Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄།༅། དུས་འཁོར་དབང་ཆེན་དང་དེའི་སྐབས་ཀྱི་མཐོང་ཐོས།།

Posted on 2011-07-21 By དབང་ཕྱུག་ 12 Comments on ༄།༅། དུས་འཁོར་དབང་ཆེན་དང་དེའི་སྐབས་ཀྱི་མཐོང་ཐོས།།

བསྟན་འཛིན་དགེ་ལེགས།

ད་ལམ་ཨ་རིའི་རྒྱལ་ས་ཝ་ཤིང་ཊྲོན་དུ་༧རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོབ་པ་ནི་ངའི་ཚེ་འདིར་སྐལ་པ་བཟང་ཤོས་ཤིག་ ཡིན། དེའི་སྐབས་དགའ་འོས་པའི་བྱ་བ་དང་། བློ་ཕམ་དགོས་པའི་བྱ་བའང་མང་དག་ཅིག་འདུག །
དང་ པོ་དགའ་འོས་པའི་བྱ་བ་ནི། ཡིད་བཞིན་ནོར་བུའི་བཀའ་སློབ་མདོ་ཕྱོགས་ནས་གསུང་དུས་་མགོན་པོ་ཀླུ་སྒྲུབ་དང་ གཉིས་སུ་མ་མཆིས་པ། སྔགས་ཕྱོགས་ནས་གསུང་དུས་གུ་རུ་རིན་པོ་ཆེ་དངོས་གཟབ་གསང་གི་གནས་རྣམས་གོ་བདེ་ལ་དོན་གཟབ་པ་གདུལ་བྱའི་བློ་ངོར་ལེགས་པར་སྟོན་པར་མཛད་པའི་ཐུགས་སྐྱེད་ཀྱི་ ཡོན་ཏན་དེ་ལྟ་བུ་ནི་རྨོངས་བརྟུལ་ང་བལྟ་བུས་བརྗོད་པར་ག་ལ་ནུས་དེ་ནི་དགའ་ སྤྲོ་ཡིད་རངས་དགོས་པའི་བྱ་བ་ཞིག་ཡིན།།
དེ་ ཡང་བློ་ཕམ་དགོས་པ་ནི།། གྲ་སྒྲིགས་ཚོགས་ཆུང་ནས་ཆོས་རའི་སྐུ་མདུན་དུ་སྦྱིན་བདག་གི་མིང་ཅན་མི་རིགས་དང་ཕོ་མོ་སྣ་ཚོགས་ལ་རྐུབ་བཀྱག་སྤྲད་འདུག་པ་དང་། དེའི་རྒྱབ་ཏུ་དགེ་འདུན་རྣམས་ལ་རྐུབ་བཀྱག་སྤྲད་འདུག་པས་བཞུགས་གནས་གོ་རིམ་འཁྲུག་པ་ལྟ་བུ་འདུག་རྒྱུ་མཚན་ནི་དགེ་འདུན་རྣམས་པ་ནི་སྐྱབས་ཡུལ་ཡིན་པས་དུས་ རྟག་ཏུ་གུས་པས་བཀུར་བར་འོས་ཤིང་སྤྱི་བོའི་གཙུག་ཏུ་མཆོད་ནས་རྟག་ཏུ་མདུན་ནམ་གོང་དུ་བཀུར་དགོས་པ་ལས་མི་སྐྱ་ཕོ་མོའི་རྒྱབ་བམ་རྗེས་སུ་གནས་པ་མཐོང་དུས་ སེམས་ལ་མི་བདེ་བ་ཞིག་རང་བཞིན་གྱི་ཡོང་གི་འདུག ་པ་མ་ཟད་གློ་བུར་དུ་རྒྱ་མི་གུང་ཁྲན་གྱི་བྱེད་སྟངས་རྣམས་གློ་བུར་དུ་དྲན་ བྱུང་། བསྟན་པའི་སྦྱིན་བདག་ལ་གུས་ཞབས་ཞུ་འོས་སྨོས་མེད་ཀྱང་དེ་ལྟའི་མགོ་མཇུག་མེད་པ་དེ་འདྲ་རང་རེ་གངས་ཅན་པའི་ལུགས་སྲོལ་ནི་མིན་དེང་དུས་ཆེས་ཡར་ཐོན་ཅན་གྱི་ལུགས་ སྲོལ་ཡིན་ན་ནི་ཆ་མ་འཚལ། སྤྲང་པོའི་རྒྱུག་པ་ལའང་མགོ་མཇུག་ཡོད་དུས་རང་རེ་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཚོར་དེ་བས་སྨོས་ཅི་དགོས། ཕྱིན་ཆད་དེ་རིགས་ལ་གཟབ་དགོས་པ་ཡིན།
གཞན་ཡང་ལག་པའི་རྒྱབ་མདུན་མི་ཤེས་པའི་ཅོལ་ཆུང་གི་རང་རིགས་ཚོགས་སྐྱིད་ཁག་གི་ཐུགས་སྤྲོའི་སྐབས་ཕྱི་མི་གཞས་པ་གདན་འདྲེན་ཞུ་བའོ་སྲོལ་ཞིག་ནིའ་ཡོག་བོད་པའི་སྤྱི་ ཚོགས་ནང་དར་བ་དང་། ད་རེས་ཝ་ཤི་ཊྲོན་དུ་ཡང་ད་ག་རང་བྱུང་སོང་། བོད་གཞུང་ཟློས་གར་ནས་རང་གི་རིག་གཞུང་སྤུས་གཙང་གི་གླུ་གཞས་འཁྲབ་སྟོན་གང་མིན་གནང་གི་འདུག་པ་མ་ཟད་དེ་མིན་རང་རིགས་གཞས་པ་གྲགས་ཅན་མང་པོའང་མཐོང་རྒྱུ་འདུག །འོན་ཀྱང་ཡ་མཚན་པ་ཞིག་ལ་བོད་མིའི་ཟློས་གར་གྱི་མཚན་ཚོགས་དེར་རྰ་ཅུའུ་བླ་མ་ ཆེད་འབོད་ཀྱི་ནེ་པྰ་ལེའི་གླུ་གཞས་བཏང་བ་དང་སྐབས་དེར་བོད་པའི་ཨ་མ་མང་པོ་དགའ་ནས་ས་མཆོངས་གནམ་མཆོངས་བྱེད་ཀྱི་འདུག།།འ་ཙི་དེ་ནི་མཚོན་རང་ལ་ཡོད་ཀྱང་ཙག་མི་ ལ་རེ་ཟེར་བའི་དཔེ་ལྟར་རང་རེ་བོད་པའི་གཞས་པ་གཞས་མ་ག་རེ་དགོས་དགོས་ཡོད་བཞིན་དུ་རྰ་ཅུ་བླ་མ་ཆེད་འབོད་བྱེད་པ་མ་ཟད་ཁོ་པར་ཨ་སྒོར་༡༥༠༠ རེ་སྤྲོད་དགོས་ཀྱི་འདུག དེའི་དགོངས་མོའི་མཚན་ཚོགས་དེ་བོད་མིའི་མཚན་ཚོགས་མ་ཡིན་པར་ནེ་པྰ་ལེའི་མཚན་ཚོགས་ཤིག་ཏུ་གྱུར་སོང་ལ་བལྟས་མོ་བ་དེ་ཚོ་འང་མི་རིག་གཞན་གྱི་རྣམ་པར་གྱུར་ སོང་། ང་ནི་བོད་མི་ཨ་མ་དེ་ཚོར་བལྟས་ནས་ཁོང་ཁྲོ་ལངས་ཤིང་སྙིང་རྗེ་འང་སྐྱེས་བྱུང་བ་ དང་དེའི་མུར་། ལྟོ་འགྲངས་འབའ་ཞིག་དོན་གཉེར་བ།། སྤུ་མེད་པ་ཡི་ཕག་པ་ཡིན་ཞེས་པའི་ཚིག་བཅད་དེ་དྲན་བྱུང་། དེ་ཚོའི་སེམས་ནང་མི་རིག་གི་ལ་རྒྱ་མི་འདུག་ལ། ལག་པའི་རྒྱབ་མདུན་ཡང་ངོ་ཤེས་ཀྱི་མི་འདུག ། ད་ལོ་སུམ་བཅུའི་དུས་དྲན་སྐབས་བལ་ཡུལ་དུ་བལ་གཞུང་གཉེན་རྟོགས་དམག་མིས་བོད་མིར་གདུང་རྡེག་འཛིན་བཟུང་བྱེད་དུས་བྱུས་མེད་བྱུས་ཏོག་གིས་མཆོད་རྟེན་རྟ་དམག་ གི་མི་རིགས་དཀྱུས་མ་དེ་ཚོས་ཀྱང་བོད་མིར་ཉེས་བརྡུང་བཏང་བ་དང་ཁ་ངན་ཚིག་ངན་ག་ ཚོད་སྨྲས་པ་ཧ་གོ་ཡོད་ཤག་རེད། ང་རང་ཚོ་འདི་གར་ཟ་མཁས་ཐུང་མཁས་བྱས་ནས་བསག་པའི་དངུལ་དེ་མི་རིགས་ཐ་ཤལ་དེ་འདྲ་ ཞིག་གི་ལག་པའི་ནང་སྤྲོད་དགོས་འདུག་གམ། བོད་མི་ཚང་མ་བྱང་ཆུབ་སེམས་དཔའ་མ་ཡིན་པར་སོང་དགྲ་འདུལ་གཉེན་སྐྱོང་ལོས་དགོས། བོད་མིའི་ལ་རྒྱ་མ་ཤོར་བར་རང་རིགས་ཀྱི་གཞས་ཉོན་ལ་རང་རིགས་ཀྱི་གཞས་པ་དང་གཞས་མར་རང་ཚོས་ཆེ་མཐོང་དང་གུས་བཀུར་དགོས་པ་ཡིན་ལ་ཕྱིན་ཆད་སྐྱིད་སྡུག་སོ་སོའི་ ཐུགས་སྤྲོའི་སྐབས་བོད་གཞས་གཙོ་བོར་འཛིན་ནས་མི་རིགས་གཞན་གྱི་གཞས་དང་གཞས་པ་གཞས་མར་སྐྱབས་གསུམ་ཀུན་འདུས་ཞུ་རྒྱུ་མཚམས་འཇོག་གནང་རོགས་ཞུ་རྒྱུ་ཡིན།།

སྣ་ཚོགས།

Post navigation

Previous Post: ཨ་རིའི་VOAབརྙན་འཕྲིན་ཁང་གི་ངོ་ཚ།
Next Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Comments (12) on “༄།༅། དུས་འཁོར་དབང་ཆེན་དང་དེའི་སྐབས་ཀྱི་མཐོང་ཐོས།།”

  1. འཚུབ་དགའ says:
    2011-07-21 at 4:09 pm

    བསྟན་འཛིན་དགེ་ལེགས་ལགས་ཀྱི་གསུངས་ལ་རྗེས་སུ་ཡིད་རངས་ཡོད་ལ་ངོ་མ་རྗེས་སུ་བོད་མི་རྣམས་
    ཀྱིས་གནས་སྐབས་ཀྱི་བདེ་བས་མགོ་རྨོངས་ཏེ། གཞན་གྱི་ངོ་གདོང་ལ་སྤྲེལ་ལད་ཀྱི་ཁྲབ་སྟོན་ལ་རྩི་ཐང་
    ཅུང་དམའ་རུ་གཏང་ན་ཆེས་དགེ་མཚན་བཟང་ཀི།

  2. ཤར་མདའ། says:
    2011-07-22 at 1:48 am

    བོད་མི་ཞིག་གི་སྙིང་གཏམ་ལྷད་མེད་ཞིག་བརྗོད་འདུག་པ་འདི་རིན་ཐང་གཞན་ན་མེད་པ་ཞིག་རེད་ཟེར་ན་ཆོག་ལ་དངོས་ཡོད་གནས་སྟངས་ཡང་ཇི་བཞིན་བརྗོད་འདུག   གང་ལྟར་ངའི་ཡང་དུས་རྟག་ཏུ་བོད་མི་འགའ་ཤིས་ཞིག་གི་འདི་འདྲ་བྱེད་བཞིན་ཡོད་པ་མཐོང་མྱོང་དེ་ནི་རང་ཉིད་ཀྱི་བཟི་བརྗིད་ཞིག་ཏུ་མཐོང་གི་ཡོད་པ་འདྲ་སྤྱིར་ང་ཚོའི་ངག་རྒྱུན་དུ་སྐད་རིགས་མང་བོ་ཤེས་ན་བཟང་མོད་ཀྱང་རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཟེར་པ་ལྟར་བོད་མི་མང་པོ་ཞིག་གི་རང་སྐད་བརྗོད་པ་ངོ་ཚ་ནས་གཞན་སྐད་འདྲ་མིན་ཞིག་སྲས་ནས་བརྗོད་པ་དེ་རིན་ཐང་ཅན་ཞིག་ཏུ་དངོས་འཛིན་བྱེད་ཀྱི་འདུག་འདི་ནི་ངོ་མ་བློ་ཕམ་གྱི་གནས་སྟངས་ཞིག་རེད།   གང་ལྟར་རང་ཉིད་བོད་པ་ཞིག་ཡིན་ཟེར་བ་ངོ་ཚ་དགོས་བྱེད་ཀྱི་ལས་དཀའ་ཞིག་མ་བྱས་ན་བོད་སྐད་བཤད་པ་ལ་ངོ་ཚ་དགོས་པ་གང་ཡང་མེད་པས་དེ་བོད་མི་མང་པོ་ཞིག་གི་སེམས་ལ་བཟུང་ན་འགྲིག་བསམ།

  3. ལུང་རྟོགས། says:
    2011-07-22 at 4:16 am

    ཤིན་དུ་བདེན་པ་རེད། ང་ཚོའི་མི་རིགས་འདི་ནི་ཧ་ཅང་གི་མགོ་སླ་པོ་རེད་ལ། མགོ་སླ་དྲག་ནས་རང་ཉིད་སུ་ཡིན་མིན་ཡང་ཤེས་གི་མེད་ཚོད་རེད། མ་ཚད་འདི་ནི་འདས་པའི་མི་ལོ་ལྔ་བཅུའི་རིང་གཞུང་དང་སློབ་གྲྭ་ཁག་གིས་སློབ་སྦྱོང་སྤྲོད་སྟངས་ཐད་ཀྱི་མཐུས་ཤོར་ཞིགས་ཀྱང་རེད།

  4. ཨ་ནུ་ཐང་བསོད་ནམས says:
    2011-07-22 at 7:00 am

    བདེན་པའི་གཏམ་ལ་གུས་སྐུར་ཡོད། མི་འདི་ཚོའི་གྲས་ཀྱིས་ཕྱི་གླིང་བའི་ཟ་སྐད་མཐོང་སྐད་ཙམ་ལས་སྤྱི་སྟངས་ཀྱི་ཤེས་ཚད་ཧ་ཅང་ཞན་ལ། ཁོང་ཚོས་གཞན་སྐད་རང་སྐད་དུ་བསྲེས་ཚེ་དེང་རབས་དང་སྔོན་ཐོན་དུ་འདོད་པས་རེད། མཐའ་མི་འདི་ཚོའི་གྲས་ཚད་གཞི་མཐོ་བའི་སྐད་ཡིག་གཅིག་ཀྱང་རྒྱབ་མི་ཐུབ་པ་གྱུར་ནས། གནས་ཚུལ་དེས་ཁོང་ཚོའི་བསམ་བློ་འཕེལ་རྒྱས་ལ་འགོག་རྐྱེན་བྱུང་སྟེ། ཚད་གཞི་མཐོ་བའི་གོ་རྟོགས་སེལ་མི་ཐུབ་པའི་བྱིས་བ་ལྟ་བུ་གྱུར་དང་འགྱུར་ངེས་ཡིན།

  5. སྤོབས་པ་མཐའ་ཡས། says:
    2011-07-22 at 2:17 pm

    ཁྱེད་རང་ཉིད་ཀྱི་སེམས་གཏིང་གི་ཚོར་བ་འཛེམ་ཟོན་མེད་པར་སྨྲ་ནུས་པའི་སྙིང་སྟོབས་ལ་དེ་ལ་གུས་བརྩི་ཡི་རང་ཞུ་རྒྱུ་ཡིན།

  6. སྦྲ་ནག་ཁག་དགུ says:
    2011-07-22 at 4:43 pm

    བསྟེན་འཛིན་དགེ་ལེགས་ལགས་ཀྱི་སེམས་པ་དཀར་པོའི་སྐད་ཆ་འདི་ལ། ངས་སེམས་སྟེང་ནས་ཁྱེད་ལ་གུས་བརྩི་མང་པོ་ཡོད། ད་ཆ་ང་ཚོ་སྡོག་རྩ་གཅིག་སྒྲིལ་གྱིས། དངོས་ནས་བོད་མི་རིགས་འདི་ཡི་ཆེད་ཏུ་ཕྱག་ལས་འགུལ་སྤེལ་དགོས་ངེས་རེད། ང་རང་ནེའུ་ཡུལ་བོད་པའི་མཚན་འཚོགས་ལ་མ་སོང་ནས་ལོ་གསུམ་འགྲོ་གིས། བོད་མི་ཁག་གཅིག་གིས། རྒྱ་གར་དང་བལ་པོའི་གཞས་གོ་དུས་དངོས་ནས་དགའ་ནས་ས་མཆོངས་གནམ་མཆོངས་བྱེད་ཀྱི་འདུག བོད་གཞས་གོ་དུས་ཉོབ་སྣང་དང་མ་སྤྲོ་བའི་རྣམ་པ་འདུག བློ་ཕམ་རེད།

  7. ཚེ་བཀྲ། says:
    2011-07-22 at 1:52 pm

    གྲོགས་པོ་ལགས། དོན་དག་འདི་འདྲ་བྱུང་རྐྱེན་ནི་ཕྱིའི་གནད་དོན་ཙམ་ལ་རག་ལས་མེད་པར་འདོད། གནདདོན་འདིའི་རིགས་ཀྱི་འབྱུང་ས་ནི་བོད་མི་དམངས་གཉིད་མ་སད་པས་ཡིན། རང་གི་ཐོབ་ཐང་བདག་འཛིན་དང་རྒྱལ་ཁབ་ཀྱི་དོན་ཆེན་ལ་འགན་མ་བླང་བའི་ཉེར་ལེན་ལས། རྒྱལ་བ་རིན་པོ་ཆེའི་དུས་དབང་ཡང་ཚོང་ཁེ་དང་ཕྱུག་པོའི་དུས་དབང་གི་རྣམ་པར་གྱུར། གནད་འགག་ཆེ་ས་ནི་བོད་མི་ཚོས་ཡ་རབས་སྐྱོར་ཞིང་མ་རབས་མཚང་འདོན་མི་ནུས་པས། ངན་པ་ལང་ཤོར་དང་བཟང་པོ་ཡི་ཆད་པའི་གནས་ཚུལ་རབས་དང་རིམ་པ་བྱུང་དང་འབྱུང་བར་གདའ། ད་ཆ་མངོན་གསུམ་དུ་རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་མཐའ་ལ་བཙིར་འགོ་བརྩམས་སོང་།
    ལྟོས་དང་། ཡ་གི་སྐུ་ཚབ་དང་མ་གི་སྤྱི་འཐུས་ཚོགས་གཙོ་ཚང་མ་སྟག་གི་འཁྲིས་ཀྱི་ཝ་མོ་ལས་ཅང་མི་འདུག
    ད་ནི་བོད་མི་མང་གིས་དྲང་བདེན་ལག་ཏུ་མ་བསྟར་ན། གཡོ་ཅན་ཟོག་བརྫུན་ཚོ་ཁ་དར་ནས་བོད་ཀྱི་རིན་ཐང་ཡོད་ཚད་བརླག་པར་བྱ་ངེས་སོ།།

  8. གསར་འབྱོར་བ་ནས་། says:
    2011-07-22 at 7:01 pm

    ང་རང་ལོ་ཁ་ཤས་སྔོན་ལ་་སྡ་ས་ཉེར་འགྲམ་སྦིར་ལ་གཅིག་འགྲོ་རྙོང་ཡོད་།དེ་དགུང་མོ་ཅོན་ཏཱ་ར་གཞིས་གྲང་དུ་མཚན་ཚོགས་ཞིག་འདུག་།མཚན་ཚོགས་དེས་གླུ་གཞས་འཁྲབས་སྟོན་བྱེད་མཁན་ནང་ཆེན་རིག་གཞུང་ཚོགས་པ་ཞིག་་འབོད་ཀྱི་འདུག་།སྒོ་འཛིན་ལ་སྒོར་༤༠ཡར་མར་དགོས་ཀྱི་འདུག་།དགུང་མོ་ང་རང་སྒོ་འཛིན་ཉོས་ནས་ལྟད་མོ་ལ་སོང་ཡིན།ཚོགས་ཁང་ནང་དུ་ང་རང་སླེབས་ཚར་རྗེས་སྐར་༡༠ཙམ་རྗེས་ལ་དངོས་སུ་འཁྲབས་བྱུང་།ཐོག་ན་བོད་ཀྱི་རིག་གཞུང་ཨི་་མིན་ཡིན་མི་ཤེས་།བོད་བྲོ་འདྲ་པོ་འདུག་།ལེའུ་གཅིག་གཉིས་རྗེས་ལ་རྒྱ་གར་གྱིས་ཞབས་བྲོ་ཅང་ཅང་རེད་།འཁྲབས་སྟོན་དགུང་ཚོགས་དེས་་འགྲེལ་བཤད་བརྒྱབས་མཁན་དེས་རྒྱ་གར་ཀྱིས་གློག་བརྙན་གཅིག་ནང་གིས་ཞབས་བྲོ་གཉིས་ནང་གིས་ཞབས་བྲོ་།ང་རང་ང་ཅང་བློ་ཕམ་བྱུང་སོང་།གང་ཡིན་ཟེར་ན་།སྔོན་ལ་བོད་ཀྱི་ཞབས་བྲོ་འཁྲབས་སྐབས་དེ་ལ་འགྲེལ་བཤད་དང་གང་ཡང་མི་འདུག་།ད་རྒྱ་གར་ཞབས་བྲོ་ལ་དེ་ལ་སྐད་་གྲགས་ཆེན་པོ་ཡིན་ཚུལ་དང་མོང་པོ་ཞིག་དེ་ལ་་སྐད་གསང་མཐོན་པོས་འགྲེལ་བཤད་བྱས་སོང་།མཐར་ལྟད་མོ་འཇུག་མ་རྫོགས་གང་ང་རང་ཕྱིར་ལ་ཐོན་ཡོང་པ་ཡིན་།

  9. གསེར་འབྲུག་སྡེར་ལྔ་ says:
    2011-07-22 at 8:09 pm

    བོད་པའི་ཨ་མ་དེ་ཚོ་རཱ་ཅུའུ་བླ་མའི་བོང་མཇེ་དེ་མཐོང་ཡིན་གྱི་རེད། བྱས་ཙང་ས་མཆོངས་གནམ་མཆོངས་
    བྱས་ཡིན་རྒྱུ་རེད།

  10. ཇ་མ་ says:
    2011-07-23 at 1:32 pm

    བསྟན་དགེ་ལགས་ཁྱེད་ངར་མྱི་དྲང་མོ་མདའ་འདྲ་ཅིག་འདུག གོ་སྒྲིག་པ་རྣམས་བོད་པ་ཡིན་ཡང་བོད་ནང་ནས་སྐྱེ་བ་མིན་པར་ཕྱི་རྒྱལ་ནས་སྐྱེས་བ་ཡིན་པས་བོད་ཀྱི་གོམས་སྲོལ་གང་ནས་ཤེས།་ཁོ་ཚོས་ཤེས་པ་ནི་སྒྲོ་ལོང་སྒྲིགས་སྟེངས་བཞིན་བརྒྱ་ལོ་ལྔ་བཅུ་ཉི་ཤུ་་་་་་་་་་སོགས་ཀྱིས་སྒྲིགས་སྟངས་ལས་གང་ཤེས།

  11. ལུང་རྟོགས། says:
    2011-07-23 at 2:05 pm

    ངས་བུད་མེད་ལ་འཐོང་ཆུང་བྱས་པ་མིན་ན་ཡང་། དངོས་ཡོད་གནས་ཚུལ་ལ་བུ་དང་བུ་མོ་གཉིས་བསྡུར་ན་། བུ་མོ་ཚོ་མི་རིགས་གི་ལར་རྒྱ་དང་། རང་གི་རིག་གཞུང་ལ་དགའ་ཞེན་ཆུང་བ་འདུག། དཔེར་ན་སློབ་གྲྭ་ཁག་ནང་ལ་བོད་ཡིག་གི་གནས་ཚད་རྒྱ་ཆ་བསྡུར་ན་བུ་ལས་བུ་མོ་དེ་ཚོ་ཧ་ཅང་སྐྱོ་བ་རེད་འདུག། དེས་ན་བུ་མོ་ཚོས་ཐོབ་ཐང་བརྩོད་ཤེས་པ་ཙམ་མ་ཡིན་པར། སོ་སོའི་འགན་འཁྲི་ཤེས་རྒྱུ་ཡང་གལ་ཆེན་རེད།

  12. ཤར་མཁན་སྤྲུལ། says:
    2011-07-26 at 6:19 am

    བོད་མི་མང་སྤྱི་འཐུས་ཚོགས་གཙོས་བོད་གཞུང་གི་མཚན་ཡང་བསྐྱར་བརྗེ་རྩིས་ཡོད་པར་གསུང་ཡོད།
    ཤར་མཁན་སྤྲུལ་ཀྱིས།
    ཉེ་ཆར་བོད་གཞུང་མང་ཚོགས་ཆེན་གྲོལ་རྗེས་བོད་གཞུང་གི་མིང་དང་རྒྱལ་རྟགས་ཀྱི་མིང་གསར་བ་དེ་ལ་ཧ་ལས་ཧང་སང་དགོས་བྱུང་། ང་གཅིག་པོ་ག་ལ་ཡིན། བོད་མི་ཆེས་མང་པོ་ཞིག་ཧ་ལས་པ་དང་བློ་ཕམ་ཡོད་པ་རྗེས་ནས་ཤེས་སོང་། ཁ་སང་སྤྱི་ཚེས་༢༤ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞུས་ནས་བོད་གཞུང་གི་མིང་ཡང་བསྐྱར་བརྗེ་རྒྱུ་ཡིན་པར་གསུངས་པ་ཤེས་སོང་བས་ཧ་ཅང་དགའ་བོ་བྱུང་།
    འོན་ཀྱང་། ཁོས་གསུངས་པ་ལྟར་ན། བོད་མའི་གཞུང་གི་སྒྲིག་འཛུགས་འདོགས་རྒྱུ་ཡིན་པ་ཐོས་པས་ཡང་བསྐྱར་སེམས་ཁུར་ཞིག་བྱུང་། རྒྱུ་མཚན་ནི། མིང་དེ་ཡང་འོས་འཚམས་ཀྱི་མིང་ཞིག་ཡིན་པ་ཕྲན་གྱིས་ཤེས་དཀའ། བཙན་བྱོལ་བོད་གཞུང་ཟེར་བ་ལས་འོས་ཤིང་འཚམས་པ་དང་། དོན་སྙིང་ལྡན་པའི་མིང་ཞིག་ཡོད་པ་ནམ་ཡང་མཐོང་གི་མེད། ཐ་ན་བརྗོད་བདེ་ཞིང་ཚིག་ཐུང་བ། དོན་ཟབ་པ་དང་དོན་འདུས་པ་སོགས་ཀྱི་ཁྱད་ཆོས་མང་བས་སོ།
    རྒྱུ་མཚན་ནི། ༼ བཙན་བྱོལ ༽ ཞེས་པས། རང་དབང་དུ་གནས་པའི་ཚད་ལྡན་གྱི་གཞུང་ཞིག་མིན་པ་དང་རྒྱ་གཞུང་གིས་བཙན་གནོན་མ་བཟོད་པར་བཙན་བྱོལ་དུ་སྡོད་དགོས་ཐུག་ཡོད་པ་ཁ་གསལ་པོས་བསྟན་ཡོད་པས། དུས་ནམ་ཡང་མི་སུ་ཞིག་གིས་ཀྱང་གོ་བ་ལེན་ཉེས་བྱེད་མི་སྲིད།
    ༼ བོད་གཞུང ༽ཟེར་བ་དེས་རྒྱལ་སྤྱིའི་ཁྲིམས་ཡིག་དག་ཏུ་དེབ་སྐྱེལ་བྱས་ཡོད་མེད་ལ་མ་ལྟོས་པར། བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བཟུང་མི་ལོ་༢༡༣༨ གྱི་ལོ་རྒྱུས་ལྡན་པའི་བོད་རྒྱལ་ཁབ་གྱི་གཞུང་དེའི་བརྒྱུད་འཛིན་པ་ཡིན་པར་བསྟན་ཡོད་ལ། དེ་ཡང་ཁ་གསལ་དོན་མཐུན་རྒྱལ་སྤྱིའི་ཡོངས་ཁྱབ་རིང་བཞིན་ལྡན་པའི་སྒོ་ནས་བསྟན་ཡོད་པས། མ་འོང་དུས་ཡུན་ཅི་ཙམ་འགོར་ཡང་བོད་སྐད་ཤེས་མཁན་ཞིག་ཡིན་ཕྱིན་འདིའི་དོན་མི་གོ་མཁན་མེད་པ་ཞིག་ཡིན། མ་ཟད་མ་འོང་བར་གཞན་ཞིག་གིས་སྐད་ཡིག་གཞན་དུ་བསྒྱུར་ན་ཡང་རྒྱལ་ཁབ་ཞིག་གི་གཞུང་དུ་བསྒྱུར་སྲིད་པ་ཤུགས་ཆེ་བ་ལས་སྒྲིག་འཛུགས་ཤིག་ལ་བསྒྱུར་ཤས་ཆུང་། དེའི་ཕྱིར་འཛམ་གླིང་རང་བཞིན་ཅན་གྱི་ཆབ་སྲིད་ཀྱི་དོན་སྙིང་ལྡན་ཡོད།
    འོན་ཀྱང་དེ་ལས་ལྡོག་དེ་བཟོ་བཅོས་ཅི་ཞིག་ཕྱིན་ཡང་ཉེས་ཆ་དང་ནོར་འཁྲུལ་ལས་ལེགས་ཆ་དང་དགེ་མཚན་གང་ཡང་མི་ཡོང་།
    ཉེ་ཆར་ཡོངས་ཁྱབ་ཏུ་༸གོང་ས་སྐྱབས་མགོན་ཆེནཔོ་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་གཅིག་སྡུད་བྱས་པ་རེད་ཟེར། འོན་ཀྱང་ ༸གོང་ས་མཆོག་གིས་ཞལ་ངོས་ནས་ཡོངས་ཁྱབ་གསལ་བསྒྲགས་མ་གནངས་པ་ཁོ་ཐག་རེད། དེ་ཕྱིར་ཕྲན་གྱིས་དེ་ལ་ཡིད་ཆེས་བྱེད་ཐབས་ཞིག་གཏན་ནས་རྙེད་མ་སོང་། རྒྱུ་མཚན་ནི། ༸གོང་ས་མཆོག་འཕགས་པ་སྤྱན་རས་གཟིགས་ཡིན་པ་རྒྱུ་མཚན་དུ་བྱེད་མི་དགོས་པར་ ༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་བོར་ནོར་འཁྲུལ་ཞིག་ཤོར་མྱོང་ཡོད་པ་ཕྲན་ལ་མཐོང་ཐོས་དོགས་གསུམ་མེད་པས་རེད།
    ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་༸གོང་ས་མཆོག་གིས་གནངས་པ་ཡིན་པར་བཤད་ཏེ། འོས་ཤིང་འཚམས་པ་ཡིན་ཚུལ་གྱི་རྒྱུ་མཚན་གཉིས་དྲངས་པ་ནི། གཅིག་མ་འོངས་པར་ཁྲིམས་རྩོད་གནོན་ཤུགས་ལས་ཡོལ་ཆེད་ཡིན་པ། མིང་ལ་འགྱུར་བ་བཏང་བས་དོན་ལ་འགྱུར་བ་མི་འགྲོ་ཚུལ་གསུངས་པ་གཉིས་པོ་འདི་རེད།
    དེ་གཉིས་རེ་རེ་བཞིན་དོན་ལ་མི་གནས་པར་སྙམ། རྒྱུ་མཚན་ནི། བཙན་བྱོལ་གཞུང་ཟེར་བ་ད་སྔོན་སྐད་ཡིག་གང་གི་ཐོག་ཏུ་ Government ཟེར་བའི་དོན་དུ་ནི་བསྒྱུར་མེད། བོད་ཀྱི་སྐད་ཡིག་ཐོག་ནས་ནི། རྒྱལ་ཁབ་ཞིག་གི་གཞུང་དུ་གོ་དོན་ཡོད་པ་གཞིར་བཞག་ལ། བསམ་བཞིན་དུ་བསྒྱུར་ན་མཐའ་གཅིག་ཏུ་རྒྱལ་ཁབ་ཞིག་གི་དབུས་གཞུང་ལ་གོ་མི་དགོས་པའི་ཁྱད་ཆོས་ཡོད་ཕྱིར། མ་འོངས་པར་ཉེན་ཁ་ལས་ཡོལ་ཆེད་བོད་གཞུང་གི་མིང་རྗེ་བརྒྱུར་བྱས་པ་ཡིན་ཟེར་བ་དེ། མཐར་གཏུགས་དུས་འཇོག་ས་མེད་པའི་མིང་རྐྱང་བཏགས་ཡོད་ཙམ་དུ་ཆགས་པ་རེད།
    ངས་བཤད་པ་ལ་ཡིད་ཆེས་གདེང་འཇོག་བྱེད་མི་འདོད་ན། འདིར་ངས་ ༢༠༡༡ ལོའི་སྐུའི་འཁྲུངས་སྐར་ཉིན་ཨ་རིའི་རྒྱལ་ས་ཝ་ཤུན་ཀྲོན་དུ་ ༸གོང་ས་མཆོག་སྐུ་ཉིད་ཀྱིས་གསུང་དུམ་བུ་ཞིག་ལུང་འདྲེན་བྱེད།
    ༼ དེ་ག་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེད་པ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས་དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབས་བསྡད་པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད། ༽
    ཞེས་སོགས་གསུངས་ཡོད་པ། ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་ནས་ཐད་གར་རྒྱང་བསྲིངས་བྱས་ཡོད་པས། ད་དུང་དྲ་ཐོག་ཏུ་ཡོད་པས་གཟིགས་ནས་ཉོན་དང་། ཉེ་སྔོན་གྱི་དོན་གནས་དག་༸གོང་ས་མཆོག་གིས་སྒེར་གཅོད་བྱས་ཡོད་པར་ཡིད་ཆེས་དཀའ་བའི་གནས་སུ་གྱུར་ཡོད། མདོར་ན་སུ་ཞིག་གིས་ནོར་འཁྲུལ་ཡིན་དང་མིན་ལས་དོན་གྱི་ཆ་ནས་གང་ཞིག་འགྲིག་དང་མི་འགྲིག་ལ་བསམ་གཞིགས་ནན་པོ་བཏངས་ན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བ་དེ་མ་རེད་དམ།
    གཉིས་པ། མིང་ལ་འགྱུར་བ་བཏངས་པས་དོན་ལ་འགྱུར་བ་མི་འགྲོ་ཚུལ་གསུངས་པ་དེ་ཡང་། ཟམ་གདོང་ཁོ་རང་གི་བྱ་བ་ལ་ནག་ཉེས་མེད་པའི་སྲུང་སྐྱོབ་ཙམ་ལས་དོན་ཆེན་གཞན་ཡོད་པར་མ་ཤེས།
    ཕྲན་གྱི་བློ་གྲོས་ཆུང་ངུ་འདིར་ཤོངས་ཚོད་ཙམ་ཞིག་བཤད་ན། དེ་དག་གི་སྐོར་ནི། ཉེས་མི་དགོས་ས་ལ་ཉེས་སྐྱོན་ཆེན་པོ་ཤོར་བའི་རང་བཞིན་དུ་མཐོང་། དེའི་ཕྱིར་དགྲ་བོའི་གཡོ་སྒྱུའམ། ཕྱི་མགོ་ནང་བཙོང་གི་ཆོ་འཕྲུལ་ཞིག་ཨེ་ཡིན་སྙམ་པའི་དོགས་པ་ཆེ།
    དེའི་ཕྱིར་མིང་འགྱུར་བ་བཏངས་པ་ཙམ་གྱིས་ང་ལ་སེམས་ཚོར་ཧ་ཅང་ཆེན་པོ་བྱུང་། གཞན་པ་ཆེས་མང་པོས་སེམས་ཤུགས་ཆག་ཡོད་པ་ཧ་གོ་བྱུང་། ཁ་ཤས་ཀྱིས་སེམས་ཤུགས་ཆག་ནས་དང་བླང་དཔྱ་ཁྲལ་ཡང་འབུལ་རྒྱུ་མིན་པ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཤུགས་ཆེན་བྱུང་སོང་། འོན་ཀྱང་དེ་ནི་འགྱུར་བ་ཆུང་ངུ་ཞིག་རེད་ཅེས་རེ་ཞིག་བཤད་ན་ཆོག་པས་དབང་དུ་ཐོངས།
    འོན་ཀྱང་ངན་ཕྱོགས་ཀྱི་འགྱུར་བ་ཆེ་ཤོས་དེ་ནི། རྒྱ་གཞུང་གིས་ང་ཚོའི་ཆབ་སྲིད་ལང་ཕྱོགས་ལ་གདེང་ཚོད་མེད་པར་མཐོང་ཆོག་པ་ཞིག་ང་ཚོ་རང་གི་བྱས་པ་རེད། དེ་ཕྱིར་དགྲ་དགའ་ཟིན་སྡུག་ཟེར་བ་དེ་རེད་སྙམས།
    དེ་ལས་ཀྱང་ཉེན་ཁ་ནི་མ་འོངས་པར་འཕྲད་རྒྱུ་རེད། དེ་ནི་གལ་ཏེ་བོད་ཀྱི་གནད་དོན་འདི་མི་རབས་མང་པོར་ལྷག་པའི་དབང་དུ་བཏང་ན། མ་འོངས་པའི་གཞོན་སྐྱེས་དང་མི་རབས་ཕྱི་མ་དག་ལ་བོད་གཞུང་ཟེར་བའི་མིང་ཙམ་ཡང་རྒྱུན་ལྡན་གྱི་ངག་རྒྱུན་དུ་མེད་བཞིན་དུ་དོན་དེ་གནས་ཐུབ་ཟེར་བ་སོགས་ནི་བོད་མི་རིགས་ལ་ཤ་མི་ཚ་བའི་སྟོང་གཏམ་ངོ་ཚ་དགོས་པ་ཞིག་རེད་སྙམ།
    དེ་ནི་མི་སྲིད་པ་ཞིག་རེད། སྤྱིར་མིང་དང་ཐ་སྙད་ལ་བརྟེན་ནས་དོན་སྟོན་དགོས་པ་ཆོས་ཉིད་རེད། ཅི་སྐད་དུ། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་ཀྱིས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཞེས་གསུངས་པ་ལྟ་བུ་འདི་ཡང་ཆོས་ལུགས་ཁོ་ནའི་སྐད་ཆ་མ་རེད།
    ད་ལྟའི་གནས་སྐབས་སུ་ང་ཚོས་དོན་དེ་༼ བཙན་བྱོལ་བོད་གཞུང ༽ངམ་ ༼ བོད་མའི་གཞུང་གི་སྒྲིག་འཛུགས ༽གང་ཟེར་ཡང་དོན་དུ་བོད་མི་ས་ཡ་དྲུག་གི་གཙོས་བོད་རྒྱལ་ཁོངས་སུ་གཏོགས་པ་ཀུན་གྱི་གཞུང་བཙན་བྱོལ་དུ་གནས་ཡོད་པའི་གཞུང་དེ་ལ་གོ་ཐུབ་སྲིད་ཀྱང་། མ་འོང་པར་ཡུན་རིང་འགོར་དུས་བོད་གཞུང་ཟེར་བར་ནུས་པ་ཡོད་ལ། བོད་མའི་སྒྲིག་འཛུགས་ཟེར་བ་ལ་གཞུང་ཞིག་གི་གོ་དོན་ལེན་ཐུབ་པའི་ནུས་པ་མེད་པར་ཆག་གི་རེད། དུས་ཡུན་འགོར་དུས་དེ་གཉིས་གྱི་དོན་འགྲེལ་བཤད་སོ་སོ་བར་གྱུར་ནས་ཚིག་གཉིས་པོ་དེ་དོན་གཅིག་ལ་མཐའ་གཅིག་ཏུ་གྲུབ་ག་ལ་ཐུབ། བོད་མའི་སྒྲིག་འཛུགས་ཟེར་དུས་བོད་རྒྱལ་ཁབ་ཞིག་གི་དོན་སྟོན་མི་ཐུབ་པར་ཏན་ཏན་ཆགས་ཀྱི་རེད།
    དེ་འདྲ་ཡིན་ཕྱིར་མིའི་འགྲོ་བ་ཟེར་ན་འདྲ། འཛམ་གླིང་ཀུན་གྱིས་གོ་མིང་ལ་སོགས་པའི་མིང་ཆེས་མང་པོ་ཞིག་ལ་རྩོད་ལེན་དང་གཙིགས་ཆེན་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དུ་བོད་མི་ཀུན་ལ་འཇིག་རྟེན་ཆོས་བརྒྱད་མི་དགོས་པར་མ་གྱུར་བར་དུ་བོད་ཀྱི་ཆོས་དང་རིག་གཞུང་། མིང་དང་ཐ་སྙད་དག་ནི་མེད་དུ་མི་རུང་བ་ཞིག་ཏུ་ཆགས་ཡོད་པ་ཀུན་ཀྱིས་ཤེས་སླ། དེ་ཕྱིར་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་༼ བཙན་བྱོལ་བོད་གཞུང ༽ཟེར་བའི་ཚིག་དེ་བརླག་མི་ཉན།
    ཉེ་ཆར། སྤྱི་ཟུར་ཧོར་གཙང་འཇིགས་མེད་ཀྱིས་བོད་གཞུང་གི་མིང་བརྗེས་བསྒྱུར་ལ་ཚོར་སྣང་གང་ཡང་མ་བྱུང་ཟེར་བར་ང་སྙིང་ཆུང་བ་ཡིན་ན་མ་གཏོགས་ཡང་བསྐྱར་ཧང་སངས་སོང་། ཡང་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་སོགས་འགའ་རེས་བོད་གཞུང་གིས་ལང་ཕྱོགས་ཆེས་མཐོའི་རང་སྐྱོང་ཡིན་པས་བོད་རྒྱལ་ཁབ་ཞིག་གི་མིང་མེད་ན་ཆོག་མདོག་བྱེད་ཀྱི་འདུག དེ་དག་ཕྲན་ལ་ནི་ཆབ་སྲིད་ཀྱི་དྲི་གཏན་ནས་མེད་པའི་ངོ་སྲུང་ངོ་དགའི་གཏམ་འབའ་ཞིག་ཏུ་སྣང།
    འདི་དག་གི་སྐོར་དུས་བབ་ཐོག་གླེང་ཡོད། ཐ་ན་ཡང་བརྗོད་མི་བདེ་བའི་དཀའ་ངལ་ཡང་ཆེས་ཆེན་པོ་ཡོད་པ་གསར་འགོད་པ་དང་གཏམ་བཤད་པ་དག་ལ་ཉོན་དང་ཤེས་སླ། དཀའ་ངལ་དེ་དག་ནི་མ་རུང་བའི་ནོར་འཁྲུལ་ཚབས་ཆེན་གྱི་མཚོན་རྟགས་རེད།
    ད་ལྟ་བོད་གཞུང་གི་མིང་ཡང་བསྐྱར་བརྗེ་བ་ལ་ད་དུང་སེམས་ཁྲལ་བྱེད་དགོས་དོན་ནི། གོ་ཚོད་ལྟར་ན། ༼ བོད་མའི་གཞུང་གི་སྒྲིག་འཛུགས ༽ འདོག་རྒྱུ་ཡིན་ཟེར་བ་གོ་སོང་། ང་བླུན་དྲག་པས་མ་ཡིན་ན་ནི། དེ་ལ་ཡང་བསྐྱར་དགོས་དོན་གཏན་ནས་མཐོང་གྱི་མི་འདུག ༼ བཙན་བྱོལ་བོད་གཞུང ༽ ཟེར་བ་ལས་ཁྱད་དུ་མི་འཕགས་པ་གང་ཞིག་ལ། དགོས་དོན་ལྷག་མ་ཁྱོན་ནས་མེད་པ་རེད།
    རྒྱུ་མཚན་ནི། བོད་གཞུང་ཟེར་བས་རྒྱལ་ཁབ་ཞིག་གི་གཞུང་ལ་གོ་དགོས་དུས་གོ་ཐུབ་གི་ཡོད་ཁར། དགོས་པ་བྱུང་དུས་སྒྲིག་འཛུགས་ཤིག་གི་དོན་དུ་བསྒྱུར་ཐུབ་ཀྱི་ཡོད་པས། ཁྱད་ཆོས་གཉིས་ལྡན་པ། བརྗོད་བདེ་ཞིང་དོན་འདུས་པ། ཀུན་གྱི་བློ་ངག་གཉིས་ཐོགཏུ་བྱང་ཟིན་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། དེ་ལས་ལྷག་པའི་མིང་ཞིག་ཡོང་རྒྱུ་མེད་པ་གང་ཞིག་ལ།
    ང་ཚོ་དགོས་པ་ནི། མིང་གིས་རྒྱལ་ཁབ་ཞིག་གི་གཞུང་གི་དོན་ཐད་ཀར་སྟོན་ཐུབ་ན་ནམ་ཡང་གོ་བ་འཇིག་རྒྱུ་མེད་ཕྱིར་ཆབ་སྲིད་ཀྱི་དོན་སྙིང་ལྡན་ཡོད་པ་རེད། དགོས་མཁོ་དང་ཉེན་ཁ་བྱུང་ན་སྒྲིག་འཛུགསཀྱི་དོན་ལ་འབྲེལ་ཐུབ་ཀྱི་ཡོད་ཕྱིར། དེ་ང་ཚོར་མ་འོངས་པར་དགོས་སྲིད་པ་དང་། དེས་མ་ཆོག་པ་ཞིག་གཏན་ནས་མེད་པ་རེད།
    གལ་ཏེ་༼ བོད་མིའི་གཞུང་གི་སྒྲིག་འཛུགས༽ཟེར་ན་གཞུང་དང་སྒྲིག་འཛུགས་གཉིས་ཐ་དད་དམ། ཡང་ན་ཆ་དང་ཆ་ཅན་དུ་བསྟན་ཡོད་པས་གཞུང་དེ་གང་རེད། སྒྲིག་འཛུགས་དེ་གང་རེད་ཟེར་ན། མཛུབ་མོ་འཛུགས་དཀའ་ལ། བཙུགས་ན་ཡང་བསྐྱར་དཀའ་ངལ་འཕྲད་པའི་གཞི་རུ་གྱུར་མི་འདུག་གམ།
    མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཟེར་དུས་བོད་མི་ཁོ་ནའི་གཞུང་ངམ་སྒྲིག་འཛུགས་ལས་གོ་མི་ཐུབ་པ་དང་། བོད་གཞུང་ཟེར་དུས་མི་རིགས་ཁ་ཤས་ཞིག་ལ་དབང་སྒྱུར་མྱོང་བའི་འདས་པའི་བོད་གཞུང་དང་། མི་རིགས་མང་དུ་འདུས་ཐུབ་པའི་མ་འོང་གི་བོད་གཞུང་ཡང་མཚོན་ཐུབ་པས། གལ་ཆེན་ཡིན་པ་མཁྱེན་པར་འཚལ།
    མདོར་ན་གོ་སླ་མོས་བཤད་ན། བོད་གཞུང་གི་མིང་དང་། རྒྱལ་རྟགས་ཀྱི་མིང་གཉིས་ཀ་ཆབ་སྲིད་ཀྱི་དོན་སྙིང་ཡོད་པ་ཞིག་དགོས་པ་ལས། གབ་ཚིག་དང་རྒྱན་ཚིག གསོལ་འདེབས་སྨོན་ཚིག་ལྟ་བུ་ཞིག་རྩ་བ་ནས་མི་འཇོག་པར་སྙིང་ཐག་པ་ནས་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད།
    རྒྱུ་མཚན་ནི། དེ་ནི་འདས་པའི་ལོ་རྒྱུས་ཀྱི་ཕམ་ཁ་ད་དུང་མ་མཐོང་བའི་གུ་དོགས་མཁྲེགས་འཛིན་གྱི་ལྟ་བ་དང་། དུས་རབས་ཉེར་གཅིག་པའི་ནང་པ་བའི་བསམ་བློ་མ་ཡོད་པའི་མཚོན་རྟགས་རེད།
    ཅི་ཞིག་དགོས་ཟེར་ན། གོ་སླ་མོ། ཐད་ཀར་གྱི་དོན་བྱེ་བྲག་དམིགས་བསལ་བ་ཞིག་ལ་གོ་ཐུབ་པ་ཞིག་དགོས་པ་རེད། དེ་ནི་འཛམ་གླིང་གི་རྒྱལ་ཁབ་ཡར་རྒྱས་ཅན་དག་ལ་ལྟོས་དང་ཤེས་ནུས། རྒྱ་གར་གྱི་སྨོན་ཚིག་ཅིག་བྲིས་ཡོད་པ་དེ་གཅིག་པོ་ལ་ཞེན་དགོས་དོན་གཏན་ནས་མེད།
    བོད་གཞུང་ཟེར་དུས་གོ་སླ་ལ་དོན་འདུས་ཡོད་པས། ཆེས་ཁྱད་དུ་འཕགས་པའི་མིང་ཞིག་རེད། དེ་ལས་འོས་ཤིང་འཚམས་པའི་མིང་ཞིག་འཚོལ་རྒྱུ་མེད་ཐག་ཆོད་རེད་སྙམ།
    མི་རང་ཉིད་སྒེར་གྱི་ཅན་ཁ་ཁོ་ནར་མི་ལྟ་ཞིང་རྒྱ་ཁབ་དང་མི་རིགས་ཀྱི་རྩ་བའི་བདེ་དོན་ལ་བསམ་བློ་གཏོང་མཁན་ཡིན་ཚད་ཀྱིས་འདི་ལ་བསམ་གཞིགས་ནན་པོ་ཞིག་གནོངས་ལ། ད་རེས་ཀྱི་གོ་སྐབས་དམ་འཛིན་གྱིས། ང་ཚོ་བོད་རྒྱལ་ཁབ་ཀྱི་མཚན་དེ་མ་ནོར་དོན་སྙིང་ལྡན་པ་ཞིག་ཡོང་བར་རོགས་ཕན་གནང་རོགས་ཞུ།
    གལ་ཏེ་ངའི་རྣམ་དཔྱོད་དང་བློ་གྲོས་ཀྱི་མ་འདང་བར་ནོར་འཁྲུལ་ཤོར་ཡོད་ན། དེ་ནི་གནད་འགག་མ་རེད། རྒྱུ་མཚན་ལྡན་པའི་སྒོ་ནས་ཡོ་བསྲིང་བྱེད་ཆོག དགོས་དོན་གནད་འགག་ནི་ང་ཚོའི་རྩ་དོན་རེད།
    གཞ་ཏེ་གང་ཞིག་ཏེ་གནས་ལུགས་ལ་བསམ་གཞིགས་གཟབ་ནན་མི་གཏོང་བར་གང་ཟག་ལ་ཚིག་ངན་དང་ཡིག་སྐྱོན་ཕྲན་བུ་རེའི་ཁ་སྤུ་བཏོགས་ན་དོན་མེད་ཆགས་སྡང་སློང་བྱེད་ལས་མེད་པ་ཤེས་པར་བྱོས། དེ་རིགས་ལ་ངས་དོ་སྣང་བྱ་རྒྱུ་མིན།
    རྒྱལ་གཅེས་པ་དག་གིས་ཤུགས་སྣོན་རྒྱག་རོགས་གནང་འཚལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme