Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་ལ་རེ་བ་ཞིག་ཡོད་དམ།

Posted on 2011-03-212011-03-21 By ཁ་བརྡ་ 32 Comments on ང་ཚོ་ལ་རེ་བ་ཞིག་ཡོད་དམ།

la-ma
བཀྲ་ཤིས་སྒྲོལ་མ།
དེ་རིང་ནི་བོད་བཙན་བྱོལ་ནང་གི་བོད་མི་བརྒྱད་ཁྲི་ལྷག་གིས་ཉིན་བརྒྱ་དུས་གཅིག་ལ་རང་ཉིད་ཀྱི་མ་འོངས་དབུ་ཁྲིད་ཐད་འདེམས་ཀྱི་དངོས་གཞིའི་འོས་བླུག་གི་ཉིན་མོ་རེད། ང་ཡང་འོས་བླུག་ཏུ་སོང་བ་ཡིན། ལམ་འགྲམ་གྱི་རྩིག་གྱང་གཡས་གཡོན་དུ་གནས་ཚུལ་ཡ་མཚན་པ་ཞིག་མཐོང་རྒྱུ་ཡོད་པ་ནི། བོད་མི་མང་སྤྱི་འཐུས་ལས་ཐོག་སྤྲུལ་སྐུ་ཨུ་རྒྱན་གྱིས་མི་མང་ལ་སྐུལ་སློང་གི་ཕྱག་འཕྲིན་ཐུང་ཐུང་འདི་རེད། ཡི་གེ་འདིའི་སྦིར་གཞས་གྲོང་གི་ཕྱི་ནང་གི་རྩིག་གྱང་ཡོངས་རྫོགས་གང་ཡོད། འཕྲིན་ཡིག་འདིར་ཐིག་ཕྲེང་བཞི་ལྔ་ཞིག་ལས་མེད་ནའང་ནང་ལ་ཡིག་སྐྱོན་རྐྱང་ཡིན་པ་མཐོང་གསལ་ཡིན་རུང་། ནོར་བ་མང་ཞིང་མང་ནུས་པ་ཆེ་བས་ཡི་གེ་འདིས་ཏན་ཏན་གཞན་མི་ཤེས་ཏེ་རང་གི་ཁ་དང་ལག་འོག་ཏུ་ཆུད་པའི་སྦིར་གཞས་གྲོང་གི་སེར་སྐྱ་མི་མང་ལ་བརྡ་ལན་ཏག་ཏག་འཕྲོ་ཡོད་ཚོད་རེད། དེ་ནི་འདི་གའི་བོད་མི་ཚོས་སྐད་ཆའི་གླེང་ཕྱོགས་ལ་ཉན་ན་ཧ་གོ་གི། ཡི་གེ་འདིའི་ནང་ནན་མོ་བྱས་ནས་གླེང་ཡོད་པ་ཞིག་ལ། ང་ཚོ་ལ་རེ་བ་ཞིག་ཡོད་པས་ཞེས་ནན་མོ་བྱས་ནས་གསུངས་ཡོད། དྲྭ་གྲོགས་ཚོས་སོམས་དང་ང་ཚོ་ལ་རེ་བ་ཞིག་འདུག་གམ།

གསར་འགྱུར།

Post navigation

Previous Post: བོད་ཁྱི་དང་བོད་མི། ད་དུང་བྲན་གཤིས།
Next Post: བརྩེ་དུང་ཁྲོད་ཀྱི་མི

Comments (32) on “ང་ཚོ་ལ་རེ་བ་ཞིག་ཡོད་དམ།”

  1. ལ་རྒྱའི་བདག་པོ། says:
    2011-03-22 at 12:27 am

    ད་ཐེངས་ཀྱི་བཀའ་ཁྲིའི་འོས་བསྡུ་ཆེན་མོའི་ཁྲོད་བློ་བཟང་སེང་གེ་ལགས་ཀྱི་རྒྱབ་ལོགས་སུ་མདོ་ཁམས་ཀྱི་བྲག་རི་ཁྱུ་ཞིག་དངོས་གསལ་དོད་པོས་ལངས་འདུག་པ་དཔེར་ན།
    ཨ་རིར་ཡོད་པའི་བཀའ་ཟུར་པད་མ་ཆོས་འབྱོར་དང་།
    ཨ་རིའི་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས།
    བཀའ་ཟུར་མདོ་སྔགས་བསྟན་འཛིན།
    སྤྱི་འཐུས་ཨུ་རྒྱན་སྟོབས་རྒྱས་སོགས་ཡིན།ངས་ཁོང་རྣམས་གཡོ་ལྷད་མེད་པའི་ཐོག་ནས་དངོས་གསལ་ངང་འོས་བསྡུའི་ཆ་ཤས་བཞེས་པར་ཡི་རངས་ཞུ་རྒྱུ་ཡིན།

  2. འཇམ་དཔལ་ཚུལ་ཁྲིམས། says:
    2011-03-22 at 1:06 am

    དྲ་གྲོགས་ལགས།
    སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས་ཕྱག་ལས་ནོར་བ་ཞིག་གནང་བ་འདྲ། གང་ལགས་ཤེ་ན་འདི་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་ཚོད། དེ་ནི་སྤྱི་འཐུས་སམ་ཁྲིམས་བཟོ་བ་ཞིག་གི་ངོས་ནས་བསམ་ན་ཧ་ཅང་ཐ་ཤལ་གྱི་ལས་ཀ་ཞིག་རེད།

  3. འཇམ་དཔལ་ཚུལ་ཁྲིམས། says:
    2011-03-22 at 1:10 am

    ད་ཡང་ཁ་བརྡ་དྲ་བར་གཅིག་བྱུང་བ་འདྲ། མཆན་མི་ཞོག་ཀི
    འོས་བསྡུའི་སྒྲིག་དང་འགལ་ཡོད་སྲིད་ཟེར་བའི་རྒྱུ་མཚན་ནི་ཤོག་བུ་དེ་སྤྱི་ཚེས་༢༠་ཉིན་དེ་ལྟར་སྦྱར་ཡོད་ན་སྒྲིག་གཞི་དང་འགལ་ཡོད་སྲིད་བསམ་པ་ཡིན།

  4. སྤངས་སྤོས། says:
    2011-03-22 at 1:20 am

    ད་གང་ཤེས་ཁྲིམས་བཟོ་བ་ཞིག་གི་ངོས་ནས་བསམ་བཞིན་དུ་ཁྲིམས་འགལ་གནང་ན་ད་ཁྲིམས་སུས་འཁུར་གྱི་་རེད་དམ།

  5. སྤོབས་པ་མཐའ་ཡས། says:
    2011-03-22 at 1:39 am

    འདི་འབོད་སྐུལ་ཞུས་ཙམ་རེད་མ་གཏོགས་དེ་ལྟར་མ་བྱས་ན་མི་ཆོག་པའི་གསལ་བསྒྲགས་ནི་མ་རེད། ཁོ་རང་མི་སྒེར་ངོས་ཀྱི་ཡིད་ཆེས་དང་འབྲེལ་བའི་འབོད་སྐུལ་ཙམ་ལ་དེ་ཙམ་གྱིས་ཧ་ལས་དགོས་དོན་མི་འདུག

  6. རེབ་གོང་བཀྲ་ཤིས། says:
    2011-03-22 at 2:03 am

    གང་ལྟར་མདོ་སྟོད་སྤྱི་འཐུས་ཨོ་སྟོབས་ཀྱི་བྱེད་སྟངས་སྐྱུག་བྲོ་བོ་དེ་དག་མཐོང་དུས། བློ་སེང་གི་རྒྱབ་ལྗོངས་དང་རྒྱབ་རོགས་དངོས་མ་ཚོ་རང་ཤུགས་ཀྱིས་གསལ་ཡོང་། བོད་མི་མང་སྤྱི་འཐུས་ཤིག་གིས་ཕྱོགས་འཐེན་གྱི་སྐུལ་སློང་འདི་འདྲ་བྱེད་དུས། ད་བོད་མི་རིགས་ལ་རེ་བ་ཞིག་ཡོད་འགྲོ་བསམ་པ་གཏན་ནས་མི་འདུག

  7. སྤངས་སྤོས། says:
    2011-03-22 at 2:10 am

    སྤྲུལ་སྐུ་རིན་པོ་ཆེ་༧སྐྱབས་སུ་མཆི། སྐུ་སྐྱེ་གཞན་དོན་དུ་ཕེབས་ན། །བསྟན་དོན་ལག་རྗེས་ཤིག་འཇོག་རོགས།
    ལུང་ཞེན་འཐེར་འཁྱེར་གྱི་མཛད་པ། །སྤྲུལ་སྐུས་གནང་དགོས་རང་ཨེ་ཡོད། །གོང་མའི་ཞབས་འདྲེན་རང་ཞུས་ནས། །ཕ་རྒན་འཆང་རྒྱལ་ལས་ལོད་པའི། །མཛད་པ་སྐྱོང་དགོས་རང་ཨེ་ཡོད།

  8. ten zin pema says:
    2011-03-22 at 2:23 am

    མདོ་སྟོད་སྤྱི་མཐུས་ཨོ་རྒྱན་སྟོབས་རྒྱལ་གིས་བྱས་སྟེངས་ལ་བལྟས་ན་་མདོ་སྟོད་མི་མང་གི་ཞབསའདྲེན་རང་རེད་གདའ།

  9. གཉན་གཡག་ཕྲུག says:
    2011-03-22 at 3:00 am

    ལྐུག་པའི་ཨུ་ཚུགས་ཀྱི་སྤྱི་འཐུས་དང་བོད་མི།
    ༄༅།།འ་ཙི་སྤྱི་འཐུས་རྣམས་པ་ད་དུང་ལྐུགས་པ་ཨུ་ཚུགས་རང་རེད། ༧གོང་ས་མཆོག་དགུང་ལོ་ བཅུ་དྲུག་ནས་དུས་ད་ལྟའི་བར་མི་ལོ་ཧྲིལ་པོ་དྲུག་ཅུ་ཙམ་གྱི་རིང་བྱིས་ཕྲུག་ཐང་ལུས་འདྲ་བའི་བོད་བསྟན་སྲིད་མི་དམངས་ཀྱི་དོན་དུ་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་སྐྱོན་ནས་ད་གཟོད་སྐྱབས་འབངས་མི་དམངས་རྣམས་རང་མགོ་རང་གི་འདོན་པའི་དུས་སྔ་མ་དྲག་ཕྱིས་མ་དྲག་འོས་ཤིང་འཚམ་པ་ཞིག་ཡིན་པར་མཁྱེན་ནས་༧རྒྱལ་བ་དོན་གྱི་བདག་པོས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནད་འགག་ལ་གཟིགས་ཏེ་བོད་ཀྱི་ཆབ་སྲིད་བགྲེས་ཡོལ་གནང་བ་དེ་ནི་བོད་བསྟན་སྲིད་དང་མི་དམངས་ཐུགས་ནས་འདོར་གནང་བ་མ་ཡིན་པར། སྔོན་བྱོན་
    ༧རྒྱལ་བ་གོང་མ་རྣམས་ཀྱིས་མཛད་པ་དང་། གཟི་བརྗིད་ལ་ཡིད་རངས་སྔགས་བརྗོད་ཀྱི་འོས་སུ་འགྱུར་བ། ད་ལྟའི་རྒྱ་བོད་ཕན་ཚུན་གཉིས་མོས་ཀྱི་ཆབ་སྲིད་ཞི་མོལ་གྱི་རྒྱུད་ལམ།མ་འོངས་བོད་བསྟན་སྲིད་མི་དམངས་ཀྱི་ཆེད་དུ་ཕན་དང་བདེ་བའི་རྩ་བ་དུས་གསུམ་གསལ་གཟིགས་ཀྱིས་དགོས་པ་རྒྱུ་མཚན་མང་པོ་ཞིག་དང་
    དེ་ཡང་གློ་བུར་དུ་ཐུགས་ཐག་བཅད་གནང་བ་མ་ཡིན་པར་དུས་ཡུན་རིང་པོ་ཞིག་ནས་དགོངས་བཞེས་གནང་
    ནས་ངེས་ཤེས་ཡང་དག་བརྙེད་པ་ཞིག་ཡིན་པར་ཡང་ནས་ཡང་དུ་བཀའ་གནང་ཡོད་པ་མ་ཟད་ད་ལམ་བཅོ་ལྔ་མཆོད་པའི་ཉིན་མོ་ཆོས་ཞུར་བཅར་བའི་སེར་སྐྱ་ཕོ་མོ་ཡོངས་ལ་སྩལ་བའིབཀའ་སློབ་དེར་བསམ་བློ་གཏིང་
    གཟབ་གཏོང་དགོས་པ་མ་ཡིན་ནམ། དེ་ལྟ་བུའི་བཀའ་སློབ་ལ་ཡིད་ཆེས་དང་། གུས་བརྩི། བསམ་ཤེས་
    མེད་པར་སྤྱི་འཐུས་རྒྱུན་ལས་ནས་དྭངས་ལེན་མ་གནང་བ་མ་ཟད་ད་དུང་དེ་ལས་ལྡོག་ཏེ་༧གོང་ས་
    མཆོག་ལ་མུ་མཐུད་བོད་ཀྱི་ཆོས་སྲིད་ཀྱི་དབུ་འཁྲིད་གནང་དགོས་པའི་གསོལ་འདེབས་བྱེད་བཞིན་འདུག
    སྤྱི་འཐུས་ཀྱི་བསམ་ཚུལ་འདིའི་ཐད་བཀའ་ཤག་ནས་དགག་བྱ་གནང་བ་དང་།སྤྱི་འཐུས་ཆབ་དྲག་ལྷ་མོ་སྐྱབས་
    ཀྱི་བསམ་ཚུལ་ལ་ཡིད་རངས་དང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།གཟིགས་དང་རང་རེ་ཚོས་དུས་རྒྱུན་དུ་དད་གུས་ཆེན་པོ་ཡོད་ཁུལ་གྱིས་ཅི་གསུང་བཀའ་བཞིན་སྒྲུབ་རྒྱུ་དང་སྐུ་ཚེ་ཞབས་པད་བརྟན་ཤོག་ཅེས་སྨོན་
    ལམ་དང་།ཡང་ནས་ཡང་དུ་བརྟན་ཞུགས་འབུལ་བ་དེ་ནི་རྒྱུ་མཚན་གང་གི་ཕྱིར་ཡིན་ནམ། གང་གི་བཀའ་བཞིན་སྒྲུབ་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དེ་ལས་ལྷག་པ་མེད་པས་སྐུ་ཚེའི་བརྟན་ཞུགས་ཞབས་རིམ་ཡང་དེ་ལས་ལྷག་པ་ཅི་ཡོད། ༧གོང་ས་མཆོག་བགྲེས་ཡོལ་གནང་རུང་བོད་མིའི་དབུ་འཁྲིད་ཡིན་པ་ནི་སྨྱོན་མེད་དང་།བོད་མི་དམངས་རྣམས་ཀྱང་གང་གི་སྐྱབས་འབངས་ཡིན་པ་ནི་དེ་བས་སྨོས་ཅི་དགོས།༧མགོན་པོ་གང་གི་བཀའ་སློབ་དྭངས་ལེན་
    ཞུས་ནས་གང་ལ་བགྲེས་ཡོལ་འབུལ་དགོས་པ་དང་།ད་ལྟ་ནས་གོམ་པ་མདུན་སྤོས་ཀྱིས་དགག་རྩའི་དུས་
    དཀའ་ངལ་ལ་གདུང་ལེན་འཐུབ་པ་དང་ཐ་ན་ཛ་དྲག་དུས་སྐབསསུ་ཅི་བྱ་གཏོལ་བྲལ་དུ་འགྱུར་ཚེ་༧གོང་ས་
    མཆོག་ལ་ལམ་སྟོན་བཀའ་སློབ་ཞུ་རྒྱུ་དང་།གང་གི་ཐུགས་རྗེའི་འོག་རང་རེ་བོད་མི་ཙམ་ཟན་ཡོང་ནས་རྨོངས་
    ཞེན་གྱི་གཉིད་ལས་སད་ནས་བོད་ཀྱི་ཆོས་དང་།དེང་དུས་ཀྱི་ཤེས་ཡོན་གཉིས་ཀྱི་ཕྱུག་པའི་བོད་མི་རྣམ་སྤྱོད་
    དང་ལྡན་པ་བྱེད་རྒྱུར་རིག་པ་སྒྲིམ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལག་སྟར་བྱེད་དགོས་པ་ལས་སུས་ཀྱང་ཐེག་པར་དཀའ་བའི་བོད་ཀྱི་ཆབ་སྲིད་འཛིན་སྐྱོངས་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་དེ་ད་དུང། ༧རྒྱལ་བ་རིན་པོ་ཆེ་
    མཁྱེན། ཁོང་གིས་གནང་གི་རེད་ཅེས་པའི་སྒྱིད་ལུགས་ཀྱི་བྱེད་སྟངས་དང་། སོ་སོ་རང་ཉིད་དལ་སྡོད་སྐྱིད་
    སྡོད་ཀྱིས་ཚེ་འདིའི་ལྟོ་གོས་གཏམ་གསུམ་ལ་འབད་བརྩོན་དང་།ཆོལ་ཁའི་རྨོངས་ཞེན་གྱིས་སྤྱི་དོན་ལ་ལྷོད་
    གཡེང་སྣང་ཆུང་བྱེད་པའི་བག་ཆགས་ངན་པའི་རིགས་རྣམས་མེད་པ་བཟོ་དགོས།།
    དེས་ན་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་དགོས། ཅེས་པའི་དཔེ་ལྟར་ད་ལྟ་རང་ཅག་ཚོར་བླ་ན་མེད་
    པའི་མགོན་སྐྱབས་དབུ་འཁྲིད་འདི་ལྟ་བུ་ཡོད་སྐབས་དུས་ཚོད་དམ་འཛིན་བྱས་ནས་རང་མགོ་རང་གི་འདྲོང་
    པའི་ཉམས་མྱོང་གི་རྨངས་གཞི་དང་ཤེས་ཡོན་གྱི་བྱང་ཚད།དཔལ་འབྱོར་གྱི་རྒྱབ་རྟེན་སོགས་ཚད་ལྡན་གྱི་
    དམངས་གཙོའི་བོད་གཞུང་ཞིག་ཡར་རླང་པ་མ་ཤོར་བ་དང་། མར་ཐིག་པ་མ་འཛག་བྱེད་ཐུབ་པའི་འཇོན་ཐང་
    ཅན་གྱི་གཞུང་འཛིན་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་།ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ནས་ཀྱང་
    སྒྱིད་ལུགས་དང་།ཕྱོགས་ལྷུང་ཐེན་འཁྱེར་གྱི་དབང་དུ་སོང་ཏེ། སྤྱི་དོན་ཁ་རུ་འཁྱེར་ནས་རང་དོན་གཙོ་གཉེར་
    མེད་པར་དྲང་གསུམ་ཚད་ལྡན་གྱིས་བོད་བསྟན་སྲིད་མི་དམངས་ཀྱི་ཞབས་ཞུ་སྙིང་སྟོབས་ཞུམ་པ་མེད་པར་
    སྒྲུབས་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེ་ཡིན་པ་ཤེས་དགོས་པ་ཡིན།རང་ཅག་སྐྱབས་འབངས་མི་དམངསསོ་སོའི་ངོས་ནས་ཀྱང་གངས་ཅན་པའི་འཕྲལ་ཕུག་རྒྱང་གསུམ་གྱི་བསྟན་སྲིད་ཀྱི་ཁེ་ཕན་དང་།མི་དམངས་ཀྱི་
    བདེ་རྩ། སྤྱི་ཚོགས་ཕན་བདེའི་ཞབས་ཞུ། རིག་གནས་ཤེས་ཡོན་གྱི་ཆུ་ཚད་སོགས་གོང་ཐོར་གཏང་ནས་
    མི་རིགས་ཀྱི་ལ་རྒྱ་གཅེས་འཛིན་ཐོག་བོད་ཀྱི་སྲོལ་རྒྱུན་བཟང་པོ་དང་དེང་དུས་ཀྱི་ཤེས་ཡོན་ཟུང་དུ་འབྲེལ་ནས་
    རྒྱབ་མདུན་ངོ་ལྐོགས་མེད་པར་སྐབས་བབ་ཀྱི་ལས་འགན་བྱེད་སྒོ་ཁག་ལྷག་བསམ་རྣམ་དག་གིས་དམ་ཚིག་
    ཟོང་ཁ་གཅིག་སྒྲིལ་གྱིས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་།མཛད་འཕྲིན་གོང་འཕེལ་ཐུགས་
    བཞེད་ལྷུན་གྱིས་འགྲུབཔའི་ལས་ལ་ཅིས་ཀྱང་འབད་པར་འཚལ་ཞེས་ཞུ་བ་ལགས་སོ།།
    འདི་ཡང་རང་ཉིད་བོད་པ་ཙམ་ཟན་པ་ཞིག་ཡིན་པའི་ཆ་ནས་བོད་སྤྱི་དོན་ཐོག་གོ་མེད་འཚོར་མེད་དུ་སྡོད་
    ཐབས་བྲལ་བས་ལྷག་བསམ་རྣམ་དག་གིས་ཞུ་ནའང་རང་ཉིད་ཀྱི་ཤེས་ཡོོན་ཆུ་ཚད་དམའ་བས་ནོར་འཁྲུལ་
    ཡོད་ངེས་ལ་བཟོད་པར་གསོལ།།

  10. ལྷག་བསམ། says:
    2011-03-22 at 3:26 am

    ཨོ་རྒྱན་སྟོབས་རྒྱལ་མི་གཅིག་གིས་དེ་ལྟར་བྱས་པར་ཧ་ལས་རྒྱུ་རྩ་བ་ནས་ཡོད་པ་མ་རེད། གདན་ས་ཁག་དང་གཞིས་གྲོང་འགའ་ཞིག་གིས་བོད་སྤྱི་ཡི་བདེ་རྩར་བསམ་གཞིགས་རྩ་བ་ནས་མ་བྱས་པར་ཆོལ་ཞེན་ནག་པོ་ཁོ་ནའི་སྟེང་ནས་འོས་འཕངས་པ་རེད། རྣམ་དཔྱོད་བློ་གྲོས་ཀྱི་མིག་དང་ལྡན་ཞིང་བོད་སྤྱི་ཡི་བདེ་དོན་ལ་སྙིང་དབུས་ནས་བསམ་བློ་གཏོང་མཁན་འགའ་ཞིག་མངོན་པ་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལྟུ་བུ་རེད། མི་འདི་ཚོ་ང་ཚོ་བོད་སྤྱི་ཡི་རྒྱན་རེད། ཆོལ་ཞེན་ཧ་ཅང་ཆེ་བའི་མི་ཞིག་གིས་བལྟས་པ་ཡིན་ན་ཁོང་གཉིས་ལྟ་བུ་མི་ཐ་ཤལ་དང་ཕྱི་ནང་མི་ཤེས་མཁན་ཞིག་ཏུ་མཐོང་སྲིད་ཀྱང་། ང་དཀྱིལ་དུ་བསྡ་པའི་ཆོལ་ཁའི་མི་ཞིག་གིས་བལྟས་པ་ཡིན་ན། ཁོང་གཉིས་ལྟ་བུ་མི་ཚད་ལྡན་དང་བོད་ལ་ཤ་ཚ་ཆེ་བའི་སྐྱེ་བོ་ཞིག་ཏུ་མཐོང་། ད་རེས་ཆོལ་ཁའི་ཞེན་ནག་སྟེང་ནས་འོས་འཕངས་ཡོད་པའི་རྟགས་ནི་ཧ་ཅང་གསལ་ལ་། ཚགས་ཤོག་སྟེང་མི་འགའ་ཞིག་ནས་བསོད་ནམས་སྟོབས་རྒྱལ་ལ་ཁམས་པ་བརྫུས་མ་ཞེས་འབོད་དགོས་པའི་རྒྱ་མཚན་འདི་ལས་ཤེས་ནུས། ད་ཆ་བློ་སེང་ལ་བཀའ་ཁླི་ཐོབ་སྲྲིད་ཀྱང་བོད་སྤྱི་ལ་བསམ་ན་གྱོང་གུན་ཆེན་པོ་ཞིག་དང་གོད་ཆགས་བསམ་བརྗོད་ལས་འདས་པ་ཞིག་ེརད། ལྟད་མོ་ཚང་མ་རིམ་པས་མཐོང་ཡོང། བོད་ལ་དྲིན་ཆེན་བྱས་ཀྱང་དྲི་མི་ཚོར། །ཞེས་གསུངས་པའི་ལུང་བསྟན་ཐོག་ཏུ་བབ་འདུག ཤེས་ཡོན་གོ་རྟོགས་མེད་པའི་མི་རིགས་འདི་ལ་དམངས་གཙོ་ཞེས་པ་འདི་ད་ལྟ་སྔ་དྲགས་པའི་ཚོར་སྣང་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང་། གང་ལྟར་ད་ཆ་ཚང་མས་སྤྱི་ལ་བསམ་བློ་མ་བཏང་ན་ལག་སུ་རིང་དང་རྐང་པ་སུ་མགྱོགས་རེད་དོ། །

  11. གཉན་གཡག་ཕྲུག says:
    2011-03-22 at 3:28 am

    ༄༅།། ཨོ་རྒྱན་སྟོབས་རྒྱལ་བདུད་རེད། ཀརྨ་ཆོས་འཕེལ་བཙན་རེད། སྤྱིུ་འཐུས་ཨོ་རྒྱན་སྟོབས་རྒྱལ་ནས་དགག་རྩའི་དུས་གཅིག་སྒྲིལ་མེད་པར་ཚོགས་འདུར་མ་ཡོང་པར་དགོངས་ཤོག་བཏང་ནས་འཐུས་པ་བྱས། ལོ་སྔོན་མ་མི་སྤྱི་འཐུས་མི་གཅིག་གི་ལམ་གྲོན་ཆེད་ཁོ་རང་ནས་རྔ་རྡུང་སྟངས་ལ་ཞིག་པས྄་ཕྱམ་རྒྱག་རྒྱུ་ཡིན་ཞེས་བཤད་སོང་། ད་ལྟ་ཛ་དྲག་གི་དུས་འདེར་ཚོགས་བཅར་མི་དགོས་པ་གང་ཡིན་ནམ། དེ་འདྲའི་དགེ་སྦྱོང་ཞིག་གི་ཐབས་སྡུག་ལ། ལྟ་བ་ལྷ་དང་མཉམ་ཡང་། ཀུན་སྤྱོད་མི་དང་སྟུན་དགོས་པ་མ་ཡིན་ནམ།
    ཀརྨ་ཆོས་འཕེལ་ནས་༧གོང་ས་མཆོག་བགྲེས་ཡོལ་དུ་གནང་རྒྱུ་དེ་ནི་བོད་མི་དམངས་ཀྱི་མངོན་འདོད་མ་ཡིན་
    པ་མ་ཟད་ཁོ་རང་སྤྱི་འཐུས་སུ་བཀོད་ཁན་ཚོས་འདོད་པ་ཡང་མ་ཡིན་པས་ཁོ་པས་དེའི་སྐོར་ལ་འགན་བློས་མི་བཟོད་པ་ཚིག་ཐག་བཅད་ནས་བཤད་སོང་། ཡང་ཁ་གཅིག་ནས་སྤྱི་འཐུས་རྒྱུན་ལས་ནས་ཐག་གཅོད་མི་འཐུབ་པས་བོད་མི་དམངས་ལ་བསམ་ཚུལ་འདྲི་དགོས་སྐོར་བཤད་སོང་། བོད་མི་དམངས་ཀྱི་མངོན་འདོད་མ་ཡིན་པ་ཁོ་རང་ནས་ཧ་གོ་བཞིན་དུ་ད་དུང་བོད་མི་དམངས་ལ་གང་ཞིག་འདྲི་རྒྱུ་ུཡིན་ནམ། དེས་མ་ཚད་ཚོགས་ར་ནས་ཐོན་ཕྱིན་པ་རེད། འོ་ན་དགོས་པའི་དུས་སུ་གྲོས་མཉམ་དྲིས་
    རྣམ་དཔྱོུད་བེད་སྤྱོད་བྱས་ནས་གལ་ཆེའི་སྒྲུབས་བྱར་ལྷག་བསམ་གཅིག་སྒྲིལ་མེད་པར་མི་དམངས་ལ་ཁ་གཡོག་བྱས་པ་རང་རེད། བྱེད་སྟངས་དེ་རིགས་ནི་གཞུང་ཞབས་ལས་བྱེ་ལྟ་ཅི་སྤྲང་པོ་སློང་མོ་བས་ཀྱང་བྱེད་མི་སྲིད། སྤྱི་འཐུས་ཀྱི་མིང་
    འཛིན་པ་ཞིག་གི་ཐབས་སྡུག་ལ། འོ་ན་ཁོ་རང་ལ་དགོས་པ་དེ་གང་ཞིག་ཡིན་ནམ།

  12. རང་གྲོལ། says:
    2011-03-22 at 3:30 am

    ཨོ་རྒྱན་སྟོབས་རྒྱལ་མི་གཅིག་གིས་དེ་ལྟར་བྱས་པར་ཧ་ལས་རྒྱུ་རྩ་བ་ནས་ཡོད་པ་མ་རེད། གདན་ས་ཁག་དང་གཞིས་གྲོང་འགའ་ཞིག་གིས་བོད་སྤྱི་ཡི་བདེ་རྩར་བསམ་གཞིགས་རྩ་བ་ནས་མ་བྱས་པར་ཆོལ་ཞེན་ནག་པོ་ཁོ་ནའི་སྟེང་ནས་འོས་འཕངས་པ་རེད། རྣམ་དཔྱོད་བློ་གྲོས་ཀྱི་མིག་དང་ལྡན་ཞིང་བོད་སྤྱི་ཡི་བདེ་དོན་ལ་སྙིང་དབུས་ནས་བསམ་བློ་གཏོང་མཁན་འགའ་ཞིག་མངོན་པ་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལྟུ་བུ་རེད། མི་འདི་ཚོ་ང་ཚོ་བོད་སྤྱི་ཡི་རྒྱན་རེད། ཆོལ་ཞེན་ཧ་ཅང་ཆེ་བའི་མི་ཞིག་གིས་བལྟས་པ་ཡིན་ན་ཁོང་གཉིས་ལྟ་བུ་མི་ཐ་ཤལ་དང་ཕྱི་ནང་མི་ཤེས་མཁན་ཞིག་ཏུ་མཐོང་སྲིད་ཀྱང་། ང་དཀྱིལ་དུ་བསྡད་པའི་ཆོལ་ཁའི་མི་ཞིག་གིས་བལྟས་པ་ཡིན་ན། ཁོང་གཉིས་ལྟ་བུ་མི་ཚད་ལྡན་དང་བོད་ལ་ཤ་ཚ་ཆེ་བའི་སྐྱེ་བོ་ཞིག་ཏུ་མཐོང་། ད་རེས་ཆོལ་ཁའི་ཞེན་ནག་སྟེང་ནས་འོས་འཕངས་ཡོད་པའི་རྟགས་ནི་ཧ་ཅང་གསལ་ལ་། ཚགས་ཤོག་སྟེང་མི་འགའ་ཞིག་ནས་བསོད་ནམས་སྟོབས་རྒྱལ་ལ་ཁམས་པ་བརྫུས་མ་ཞེས་འབོད་དགོས་པའི་རྒྱ་མཚན་འདི་ལས་ཤེས་ནུས། ད་ཆ་བློ་སེང་ལ་བཀའ་ཁྲིཐོབ་སྲྲིད་ཀྱང་བོད་སྤྱི་ལ་བསམ་ན་གྱོང་གུན་ཆེན་པོ་ཞིག་དང་གོད་ཆགས་བསམ་བརྗོད་ལས་འདས་པ་ཞིག་ེརད། ལྟད་མོ་ཚང་མ་རིམ་པས་མཐོང་ཡོང། བོད་ལ་དྲིན་ཆེན་བྱས་ཀྱང་དྲི་མི་ཚོར། །ཞེས་གསུངས་པའི་ལུང་བསྟན་ཐོག་ཏུ་བབ་འདུག ཤེས་ཡོན་གོ་རྟོགས་མེད་པའི་མི་རིགས་འདི་ལ་དམངས་གཙོ་ཞེས་པ་འདི་ད་ལྟ་སྔ་དྲགས་པའི་ཚོར་སྣང་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང་། གང་ལྟར་ད་ཆ་ཚང་མས་སྤྱི་ལ་བསམ་བློ་མ་བཏང་ན་ལག་སུ་རིང་དང་རྐང་པ་སུ་མགྱོགས་རེད་དོ། །
    ལྷག་དོན་དབུས་གཙང་ཁོངས་མངའ་རིས་པ་དང་སྟོད་པ་བ་འདི་ཚོ་དངོས་གནས་ཀླད་མེད་རེད་འདུག་བསམ་བྱུང་། གང་ལྟར་ཐམས་ཅད་ལ་ཤེས་ཡོན་ཚད་དང་ལྡན་པ་ཞིག་མེད་པས་ཕུང་འདུག

  13. ལྷག་བསམ། says:
    2011-03-22 at 3:43 am

    ཨོ་སྟོབས་ཀྱི་རེ་བ་ལ་ཞིབ་དཔྱད་མཛོད། ད་ཡང་ལྐོག་འཆར་གང་འདྲ་ཞིག་ཡོད་དམ། ངོ་མ་འཇིགས་ནི་རེད། རྨོངས་ཞེན་ཕྱོགས་འཐེན་གྱི་འཁོར་ལོ་བསྐོར་རྒྱུ་འགོ་ཚུགས་པ་མི་ནམ།

  14. སྤངས་སྤོས། says:
    2011-03-22 at 3:55 am

    ངས་རེ་བ་ཞུ་རྒྱུ་ཞིག་ལ་བསམ་བཞིན་དུ་བསྟན་དོན་དུ་ཕེབས་པའི་སྐྱབས་རྗེ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ཁྱེད་རང་ནས་ཉེ་ཆར་བོད་ནས་གསར་གཞས་མཐུན་སྒྲིལ་བགྱིས་ཞེས་ཐོས་སམ། འགྲོ་བ་སེམས་ཅན་ལ་དགྲ་ལྟར་སྡང་བའི་ཕ་རྒན་ཁྱོད་སྤྲུལསྐུ་་ཡིན་ལབ་དུས་ངོ་མི་་ཚ་ངམ།

  15. བཟོད་པ་ལྷ་རྩེ། says:
    2011-03-22 at 4:21 am

    ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ལ་མོ་རྒྱགས་ཁའི་མི་འདི་རྣམས་སྙིང་རྗེས་ཤི་ཁར་ཡང་ཆོལ་བཞེན་དང་འཐེན་འཁྱེར་ཁོ་ན་ལས་ལས་ཀ་ཡག་ཡ་གཅིག་ཀྱང་ཤེས་ཀྱི་ཡོད་བཟོ་མ་མཆིས།

  16. གངས་ལྷ། says:
    2011-03-22 at 4:23 am

    ལས་ཀ་འདིའི་རིགས་མདོ་སྨད་པ་དང་དབུས་གཙང་བས་བྱས་ན་ཁྲིམས་འགལ་རེད། མདོ་སྟོད་པས་བྱས་ན་ཁྲིམས་འགལ་མ་རེད། བཙན་བྱོལ་ནང་གི་ལས་ཀ་མང་པོ་ཞིག་ཁྲིམས་འགལ་ཡིན་མིན་ནི་གཙོ་བོ་མདོ་སྟོད་ཡིན་མིན་གྱི་ཐོག་ནས་ཐག་གཅོད་དགོས་རེད། འདི་ཡིག་ཐོག་ལ་ཡོད་པའི་གཏན་འབེབས་མ་རེད། མཁུ་ཚུར་སྒྲེང་ནས་བཟོས་པའི་ཁྲིམས་རེད།

  17. དིང་རྡོར། says:
    2011-03-22 at 4:44 am

    དེ་ཙམ་རེད། ངས་ཐོག་མར་་འོས་བསྡུའི་སྐོར་ལ་དྲང་བཞག་དགོས་ཚུལ་ཤམ་བྷ་ལའི་དྲྭ་སྟེང་དུ་གླེང་སྐབས། ངའི་ཐོག་ཏུ་རྒྱབ་སྐྱོར་བ་ཅོ་རི་ཉི་མ་གཅིག་པུ་ལས་མིན་འདུག སྤྱིར་ང་དེ་དུས་འོས་སུ་ལ་འཕེན་བསམ་བློ་བཏང་རྒྱུ་ཡིན་ཡང་། ཤམ་ལ་དྲྭ་སྟེང་དུ་དྲྭ་འབུ་མང་ཆེ་བ་ཕྱོགས་ལྷུང་ཁོ་ནའི་དབང་དུ་སོང་སྟེ། ཚིག་རྩུབ་དང་ཐ་ན་སྡིག་མོ་བྱ་མཁན་ཡང་བྱུང་། གང་ལྟར་ད་ལོ་ནི་ང་ཚོ་མང་གཙོ་གོ་རྟོགས་འཕེལ་བའི་སྤོབས་པ་ཞིག་མིན་པར་ཆོལ་ཁ་དབྱེ’འབྱེད་ཀྱིས་དུས་ཟིང་ཤིག་ཤར་འགོ་ཚུགས་སོང་ཚོད་འདུག་པས། རྒྱ་ཆེའི་དྲྭ་གྲོགས་ཚང་མས་སྤྱི་དོན་རང་ལ་བསམ་ཏེ་དཀྱེལ་ཡངས་གནང་རོགས་ཞུ།

  18. དབང་འདུས། says:
    2011-03-22 at 2:04 pm

    གང་ལྟར་བྲིས་ཀྱང་ཆོག་ལ། ཇི་ལྟར་བརྗོད་ཀྱང་འགྲིགས་མོད། འོན་ཀྱང་དྲངས་བདེན་ཡིན་མིན་རང་སེམས་བསམ་བློ་བཏང་དུས་ཞེ་ནོངས་མི་དགོས་པ་ཞིག་དགོས་པ་རེད། བླ་རྒན་དང་གྲྭ་རྒན་ཚོས་སྲིད་དོན་ལ་ཇུས་རྟོག་ཆེན་པོ་མ་བྱས་ན་ཡག་པོ་མི་འདུག སྤྱི་ཚོགས་ནང་དུ་དཀྲུགས་རྐྱེན་སྣ་ཚོགས་བཟོས་མི་མང་གི་ཚེ་སྲོག་ལ་བབ་པའི་གཏེ་བོ་བྱས་ནས་ད་དུང་འཇོན་ཐང་ཆེན་པོར་བརྩི་དགོས་ན་གྲྭ་ཆས་དོར་ན་ལེགས་པར་མངོན། སྤྱིར་བོད་མི་རིགས་རིག་གཞུང་དང་བཅས་པའི་ཆེད་དུ་ཚེ་སྲོག་ལ་མ་ལྟོས་པའི་ལས་འགན་སྒྲུབ་པའི་དུས་ལ་བབ་ཀྱང་། དེ་དང་མཐུན་པའི་སྣེ་ཁྲིད་པ་ཞིག་སྐྱ་བའི་ཁྲོད་ནས་བཞེངས་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད། གཞན་དུ་རྒྱ་མས་ང་ཚོར་ཕུལ་བའི་སྤྱང་གི་རྒྱབ་སེར་ཞེས་པ་དེ་ལའང་ལན་རྣལ་མ་ཞིག་ཐོན་མི་ཐུབ། གྲྭ་བས་སྲིད་ལ་ཇུས་རྟོག་ཆེན་པོ་བྱེད་རྒྱུ་འདིར་ཕྱི་རྒྱལ་གྱི་མཁས་དབང་མང་པོ་ཞིག་གིས་ཆོས་དང་མི་མཐུན་པའི་ཚུལ་བཤད་བཞིན་ཡོད་པ་ཐོས་པས་ང་ཚོས་གཟབ་དགོས་པར་མངོན།

  19. lungtok says:
    2011-03-22 at 2:16 pm

    རང་ལྟ་མཆོག་འཛིན་མ་ཆེ་དྲ་གྲོགས་ཚོ། ཁྱོད་ཀྱི་བསམ་ཚུལ་དེ་ཡང་དག་ཡིན་པ་དང་། གཞན་གྱི་བསམ་ཚུལ་དེ་ནོར་བ་ཡིན་པའི་སྒྲུབས་བྱེད་ཅི་ཞིག་ཡོད།

  20. བཀྲ་ཤིས་སྒྲོལ་མ། says:
    2011-03-22 at 2:29 pm

    དྲྭ་གྲོགས་མང་དག་ཅིག་གིས་གུས་མོས་བསྐུར་བའི་གནས་ཚུལ་དེ་ལ་དོ་སྣང་བྱས་འདུག་པར་མ་ཟད། རང་རང་གིས་བསམ་ཚུལ་ཡང་གསུངས་འདུག འོན་ཀྱང་ད་ལྟ་བར་གྱི་དྲྭ་གྲོགས་ཚོས་བསམ་ཚུལ་བྲིས་པའི་ནང་དམིགས་བཀར་ལན་འདེབས་བྱེད་དགོས་པ་འདྲ་ཅང་མ་མཐོང་། ཡོད་ན་རྗེས་མ་ལན་འདེབས་བྱེད་ངེས་ཡིན། གནས་སྐབས་དེ་ཙམ་་བྱེད།

  21. ཅོ་རི་ཉི་མ། says:
    2011-03-22 at 3:00 pm

    བཀྲ་ཤིས་སྒྲོལ་མ་ལགས་ཨོ་རྒྱུན་སྟོབས་རྒྱལ་ཟེར་བ་འདི་ཇི་འདྲའི་ནུས་མེད་ཞིག་རེད་ཨ། གཞི་ཆགས་ཁུག་ཁུག་ཞིག་གི་གྱང་ངོས་སུ་འབོད་བསྐུལ་གྱི་ཡིག་ཆ་ཞིག་སྦྱར་བ་རེད། སྙིང་རྗེ་ཡ་རེད། ཁྱེད་དང་ང་ལྟ་བུ་གཉིས་ཀྱི་སོ་སོའི་འབོད་སྐུལ་འཛམ་གླིང་སྤྱི་ལ་ཁྱབ་པའི་དྲ་རྒྱའི་ཐོག་ནས་བཏོན་གྱི་རེད། ཉུང་ཕྱོགས་ཡང་ཉིན་མ་རེ་ལ་ཀློག་པ་པོ་བརྒྱ་ལྷག་གི་བཀླགས་འགྲོ་གི་རེད།

    ཨོ་རྒྱུན་སྟོབས་རྒྱལ་གྱི་ཐོག་ཏུ་ཅིག་བཤད་ཀྱི་ལྷག་བསྡད་ཡོད་པ་མ་རེད། སོ་སོར་སོ་སོས་ཞིབ་འཇུག་བྱོས་་་་རེད་མ་པས་་་་ཧཧཧཧ

  22. བློ་བཟང་རྒྱལ་མཚན་ says:
    2011-03-22 at 3:32 pm

    ཁམས་པའི་ཕོ་རྒོད་ཚོ་ལྷ་རྒྱལ་ལོ་་

  23. དཔལྡན་རྡོ་རྗེ། says:
    2011-03-22 at 9:51 pm

    ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་རེ་བསྐུལ་གནང་བ་ལ་རྗེས་སུ་ཡི་རང་ཡོད།

  24. ཚངས་དབྱངས། says:
    2011-03-22 at 10:11 pm

    ངས་བལྟས་ན། ཨུ་རྒྱན་སྟོབས་རྒྱལ་ལ་ཁའི་ཉི་མ་རེད། སྟོབས་ཤུགས་ཚང་མ་ཟད་ཁར་གང་ཡང་བྱེད་སྲིད། སྙིང་རྗེ་རྒྱུ་ཁོ་ན་ལས་གཞན་མེད། ཨུ་རྒྱན་གྱིས་ཚེ་སྟོད་ལ་རྒྱལ་བ་རིན་པོ་ཆེའི་དབང་ཤུགས་མེད་པ་བཟོ་བར་དཀའ་ལས་མང་པོ་བརྒྱབ་འབྲས་བུ་ཐོབ་མེད། དེ་བས་རྒྱལ་བ་རིན་པོ་ཆེའི་གཟི་བརྗིད་ཆེ་རུ་ཆེ་རུ་སོང་སྟབས། བྱ་ཐབས་ཟད་ནས། རྒྱལ་བ་རིན་པོ་ཆེའི་སྐུ་འཁོར་གྱི་མི་ལ་གནོད་པ་གང་ཐུབ་སྐྱལ་སོང་། དཔེར་ན་རྒྱ་རི་སོགས་ལ་སྙོན་འཛུགས་མང་པོ་བྱས་སོང་། དེ་ལ་ཡང་འབྲས་བུ་མ་བྱུང་སྟབས། ད་འུ་ཐུག་ནས། བློ་སེང་འཇུས་ནས་ཡང་བོད་གཞུང་ལ་རྙོག་འདྲ་བཟོ་རྩིས་རེད།

  25. སྨུག་པོ། says:
    2011-03-23 at 12:00 pm

    སྤྲུལ་སྐུ་དབུ་རྒྱན་སྟོབས་རྒྱལ་ལགས། ང་ཚོའི་བཙན་བྱོལ་གཞུང་འདི་དམངས་གཙོའི་ཁོར་ཡུག་སོང་། རང་ངོས་ནས་ཐག་གཅོད་པའི་ཐོབ་ཐང་ཚད་ལྡན་ཞིག་ཡོད་པས། ཁྱེད་ཀྱིས་དེ་ལྟར་ཐག་གཅོད་ཀྱི་སྒོ་ནས་འབོད་སྐུལ་ཞུས་ན་འོས་སམ།

  26. ལྷ་ས་ཚེ་གླིང་ says:
    2011-03-23 at 6:12 pm

    ཝེ་།སྤྲུལ་སྐུ་ཡི་མིང་འཁུར་ནས་བསྟན་པ་སྲུང་རྒྱུ་ལས་ལྡོག་པའི་བོད་ཆོལ་གསུམ་གྱི་མཐུན་སྒྲིལ་ལ་གཏོར་བཤིགས་དངགནོད་འཚེ་བཟོས་པའི་སྤྱོད་རྩུབ་འཚབ་ཆེའི་བྱ་སྤྱོད་སྤྱད་ནས་མཇུག་རྫོགས་པ་རེད་ཁྱོད་རང་གིས་ཁྱོད་གང་འདྲ་ཞིག་ཡིན་མིན་ཤེས་དགོས་པ་རེད་ངོ་ཚ་རྒྱུ་ཡོད་ན་ད་མནོ་སེམས་ཤིག་གཏོང་རན་པ་རེད་བོད་དོན་ལ་ཕན་པའི་བྱ་སྤྱོད་སྤེལ་མ་ཐུབ་ཡང་གནོད་འཚེའི་བྱ་སྤྱོད་སྤེལ་མི་རུང་བའི་དུས་ཤིག་ཨེ་རེད་དགྲ་རྒྱ་དམར་ལས་ལོས་པའི་བྱ་སྤྱོད་བྱེད་མཁན་མི་དེ་ཚོའི་གྲས་ཉུང་ཤས་ཤིག་ཡོད་པ་

  27. སྤངས་སྤོས། says:
    2011-03-24 at 1:10 am

    སྤྲུལ་སྐུ་རིན་པོ་ཆེ་། ལས་རྒྱུ་འབྲས་དང་སྐྱབས་འགྲོ་མཁྱེན་གྱི་ཡོད་དམ།

  28. ཆོས་བཟང་ལྷ་མོ་ says:
    2011-03-24 at 8:25 am

    དྲ་གྲོགས་མང་པོ་ཞིག་གིས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་རང་དབང་སྒོ་ནས་འབོད་སྐུལ་གནང་བར་
    སྐྱོན་བརྗོད་བྱེད་པ་དྲངས་པོ་མ་རེད།།

  29. སྤངས་སྤོས། says:
    2011-03-25 at 12:57 am

    བློ་བཟང་རྒྱལ་མཚན་ཞེས་པ་དེ་ཕྱི་དགྲ་མི་ཐུབ་བོད་རིགས་ནང་ཁུལ་འཛིངས་མཁན་ཞིག་ཡིན་པ་ཐག་ཆོད་ཨ་རོགས་ཚོ་དུས་རབས་༢༡་སླེབས་ཀྱང་ཀླ་ཀློའི་རང་གཟུགས་མངོན་ནས་གྲི་དང་དབྱུགས་པས་འཛིངས་རྒྱུ་ཡིན་ནམ་ཞབས་འདྲེན།

  30. ཀིརྟི་སྐྱབས། says:
    2011-03-25 at 6:54 am

    སྤྲུལ་སྐུའི་མཛད་པ་ལ་སེམས་ཅན་ཁ་ནག་ཚོས་ཁ་གཏོང་གི་འདུག་ཀྱང་སྡུག་གྱོང་རེད། ད་དུང་མ་ཤི་ཚེ་ཐག་རིང་ན་འདི་ལས་མང་པ་རིག་རྒྱུ་ཡོད་པ་ཐག་ཆོད། བློ་སེང་བཀའ་ཁྲིར་ཕེབས་རྗེས་བོད་མིའི་ནང་ཁུལ་དཀྲུག་ཤིང་རྒྱག་རྒྱུར་ད་ཆ་ནས་གསལ་པོ་མ་རེད་དམ།

  31. བློབ་བཟང་རྒྱལ་མཚན says:
    2011-04-08 at 2:28 pm

    འོ་ཡ་ ལགས་སོ་། བཀྲ་ཤེས་སྒྲོལ་མ་ལགས་སུ་ཞུ་ཡ་ལ་གྱང་ངེས་སྟོང་པ་ཡོད་ཚད་དེར་མི་སྒེར་དང་ཚོག་པ་འདྲ་མིན་སྣ་ཚོགསཀྱིས་བཀའ་ཁྲི་འོས་ཤོག་འདི་དང་འདི་ལ་བླུག་རོག་ཞེས་པའི་སྦྱར་ཡིག་མང་དག་ཅིག་ཡོད་ཀྱང་ཁྱེད་ཀྱི་ཨོ་རྒྱན་སྟོབས་རྒྱལ་གྱི་རེ་སྐུལ་ཡིག་གེ་དེ་མ་ཏོག་མ་འཐོང་བ་ཅི་ཡིན་ནམ་། ཁྱེད་ཀྱི་བོད་ཅི་པའི་བརྩ་དོན་ལ་སེམས་ཁུལ་བྱེད་ཏང་དེ་ཡང་དག་པ་ཞིག་རེད་པས། ཁྱེད་ཉིད་བོད་མི་རིགས་ཀྱི་བརླབ་ཆེན་མཛད་པ་སྐྱོང་གནང་མཁན་ཞིག་ཡིན་པ་ངས་མི་ཤེས་མོད་། འོན་ཀྱང་ཉེས་མེད་སྐྱོན་མཛུག་གནང་མཁན་ཞིག་ཡི་པ་ངས་གསར་པོ་ཤེས་སོང་། ཁ་རྡའི་དྲ་གྲོག་རྣམས་ལ་ངས་གསར་་པོ་ཞུ་ཡ་ཞིག་ལ་བློ་སེང་བཀང་ཁྲིར་ཕེབས་ཀྱང་ཨོ་རྒྱན་སྟོས་རྒྱལ་སྒེར་ལ་ཁེ་གྱོང་ཅི་ཡང་མེད་། ཁོང་རང་ཉིད་བོད་པ་ཡིན་པའི་ངེས་ནས་བོད་མི་རིག་གི་བདེ་ལྡུག་དང་འབྲེལ་བ་ཡོད་པ་ཡིན་དུས་རེ་བ་དེ་ལྟར་ཞུས་པ་ཡིན་གྱིརེད་། ཁྱེད་རྣམས་ཀྱིས་རི་བོང་སྐྱལ་འདྲོག་དགོས་དོན་མེད་༏ ད་དུང་གསར་བཤད་ཞུ་ཡ་ཞིག་ལ་་ཚངས་དབྱང་ཟེར་བའི་དྲ་གྲོག་ཁྱེད་ཀྱི་ཨོ་རྒྱན་སྟོབས་རྒྱལ་ནས་རྒྱལ་བ་རིན་པོ་ཆེ་ལ་གནོད་བསྐྱལ་རབ་བྲིས་འདུག་། ཁྱོད་ལྐུག་པ་རེད་ སྦིར་རི་གཞེས་ཆགས་ལ་རྒྱལ་བ་རིན་པོ་ཆེ་ཐིང་བཞི་ལ་གདན་འདྲེན་ཞུ་མཁན་ཨོ་རྒྱན་སྟོབས་རྒྱལ་རེད་ ལྐུག་པ་ཁྱོད་ཡིན་ན་དེ་ལྟར་མ་ལབ་ན་རོག་།

  32. བློབ་བཟང་རྒྱལ་མཚན says:
    2011-04-08 at 2:31 pm

    ཁ་རྡ་ཚང་ལ་ཞུ་ཡ་ལ་ངས་ཐིངས་མང་པོ་མཆནབུ་བྲིས་པ་ཡིན་ཀྱང་བཀོད་མི་འདུག་། སེམས་ཕམ་བྱུང

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme