སྐྱེ་བོ་ཞིག་གིས་ཐོལ་བྱུང་སྨྲས། །

  44. amdo baglab says:
    2012-10-11 at 3:23 pm

    ཡ་བསྟན་པ་ལ་དག་ཐེར་དགོས་དོན་གང་ཡང་མེད། བསྟན་འཛིན་གྱི་སྐྱེས་བུ་ཡིན་མིན་ལ་དག་ཐེར་ངེས་གནང་འོས། འོན་ཀྱང་ཨོ་རྒྱན་ཉི་མ་ལགས་ནས་བཤད་པ་ལྟར་ཡང་ཧ་ཅང་གི་མི་འོས། འོས་མཚམས་ཀྱི་ལས་གཞི་ཞིག་བཙུག་སྟེ་དག་ཐེར་གནང་ན་ཧ་ཅང་ལེགས། ཨོ་ཉི་ནས་མངོན་ལྐོག་མེད་པར་བྱས་ན་བསྟན་འཛིན་གྱི་སྐྱེས་བུ་ཡིན་པ་ཞིག་བཤད་འདུག་ཀྱང་། དེ་ནི་འོས་མཚམས་མིན། དཔེར་ན་ཨོ་ཉི་ནས་བླ་ཆེན་ཆེ་གེ་མོ་ཞིག་མཚན་སྨོས་ནས་ཆོས་ལུགས་བྱེ་བྲག་པ་ཞིག་གི་དབུ་འཛིན་འོས་ལུགས་བཤད་འདུག རྒྱུ་མཚན་ནི་སྡོམ་པ་ཡོད་མེད་ལ་མི་ལྟོས་པར་མངོན་གསལ་གྱིས་བུད་མེད་དང་ཆང་ས་རྒྱབ་པར་རྟེན་འོས་ལུགས་དང་། ད་དུང་ཨོ་ཉི་ནས་ཁྱེད་བླ་ཆེན་རྣམས་ནས་ཆོས་གོས་ཕུད་ན་དབུ་འཛིན་དུ་འོས་དང་འོས་ཞེས་བཤད་འདུག་པས་དེ་ནི་རྩ་བ་ནས་མི་འགྲིག་པ་ཞིག་རེད་འདུག་བསམ། རྒྱུ་མཚན་ནི་ཁྱེད་ཀྱིས་སྡོམ་པ་མེད་པ་གསལ་སྒྲགས་བྱས་ན་ཆོས་ལུགས་བྱེ་བྲག་པ་ཞིག་དབུ་འཛིན་དུ་འདེམ་གི་ཡིན་པ་བཤད་འདུག་པས་དེ་ནི་དངོས་གནས་མི་མཚམས་པ་ཞིག་ཡིན་པར་སེམས། ཨོ་ཉི་ཁོ་རང་ཡང་ཕུང་གསུམ་པ་བྱས་ནས་ལོ་ནས་ལོ་བསྟུད་དེ་འདུག་པར་བཤད་གི་འདུག་ཀྱང་དེ་ད་དུང་དངོས་གནས་ཡིན་མིན་དོག་གཞི་རུ་སོང་།

  45. སྤྲུལ་སྐུ་དབང་ཆེན says:
    2012-10-11 at 8:47 pm

    གཡག་སྡོམ་ཙམ་ཞིག་ཡོད་མེད་ཀྱིས་ཁྱད་པར་མ་རེད། མངོན་ལྐོག་མེད་པས་ཆོས་པ་རྣམ་དག་ཅིག་ཡིན་མིན་ལ་ཐུག་ཡོད།

  46. འབའ་བློ། says:
    2012-10-11 at 8:48 pm

    ཁྱོད་མི་ཡག་པོ་ཞིག་རེད་བསམ་ཡེད། ཡིན་ཡང་དེ་རིང་ཁྱོད་ངོ་དེབ་མཐོང་སོང་། ཧ་ཧ་ཧ་ད་ཡིན་ན་ལྟ་མོ་འདུག

  47. བསྟན་འཛིན་ says:
    2012-10-11 at 9:53 pm

    བསྟན་པ་སྤྱིར་ན་དག་མ་ཡིན་རེད། དེ་ལ་དག་ཐེར་གསར་བ་ཞིག་བྱེད་དགོས་མ་རེད་ད། ཧ་ཧ

  48. མེ་ཏོག་དཀར་པོ། says:
    2012-10-12 at 12:20 am

    རབ་བྱུང་མིན་ཀྱང་རབ་བྱུང་ཡིན་མདོག -ཨོ་ཉིས་བཤད་པའི་ག་གེ་མོ་དེ་ཡིན་དུ་ཆུག
    སྔགས་པ་མིན་ཀྱང་སྔགས་པ་ཡིན་མདོག ཨོ་ཉི་ཁྱོད་རང་མིན་ནམ།
    རང་ཉིད་ཕུང་གསུམ་པར་སོང་བ་མ་ཚོར་བ་འདི་ཨ་ཙ་མ།

  49. ཀརྡོ་གཉེར་ཕྱག་པ་ says:
    2012-10-12 at 12:35 am

    དག་ཐེར་མཛོད།
    འདུལ་བ་འཛིན་པས་འདུལ་བསྟན་དག་ཐེར་མཛོད། །
    བྱང་ཆུབ་ལྡན་པས་ཐེག་ཆེན་དག་ཐེར་མཛོད། །
    སྔགས་འཆང་བླ་མས་གསང་སྔགས་དག་ཐེར་མཛོད། །
    འདུལ་བ་བྱང་སེམས་སྔགས་གསུམ་དག་ཐེར་མཛོད། །

  50. ལེགས་བཤད། says:
    2012-10-12 at 1:13 am

    ལོ་པཎ་རྒྱལ་གསུམ་ཆོས་རིག་སྲོལ་གཏོད་མཁན།།
    གྲྭ་བཙུན་སྔགས་གསུམ་ཆོས་རིག་སྲོལ་འཛིན་མཁན།།
    དགོན་གྲོང་རི་ཁྲོད་ཆོས་རིག་གསོ་སྐྱོང་མཁན།།
    བསྟན་པ་དག་ཐེར་ཡོང་ན་དེ་ལ་མཛོད།།

    དེ་ཡང་རང་རང་ལུགས་ཀྱི་ཆོས་རྒྱུད་དང་།།
    རང་རང་ལུགས་ཀྱི་ཆོས་རྒྱུད་མཁན་པོ་རེ།།
    རང་རང་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ།།
    བསྟན་པ་དག་ཐེར་ཡོང་ན་དེ་ལ་མཛོད།།

  51. ཨོ་རྒྱན་ཉི་མ། says:
    2012-10-12 at 3:15 am

    མེ་ཏོག་དཀར་པོ་ཟེར་བ་དེ་ངོ་མ་ཕུང་གསུམ་པ་ཞིག་ཡིན་ས་རེད། ཧཧཧ་

  52. མེ་ཏོག་དཀར་པོ། says:
    2012-10-12 at 3:27 am

    དག་ཐེར་མཛོད།
    འདུལ་བ་འཛིན་པས་འདུལ་བསྟན་དག་ཐེར་མཛོད། །
    བྱང་ཆུབ་ལྡན་པས་ཐེག་ཆེན་དག་ཐེར་མཛོད། །
    སྔགས་འཆང་བླ་མས་གསང་སྔགས་དག་ཐེར་མཛོད། །འདི་ཁྱོད་ལ་གདམས་ངག་རེད་འདུག

    མེ་དཀར་བོན་ཅན། དངོས་གནས་ཕུང་གསུམ་པ་ཡིན་ཏེ། ཨོ་ཉིའི་མཛུབ་མོ་གར་བསྟན་ཤར་དུ་ཁས་མ་བླངས་པ་གང་ཞིག
    དགག་པ་རྒྱབ་པའི་ཕྱིར།

  53. མེ་ཏོག་དཀར་པོ། says:
    2012-10-12 at 3:29 am

    ཨོ་ཉི་ལགས་ཆོས་ཅན། ཕུང་གསུམ་པ་མིན་ཏེ། རྟགས་འགོད་ཅིག

  54. amdo baglab says:
    2012-10-12 at 5:37 am

    ཨོ་ཉི་ཆོས་ཅན་་་་་་་་་་་ཕུང་གསུམ་པ་མིན་ཏེ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་སངས་རྒྱས་བསྟན་པའི་རྩ་བ་དམ་ཆོས་རིན་པོ་ཆེས་དགག་སྒྲུབ་ཀྱི་བསླབ་བྱ་ལ་ཇི་མི་སྙམ་པའི་བློས་འདུལ་བ་ལ་མ་གུས་ནས་དགེ་སློང་གི་སྡོམ་པ་རྩྭ་བཞིན་དོར་བའི་ཕྱིར།་་་་་་་་་་་་་་་་་་་་་་་་་་་མེ་དཀར་ལགས་་་་་་་་་་་་་་་་་་རྟགས་གྲུབ་འདུག་གམ།

  55. བྱི་ལ says:
    2012-10-12 at 6:14 am

    ཨོ་ཉི་ཆོས་ཅན། ཕུང་གསུམ་མིན་ཏེ། ཕྱི་གསལ་ནང་གསལ་ཡིན་པའི་པྱིར།

  56. ཨ་རོགས་ཁམས་ཕྲུག says:
    2012-10-12 at 7:13 am

    ཨོ་ཉི་ལགས་བསྟན་པ་དག་ཐེར་ཞེས་པའི་བསྟན་པ་དེ་སངས་རྒྱས་ཀྱི་བསྟན་ལ་ཟེར་ན་་་་སྐྱོན་གང་ཡོད་དམ་་་་དག་ཐེར་ཇི་ལྟར་ཧ་ཧ་ཧཧཧཧཧཧཧདེ་བས་རང་ཉིད་སངས་རྒྱས་ཀྱི་བསྟན་པས་དག་ཐེར་ཡོང་བ་གནང་དང་་་་་རང་ཉིད་མི་བུའི་གྲལ་དུ་ཚུད་པར་འགྱུར་རོ།་་་ཕ་བཟང་བུ་ཡིན་ན་་་་་དེ་མིན་བླ་རྫུན་གྲྭ་རྫུན་ཚོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནག་འབྱམས་སུ་བཏང་བ་ནི་སུས་འགོག་ཐུབ་བམ་་་་་རང་ངོ་རང་གིས་ཤེས་ན་་་ཕོ་ཡི་རབ་

  57. ཨ་རོགས་ཁམས་ཕྲུག says:
    2012-10-12 at 7:37 am

    ཨོ་ཉི་ལགས་བསྟན་པ་དག་ཐེར་ཞེས་པའི་བསྟན་པ་དེ་སངས་རྒྱས་ཀྱི་བསྟན་ལ་ཟེར་ན་་་་སྐྱོན་གང་ཡོད་དམ་་་་དག་ཐེར་ཇི་ལྟར་ཧ་ཧ་ཧཧཧཧཧཧཧདེ་བས་རང་ཉིད་སངས་རྒྱས་ཀྱི་བསྟན་པས་དག་ཐེར་ཡོང་བ་གནང་དང་་་་་རང་ཉིད་མི་བུའི་གྲལ་དུ་ཚུད་པར་འགྱུར་རོ།་་་ཕ་བཟང་བུ་ཡིན་ན་་་་་དེ་མིན་བླ་རྫུན་གྲྭ་རྫུན་ཚོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནག་འབྱམས་སུ་བཏང་བ་ནི་སུས་འགོག་ཐུབ་བམ་་་་་རང་ངོ་རང་གིས་ཤེས་ན་་་ཕོ་ཡི་རབ་བསྟན་བཤིགས་ཀྱི་གཙོ་བོ་གང་ཞིག་བསྔོ་རྟེན་ལ་དགའ་བའི་རིགས་སུ་གནས་པ་དེ་གང་གི་མཚན་ཉིད་ཡིན་ནམ་་་་་་་་་བསྟན་བཤིགས་ཀྱི་མཐུན་གྲོགས་གང་ཞིག་མོ་དད་ཆེ་བའི་མགོ་རིལ་གྱི་རིགས་སུ་གནས་པ་དེ་གང་གི་མཚན་ཉིད་ཡིན་ནམ་་་་ཨོ་ཉི་གསུང་དང་་་་་་དེ་ནས་དག་ཐེར་གང་ལ་དགོས་འདུག་གསལ་ཡོང་་་་་བསྟན་པས་ཚུར་ཁྱེད་ལྟ་བུ་ལ་དག་ཐེར་ལས་་་་་་བསྟན་པ་ལ་དག་ཐེར་་་་ཧ་ཧ་་་་་་་་དེ་འདྲ་བསམ་ཕོད་པ་ལ་་་་་ནང་པ་ཞིག་ཡིན་ན་་་་ཨོ་ཨོ་་ཨོ་ཉི་ལགས་་་་

  58. མེ་ཏོག་དཀར་པོ། says:
    2012-10-12 at 7:50 am

    འོ་ན། བྱི་ལའི་མ་རྒན་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། ལན་མེད་དོ།།

  59. བྱི་ལ says:
    2012-10-12 at 10:16 am

    འོ་ན་མེ་དཀར་གྱི་སྐྱེ་དམན་ཆོས་ཅན། སྐབས་འདིའི་ཕུང་གསུམ་ཡིན་མིན་གཉིས་པོ་གང་རུང་དུ་ཁས་ལེན་མི་རིག་པར་ཐལ། ཡིན་པར་ཁས་ལེན་མི་རིག་པ་གང་ཞིག མ་ཡིན་པར་ཡང་ཁས་ལེན་མི་རིག་པའི་ཕྱིར།

  60. བྱི་ལ says:
    2012-10-12 at 10:49 am

    བྱ་བ་འདིར་མཁྱེན་དཔྱོད་དངཐུགས་སྟོབས་མི་དམན་པའི་ཨོ་ཉི་ལགས། མེ་དཀར་འདིས་ཕུང་གསུམ་པ་འགེབས་སྲུང་བྱེད་རྐྱངའདིའི་རྒྱུ་མཚན་གཟིགས་སམ།

  61. ཀརྡོ་གཉེར་ཕྱག་པ་ says:
    2012-10-12 at 11:43 am

    དག་ཐེར་མཛོད།
    འདུལ་བ་འཛིན་པས་འདུལ་བསྟན་དག་ཐེར་མཛོད། །
    བྱང་༼ཆུབ་༽སྡོམ་ལྡན་པས་ཐེག་ཆེན་དག་ཐེར་མཛོད། །
    སྔགས་འཆང་བླ་མས་གསང་སྔགས་དག་ཐེར་མཛོད། །
    འདུལ་བ་བྱང་སེམས་སྔགས་གསུམ་དག་ཐེར་མཛོད། །

  62. ཨོ་རྒྱན་ཉི་མ། says:
    2012-10-12 at 12:52 pm

    བོད་མི་རིགས་ཡུན་དུ་གནས་འདོད་ན། ཕུང་གསུམ་པའི་རྗེས་སུ་ཕྱོགས་པ་མེ་དཀར་སོགས་ཀྱི་བསམ་བློ་དང་། འདུ་བྱེད་ཡོད་ཚད་ལ་སྐྱོན་དུ་ལྟ་དགོས། ཧཧཧཧཧཧཧ

  63. ཀརྡོ་གཉེར་ཕྱག་པ་ says:
    2012-10-12 at 1:27 pm

    ང་ཚོས་བསྟན་པ་ལ་ཕན་པའམ། ཕར་དག་ཐེར་བྱེད་རྒྱུའི་ཚབ་ལ། བསྟན་པས་ང་ཚོར་འདུལ་བའི་སྒོ་ནས། ཚུར་དག་ཐེར་བྱེད་དུ་བཅུགས་ན། དགོས་དོན་དེ་བསྒྲུབས་པ་མ་ཡིན་ནམ། ལགས།(? ) དྲྭ་གྲོགས་ཚོ།

  64. མེ་ཏོག་དཀར་པོ། says:
    2012-10-12 at 1:53 pm

    སྤྲུལ་གོག་གི་མིང་དེ་ས་བསྒྲགས་གནམ་བསྒྲགས་བྱེད་དེ་གཡུག་དང་། དེ་རྗེས་དར་ཐེར་ཡིན་ན་དེ་ལ་རྒྱབ་སྐྱོར་དགོས་མི་དགོས་ལྟ་གི་ཡིན།
    ཁྱོད་རང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་རུ་གཏོགས་པར་ཁས་ལེན་ནམ།
    ལར་ནས་མང་དུ་བཤད་ཟིན་པ་སྟེ་ཨོ་ཉིས་བཤད་པའི་ཕུང་གསུམ་པ་ཞེས་པ་དེ་འདྲ་ཡོད་ན་དགའ་འོས་པ་ཕར་ཞོག ཐ་ཆད་ཅིག་ཏུ་ངོས་འཛིན་རྒྱུ་ལོས་ཡིན། ཡིན་ནའང་བདེན་པ་ཡིན་ཟེར་ཏེ་ཁ་ཤོ་ཞིག་གིས་གཞན་ཞིག་ལ་མཛུབ་མོ་བཙུག་སྟེ་ཁོའི་ཁ་ཤོ་འདུག་ཟེར་ན་རྐུབ་ནས་གད་མོ་ཤོར་དགོས་པ་མིན་ནམ།

  65. ཨོ་རྒྱན་ཉི་མ། says:
    2012-10-12 at 2:09 pm

    ང་ཁ་ཤོ་ཞིག་ཡིན་པའི་དབང་དུ་བཏང་ཡང་། ཕུང་གསུམ་པའི་ཁ་ལས་ཅུང་ཟད་ཆུང་བར་སེམས།

  66. ཨོ་རྒྱན་ཉི་མ། says:
    2012-10-12 at 2:11 pm

    ང་ཁ་ཤོ་ཞིག་ཡིན་པའི་དབང་དུ་བཏང་ཡང་། ཕུང་གསུམ་པའི་ཁ་ལས་ཆུང་བར་སེམས།

  67. ཨོ་རྒྱན་ཉི་མ། says:
    2012-10-12 at 2:14 pm

    ཧཧཧཧཧཧཧཧ

  68. ལེགས་བཤད། says:
    2012-10-12 at 3:27 pm

    གཤམ་གསལ་དབྱིན་ཚིག་འདི་ལ་བོད་འགྲེལ་གནང་ཐུབ་མཁན་སུ་ཡོད་དམ།
    Einstein stated: “The reactionary politicians have managed to instill suspicion of all intellectual efforts into the public by dangling before their eyes a danger from without. Having succeeded so far they are now proceeding to suppress the freedom of teaching and to deprive of their positions all those who do not prove submissive, i.e. to starve them.” His advice: “Every intellectual who is called before one of the committees ought to refuse to testify, i.e. he must be prepared for jail and economic ruin, in short, for the sacrifice of his personal welfare in the interest of the cultural welfare of his country.” Concluding, Einstein said, “If enough people are ready to take this grave step they will be successful. If not, then the intellectuals of this country deserve nothing better than the slavery which is intended for them.”

  69. འབའ་བློ། says:
    2012-10-12 at 8:55 pm

    ད་ཁ་དེ་བཙུམ་ན་ཡག་གི་རེད། ངོ་ཚ་མེད་མཁན་འདི། ཁོས་ཆང་ས་རྒྱག་སྐབས་གཡོག་པོ་ཚང་མ་གྲྭ་བ་རེད་འདུག ངོ་དེབ་ནས་པར་ཚང་མ་རིག་སོང་།

  70. རང་དབང་། says:
    2012-10-12 at 9:25 pm

    བསྟན་པ་ལ་དག་ཐེར་དགོས་ན་འདུལ་བ་གསར་པ་ཞིག་རྩོམས། ཡང་ན་བསྐྱར་བཅོས་གྱིས། ཆོས་རྒྱུས་ཁག་གི་འཐུས་མི་སུམ་ཆ་གཉིས་ཀྱི་འོས་འཕངས་ནས་བསྒྱུར་བཅོས་གཏོང་རྐྱང་གྱིིས། དེ་མིན་དག་ཐེར་ག་རེ་བྱེད་དགོས་རེད། མ་དག་པ་ཞིག་ལ་དག་ཐེར་བྱེད་རྒྱུ་དང་། ཤི་ཟིན་པ་ཞིག་ཚེ་རིང་དུ་གཏོང་ཐབས་ཡོད་དམ།

  71. མེ་ཏོག་དཀར་པོ། says:
    2012-10-12 at 10:10 pm

    བོད་མི་རིགས་ཡུན་དུ་གནས་འདོད་ན། ཕུང་གསུམ་པའི་རྗེས་སུ་ཕྱོགས་པ་མེ་དཀར་སོགས་ཀྱི་བསམ་བློ་དང་། འདུ་བྱེད་ཡོད་ཚད་ལ་སྐྱོན་དུ་ལྟ་དགོས་ཟེར།
    ཕལ་ཆེར་ངས་གོང་དུ།
    ཤེས་བྱའི་ཁྱོན་ལ་ཤེས་རབ་ཡངས་པའི། །
    དྲུག་ཅུ་ལོན་པའི་རྒན་པོ་དེས་ཀྱང་། །
    སྐྱག་པ་གཏོང་སྟངས་མི་ཤེས་བྱིས་པར། །
    མགོ་འབུལ་བྱེད་པའི་སྲོལ་འདི་གཏོར་དགོས། །

    བསྟན་པ་དར་ཐེར་བྱེད་རང་དགོས་ན། །
    སྤྲུལ་གོག་མིང་འདི་དང་པོར་བློས་གཏོང་། །
    ལས་འབྲས་མེད་པའི་སྤྱོད་ངན་སྟོན་བཞིན། །
    སྔ་ནས་ཕྱི་མར་སྤྲུལ་རྒྱུ་ཅི་ཡོད། །

    གོང་མས་ལོ་དང་ལོ་རུ་སྦྱང་པའི། །
    ཡོན་ཏན་ཇི་ཡོད་གཏིང་ནས་བརྗེད་ཅིང་། །
    མི་དགོས་ཁ་ཕོར་ནག་གོག་དྲན་པའི། །
    སྤྲུལ་གོག་འཛམ་གླིང་འདི་ནས་བསྐྲད་འོས། །

    སྤྲུལ་གོག་རྐུན་མ་དོན་གཅིག་རེད་ལ། །
    སྤྲུལ་གོག་ཇག་པ་མངོན་སུམ་རེད་དོ། །
    སྤྲུལ་གོག་འདི་ཚོ་བསྟན་བཤིག་རེད་ལ། །
    སྤྲུལ་གོག་བསྟན་འཛིན་གཤེད་མ་རེད་དོ། །

    སྤྲུལ་གོག་མེ་རུ་སྲེག་པའི་རྗེས་ལ། །
    བསྟན་པ་དར་ཐེར་དམིགས་བསལ་མི་དགོས། །
    སྤྲུལ་གོག་འདི་ཚོས་བསྟན་པ་གཤིག་གཤིག །
    ལྷས་བྱིན་བྱེ་བས་དོ་ཡ་མིན་ནོ། །ཞེས་བཤད་པ་ལ་ཟེར་བ་འདྲ།

  72. མེ་ཏོག་དཀར་པོ། says:
    2012-10-13 at 12:34 am

    ད་ཆེ་ཆུང་མ་གཏོགས་གཅིག་པ་ཡིན་ཚོད་འདུག་པས་ཁ་རོག་སྡོད་ཅིག

  73. མེ་ཏོག་དཀར་པོ། says:
    2012-10-13 at 2:08 am

    འོ་ཛི། ༥༩ བྱི་ལས་་ཐལ་བ་ཞིག་འཕང་འདུག་པར་ཐལ་བ་དེ་ལ་ཤིན་ཏུ་འདོད་དོ་ཞེས་ལན་འདེབས་སོ།།

  74. བྱི་ལ says:
    2012-10-13 at 3:17 am

    ཨོ་རྒྱན་པད་མའི་ཕྲིན་ལས་ལྷ་ལམ་ནས།།
    ཨོ་རྒྱན་ཉི་མ་ཤར་བའི་མཁྱེན་དཔྱོད་ཟེར།།
    མཐོང་བ་ཙམ་གྱིས་མེ་དཀར་འབྱུང་པོའི་བྱ།།
    མུན་ནག་གླིང་དགུར་འཕྱན་འདི་སྙིངརྗེའི་གནས།།

  75. བྱི་ལ says:
    2012-10-13 at 3:50 am

    མཆན་ང་དགུའི་ཐལ་བར་ དོན་གསུམ་ཐོག་གཞི་ནས་འདོད་ལན་འདེབས་ཀྱི་ཡོད་དམ། ཧཧཧཧ ཡ་འོ་ན་ མེ་གྱི་སྐུ་ཟླ་ཆོས་ཅན་ ཕུང་གསུམ་ཡིན་པར་ཐལ་ མ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར། ཨོ་རྒྱན་པད་མའི་ཕྲིན་ལས་ལྷ་ལམ་ནས།། ཨོ་རྒྱན་ཉི་མ་ཤར་བའི་མཁྱེན་དཔྱོད་ཟེར།།
    མཐོང་བ་ཙམ་གྱིས་མེ་དཀར་འབྱུང་པོའི་བྱ།།
    མུན་ནག་གླིང་དགུར་འཕྱན་འདི་སྙིངརྗེའི་གནས།།

  76. བྱི་ལ says:
    2012-10-13 at 3:53 am

    མེ་གྱི་ལ་ མེ་དཀར་གྱི་བཅོས་དགོས།

  77. གངས་སྤྲེལ་ཚ། says:
    2012-10-13 at 6:59 am

    ཨོ་ཉིའིསྡིག་པ་ལྕི་ཡང་ཡངས།
    མཁས་པསསྡིག་པའི་འདོར་ཐབས་ཤེས།།

  78. ཨོ་རྒྱན་ཉི་མ། says:
    2012-10-13 at 7:04 am

    མེ་དཀར་ཟེར་བ་འདི་སྤྲུལ་སྐུ་ལ་སྡང་ལུགས་ལ་བལྟས་ན། ཕུང་གསུམ་པ་བར་མིའི་ཁོང་གཏོགས་མཁན་པོ་ཕུང་གསུམ་པ་ཞིག་ཡིན་ཚོད་རེ།ད ཧཧཧཧཧཧཧཧཧཧ

  79. མེ་ཏོག་དཀར་པོ། says:
    2012-10-13 at 9:32 am

    ཨོ་རྒྱན་ཉི་མ་འདི་བླ་མ་གོང་མ་རྣམས་ལ་སྡང་ལུགས་འདི་ལ་དཔག་ན་ཚོན་སེར་པོ་ཅན་གྱི་ཤིང་གོག་ཅིག་ལ་སྡོད་མ་བཅུག་པའམ་གོ་གནས་གང་རུང་ཞིག་ཐོབ་མ་བཅུག་པ་ཡིན་ངེས་རེད། ཧཧི་ཧི་ཧི་ཧི་ཧི།

  80. མེ་ཏོག་དཀར་པོ། says:
    2012-10-13 at 9:39 am

    བྱི་ལ་ན་རེ། ཨོ་རྒྱན་པད་མའི་ཕྲིན་ལས་ལྷ་ལམ་ནས། །ཟེར་རོ། །
    བླ་མ་ཨོ་རྒྱན་པདྨའི་ཕྲིན་ལས་འདི་ཡིན་ན་་་་་་་་་་ཧ་ཧ་ཧ་ཧ་ཧ གད་མོ་ཤོར་ནས་བྲོད་ཁོག་ཟུག་རྒྱབ་སོང་།
    པདྨའི་ཕྲིན་ལས་པ་ཨོ་རྒྱན་ཉི་མ། ཨོ་རྒྱན་ཉི་མའི་ཕྲིན་ལས་པ་བྱི་ལ། ཧ་ཧ་ཧ་ཧ་ཧཧ་ཧ་ཧ་ཧ་བ

  81. མེ་ཏོག་དཀར་པོ། says:
    2012-10-13 at 9:43 am

    ཡང་ཕུང་གསུམ་བར་མ་ཡིན་ན་ཅིག
    ཨ་ཙི། ལས་ངན་པོ། དམྱལ་བའི་རྒྱུ་སྒྲུབ་བོ། ཐར་པའི་སྒོ་འགེགས་པོ། ཧ་བོ་ན་ཧ་བོ། སྤྲུལ་སྐུ། སུའི་སྤྲུལ་སྐུ། བདུད་ཀྱི་་་་་

  82. མེ་ཏོག་དཀར་པོ། says:
    2012-10-13 at 10:56 am

    ཆོས་དང་འཇིག་རྟེན་ལམ་ལས་རིང་འདས་པའི། །
    ཨོ་རྒྱན་ཉི་མ་པདྨའི་ཕྲིན་ལས་པར། །
    སྒྲོག་པའི་བྱི་ལའི་མིང་ཅན་བྱི་ལ་འདི། །
    དྲན་པའི་མོད་ལ་སྙིང་རྗེའི་མཆི་མ་འཁྲུག །

  83. སྨུ་ཐག་གི་བུ་རྒྱུད། says:
    2012-10-13 at 11:40 am

    མྱི་ཟོག་པོའི་ཁ་ཡི་སྐད་ཆ་འདི།།
    བུ་བླུན་པོའི་སེམས་ལ་འགྲོ་འགྲོ་འདྲ།།
    ཁྱི་གདའ་ལི་ཞིག་གི་ཁ་ནང་ནས།།
    དུང་དཀར་པོའི་སོ་ཞིག་སྐྱེས་རབས་མེད།།

    ཁྱོད་གོས་དམར་ཅན་ལ་སྡང་ལུགས་དེ།།
    ཁྱོའི་སྤྲུལ་གོས་སེར་པོ་འཕྲོག་པ་འདྲ།།
    ད་དགྲ་ཤ་ལེན་པའི་ཐབས་ལམ་ལ།།
    བསྟན་དག་ཐེར་ཁ་རུ་འཁྱེར་ལུགས་མཚར།།

    ཁྱོས་བསྟན་ལ་བཟོས་པའི་རྨ་ཁ་དེ།།
    གདོང་ངོ་དེབ་ནང་ན་རྣག་གིས་ཟིན།།
    དེ་གསོ་བའི་ཐབས་ཤིག་མེད་ས་ནས།།
    བསྟན་དྲི་མེད་ཟེར་བ་གང་ནས་ཡོང་།།

    མྱི་ཟོག་པོས་ངན་བྱས་ངོ་སོ་འཁྱེར།།
    ཕ་བསད་པས་མི་ཚད་རྒྱལ་རྔ་རྡུང་།།
    གཡག་བསད་དེ་རྔ་མའི་རྒྱལ་མཚན་བཙུགས།།
    ཁྱོས་ད་དུང་ལས་འབྲས་གླེང་ཁུལ་བྱེད།།

    ངའི་མིག་འདི་བསོད་ནམས་ཟད་སོང་བས།།
    སྙིང་ན་བའི་འདྲ་པར་འདི་འདྲ་མཐོང་།།
    ངའི་རྣ་འདི་སྐལ་བ་དམན་སོང་བའི།།
    མྱི་ཟོག་པོའི་ཁྱི་སྐད་འདི་འདྲ་ཐོས།།

    གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད།།
    ཁྱི་བདག་པོས་འགོག་རྒྱུ་རྐུན་མས་བཀག །
    དུས་འགྱུར་བ་ཨེ་ཡིན་མི་ཤེས་ཏེ།།
    མྱིའི་གོ་ས་གཏིང་ནས་འགྱུར་བསྡད་གདའ།།

  84. ཨོ་རྒྱན་ཉི་མ། says:
    2012-10-13 at 3:29 pm

    བོན་པོ་ཚོ་ང་གདུག་པ་ཁག་མེད། ཕུང་གསུམ་པ་ཚོ་ང་ལ་མི་དགའ་བ་ཡང་ཁག་མེད། ཡིན་ན་ཡང་དྲང་མོ་བཤད་ན་མྱི་མི་དགའ། དབྱུག་པ་ཕྱར་ན་མི་དགའ་ཟེར་བ་དེ་ལ་བདེན་ཁ་སྦྱིན་པ་རེད།

  85. ཉག་རྡོ་རྗེ་ནོར་བུ། says:
    2012-10-13 at 4:36 pm

    ཧ

  86. ཉག་རྡོ་རྗེ་ནོར་བུ། says:
    2012-10-13 at 4:54 pm

    བོན་པོ་ཚོ་ཁྱོད་ལ་གང་ནས་དགའ༎
    ཁྱོད་དྲ་འབུའི་སྐྱེ་བ་བླངས་ནས་སུ༎
    བོན་པོ་ལ་སྐུར་འདེབས་ལན་མང་བྱས༎
    སྤུན་ནང་དཀྲུག་ཁྲག་གི་འཁོར་ལོ་བསྐོར༎
    ཕུང་གསུམ་ཚོ་ཁྱོད་ལ་གང་ནས་དགའ༎
    ཁྱོད་རང་ཉིད་ཕུང་གསུམ་ཡིན་བཞིན་དུ༎
    ཕུང་གསུམ་ལ་ངན་སྨྲས་གཏོང་ཁུལ་བྱས༎
    དོན་རང་གི་རང་མཚང་ཕྱི་ལ་བསྟན༎
    ཁྱོ་གྲྭ་བ་རེད་དམ་སྔགས་པ་རེད༎
    གཟའ་མ་ཉོག་ཡོད་པས་གྲྭ་བ་མིན༎
    རལ་བ་མེད་པས་སྔགས་པ་མིན༎
    གྲྭ་མིན་སྔགས་མིན་གྱི་ཕུང་གསུམ་ཁྱོད༎
    ཁ་ཐལ་བ་ནག་པོས་ལན་དགུ་ཆོད༎
    ཁྱོའི་སྐྱེ་དམན་བྱི་ཕྲུག་ཁྲིད་མཁན་དང་༎
    དེའི་ཕ་རྒན་བླ་རྒན་མགོ་རྡོ་གཉིས༎
    དེའི་མི་ཚད་ད་དུང་བྱི་ཕྲུག་བཅས༎
    ཁྱིམ་གང་པོ་ཕུང་གསུམ་མ་ཡིན་ནམ༎
    ཁྱོད་དག་ཐེར་རང་གིས་རང་ལ་གྱིས༎
    ཐེ་ཝན་ནས་བླ་མ་སྒོར་ལ་བཙོང་༎
    ལྷ་ཁང་དུ་ཡུགས་ས་ཁྲི་ལ་བཞག།
    ཁ་མ་སོས་བླ་ཆས་གྱོན་ཁུལ་བྱས༎
    བོད་ཕྱི་ནང་གཉིས་ལ་ཞབས་འདྲེན་བཞག།
    ཞུ་དག་འདྲ་དགོས་ན་དེ་ལ་གྱིས༎

  87. ཨ་ནུ་ཐང་བསོད་ནམས says:
    2012-10-13 at 5:49 pm

    མེ་དཀར་གྱིས་དོན་དང་མཐུན་པའི་དཔྱད་བརྗོད་ཡག་པོ་གནང་འདུག བསྟན་པ་དག་ཐེར་དགོས་ན་དང་པོ་སྤྲུལ་སྐུ་ལམ་ལུགས་མེད་པ་བཟོ་རྒྱུ་གནད་དུ་ཁུམས། དེ་ནི་སངས་རྒྱས་ཆོས་ལུགས་དང་མཐུན་པའི་སྒྲུབ་བྱེད་བཏང་དཀའ་ལ། བསྟན་པ་ལ་གནོད་པས་རེད། སྐྱེས་བ་སྔ་མ་མི་དྲན་པ་དྲན་ཁུལ་བྱེད་པ་ནི་མི་ཆོས་བླ་མའི་ཆོས་རྫུན་རེད་ལ་འཇིག་རྟེན་གྱི་ཕྱོགས་ནས་བལྟས་ན་དྲངས་བདེན་མིན་པས་ཡིན།

  88. ཉག་རྡོ་རྗེ་ནོར་བུ། says:
    2012-10-13 at 6:22 pm

    བདེན་

  89. འབའ་གནས། says:
    2012-10-13 at 8:01 pm

    ཇི་སྐད་དུ། ཁྱེད་དང་ཁྱེད་འདྲ་བོའི་བསྟན་གཤིག་ཐམས་ཅད་གཤེགས་ཤུལ་དུ་བསྟན་པ་ནི་དག་གོ ཐེར་རོ། གནས་སོ།

  90. བྱི་ལ says:
    2012-10-13 at 10:57 pm

    ཨོ་རྒྱན་ཉི་མ་ལགས་ཀྱི་སྙན་དབང་དུ་ཞུ་སྙིང་། ཁྱེད་ཀྱིས་རྣམ་གྲོལ་གླིང་གི་འདུ་ཁང་ནང་དུ་ཆང་ས་རྒྱབ་རབས་ཤིག་མཆན་འགོད་པ་མང་པོ་ཞིག་གིས་ཡང་ཡང་གླེང་གི་འདུག་པ་འདི་བདེན་ནམ་མི་བདེན་ངེས་པར་དུ་གསལ་བཤད་ཅི་གནང་རོགས་ཞུ།

  91. མེ་ཏོག་དཀར་པོ། says:
    2012-10-13 at 11:41 pm

    འོ་འོ། ད་བྱི་ལ་ཡང་ངོ་ལོག་སོང་།

  92. ཀརྡོ་གཉེར་ཕྱག་པ་ says:
    2012-10-13 at 11:43 pm

    བོད་ཀྱི་ཆོས་དཔོན་ཕུང་གསུམ་པ་སུ་དང་ཡིན་ནམ། མ་མཐའ་ལ་ཡང་མིང་གསུམ་ཙམ་ཤོད་དང་། དེ་ནས་ག་ལེར་དཔྱད་ཆོག

  93. མགོན་པོ། says:
    2012-10-13 at 11:47 pm

    དེང་སང་རྒྱ་གར་ནང་བོད་ཀི་་ཆོས་ཁ་ཤས་རེ་རག་ཡོང་གི་འདུག་་་་་། ཀྱཻ་རྡོར་ཟེར་བའི་རྒྱུད་དེ་་་་དབང་ཕྱུགས་ནག་པོ་རྒྱུད་དང་གཅིག་པ་རེད་ཟེར་གི་ མཁན་པོ་ཨ་པེན་ཞུ་བས་གསུང་འདུག ད་རུང་ཁ་ཤས་ཡོད་་ས་རེད་པ དུས་འཁོར་འདི་ཡང་ཧིན་རྡུའི་་ནང་ན་ཡོད་་པའི་རྒྱུད་ཆེན་ཅིག་ཡིན་རབས་ཡོད་ཁུ། གསར་མའི་རྒྱུད་་་ཕལ་ཆེར་་་ཧིན་རྡུ་ནང་་ཡོད་ས་རེད་ད་རུང་་དབང་ལུང་བརྒྱུད་པ་ཏག་ཏག་ཡོད་ས་རེད་པ ། ཇོ་བོ་རྗེས་་་ཕྱི་པ་ནང་པ་སྐྱབས་འགྲོ་མ་གཏོགས་ཁྱད་པར་མེད་གསུང་ནས་ཡང་ཡང་བཤད་འདུག་པ་ཕལ་ཆེར་བདེན་པ་ཡིན་ས་རེད་་་སྔགས་གསར་མ་འདི་དང་མུ་སྟེགས་ཁྱད་ཕེ་དགོས་ན་་་་། སྐྱབས་འགྲོའདྲ་མ་གཏོགས་ཁྱད་ཕྱེ་ཤེས་མ་སོང་། སྐྱབས་སུ་འགྲོ་་ན་སངས་རྒྱས་ཕ་ཡིན་ཟེར་བ་དང་་་དེ་མི་འགྲོ་ན་མིན་ཟེར་བ་རེད་པ་

  94. མགོན་པོ། says:
    2012-10-14 at 12:02 am

    ང་ནི་ཇོ་བོ་རྗེ་ལ་དོ་གས་པ་ཧ་ཅང་ཆེ་། བོད་ནང་ཁུལ་དཀྲུགས་དཀྲུགས་བཏང་བ་རེད། རྙིང་མའི་སྔགས་པ་ཚོར་མཐོང་ཆུང་བྱས་ནས་་་་སོར་ཐར་རིགས་བདུན་མེད་ན་བྱངས་སྡོམས་མི་སྐྱེ་ཟེར་བ་དེ་་མདོ་སྔགས་ཡོང་རྫོགས་དང་འགལ་བ་རེད་བཞག་„ ཁོ་རང་གི་སློབ་མ་མུ་སྟེག་ཤང་གར་དེ་ཝ་ཟེར་བ་ཞིག་ཡོད་དེའི་ཆོས་ལུགས་ཧིན་རྡི་དང་གཅིག་པ་རེད་། ད་རུང་གསར་རྒྱུད་ཕལ་ཆེ་རལ་ཁུངས་ལུང་ཡེ་ནས་མེད།
    བཀའ་བརྒྱུད་་པས། རྡོ་རྗེ་འཆང་ཆེན་ཏེ་ལོ་ན་རོ་པ་་་་ཟེར་བ་ཡང་ཐེ་ཚོམ་རེད། མར་པའི་བླ་མ་ནརོ་རེད་་་ནོ་རོའི་བླ་མ་ཏེ་ལོ་་ཏེ་ལོ་ནས་རྗེ་འཆང་ལ་ཐུག་རེད། ཏེ་ལོ་ན་རོ་་་མར་པ་ཚོ་དུས་རབས་༡༠་་ནང་གི་མི་རེད་་་སངས་རྒྱས་འདས་ནས་ལོ་1500 ཡར་མར་སོང་་ཚར་དུས་ནས་གསར་དུ་བྱུང་བ་རེད་ལ་དེ་ཧིན་རྡི་མིན་ན་་འགྲོ་ས་མེད་པ་རེད། ད་རུང་འཇིགས་བྱེད་དང་་་ར་ལོ་ཡང་ཧིན་རྡི་པ་རེད་བཞག་་་་འབེལ་འདོད་ཡོད་ན་འབེལ་ནི་ཡིན།
    བསྟན་པ་དག་ཐེར་འདི་ནས་བཟོ་ད་གོས་རེད་པ།

  95. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 12:02 am

    ཀྱཻ་རྡོར་ཟེར་བའི་རྒྱུད་དེ་་་་དབང་ཕྱུགས་ནག་པོ་རྒྱུད་དང་གཅིག་པ་རེད་ཟེར་གི་ མཁན་པོ་ཨ་པེན་ཞུ་བས་གསུང་འདུག ད་རུང་ཁ་ཤས་ཡོད་་ས་རེད་པ དུས་འཁོར་འདི་ཡང་ཧིན་རྡུའི་་ནང་ན་ཡོད་་པའི་རྒྱུད་ཆེན་ཅིག་ཡིན་རབས་ཡོད་ཁུ། ཟེར་ན་ ག་རེ་ རེད་དམ།

  96. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 12:15 am

    ཀྱཻ་རྡོར་དང་། དུས་འཁོར་འདི་གཉིས་ནི། ནང་ཆོས་ཡིན་མིན་ལ་ཐེ་ཚོམས་ཟ་མི་དགོས་སྙམ་ལགས།

  97. མེ་ཏོག་དཀར་པོ། says:
    2012-10-14 at 12:19 am

    དེང་སང་དཀོར་ལ་དགའ་བའི་སྐྱེ་བོའི་ཁྲོད་དུ། །
    བླ་ཆེན་མཚན་ལ་ཆགས་པ་མང་དུ་མཆིས་ཀྱང་། །ཨོ་ཉིས་རང་གི་མངོན་འདོད་བཤད་པ་འདི་ལ་གཟིགས་དང་། གྲྭ་པ་དཀྱུས་མ་ཞིག་གིས་བླ་ཆེན་མཚན་ལ་ཆགས་དོན་མེད། ངོ་མ་སྤྲུལ་གོག་མིང་ཅན་ཁོ་རང་གི་ཞེ་འདོད་རེད།

  98. མགོན་པོ། says:
    2012-10-14 at 12:23 am

    མེ་དཀར་། མུ་སྟེགས་པའི་རྒྱུད་རེད་ལབ་རེད་་་་ནང་པ་མ་རེད་ལབ་རེད། ་མཁན་པོ་ཨ་པན་ཟེར་བས་མུ་རྟེགས་རྩ་ནས་བརྒྱུད་པ་གསར་་བླངས་ཡོད་རེད་ལབ་ཡིན། ཡ་། ད་ཤོག་ཡ།

  99. མགོན་པོ། says:
    2012-10-14 at 12:29 am

    ཀྱཻ་རྡོར་དབང་ཕྱུག་ནག་པོ་རྒྱུད་རེད་ལབ་ཡིན་ལ་གསལ་བོ་ཆགས་ཚར་ནི་རེད་། དུས་འཁོར་ལ་་ཀ་ལར་ཅག་་ཀ་་་ཟེར་དུས་ཧིན་རྡི་ནང་ན་སྐད་གྲགས་རེད་ལ་་དུས་འཁོར་ཧིན་རྡི་ནང་ཡོད་པ་སྔར་ནས་ཡོངས་གྲགས་རེད་པ
    མ་གཞི་ཇོ་བོ་རྗེ་ལ་ཡང་ཐེ་ཚོམ་ཆེན་པོ་ཡོད་ཡ། ཁོས་ཕྱི་པ་དང་ནང་གཉིས་གཅིག་ཡིན་རབས་བཤད་ནས་་ཕྱི་ནང་གི་ཁྱད་འབྱེད་རྒྱུ་མེད་པ་བཟོས་ཡོད། ཁོ་མེད་ན་རྒྱ་གར་ན་ཕྱི་ནང་གི་ཁྱད་པར་ཤེས་མཁན་མེད་ཟེར་བ་དེ་ནང་པའི་པཎྜི་ཏ་་དག་ལ་མཐོང་ཆུང་རེད། མ་གཞི་ཇོ་བོ་རྗེ་འདིས་ནང་པ་ལ་ཡོངས་མཐོང་ཆུང་བྱས་འདུག རྒྱ་གར་གྱི་པན་ཆེན་མཁས་པ་སྒོ་དྲུག་ལྟ་བུས་ཀྱང་ཕྱི་ནང་གི་ཁྱད་པར་མི་ཤེས་ཟེར་། བོད་ནང་ནས་སྔགས་རྙིང་མ་ལ་མཐོང་ཆུང་བྱས་པ་རེད།

  100. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 1:00 am

    ཀྱཻ་རྡོར་དང་། དུས་འཁོར་འདི་གཉིས་རྒྱ་གར་ནང་ལ་ཧིན་སྐད་སོགས་ནང་རྙེད་པ་དང་། ཡང་དེ་གཉིས་ཧིན་ཆོས་མུ་སྟེགས་པའི་ཆོས་རེད་ལབ་པ་གཉིས་ཀྱི་ཁྱད་པར་གནམ་ས་ཤོར་ཡོད་རེད་དོ། །

  101. སྨུ་ཐག་གི་བུ་རྒྱུད། says:
    2012-10-14 at 2:30 am

    ཧ་ཧ་ཧ། སྤྲུལ་སྐུ་རིན་པོ་ཆེའི་མཛད་རྣམ་ད་དུང་མང་གི་ཨང་། དེ་རིང་ཡང་མཛད་རྣམ་ཡ་མཚན་ཅན་ཞིག་གོ་སོང་། སྐྱབས་སུ་མཆི། ད་ཡིན་རྒྱུ་རེད། བླ་མའི་མཛད་པ་མྱིས་མི་ཤེས། སེང་གེ་ཉལ་སྟངས་ཁྱིས་མི་ཤེས། ཟེར་བ་མ་རེད་དམ། དབུགས་ཀྱི་འབྱིན་རྔུབ་རེ་རེ་དང་སྤྱན་གྱི་འབྱེད་འཛུམ་རེ་རེ་ལའང་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་རེད། འདི་འདྲ་བ་ཞིག་གིས་བསྟན་པ་ལ་དག་ཐེར་མི་བྱེད་ན་སུས་བྱེད།

  102. མགོན་པོ། says:
    2012-10-14 at 2:30 am

    ཀ་རྡོ་ལགས། ཧིན་རྡི་རེད་ལབ་ཡིན། མུ་སྟེགས་པའི་ལུགས་རེད་ལལབ་ཡིན་་་ག་རེ་བཤད་་ཀི་ཡོད། ནང་ནས་རྙེད་པའི་སྐད་ཆམ་རེད་ད། མཁན་པོ་ཨ་པེན་ཟེར་བས་བཤད་་ན་་་ཀྱཻ་རྡོར་འདི་་ནང་པ་ལྟར་དུ་འགྲེལ་ལུགས་དང་ཧིན་རྡིན་ལྟར་དུ་འགྲེལ་ལུགས་གཉིས་ཡོད་ཟེར་་པའི་ཁུངས་མི་འཁྱོལ་བའི་སྐད་བཤད་དགོས་ཐུག་རེད།

  103. སྨུ་ཐག་གི་བུ་རྒྱུད། says:
    2012-10-14 at 2:37 am

    སྤྲུལ་སྐུ་རིན་པོ་ཆེས་་གཉེན་སྟོན་བྱེད་སའི་ལྷ་ཁང་དེ་རྣམ་གྲོལ་གླིང་ཡིན་ས་མ་རེད། པར་དེ་ལ་ཞིབ་མོར་གཟིགས་དང་། བཀའ་བརྒྱུད་པའི་བླ་མ་ཞིག་གི་སྐུ་པར་ཆེ་ཐག་ཆོད་ཅིག་མཐོང་གི་འདུག ཅིག་བྱས་ན་བཀའ་རྙིང་ཟུང་འབྲེལ་གྱི་ལྷ་ཁང་ཞིག་ཡིན་རྒྱུ་རེད། སྐབས་སུ་མཆི། ལྷ་ཁང་ནང་ནས་གཉེན་སྟོན་བྱེད་རྒྱུའི་ནུས་པ་ཡོད་མཁན་ཞིག་ཡིན་ན་སྤྲུལ་སྐུ་ཞིག་ལོས་ཡིན། ངོ་མཚན་ཆེན་པོ་རེད་ཡ། པར་དེ་ལ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཞེས་བཏགས་ན་འོས་པར་འདུག མཐོང་བ་ཙམ་གྱིས་ཚོར་བ་ཁྱད་པར་བ་ཞིག་ཡོང་གི་འདུག ངོ་མཚར་ཆེ།

  104. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 2:46 am

    མཁན་པོ་ཨ་པེན་ཟེར་བ་དེ་ཁོང་སུ་རེད། ཁོང་གིས་ཀྱེ་རྡོར་མུ་སྟེགས་པི་ལུགས་སུ་འགྲེལ་པའི་ཁུངས་དེ་ག་ནས་རྙེད་ཐུབ་བམ།

  105. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 2:47 am

    མགོན་པོས་ལན་འདེབས་གནང་བ་ལ་ལ་བཀའ་དྲིན་ཆེ་ཞེས་ཞུའོ། །

  106. ཨ་ར་དཀར་པོ says:
    2012-10-14 at 3:55 am

    མཁན་པོ་ཨ་པེ་ཟེར་བ་ས་སྐྱའི་མཁན་པོ་སྐད་གྲགས་ཅན་ཞིག་རེད། ཀ་རྡོ་འདི་ལ་ལྟ་རྒྱ་ཐོས་རྒྱ་ཞིག་ཁྱོན་ནས་མི་འདུག གོང་ས་མཆོག་གིས་ཀྱང་མཁན་པོ་ཨ་པེ་ཕྱི་རྫིག་ནང་རྫིག་རེད་ཅེས་གསུངས་མྱོང་།

  107. མེ་ཏོག་དཀར་པོ། says:
    2012-10-14 at 4:01 am

    ཨ་ར་དཀར་པོ་དེ་ཡང་ཧོབ་རྒྱག་རང་རེད་འདུག ཀ་རྡོས་ཨ་པེན་སུ་རེད་དྲིས་པ་ལས་ཨ་པེ་མི་ཤེས་ཟེར་མི་འདུག་ག

  108. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 4:36 am

    ས་སྐྱའི་མཁན་པོ་ཨ་པེ་ཕྱི་རྫིག་ནང་རྫིག་ཡིན་ན། ཕྱི་ནང་ཆོ་ག་དབྱེ་འབྱེད་མི་ཤེས་སྟངས་དེ་ཅི་ཡིན་ནམ། ང་ནི་དེ་བས་ཀྱང་མགོ་འཐོམས་སུ་བཅུགས་སོང་ངོ་། ཧ་ཧ་། ཧོ་ཧོ།

  109. མེ་ཏོག་དཀར་པོ། says:
    2012-10-14 at 4:51 am

    ཨ་པེ་དང་ཨ་པེན་གཅིག་རེད་ཟེར་ན་ལྷས་བྱིན་དང་ཆོས་བྱིན་ཡང་གཅིག་ཡིན་རྒྱུ་རེད།

  110. ཨ་རོགས་ཁམས་ཕྲུག says:
    2012-10-14 at 4:54 am

    ཧིན་བོན་ཆོས་གསུམ་ནས་བསྡུས་པའི་བོད་ཀྱི་ཆོད་རྒྱུད་ས་དགེ་དཀར་རྙིང་བཞི་ཆོས་ཅན།་་་ལེགས་པར་བརྟག་ན་འདི་ཞེས་ཀྱི་ཁུང་ལུང་རྒྱུ་མཚན་མེད་དེ་་་་སྟོན་པ་གང་གི་བསྟན་པ་མ་ཡིན་ལ་བོད་བླ་མའི་ཆོས་ལུགས་ཀྱི་གྲས་སུ་སོང་བའི་ཕྱིར་རོ།་་་ཧ་ཧ་་ཧ་་ད་དེ་ལ་དགག་བཞག་ནུས་ན་་་་རིག་པའི་དཔའ་བོ་ཞེས་འབོད་དོ།་་

  111. མེ་ཏོག་དཀར་པོ། says:
    2012-10-14 at 4:58 am

    མཐུན་དཔེ་ཆད་འདུག དཔེར་ན་ཨ་རོ་ཁམས་ཕྲུག་བཞིན། ཧ་ཧ་ཧ་ཧ

  112. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 5:04 am

    ༡༡༠༽ཨ་རོགས་ཁམས་ཕྲུག་ཆོས་ཅན། བན་བོན་གང་རུང་མ་ཡིན་པར་ཐལ། རང་ལུགས་གཏད་སོ་མེད་པའི་ཕྱིར། དཔེར་ན། ཨ་པེན་དང་ཨ་པེ་བཞིན་ནོ། འདི་ལས་ལྷག་པའི་རིགས་པའི་དཔའ་བོ་ཅིག་དགོས་ཨ་ཡོད། ཨ་རོགས་ཤ་ཉེ། ལགས།

  113. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 5:08 am

    ཡང་། བོད་ཀྱི་ས་དགེ་བཀའ་རྙིང་གི་ནང་ཆོས་ཆོས་ཅན། ཧིན་བོན་གཉིས་ལས་མ་བསྡུས་ཏེ། ནང་བསྟན་གྱི་འབྱུང་ཁུངས་ན་ལེན ཌ་ནས་བྱུང་བའི་འབྱུང་ཁུངས་བཀྲུས་ན་དག་རྒྱུ་མེད་པ་དེ་ཡིན་པའི་ཕྱིར། དཔེར་ན། བདེན་བཞིའི་ཆོས་བཞིན་ནོ། ཟེར་ན་ལོབ།

  114. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 5:12 am

    ཟེར་ན་ལོབ། འདི། ཟེར་ན་ཅི་ལོབ། །

  115. ཨ་རོགས་ཁམས་ཕྲུག says:
    2012-10-14 at 5:49 am

    ས་དགེ་དཀར་རྙིང་བཞི་ཆོས་ཅན་་་ཧིན་བོན་ཆོས་གསུམ་ནས་བསྡུས་ཏེ་་་་ཧིན་ལུགས་ཀྱི་སྔགས་དང་་་བོན་ལུགས་ཀྱི་གཤིན་ཆོས་གསོན་རིམ་་་ཤཀ་ཐུབ་ཀྱི་བདེན་བཞིའི་ཆོས་སྒོ་སོགས་ལས་བསྡུས་ནས་གྲུབ་པའི་ཕྱིར་རོ་་་དཔེར་ན་ཀརྡོ་གཉེར་ཕྱག་པས་སྤྱོད་པའི་ཆོས་བཞིན་ནོ་་་ད་ཡོད་ན་མ་བསྡུས་པའི་རྒྱུ་མཚན་སྨྲོས་དང་་རིག་པའི་རྒྱལ་པོ་ཞེས་འབོད་དོ་

  116. ཨ་རོགས་ཁམས་ཕྲུག says:
    2012-10-14 at 5:55 am

    ས་དགེ་དཀར་རྙིང་བཞིའི་བསྡུས་ཆོས་ཆོས་ཅན་་་ཧིན་བོན་ཆོས་གསུམ་ནས་བསྡུས་ཏེ་་་་ཧིན་ལུགས་ཀྱི་སྔགས་དང་་་བོན་ལུགས་ཀྱི་གཤིན་ཆོས་གསོན་རིམ་་་ཤཀ་ཐུབ་ཀྱི་བདེན་བཞིའི་ཆོས་སྒོ་སོགས་ལས་བསྡུས་ནས་གྲུབ་པའི་ཕྱིར་རོ་་་དཔེར་ན་ཀརྡོ་གཉེར་ཕྱག་པས་སྤྱོད་པའི་ཆོས་བཞིན་ནོ་་་ད་ཡོད་ན་མ་བསྡུས་པའི་རྒྱུ་མཚན་སྨྲོས་དང་་རིག་པའི་རྒྱལ་པོ་ཞེས་འབོད་དོ་

  117. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 6:01 am

    ཨ་རོགས་ཁམས་ཕྲུག་ཁྱོད་ཅི་ཟོར་ལི་རེད།
    ཁྱོད་ཁྱོད་རང་གི་བོན་ཆོས་ཀྱི་ཁུངས་དེ་གང་ནས་ཡིན་པ་ཤེས་མི་ཐུབ་མཁན་ཅིག་གིས། ནང་ཆོས་དེ། མུ་སྟེགས་རིག་བྱེད་བཞི་དང་མ་མཐུན་སྨྲ་བ་དེ་ཡང་། ཁྱོད་ཀྱིས་ག་ལ་ཤེས། ངའི་སྤྱོད་པའི་ཆོས་དེ་བས་ཀྱང་ཁྱོད་ལ། ཤིནད་ཏུ་ལྐོག་འགྱུར་མ་ཡིན་ནམ། ཨ་ཨ། ཁྱོད་ཆི་ཛོ་ལི་རེད། ཁོ་རེ།

  118. མགོན་པོ། says:
    2012-10-14 at 6:11 am

    སྔ་འགྱུར་རྙིང་མའི་མཁན་ཆེན་ཞི་འཚོ་ལྟ་བུ་ནི་འཛམ་གླིང་ནང་གི་ཆོསབརྒྱུད་ཐུན་མོང་གི་ཁས་ལེན་ལ་ཞི་འཚོ་ནས་བརྒྱུད་རབ་བྱུང་གི་བསྟན་པ་བོད་ལ་ཡོད་པར་ཡང་ནང་པའི་རྒྱལ་ཁབ་ཁག་ཐུན་མོང་གིས་ཁས་ལེན་གི་ཡོད་པ་རེད་མོད། དེང་སང་རྙིང་མ་པ་ཡིན་ཟེར་མཁན་ཚོས་སྤྲུལ་སྐུ་ངོས་བཟུང་བ་ཡིན་ཟེར་ནས་མི་མགོ་བདེ། ཕྱུགས་པོ། བཙན་པོ་ཚོའི་ཕྲུ་གུ་ཁྲི་མཐོན་པའི་ཐོག་ལ་བཞག་ནས་ཅིག་ཡིན་མདོག་མདོག་བྱེད་བཞིན་པ་རེད་། བླ་མ་ཞིག་ཨི་མི་ཡིན་བསམ་བསམ་ཚོས་ཀྱང་ཕྱག་མཛོད་ཀྱི་ངོ་ལོ་བལྟས་ཏེ་གཞིས་ཆགས་པུའུ་ཁ་ཤས་ཁྲི་ཐོག་ལ་བཞག་འདུག་པ་དེ་ཚོ་ཡག་པོ་གཏན་ནས་མེད།
    དེ་རིང་ཕུང་གསུམ་པ་ཟེར་་ནས་ཤོད་ཀྱིན་པ་དེ་ཡང་ཁོང་ཚོའི་གྲས་དེ་རེད་ལ་དེ་ཚོ་་ནི་་་མཁན་ཆེན་ཞི་ཚོའི་བསྟན་དགྲ་རེད་ཅེས་ཁ་མཚམས་བཅད་ནས་ཐུབ་པ་རེད། དེ་རིང་འདི་ན་ཕུང་གསུམ་པ་ཚང་གི་རྗེས་བརྗོད་མཁན་རྒྱུགས་ཁྱི་ཁ་ཤས་ནས་་ཚིག་མཆད་རེ་ཟུང་བྲིས་ཏེ་་ང་རྒྱལ་ནས་འདུག་པ་ལ་ལྟོས་དང་། འདི་ཚོའི་སྐྱབས་འོག་ནས་འདུག་འདོད་་ནམ་ཡང་མེད།
    ད་རུང་བོད་ཀྱི་གསང་སྔགས་ཀྱི་འབྱུང་ཁུངས་ལ་བརྟག་པ་བྱེད་དགོས་པ་མང་པོ་ཡོད།

  119. མགོན་པོ། says:
    2012-10-14 at 6:26 am

    ཨ་རོགས་ཁམས་ཕྲུག་་ཟེར་བ་ཉོན་ཅིག
    ཐ་ཐ་ཐལ་ཐལ་ཅང་མི་ཤེས་་་མི་སྐད་བརྒྱབ་ནས་གཏམ་བཤད་ན་་་་ས་དགེ་བཀའ་རྙིང་ཟེར་ནས་བསྡོམས་མ་ཡོང་རོགས། རྙིང་མའི་སྐབས་སུ་རྒྱ་གར་ན་ནངཔ་མ་ཉམས་པར་ཡོད་རེད་ལ་ན་ལེན་དྲ་ནས་པཎ་ཆེན་བརྒྱ་རྩ་ཡང་བོད་་ལ་གདན་ཞུས་བྱེད་མྱོང་ཡོད་རེད་་་དེས་ན་ནང་པ་ཡིན་མིན་ལ་ཐེ་ཚོམ་མེད་། གོང་ས་མཆོག་གིས་ཀྱང་་་ན་ལེན་དྲ་་ན་ལེན་དྲ་་ན་ལེན་དྲ་་ན་ལེན་དྲ་་ཟེར་ནས་གསུང་བཞིན་པ་དེ་རེད།
    དུས་ཕྱིས་སུ་རྒྱ་གར་དུ་ནང་བསྟན་མེད་པ་ཆགས་རྗེས་སུ་་བྱུང་ཕྱི་འགྱུར་གྱི་རྒྱུད་འདི་རིགས་ནང་ན་འདྲ་མིན་མང་པོ་ཡོང་གི་ཡོད་པ་རེད། ད་རུང་ར་ལོ་ཙཱ་བ་དང་འཇིགས་བྱེད་ལ་དོགས་པ་ཅི་བས་ཆེན་པོ་ཡོད།
    ས་སྐྱ་མཁན་པོ་ཨ་པེན་ནས་ས་ཐོ་་བྷ་བྷ་་གཅིག་གི་དྲུང་ནས་་་ཀྱཻ་རྡོར་གྱི་བརྒྱུད་པ་གསར་བ་ཉན་རབས་ཡོད་རེད། དབང་ཕྱུག་ནག་པོའི་རྒྱུད་འདི་ལ་ནང་པ་ལྟར་དུ་འགྲེལ་ལུགས་དང་ཧིན་རྡི་ལྟར་དུ་འགྲེལ་ལུགས་ཡོད་ཚུལ་བཤད་པ་རེད། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  120. མེ་ཏོག་དཀར་པོ། says:
    2012-10-14 at 6:46 am

    ད་ཆེད་རྩོམ་འདིའི་འོག་མཆན་བུ་མཐའ་མ་དེ་འདོག་གི་ཡིན།
    དེ་ལ་འདིར་ཕེབས་བསམ་འཆར་བ་དག་ལ་བསམ་ཚུལ་གཉིས་ཏེ། དག་ཐེར་དགོས་དང་མི་དགོས་སོ།། ང་ནི་དག་ཐེར་དགོས་པའི་ཕྱོགས་སུ་བཏོགས། དེ་ལ་ཨོ་ཉི་ལྟར་ཡོད་ཚད་ལ་ཁ་མི་ཟེར་བར། སྤྲུལ་སྐུ་རིང་ལུགས་འདི་དྲུང་ནས་འབྱིན་ཏེ་ལོ་རྒྱུས་ནང་སྔར་དེ་འདྲ་ཡོད་ཟེར་རྒྱུ་ཙམ་ལས་མེད་པ་བཟོ་དགོས། དེ་ལ་ཨོ་ཉི་རང་གིས་འགོ་བཙུག་ན་ལེགས་ཏེ། ༧མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ལ་དད་འདུན་ཞེ་པུ་ཡོད་མདོག་བསྟན་གི་འདུག་པར་ཁོང་གི་རྗེས་སུ་འབྲང་ནས་སྤྲུལ་སྐུའི་མིང་དོར་དགོས། ལར་ནས་སྤྲུལ་སྐུ་ཡིན་མདོག་བྱས་པ་ལས་སུའི་སྤྲུལ་སྐུ་ཡིན་ཁོ་རང་གིས་ཀྱང་ཧ་གོ་གི་མེད་པས་ངས་ཐག་གཅོད་ཐུབ། མིན་ཀྱང་ཡིན་མདོག་བྱས་ཏེ་དད་པ་ཅན་གྱི་གཉའ་ནས་བཞོན་པ་འདི་ལས་བལྟས་ངན་པ་དང་། གཉའ་གནོན་ཤུ་བཞོག་མེད་པས་ཤེས་ལྡན་ཡོད་དོ་ཅོག་གིས་སྤྲུལ་སྐུ་ཞེས་པ་འདི་མཐར་སྤྲོད་གཏོང་དགོས། ཚང་མ་སྐུ་ཁམས་བཟང་། ཨོ་ཉི་ངོ་ཡང་མི་ཤེས་པས་སྒེར་འཁོན་ཡོང་སྟངས་མེད་པས་ཁྱེད་ཀྱང་བདེ་མོ།།

  121. མགོན་པོ། says:
    2012-10-14 at 8:28 am

    མེ་དཀར་བདེན་གི ད་ནི་བོད་པའི་སྤྲུལ་སྐུ་མཚམས་འཇོག་བྱེད་རན་རེད།

  122. བྱི་ལ says:
    2012-10-14 at 11:16 am

    ཨོ་རྒྱན་ཉི་མ་ལགས་ཁྱེད་ཀྱིས་མཆན་དགུ་བཅུ་པ་གཟིགས་སམ། ངས་དངོས་ལབ་ཀྱི་ཡོད་དོ།

  123. ཨ་རོགས་ཁམས་ཕྲུག says:
    2012-10-14 at 1:52 pm

    ད་ངའི་དྲི་བ་ལ་ལེན་དོན་མཐུན་མེད་པ་སོང་ཙང་ད་ང་རང་རིག་པའི་རྒྱལ་པོ་ཆགས་པ་འདྲ་་་་ཧ་ཧ་ཧ་ཧ་ངོ་མ་ཨོ་ཉིས་བཤད་པ་ལྟར་བསྟན་པ་ལ་དག་ཐེར་མི་ཤེས་ཏེ་་་་བོད་བླ་མའི་ཆོས་ལུགས་འདི་རྣམས་ལ་ཞུ་དག་ཅིག་བྱེད་ན་ན་ལེན་ཌ་ཡི་ལུགས་་སྲོལ་ཡིན་མིན་ཧ་གོ་ཡང་་་་་ད་དུང་བྱུང་ན་བོན་ཆོས་དང་མཚུངས་བསྡུར་བྱེད་ན་ཧཧཧཧཧ་་ཧིན་ལུགས་སྔགས་དང་མཚུངས་བསྡུར་བྱེད་ན་ཇི་ལྟར་བསྡུས་ནས་འཆོས་པའི་ཆོས་ཀྱི་བཞིན་རས་མཇལ་ཡོང་ལོ་་་ད་དུང་་་་ད་དུང་་་་་་་་་་་་་ཧཧཧཧཧཧཧཧཧཧཧཧེཧེཧཧཧཧཧོཧོཧོཧུ་ཧུ

  124. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 1:54 pm

    བསྟན་པ་དག་ཐེར་ལས། མཆན་བུ་དག་ཐེར་གལ་ཆེ་བ་མི་འདུག་གམ། ལགས།

  125. ཨོ་རྒྱན་ཉི་མ། says:
    2012-10-15 at 4:22 am

    རྣམ་གླིང་དུ་མ་རེད། དབྱིན་ཡུལ་རེད།

  126. པདྨ says:
    2012-10-15 at 5:22 am

    ཨོ་ཉི་ཁྱོད་ཉོན་དང་། བསྟན་པ་དག་ཐེར་དགོས་ན།
    དང་པོ་ཁྱོད་རང་དགེ་བསྙེན་ཡང་དག་ཅིག་ཡིན་དགོས་ཀྱང་དེ་ནི་མིན་པས་བསྟན་པ་དག་ཐེར་ཟེར་མི་རིགས་སོ། །

    གཉིས་པ་མཆོད་འོས་བསླུས། བླ་མ་བཙོང་། ཆོས་ཚོང་མཁན། ཁྱདཔར་དགེ་འདུན་པའི་གྲལ་ནས་བུད་མེད་པ་ཞིག་དགོས་ཀྱང་དེ་ནི་མིན་པས་མི་རིགས་སོ། །

    གསུམ་པ་ཨ་ཀོང་བླ་མ་ཟེར་བ་དེ་དང་ཡུག་མོ་དེ་ཚོ་བསྟན་གཤིག་གི་ཏེ་བོ་རེད། དབྱིན་ཡུལ་ནས་དུད་ནག་དང་བོད་ཀྱི་སྐུ་དང་རྒྱུ་རྙིང་ཆོས་ཚོང་གི་དཔོན་པོ་རེད། དེ་ཚོ་བྱས་པ་ཡིག་ཐོག་བཀོད་ནས་བསྟན་པ་སྤྱིའི་དག་ཐེར་བྱེད་མི་ཐུབ་བ། །

    བཞི་ཕ་ཡུལ་ནས་མི་བསད། དགོན་གཏོར་དགེ་འདུན་པ་ནང་འཁྲུགས་སློངས་པར་འཁོན་ཅན་ཞིག་དང་། ཕྱི་ཡུལ་ནས་མ་རབས་སྣ་དགུ་སྤྱོད་ནས་དེ་བསྟན་པ་དག་ཐེར་ཡིན་ན་དག་ཐེར་བཟོ་ཚར་འདུག །

    ལྔ་བ་གཞན་ལ་སྡང་ཞིང་རང་ལ་ཆགས་པས་ཕྲག་དོག་ཉོན་མོངས་གཞན་དབང་སོང་བ་ཞིག་བསྟན་པ་དག་ཐེར་བྱེད་ཐུབ་ན་ཁྱིམ་པ་ཚང་མས་བྱེད་པ་འདུག

    དྲུག་པ་རང་སྐྱོན་བརྗོད་པ་དེ་བསྟན་པ་དར་ཐེར་ཟེར་བ་ཙམ་རེད།

    བདུན་པ་སྐྱབས་རྗེ་དང་སྤྲུལ་སྐུ་མིང་འཛིན་པ་ཀ་ལི་རིན་པོ་ཟེར་བའི་གཞོང་ཚོང་པ་ཁྱེད་ཚོ་གཅིག་པ་རེད། དེ་དག་བསྟན་གཤིག་ལས་བསྟན་པ་དག་ཐེར་ཟེར་མི་རིགས་སོ། །

    བརྒྱད་པ་གྲུབ་དབང་དང་འཇིགས་མེད་ཕུན་ཚོགས་དག་གི་ཞབས་ནས་དྲུད་པ་དང་བླ་བཙོང་པ་རེད།

    དགུ་བ་སྐྱ་མིན་སེར་མིན་གྱི་གདོན་གཟུགས་ཞིག་གིས་བསྟན་པ་དག་ཐེར་ཐུབ་ན་དོལ་རྒྱལ་ཚོགས་པའི་ལྷག་ཡོད་ས་མ་རེད། ཚེ་སྔ་ཕྱི་ལས་འབྲས་མི་སེམས་པའི་གྲྭ་ལོག་ཁྱོད་སྙིང་རྗེའོ། །
    མཐར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    དེས་ན་སྤྲུལ་རྫུན་ཨུ་རྒྱན་ཉི་མ་ཟེར་བའི་གྲྭ་ལོག་རྐུབ་སེར་སྔ་འགྱུར་པའི་ཞབས་འདྲེན་པ་ཁྱོད་ཁྱི་ཁ་ཚུམས་ཟེར་བ་དེ་ཡིན།

  127. ཨོ་རྒྱན་ཉི་མ། says:
    2012-10-15 at 7:26 am

    པདྨ་ཟེར་བ་དེ་ང་ལ་སྙིང་ན་བཞིན་པ་ཡིན་ཚོད་རེད། ཁག་མེད། ང་དགེ་བསྙེན་རྣམ་དག་ཡིན་པར་མ་ཟད། ཁྱེད་ཅག་གིས་དགེ་སློང་དང་། དགེ་ཚུལ་སྲུང་བ་ལས་ཀྱང་ལྷག་པར་སེམས། བོད་མི་རིགས་ལ་བྱས་རྗེས་ཆེ་བའི་ཨ་དཀོན་སྤྲུལ་སྐུ་དང་། ཁྱེད་ཅག་ཕུང་གསུམ་པ་དང་བསྡུར་ཐབས་གང་ན་ཡོད། ཨ་དཀོན་རིན་པོ་ཆེས་ལོ་རེར་བོད་པའི་སློབ་ཕྲུག་ཁྲི་གཅིག་ལ་འགྲོ་གྲོན་གཏོང་བཞིན་པ་དང་། ཁོང་གི་རྟེན་རྙིང་ཡོད་ཚད་བསམ་ཡས་གླིང་དུ་འདུག ཡིག་རྙིང་དེ་ཚོ་དཔེ་མཛོད་ནང་དུ་བཞག་འདུག ངས་དེའི་སྐོར་ལས་དཀའ་བྱེད་བཞིན་ཡོད། ཡིད་མ་ཆེས་ན་གཞུགས་ནས་ཞུ་ཆོག ང་སྔ་འགྱུར་བ་རྣལ་མ་ཞིག་ཡིན་པར་མ་ཟད། ངས་སྔ་འགྱུར་བའི་བསྟན་པ་ཕུང་གསུམ་པའི་ལག་ཏུ་བཞག་མི་འདོད་པ་དེ་ཡིན། ལྟོས་དང་ཤེས། ངོ་མ་བཤད་རྒྱུ་ཡོད་ན་གདོང་བསྟན་ཏེ་ཤོག དེ་མིན་ཕྲག་དོག་གི་སྐད་ཆ་བཤད་འདུག་ན་དགོས་པ་མེད་པ་རེད། ཕུང་གསུམ་པའི་ཕོ་ཉ་མང་པོ་ཞིག་བཏང་ཡོད་པ་ཤེས་ཡོད།

  128. amdo baglab says:
    2012-10-15 at 8:04 am

    ཡ་ཡ་་་་་་་་་་་་་་་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་ཕ་རོལ་པའི་སྐྱོན་ཤ་སྟག་ཚོལ་ནས་གཞན་སྐྱོན་སྒྲོགས་པའི་དེབ་ཅིག་གསར་རྩོམ་བྱུང་ན་དེས་ཆོས་དང་འཇིག་རྟེན་གང་ལ་ཡང་ཕན་པ་མེད་པ་ཙམ་དུ་མ་ཟད་དེས་མི་ཕུང་རང་རླག་གཉིས་ཀ་འགྱུར་བས་གཞན་སྐྱོན་ཁྱབ་བརྡལ་དུ་བཏང་བས་མི་ཕན་པར་གསུངས།

  129. མགོན་པོ་ཕྱག་གཉིས་པ། says:
    2012-10-15 at 10:31 am

    ང་ལ་རྣམ་པ་ཚོར་དྲི་བ་ཞིག་ཡོད།
    དབྱིན་རྩོམ་འགའ་རེའི་ནང་དུས་འཁོར་དེ། སྔོན་ནང་བསྟན་དར་ཁྱབ་ཆེ་བའི་ཨབ་ཧྥི་གྷན་ནང་ཁ་ཆེ་ཆེས་ཆེར་དར་ནས་ནང་ཆོས་དར་བར་འགལ་རྐྱེན་ལ་ཐུག་པའི་གཉན་འཕྲང་ཅན་གྱི་དུས་དེར་དར་ཡོང་བ་ཞིག་ལ་ངོས་འཛིན་མཁན་འདུག ང་ཚོའི་བོད་ཡུལ་དུའང་དུས་འཁོར་རྩ་རྒྱུད་དེ་ཕྱིས་སུ་1027 ལོར་དར་བ་མ་རེད་དམ། འགའ་རེས་དུས་འཁོར་དང་པོར་དུས་རབས་དགུ་པར་རྒྱ་གར་ནུབ་བྱང་ཁུལ་དུ་དར་བར་བཤད། ཡང་རྩོམ་ཞིག་ཏུ། དུས་འཁོར་ནི་རྒྱ་གར་གྱི་སྔོན་གྱི་རིག་བྱེད་དང་འབྲེལ་བ་མངོན་གསལ་དུ་ཡོད་པ་མཐོང་། རིག་བྱེད་ནི་སངས་རྒྱས་ལས་ཆེས་ཆེར་སྔ་ཞེས་གསལ།

  130. ཀརྡོ་གཉེར་ཕྱག་པ་ says:
    2012-10-15 at 10:44 am

    ༸དཔལ་ཇོ་ནང་པའི་རྙིང་ཆོས་ཡིན་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཟུར་ཟས་ཇོ་ནང་པ་སྤྱི་འཐུས་ཚོགས་མིར་ཚུད་པ་ལ་འགལ་རྐྱེན་བཟོ་འདོད་མེད་ཀྱང་། ཤུགས་ཀྱིས་གནོད་པ་ལ་ཡང་སེམས་དགོས། རང་གི་སྣང་བ་མ་འགྲོ་ས་དེ་གཞན་ཞིག་ཡིན་པ་དང་། གྱོང་ཕོག་ས་དེ་གཞན་ཞིག་ཕོག་པ་དེ་ལ་ཡང་བསམ་དགོས་མང་དག་ཅིག་མེད་དམ་སྙམ་པས་་་་་་་

  131. པདྨ says:
    2012-10-15 at 11:01 am

    ཧ ཧ ཨོ་ཉི་ཁྱོད་ལ་སྙིང་རྗེས་ཚིག་ལ་སྙན་པོ་ཟེར་བ་དེ་ཡིན། ངོ་ཚ་མེད་ཁྱོད་ཨ་ཀོན་ཅིག་ཅིག་མུག་མུག་ཟེར་བ་ཁག་མེད་ཀྱང། ཁྱབ་བསྒྲག་གསར་འགྱུར་དུ་བོད་ཕྲུག་ཁྲི་ཡོད་ཟེར་བ་བདེན་ཀྱང་། དངུལ་ཚང་མ་ནག་ཟ་བྱས་པ་མི་ཤེས་སམ། ཧ ཧ བོད་ཕྲུག་སློབ་གྲྭ་རུ་མ་གཏོང་བར་ག་རེད་བྱས་ཡོད་གསལ་བོ་རེད།ཧ ཧ གྲུབ་དབང་རིན་པོ་ཆེ་དང་འཇིགས་མེད་ཕུན་ཚོགས་ལྟ་བུ་བླ་མ་ཕར་གཡུགས་ནས་ཨ་ཀོན་དམ་ཉམས་ལས་དབང་ལུང་ཞུས་ཡུག་མོའི་རྐུབ་ཁ་གདམས་པ་ཁྱོད་དམྱལ་བ་འགྲོ་བའི་སྔ་བལྟས་རེད་ཀོ ད་ནས་གདོན་གཟུགས་དོད་འདུག་ག ད་མང་པོ་མི་བཤད་་་་་་་་་་་་་་་་་་་་་་་་་་་་་་་་

    འདི་ང་ཚོ་བོད་ཀྱི་ཚོང་དོན་ཁེ་སྐྱེད་ཙམ་ཡིན་ན་ཁྱེད་རྣམས་ལ་ཡི་རང་ཞུ་རྒྱུ་ཡིན། འོན་ཏང་ནང་བསྟན་ཆོས་ལུགས་ནི་དཔལ་འབྱོར་ལག་ཆ་མིན་པས་སོ། །
    ད་ལྟ་ངས་བོད་ཀྱི་ཡང་སྲིད་ལམ་ལུགས་དགོས་མིན་ཐད་གླེང་རྒྱུ་མ་ཡིན་པར། ལམ་ལུགས་དེའི་གོ་ས་ལ་འཚང་ཁ་བཀྱེ་བའི་བོད་སྤྲུལ་མང་ཆེ་ཤོས་ནི་ལུགས་གཉིས་ཀྱི་ཁྲིམས་སྲོལ་ལ་སྐྲག་ས་དང་འཇིགས་ས་མེད་པར་བག་མེད་རྒྱ་ཡན་ཤོར་བའི་ངང་ཚུལ་ལ་དཔྱད་ན། མཆོག་སྤྲུལ་དམ་པའི་མིང་ཐོག་ནས་བསྟན་པའི་སྲོག་རྩ་འཕྲལ་དུ་གཅོད་པའི་ཚུལ་ལ་བསམ་ན། ཕལ་ཆེར་བོད་ཀྱི་དགོན་སྡེའི་ལམ་སྲོལ་རྐང་འཆུག་པའི་དབང་གི་ཡིན་འདུག་སྟེ། བློ་གཟུར་བོས་དཔྱད་ན། སྟོན་པ་ཁོང་གིས་རིགས་རུས་བཟང་ངན་དང༌། ཕོ་སྒོ་ཆེ་ཆུང༌། ལོངས་སྤྱོད་སྲབ་མཐུག་མི་གཙོ་བ་འདི་གཅིག་རེད། དགེ་འདུན་སྤྱི་ཡི་གནད་དོན་དེ་མི་རེ་ཟུང་གིས་ཐག་མི་ཆོད་པར་དགེ་འདུན་སྤྱི་དབང་ཡིན་པ་འདི་གཅིག་རེད། དགེ་འདུན་གྱི་རྫས་དང་ཡོ་བྱེད་སོགས་ཀྱང་དགེ་འདུན་སྤྱི་དབང་ཡིན་པས་མི་ཆེན་གྱི་སྒེར་བདག་མིན་པ་འདི་གཅིག་རེད། དགེ་འདུན་གྱི་གྲོས་ཚོགས་ཁར་དགེ་སློང་གཅིག་མེད་པའམ་བློ་མཐུན་ཡོད་མེད་མ་ཤེས་ན། གཞན་པས་རང་གར་ཐག་ཆོད་ཀྱི་མེད་པ་འདི་གཅིག་རེད། བསླབ་ལྡན་ཡོན་ཏན་ཅན་ལ་ངོ་སོ་སྟེར་ཞིང༌། བཀུར་བསྟི་ཆེ་བའི་དགེ་མཚན་འདི་གཅིག་རེད། དེའི་དབང་གིས་ཤེས་རབ་ཆེ་བ་ཤ་རིའུ་བུ། མངོན་ཤེས་ཆེ་བ་མོའུ་ག་བུ་སོགས་དང་ཀླུ་ཐོགས་ཡབ་སྲས་ལྟ་བུས་མཐོ་རིམ་མི་སྣ་དེ་ཤེས་ཡོན་ཅན་གྱིས་བཟུང་ཡོད་པ་མངོན་གསལ་རེད།
    བོད་ན་ནང་བསྟན་དམངས་གཙོའི་སྲོལ་བཟང་མེད་པར་དབང་བསྒྱུར་པའི་གོ་ས་དེ་གཞན་པའི་ཐབས་ཤེས་ལ་བརྟེན་མཁས་པས། བརྒྱ་ཁ་གཅིག་ཆོད་ཀྱིས་དགེ་འདུན་པ་སྤྱི་དབང་གི་ཁེ་ཕན་བཅོམ་འགོ་ཚུགས། བསླབ་པའི་གོ་རིམ་དཀྲུགས། ནོར་དང་དབང་ལ་ངོ་སོ་གཏད། ཐོབ་དང་སྙན་གྲགས་ལ་སྐྱབས་འཚོལ། སྟོན་པའི་དགོངས་དོན་དང་ཡོངས་སུ་འགལ་བའི་དབང་གིས། ནང་ཆོས་ཀྱི་སྙིང་སྟོབས་དང་ཆོས་ཀྱི་རྒྱུན་ཤེས་བོར་བའི་དབང་གིས། ད་ལྟར་ང་ཚོའི་སྤྲུལ་རྫུན་འདི་དག་དགེ་འདུན་སྤྱི་ཡིས་བརྐོས་འདེམས་འོས་བབ་ཀྱི་ཐོག་ནས་བྱུང་བ་མ་ཡིན་ལ། རང་རང་རྣམ་དཔྱོད་ཀྱིས་བསྐྲུན་པའི་མཁས་བཙུན་བཟང་གསུམ་གྱིས་མཚན་བཟང་ཐོབ་པ་དེ་བས་མ་ཡིན་ཞིང༌། སྐུ་སྐྱེ་གོང་མའི་མཛད་སྤྱོད་རྗེས་དྲན་གྱི་རྟགས་དང་ངོ་མཚར་གྱིས་རྩོད་མེད་དུ་ཁྲི་ལ་བྱོན་པ་དེ་བས་ཀྱང་མ་རེད། རྟག་ཡིག་གནང་བའི་བླ་སྤྲུལ་རྫུན་མ། ལུང་བསྟན་གནང་བའི་ཆོས་སྐྱོང་རྫུན་མ། ཆོག་ཆན་གནང་བའི་ཐེལ་རྩེ་རྫུན་མ། ཁྲི་ལ་བཀོད་པའི་བྱིས་སྤྲུལ་རྫུན་མ། རྨོངས་དད་ཆེ་བའི་མང་ཚོགས་རྫུན་མའི་ཁྲོད་དུ། རྫུན་མའི་དཔུང་སྡེ་འདིའི་སྐུ་བསྟོད་རྒྱ་གར་ཡུལ། སྐུ་སྨད་རྒྱ་ནག་གྲོང་དུ་བསྲིངས་ནས་ཀླུང་རྟ་དར་ཡོད། དར་ཡོད་པའི་སྐུ་བསོད་དང་དབང་ཐང་ཚང་མ་དམ་པ་རྣམས་ཀྱི་མཚན་ཐོག་ནས་འབད་མེད་ཤུགས་འབྱུང་ཡིན་པས་རྒྱས་ཟས་དང་རྒྱས་སྤྲོས་བག་མེད་ཁ་ཡན་གྱི་འཚོ་བ་ནི་རྣམ་བསྐོས་སྲས་ཀྱི་ཟུར་བསྟེན་ཆུང་མ་ལས་ཀྱང་འདོད་ཡོན་ཚད་ལས་བརྒལ་བས་ད་ཆར་རྒྱལ་ཕྱི་ནང་ལ་འབྲུག་ལྟར་གྲགས་ཀྱིན་ཡོད་པ་རེད།
    ཡིད་སྐྱོ་བ་ལ། རྒྱལ་སྲིད་སྤངས་པའི་ཐུབ་པའི་རྗེས་འཇུག་དེ། ནོར་རྫས་སྤངས་པའི་བྱ་བྲལ་བའི་རྗེས་འཛིན་དེ། ལྷ་མིའི་བདེ་བར་དུག་ལྟར་གཟིགས་པའི་སངས་རྒྱས་ཀྱི་བསྟན་འཛིན་དེ། ཐོབ་དང་གོ་སས་སྟོང་པའི་སྟོན་པའི་བསྟན་བདག་དེ་འདི་འདྲ་ཞིག་ཨེ་ཡོད་ན། ང་ནོར་མེད་ན། ང་འཆུགས་མེད་ན། ཡིན་མི་སྲིད། ཀུན་གཟིགས་སི་ཏུ་པཎ་ཆེན་གྱིས། ཆུང་ནས་སྐུ་སྐྱེར་མིང་ཐོགས་དེར་བརྟེན་ནས། །དད་རྫས་གཉེན་པོ་ཐོ་ལུམ་འབར་འདྲ་བ། །རབ་མང་འཚེར་བ་མེད་པར་བླངས་བྱས་ནས། །དམ་ཉམ་ཁྱུ་གཅིག་ཚོགས་ནས་ལྷན་དུ་སྤྱད། །ཅེས་ཐུགས་སྐྱོ་བའི་གསུང་ཚུལ་ལ་དཔག་ན་ང་ནོར་མི་འདུག

    བོད་ཀྱི་ཁ་དཔེ་ལ། བླ་མས་དྲིལ་བུ་གར་བཞག་ལས། དྲིལ་བུས་བླ་མ་གར་བཞག་མིན། ཞེས་པ་ལྟར། ཚུལ་མཐུན་གྱི་དགེ་འདུན་པ་ཡོངས་ལ་བཤད་དབང་དང་དྲན་དབང་ཙམ་ཡང་མེད་པ་རེད། རྫུན་མ་རྣམས་ལ་སྐུ་རྒྱབ་ལ་བྲག བྲག་རི་ལ་རྩེ། རྩེ་མོ་ལ་མདུང་ཡོད་པས་ཁོང་ཚོ་དགེ་འདུན་པ་ལ་ནམ་ཡང་བརྟེན་མི་དགོས་ཤིང༌། དགེ་འདུན་རྣམས་འདོད་བློ་ཡོད་མེད་དེ་བས་བསྟུན་མི་དགོས་ལ། ཆོས་ལ་མཐུན་མིན་དེ་བས་ཀྱང་གཟིགས་ཀྱི་མེད། གྲྭ་པ་ཚོ་དགོན་པའི་སྒྲིག་སྲོལ་ཉི་ཚེ་བ་ལ་མ་མཐུན་ན་ཆད་ལས་སྣ་ཚོགས་ཤིག་སྤེལ་གྱིན་ཡོད་ཀྱང༌། སྤྲུལ་སྐུ་རྫུན་མ་ཚོ་ནི་ནམ་ཡ་ང་བཏུལ་མཁན་ཡོད་མི་སྲིད།

    ནང་ཆོས་སྒམ་དཀྱེལ་གྱི་དམངས་གཙོའི་ལམ་བཟང་ཉམ་པའི་དབང་གིས་ཆོས་དང་འཇིག་རྟེན་གང་ལའང་ལྟོས་མི་དགོས་པའི་བསྟན་པ་སྒེར་གཅོད་ཀྱི་བཙན་ཤད་འདི་ཅི་འདྲའི་ཡིད་སྐྱོ་བ་ལ། ཆོས་མིན་ཆོས་ལ་འཁྲུལ་བའི་སྦྱིན་བདག་འདི་ཚོ་ཅི་འདྲའི་ཡི་མུག་པ་ལ། རྨོངས་པ་ལ་ལས་བླ་མའི་མཛད་པ་མིས་རྟོགས་དཀའ་བས་འདི་ལྟར་སྐྱག་ལང་སོང་བ་འདི་ཡང་ཆོས་ཀྱི་རྩ་དོན་ཞིག་ཡོད་སྲིད་སྙམ་ན།

    འཇིག་རྟེན་གསུམ་གྱི་མགོན་པོའི་ཞལ་ནས། བཀག་པ་ཡེ་བཀག་གནང་བ་ཡེ་གནང་ལ། །ཆོས་ཀྱི་རྒྱལ་པོས་འགྲོ་བ་སྤྱི་ལ་བཅས། །འགྲོ་བ་གང་གིས་འདས་ཀྱང་ཉེས་པ་དང༌། །བསྲུང་བའི་ཕན་ཡོན་ཡང་ནི་ཀུན་ལ་འབྱུང༌། །གསུངས་འདུག་པས་དམིགས་གསལ་བོད་ཀྱི་སྤྲུལ་སྐུ་རྫུན་མ་དེ་ཚོ་ལ་མི་དགེ་བར་སྤྱོད་ཅིང་ནང་བསྟན་གཤིགས་པའི་དབང་ཆ་ཡོད་མེད་མཚམས་འདི་ནས་ཤེས་ཡོང༌། བསམ་མི་ཤེས་པའི་རྨོངས་པའི་ཁྲོད་དུ། སྟོན་པའི་ཁྲི་ལ་འགྱིང་བའི་ཆོས་དཔོན་མིང་ཁུར་བའི་ཧོར་འདྲ་འགའ་རེས། ཞལ་ངོ་མཐུག་ཙམ་གྱིས༌། ཡིན་མདོག་ཁ་བོས། དབུགས་ཐེར་ཐེར་གྱིས། ཚང་མས་དག་སྣང་སྦྱོངས་ཤིག བརྟག་དཔྱད་མི་རུང༌། ཁྱོད་ཚོ་བཟང་ངན་ཅི་བྱེད་ཁོ་བོའི་ཕྱག་ཡིན། ད་ལྟ་ཆོས་གནད་དུ་མ་སོང་བའི་རྩོད་པ་རྒྱག་མཁན། མགོ་མི་སྒུར་བའི་རྩོམ་པོ་ཚོའི་རྗེས་སུ་འབྲང་མི་རུང་ལ། ཁོང་ཚོ་ནི་རྟོག་གེ་པ་སྟེ་དགོས་པ་ཅི་ཡང་མེད་ཅེས་སྔ་ཕྱི་འགལ་བའི་རྡོ་རྗེའི་གསུང་ལ་དཔྱད་ན། འཇིག་རྟེན་བྱེད་པོ་ཞིག་ཡོད་ན་ཁོང་ཡིན་རྒྱུ་རེད་ཨང་སྙམ་པའི་འདི་པ་ཚང་གི་གསུང་ལ་དཔག་ན། བཟའ་དཔོན་ཆོས་གོས་ཅན་ཚོས་མུ་མཐུད་སྟོན་པའི་ཆོས་ལ་དཔུང་འཇུག་བཟོ་བདེ་བའི་ཇུས་ཆེན་ཞིག་མིན་ནམ་སྙམ་སོང༌། རྗེ་བཙུན་མི་ལས། ཨ་བྷི་ར་ཡི་རྒྱལ་ཁམས་སུ། །མཁས་པ་བས་ཀྱང་སྨྱོན་པ་བྲིན། །གསུངས་པ་འདི་ད་ལྟའི་སྤྱི་ཚོགས་དང་རྫུན་མ་ཚོ་ལ་སྤྱན་གྱིས་དངོས་སུ་གཟིགས་འདུག་གོ། །

    བོད་ཀྱི་དགོན་པའི་ལམ་ལུགས་འདི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་དུ་འགྲོ་མ་ཐུབ་པའི་ཚུར་ཆད་དུ་རྙོག་མ་ཅན་གྱི་བསྟན་པ། སྡོམ་ཤོར་ཅན་གྱི་བསྟན་འཛིན། བསླབ་འཆལ་ཅན་གྱི་སློབ་མ། དཔོན་ཚུགས་ཅན་གྱི་དགོན་བདག ཡིག་རྨོངས་ཅན་གྱི་མཁན་པོ། ཆགས་སྡང་ཅན་གྱི་བྱང་སེམས་སོགས་གཟུགས་བརྙན་འཆང་བའི་དཀོར་སྲིད་པ་དག་ང་འདྲ་བས་རྒྱུན་མི་ཆད་ལ་ཆད་ཀྱང་སྲིད་རྒྱུ་མ་རེད། སྤྲུལ་སྐུའི་ རྫུན་མ་དང་སྤྲུལ་སྐུའི་རྫུན་མའི་སྨྱོ་གར་དེ་བས་རྒྱུན་ཆད་མི་སྲིད། ང་ཚོའི་རིག་གཞུང་འདི་འཛམ་བུ་གླིང་དང་རྒྱལ་སྤྱི་རང་བཞིན་དུ་ཁ་ཕྱོགས་མི་ཐུབ་པར་མུ་མཐུད་སྐྱོ་གར་དང་སྨྱོ་གར་འཁྲབ་པ་ལ་དག་སྣང་དང་གསོལ་བ་རྐྱང་རྐྱང་གཏབ་པ་ཙམ་གྱིས་བསྟན་པ་ཉམ་རྐྱེན་ལ་ཁ་བསྣོན་བྱས་པ་ཙམ་རེད།

  132. ཨོ་རྒྱན་ཉི་མ། says:
    2012-10-15 at 12:57 pm

    ཁ་མ་ན་བར་དུ་ལབ་ཤོག་ཨ། ངས་ཀྱང་ལབ་ཆོག

  133. ཨོ་རྒྱན་ཉི་མ། says:
    2012-10-15 at 3:06 pm

    པད་མ་ཟེར་བ་ཁྱོད་ཀྱིས་གཏམ་གོ་རྒྱུ་ཡོད་འགའ་ཞིག་བཤད་འདུག ངེད་གཉིས་ཀྱི་བསམ་བློ་གཅིག་པ་རེད། ཡིན་ན་ཡང་ཨ་དཀོན་རིན་པོ་ཆེ་ལ་འདྲ་མིན་མ་ཞུས། ཁོང་གིས་དཀའ་ལས་རྒྱག་བཞིན་པ་དེ་ནི་ལས་སླ་མོ་ཞིག་མ་རེད། ངའི་ཆུང་མའི་ཞང་པོ་ཡིན་པ་ཙམ་གྱིས་བསྟོད་པ་བྱེད་ཀྱིན་མེད། མི་སྐྱོན་རྩ་བ་ནས་མེད་མཁན་ཞིག་འཇིག་རྟེན་འདིར་དཀོན་པོ་རེད། ཡིན་ན་ཡང་སྐྱོན་ཆེ་ཆུང་དང་། གལ་གནད་ཆེ་ལུགས་ལྟ་དགོས་ངེས་ཤིག་རེད། དེ་མིན་མིག་སེར་ལྡ ང་བ་ཙམ་ལ་རྒྱུ་མཚན་རྣ་མ་དག་འདུག་ཅེས་སུ་གཅིག་འབོད་མདོག་ཁག་པོ་མ་རེད།

  134. ཀརྡོ་གཉེར་ཕྱག་པ་ says:
    2012-10-15 at 3:15 pm

    དུས་འཁོར་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །

  135. amdo baglab says:
    2012-10-17 at 12:56 pm

    ཨོ་ཉི་ལགས་་་་་་་་་་་་་ཨ་ཀོ་ཟེར་བ་དེ་སུ་ཞིག་རེད་་་་་་་་་་་་གང་ན་ཡོད་རེད་་་་་་་་་་་ཁོང་བོད་ཀྱི་ཆོས་བརྒྱུད་ལྔ་ཡི་ནང་ནས་གང་རེད་་་་་་་་་་་་་་་་འབྱོར་པ་ཅན་ཞིག་རེད་པས་་་་་་་་་་་་་་་་་་་་་དགེ་སློང་སྡོམ་གཙང་རེད་དམ་་་་་་་་་་་་ཡང་ན་སྔགས་པ་ཚུལ་ལྡན་རེད་་་་་་་་་་་་་་ཁྱེད་ཀྱི་གསང་ཡུམ་གྱི་ཨ་ཞང་རེད་གསུངས་འདུག་པས་་་་་་་་་་་་་་་་ལན་གནང་རོགས་ཞུ།

  136. མེ་ཏོག་དཀར་པོ། says:
    2012-10-17 at 1:17 pm

    བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཟེར་བ་གོ་མྱོང་།

  137. ནུབ་ཕྱོགས་གངས་ཕྲུག་ says:
    2012-10-17 at 1:53 pm

    ཨ་དཀོན་སྤུལ་སྐུ།
    གནས་ཡུལ་རྒྱལ་ཁབ་ Scotland
    ཆོས་བརྒྱུད། ཀམ་ཚང་ཡང་ན་ཀརྨ་བཀའ་བརྒྱུད།
    ཆོས་ཚོགས། བསམ་ཡས་གླིང་།
    འཚོ་ཐབས། སྤྲུལ་ལོག

    ། ཆོས་རྒྱམ་དྲུང་པའི་རྣམ་ཐར་ནང་ཨ་དཀོན་གྱི་དྲུང་པར་བརྙས་བཅོས་ཚད་མེད་བྱས་ནས་མཐར་འུ་ཐུག་ནས་དྲུང་པ་ཨ་རིར་ཕེབས་འདུག ཡིན་ནའང་དྲུང་པའི་བཀའ་དྲིན་གྱིས་ཨ་རིར་བོད་བརྒྱུད་ནང་བསྟན་གྱི་སྙན་གྲགས་འཕེལ་ཡོད། ཨ་དཀོན་ལ་བྱས་རྗེས་གང་ཡང་མེད།

  138. ཀརྡོ་གཉེར་ཕྱག་པ་ says:
    2012-10-17 at 2:00 pm

    ཨོ་ཉི་དང་ཨ་དཀོན་གཉིས་གཉེན་འབྲེལ་ཡོད་ཟེར།

  139. ཀརྡོ་གཉེར་ཕྱག་པ་ says:
    2012-10-17 at 2:00 pm

    སྤྲུལ་ལོག་ཟེར་ན་ག་རེ་རེད།

  140. ཨོ་རྒྱན་ཉི་མ། says:
    2012-10-18 at 3:46 pm

    སྤྲུལ་ལོག་ཟེར་བ་གོ་མ་མྱོང་། གྲྭ་ལོག་ཟེར་བ་མང་པོ་ཐོས་མྱོང་ཡོད། ཧཧཧཧཧཧཧཧཧ

  141. སྤྲུལ་སྐུ་དབང་ཆེན says:
    2012-10-18 at 7:15 pm

    ཨ་དཀོན་རིན་པོ་ཆེས་བོད་ནང་ལ་ཕན་ཐོག་ཡ་ནང་བཞིན་ཞིག་ཕྱི་ལོགས་ན་བཞུགས་པའི་བླ་མ་སུས་ཀྱང་ཕན་ཐོག་མེད། ལོ་རྟག་པར་བོད་ནང་གི་སློབ་གྲྭ་ཆེ་འབྲང་ཆུང་གསུམ་ལ་རོགས་སྐྱོར་བྱེད་པ་དེ་ནི་དངོས་གནས་བློ་ཡུལ་ལས་འདས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme