Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིན་ཆེན་དོན་འགྲུབ་ཀྱི་དྲ་རྩོམ་ཞིག་ལ་དཔྱད་པའི་གཏམ།

Posted on 2011-08-19 By ཁ་བརྡ་ 11 Comments on རིན་ཆེན་དོན་འགྲུབ་ཀྱི་དྲ་རྩོམ་ཞིག་ལ་དཔྱད་པའི་གཏམ།

ལྷོ་ཕྱོགས་ཉི་ཟླ་ནས།

སྤྱིར་རྩོམ་པ་པོ་ཞིག་ཡིན་ན་གུ་ཡངས་ཀྱི་བསམ་བློ་དང་རྣམ་དཔྱོད་ཀྱི་གཤོག་རྩལ་རབ་ཏུ་རྒྱས་པའི་སྟེང་ནས་དགག་སྒྲུབ་ཀྱི་དབྱེ་འབྱེད་དག་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་དྲང་བདེན་གྱི་སྤོབས་པ་དང་རང་ཉིད་ལ་གདེངས་འཇོག་ཚད་ལྡན་ཞིག་གི་སྒོ་ནས་མི་རིགས་ཀྱི་སྐྱོན་ཡོན་གླེང་དགོས་པ་དང་བརྗོད་དགོས་པ་འདི་ཆེས་འོས་འགན་བླ་ན་མེད་པ་ཞིག་ཏུ་མཐོང་། ཡིན་ཡང་ཁ་སང་དྲ་གྲོགས་རིན་ཆེན་དོན་འགྲུབ་ལགས་ཀྱིས་སྤྲུལ་སྐུ་དང་གྲྭ་ལོག་གི་སྤྱོད་འཚར་ཞིག་བརྗོད་འདུག རང་ཉིད་ཀྱིས་ཞིབ་ཏུ་བཀླགས་ཀྱང་ཡ་མཚར་བ་ཞིག་ལ་སྐྱོན་ཡོན་གཉིས་ཀྱི་སྒོ་ནས་བརྗོད་དགོས་པ་ལས་སྐྱོན་རྐྱང་རྐྱང་མ་གཏོགས་རྩ་བ་ཉིད་ནས་གླེང་མི་འདུག དེ་བས་ཀྱང་རང་ཉིད་ཀྱི་སེམས་ལ་བབ་མ་སོང་། ཐད་ཀར་རྩོམ་པ་པོ་ཁོང་ལ་ཆེད་དུ་གསལ་ཁ་ཞིག་སྟོན་རྒྱུ་དྲན་བྱུང་།
སྤྱིར་སྤྲུལ་སྐུ་ལབ་ན་ཆེན་པོ་ཞིག་ཏུ་འཇོག་དགོས་པ་དང་གོ་དགོས་པ་ཞིག་ག་དུས་ཡིན་ནའང་རང་ཉིད་ཀྱིས་མཐོང་གི་མེད་ལ་ཚད་ཆེན་པོ་ཞིག་ཡང་འཇོག་གི་མེད། བླ་མ་དང་སྤྲུལ་སྐུ་ལ་མུ་གསུམ་མུ་བཞི་འཇོག་དགོས་པ་དེ་གནད་འགག་ཆེན་པོ་ཞིག་རེད་བསམ་གྱིན་ཡོད། སྤྲུལ་སྐུ་ཡིན་ན་བསྟན་དོན་དུ་ཕེབས་དགོས་པ་ཞིག་ལུང་དང་རིག་པ་གང་ནའང་གསུངས་མེད་པར་མ་ཟད་སྒྲུབ་དགོས་ཀྱང་སྒྲུབ་ག་ལ་ཐུབ། དེ་བས་སྤྲུལ་སྐུ་དང་སྤྲུལ་མིང་འཛིན་པ་གཉིས་ལ་ཡང་ཁྱད་པ་ཆེན་པོ་ཡོད་ཤེས་གདའ།
དཔེར་ན། སེང་རྡོར་དང་སྒོ་མོ་ཁོང་གཉིས་ལྟ་བུ་ལ་སྤྲུལ་མིང་འཛིན་པ་ལབ་རྒྱུ་ལས་སྤྲུལ་སྐུ་ཞེས་སེམས་དང་ལྡན་པ་སུ་ཞིག་གིས་བརྗོད་ཀྱི་རེད་དམ། ཆོས་ལ་རྨོངས་པའི་ཨ་མ་རྒན་མོ་དག་གིས་དེ་ཚོའི་ཁྱད་པ་དབྱེ་འབྱེད་ཤེས་ཐུབ་དཀའ་བ་ཙམ་ལས་ཁྱེད་མཚན་ཉིད་རིག་པ་བ་ཞིག་གིས་འདི་དག་གཅིག་ཏུ་འདྲེན་པ་དེ་ཁོ་བོ་ཡ་མཚར་སྐྱེས་སོང་།
ཁོ་བོ་དག་གིས་ཆོས་དང་མ་འདྲེས་བའི་རང་མི་རིགས་ཀྱི་བདེན་དོན་དུ་གང་ཡོང་ཅི་ཡོང་གི་ཞབས་ཞུ་མི་དམན་པ་ཞིག་བསྒྲུབ་དང་སྒྲུབ་བཞིན་པ་རེད། ཁོང་རྣམ་པའི་གསར་གཏོད་དང་གཅིག་སྒྲིལ་གྱི་ལམ་ཁ་འདིའི་ནང་དུ་ང་ཚོ་བོད་མི་རིགས་ཀྱིས་མདུན་བསྐྱོད་ཅིག་བྱེད་ཐུབ་ན་ཅི་མ་རུང་སྙམ།
སྤྲུལ་སྐུ་སེང་རྡོར་གྱིས་ཆགས་པའི་འགྲེལ་བཤད་བརྩམས་ཤིང་། སྒོ་མོ་སྤྲུལ་སྐུས་ཆགས་པའི་ཉམས་འགྱུར་ཅན་གྱི་གཞས་གར་འཁྲབ། འདི་ནི་སྤྲུལ་སྐུའི་ནང་ནས་ཅུང་ཟུར་ཐོན་གྱི་སྤྲུལ་སྐུའི་མཛད་སྤྱོད་མ་འདྲ་བ་གཉིས་ཡིན་ཞིང་ཧམ་པ་ཆེན་པོས་ངན་བྱས་ངོ་སོ་རུ་ངོམ་པའི་སྤྲུལ་སྐུའི་མཛད་སྤྱོད་གཉིས་ཀྱང་ཡིན། རྩོམ་པ་པོ་ཁོང་གིས་འགྲེལ་སྟངས་འདི་གནས་ལུགས་ཤིག་ཏུ་མཐོང་མ་སོང་། ཁོང་གཉིས་ཀྱིས་ཆགས་པའི་སྒྱུ་རྩལ་དེ་སྨྱུག་ཐོག་དང་རྣམ་འགྱུར་གྱིས་བསྟན་པ་དེ་ཙམ་གྱི་སྤྲུལ་སྐུའི་མཛད་སྤྱོད་མ་འདྲ་བ་་གཉིས་བསྟན་སོང་ལབ་ན་རང་ཉིད་ལ་ཧམ་པ་ཆེ་དྲགས་སོང་། ཁོང་གཉིས་ཀྱི་མཛད་པ་དེ་སྤྲུལ་སྐུའི་མཛད་པ་མ་རེད། སྤྲུལ་མིང་བའི་མཛད་པ་ཙམ་བཞག་ན་མི་ཆོག་པ་མེད། བཞག་དགོས་པ་ཞིག་ཏུ་མཐོང་མ་སོང་།

གྲྭ་ལོག་བསམ་མེད་མདོ་མེད་འགས་དེ་ལ་བསྟོད་བསྔགས་འཐེན་བཞིན་གསར་གཏོད་དང་དེང་དུས་ཀྱི་འགྲེལ་བཤད་འོག་ནས་བྱས་རྗེས་ཆེ་རབས་ཟེར། ཨ་རིག་འགྱུར་མེད་ཀྱི་འཁྲིག་གཏམ་དམར་རྗེན་མའི་དེབ་དེ་རྩོམ་པ་པོ་རང་ཉིད་ཀྱི་ཉམས་མྱོང་དང་མྱོང་ཚོར་ཆེན་པོའི་སྒོ་ནས་བྲིས་འདུག་པས་བསྔགས་བརྗོད་ལས་འོས་མེད། ཡིན་ཡང་ཆོས་ལུགས་གཅིག་ལ་ཤི་འཐམ་རོ་འཐམ་རྒྱག་མཁན་གྱི་གྲྭ་བ་འགས་འདི་ལ་མི་མཛེས་མདོག་འདྲ་བོ་སྟོན་མཁན་ཡོད་སྲིད་ཀྱང་། ང་ཚོ་སྤྱི་ཚོགས་ཀྱི་འཁོར་ཡུག་ཆུང་དྲགས་པས་ངོ་ཚ་མདོག་འདྲ་བོ་དང་། ཆོས་ལུགས་དང་རྒྱབ་འགལ་རེད་ལབ་མཁན་དག་གིས་ཐུགས་བསམ་ཡག་པོ་མ་བཞེས་པའི་ཐན་སྐད་ཅིག་ལས་གཞན་མ་དམིགས་སོ།

ཆགས་སྲེད་ཀྱི་སྐྱོན་ཡོན་དང་ཨ་རག་གི་སྐྱོན་ཡོན་འདི་མ་གླེང་ན་མི་མང་པོ་ཞིག་རྟག་པར་བཟི་ནས་ལམ་ཁ་ཡོད་ཚད་ནས་ཡོད་ཚད་འགག་འགྲོ་བའི་ཉེན་ཁ་ཆེན་པོ་ཡིན་ཙང་གླེང་དགོས་པ་འདི་རྩོམ་པ་པོ་ཞིག་གི་འོས་ཞིག་ཡིན་པ་ངེས་པར་མཐོང་།
དཔེར་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་དེ་ཡང་སྒྱུ་རྩལ་གྱི་ཕྱོགས་ཡོང་ནས་ཆེས་སྙིང་དོན་ཅན་གྱི་རང་རྩོམ་ཞིག་ཡིན་པ་མ་ཟད་ང་ཚོའི་ཁོར་ཡུག་ཆུང་ཆུང་འདི་དང་འབྲེལ་ན་གསར་གཏོད་ཀྱི་རྣམ་པ་ཞིག་གསལ་བར་མངོན། ངོ་བོས་གནས་ཚུལ་གྱི་གཏམ་ག་རེ་བརྗོད་ཀྱང་རྗེས་སུ་ཡི་རངས་ཞུ་བ་ལས་དེ་ལ་དགའ་མིན་དགའ་མདོག་བྱས་ན་སྤྱི་ཚོགས་ལ་ཡར་རྒྱས་མེད་པར་མ་ཟད་བོད་མི་རིགས་ལྟ་བུ་ལ་མཚོན་ན་ཡང་འགག་རྡོ་ཆེན་པོ་ཞིག་ཡིན་པས་རྩོམ་པ་པོ་དང་བསམ་བློ་པ་ཆབ་སྲིད་པ་གཞུང་སྒེར་སུ་ཡིན་ཡངས་གུ་ཡངས་གི་བསམ་བློ་འདི་མེད་དུ་མི་རུང་བ་ཞིག་ཡིན་པས་ཚང་མས་འདི་ལ་ཐུགས་ཁུར་ཆེ་བཞེས་གནང་དགོས་པ་ཞིག་ཏུ་མཐོང་ངོ་།

སྣ་ཚོགས།

Post navigation

Previous Post: འཇིགས་སྐུལ་བས་རླངས་འཁོར་ལ་མེ་མདའ་བརྒྱབས་ནས་མི་བདུན་གསད་སོ་གསུམ་རྨས།
Next Post: རྫ་དྲེལ་དགོན་དུ་འཚོགས་པའི་འདི་ལོའི་གངས་ལྗོངས་མཁས་པའི་ལྷན་ཚོགས་སྐབས་བརྒྱད་པའི་ཐོག་མཐའི་གནས་ཚུལ་ཆ་ཚང་།

Comments (11) on “རིན་ཆེན་དོན་འགྲུབ་ཀྱི་དྲ་རྩོམ་ཞིག་ལ་དཔྱད་པའི་གཏམ།”

  1. འཚུབ་དགའ་ says:
    2011-08-19 at 4:59 am

    དཔེ་ཡག་༷པོ་ དཔེ་ཡག་པོ་ དེ་རང་རེད་ དངོས་གནས།

  2. བཙན་བྱོལ་བ་ says:
    2011-08-19 at 6:24 am

    ཁོ་བོས་བལྟས་ན་ཁྱེད་རང་གི་རྩོམ་བྲིས་དེ་ཡང་རྩོམ་པ་པོ་ཞིག་གི་འོས་འགན་དེ་ལས་བརྒལ་འདུག གང་ཡིན་ཟེར་ན། ཕྱོགས་ལྷུང་གིས་སྦགས་པས་སོ། །ཡིད་མ་ཆེས་ན་རང་གིས་རང་ལ་བྲིས་ན་མཁྱེན་ངེས། ཡིད་མ་ཆེས་ན་སེང་རྡོར་དང་སྒོ་མོ་བླ་མ་ལྟ་བུ་ལ་སྤྲུལ་སྐུའི་མིང་གི་ཐོག་ནས་སྐྱོན་བརྗོད་དང་། ཡང་ཨ་རིག་འགྱུར་མེད་དང་དགེ་འདུན་ཆོས་འཕེལ་གཉིས་ལ་འཁྲིག་སྤྱོད་ཀྱི་རྩོམ་སྤེལ་བ་ལ་རྒྱབ་སྐྱོར་བྱེད་པ་དེར་ཡང་སྙིང་ཁྱེད་ཀྱི་ཁོངས་ལ་ཕྱོགས་ལྷུང་གི་དྲ་འབུའི་ནད་སློང་བ་ཞིག་ཏུ་འཁུམས།

  3. བཙན་བྱོལ་བ་ says:
    2011-08-19 at 6:24 am

    ཁོ་བོས་བལྟས་ན་ཁྱེད་རང་གི་རྩོམ་བྲིས་དེ་ཡང་རྩོམ་པ་པོ་ཞིག་གི་འོས་འགན་དེ་ལས་བརྒལ་འདུག གང་ཡིན་ཟེར་ན། ཕྱོགས་ལྷུང་གིས་སྦགས་པས་སོ། །ཡིད་མ་ཆེས་ན་རང་གིས་རང་ལ་བྲིས་ན་མཁྱེན་ངེས། ཡིད་མ་ཆེས་ན་སེང་རྡོར་དང་སྒོ་མོ་བླ་མ་ལྟ་བུ་ལ་སྤྲུལ་སྐུའི་མིང་གི་ཐོག་ནས་སྐྱོན་བརྗོད་དང་། ཡང་ཨ་རིག་འགྱུར་མེད་དང་དགེ་འདུན་ཆོས་འཕེལ་གཉིས་ལ་འཁྲིག་སྤྱོད་ཀྱི་རྩོམ་སྤེལ་བ་ལ་རྒྱབ་སྐྱོར་བྱེད་པ་དེར་ཡང་སྙིང་ཁྱེད་ཀྱི་ཁོངས་ལ་ཕྱོགས་ལྷུང་གི་དྲ་འབུའི་ནད་སློང་བ་ཞིག་ཏུ་འཁུམས།

  4. ལྕགས་འགོར says:
    2011-08-19 at 10:10 am

    བཙན་བྱོལ་བ་ལ་རྒྱབ་སྐྱོར་ཡོད། ཕྱོགས་ལྷུང་གི་དྲི་མས་སྦགས་འདུག རང་གི་ཅི་བཤད་ལ་དཔྱད་པ་མཛོད།

  5. ཆོས་བཟང་ལྷ་མོ་ says:
    2011-08-19 at 3:55 pm

    ཡ་རབས་བཟང་སྤྱོད་ངོ་ཚ་ཁྲེལ་ཡོད་བག་དང་ལྡན་པ་གཞོན་པས་རྒན་ལ་བརྩི་བཀུར་
    རྒན་པས་ཆུང་ལ་བྱམས་སྐྱོང་སོགས་ནི་བཟང་སྤྱོད་རེད་དེ་ལས་ལྡོག་དེ་གཞོན་པས་
    རྒན་ལ་མཐོང་ཆུང་བྱེད་པའི་གསར་གཏོད་འདི་མི་དགོས་པར་དེ་བཞིན་དུ་ཕ་མ་སྤུན་མཆེད་སར་
    ཆགས་ཚིག་དམར་རྗེན་སྨྲས་ན་དེ་འདྲའི་གསར་གཏོད་དེ་ཡང་ང་ཚོ་ལ་དགོས་པ་མི་འདུག
    ང་ཚོར་དགོས་པའི་གསར་གཏོད་ནི་བཟང་སྤྱོད་ཀྱི་གསར་གཏོད་ཡིན་ལགས།
    འདི་ནི་ང་རང་སྒེར་གྱི་བསམ་ཚུལ་ཙམ་ཡིན།

  6. ཚ་སྒང་ཕོ་ཉ་ says:
    2011-08-19 at 4:04 pm

    སྤྲུ་སྐུ་གྲྭ་པ་ལོག་སོང་ན་ཡང་ད་དུང་གྲྭ་པ་ཡིན་མདོག་བྱེད་མཁན་དག་ལས་མི་སྐྱ་ཞིག་གི་བྱེད་ཕྱོགས་ལ་འཇུག་ནས་རང་ཉིད་ཀྱིས་གང་ནུས་ལས་དོན་གཅིག་ལ་འབད་པར་དེ་རྒྱབ་སྐྱོར་ཡོད། གཞན་དེང་སྐབས་ད་དུང་དགོན་པའི་ནང་ལ་ཚང་ནས་ཆོས་པ་དག་མ་ཞིག་ཡིན་ཁུལ་བྱེད་མི་མང་གི་ལག་ལས་གང་ཐོབ་བླང་མཁན་དག་ནི་དགག་དགོས་པའི་སྤྲུ་སྐུ་དག་རེད་མ་ནོར་བ་བྱེད་དགོས་རེད།

  7. མིག says:
    2011-08-19 at 8:43 pm

    དྲ་ཐོག་འདི་ན་སྐྱག་དྲི་ལས་མེད་པ་གང་རེད།

  8. dawa says:
    2011-08-20 at 8:46 am

    ཆོས་བཟང་ལྷ་མོའི་གསུངས་པ་བཞིན་ཆགས་སྲེད་རིགས་ཀྱི་རྩོམ་ཡིག་སྤེལ་བའམ་ཚགས་པར་འགྲེམས་པ་སོགས་ནི་རང་རེའི་སྤྱི་ཚོགས་འདིར་ཆེས་མི་འཚམས་པ་ཞིག་ཏུ་མཐོང༌། བོད་མི་རིགས་ནི་སྔ་མོ་ནས་ཡ་རབས་ཚུལ་མཐུན་དང་ངོ་ཚ་ཁྲེལ་ཡོད་ཀྱི་མི་རིགས་ཤིག་ཡིན་སྟབས། རང་རེར་ཡོད་པའི་གོམས་སྲོལ་བཟང་པོ་དག་སྣང་མེད་གཏོར་རྐྱང་བྱེད་པ་ནི་ཆེས་མི་ལེགས་པའི་གནས་སུ་སེམས། ཨ་རིག་འགྱུར་མེད་སོགས་གསར་གཏོད་ལ་དགའ་བ་དགས་མི་རིགས་ཤིག་གི་ལོ་རྒྱུས་དང་སེམས་གཤིས་ཀྱིས་བསྐྲུན་པའི་བག་ཆགས་གོམས་སྲོལ་དང་བཅས་པ་སྣང་མེད་དུ་བཞག་པ་ཙམ་མ་ཟད། མ་འོངས་མི་རབས་གསར་པའི་གཞོན་སྐྱེས་ཚོའི་མདུན་ལམ་དང་སྤྱི་ཚོགས་ཀྱི་གནས་བབ་ལ་བསམ་གཞིགས་ཏིལ་འབྲུ་ཙམ་ཡང་མ་གནང་བ་ཆེས་ཡིད་སེམས་སྐྱོ་བའི་གནས་ཁོ་ནའོ། མ་འོངས་པར་རང་རེའི་སྤྱི་ཚོགས་འདིའི་རྒན་དར་གཞོན་གསུམ་གྱི་ཆེ་བཀུར་ཆུང་བརྩི་སོགས་མེད་པར་ལུས་པོ་དམར་ཧྲེང་དུ་བུད་དེ་མཇེ་དང་སྟུ་བསྟན་རྒྱུར་ཅི་མི་སྙམ་པར། མཇེ་དང་སྟུ་ཡི་འགྲེམས་སྟོན་དང་ཚོང་ཁང་སོགས་གང་དུའང་མཐོང་རྒྱུ་ཡོད་པ་དང་བཙན་གཡེམ་དང་གསོད་གཏུབ་ཀྱི་རིགས་རྒྱུན་མར་གནས་པའི་སྤྱི་ཚོགས་ཤིག་ཏུ་གྱུར་ན་ཅི་བྱེད།

  9. རེ་བ་ says:
    2011-08-20 at 11:19 pm

    ཆོས་བཟང་ལྷ་མོས་གསུངས་ལ་མངོན་པར་བསྟོ་དོ།།

  10. རེ་བ་ says:
    2011-08-20 at 11:22 pm

    ཆོས་བཟང་ལྷ་མོས་གསུངས་པ་ལ་མངོན་པར་བསྟོད་དོ་།།

  11. ཀླུ་སྨྱོན། says:
    2011-08-21 at 12:19 am

    མི་ལ་ལ་ཞིག་གིས་སེམས་ཁམས་ཐང་པོ་ཡིན་དུས་བྱ་དང་རི་དྭགས་ཀྱི་རྣམ་པ་ཅན་གྱི་སྤྲུལ་པ་ཡོད་ཟེར། སེམས་ཁམས་ཐང་པོ་མེད་དུས་སེང་རྡོར་དང་སྒོ་མོ་གཉིས་སྤྲུལ་སྐུ་མ་རེད་ཟེར། དོན་ངོ་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་ཟེར་བ་འདིའི་མཐའ་ཇི་ལྟར་འཛིན་དགོས་ནི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme