གངས་རྡེའུ།
བོད་འདི་ཇེ་ཆུང་ནས་ཇེ་ཆུང་དང་རྒྱ་འདི་ཇེ་ཆེ་ནས་ཇེ་ཆེ་རེད་ཟེར་བའི་བོད་ཕྱི་ནང་གཉིས་སུ་བོད་ཀྱི་རིག་གཞུང་དང་ཤེས་ཡོན་སྲིད་བྱུས་ཇེ་ལེགས་དང་། སྐད་ཡིག་ཉམས་ཆགས་སླར་གསོ་སོགས་ཀྱི་ཆེད་དུ། ཕྱི་ནང་གཉིས་སུ་ལས་འགུལ་རིམ་པ་གང་མང་སྤེལ་བཞིན་ལྟར། ལྷག་དོན་བོད་ནང་དུ་བགྲོ་གླེང་གཏམ་བཤད་དང་། ཐ་སྙད་གསར་བཟོ་གང་གི་ཆ་ནས་འགྲིག་འདུག་པ་ཀུན་ཤེས་རེད། ཡིན་ན་ཡང་། ཡིད་སྐྱོ་བ་ཞིག་ལ་བྱེས་འབྱོར་བོད་ཀྱི་སློབ་གྲྭ་ཆེ་ཆུང་དང་གྲྭ་ས་ཆེ་ཆུང་བླ་མ་མྱི་ཆེན་ཐ་ན་རླུང་འཕྲིན་དང་བརྙན་འཕྲིན་ཁང་ན་ཡང་། ར་མ་ལུག་གི་སྐད་རྒྱ་ཁྱབ་ཆེ་རུ་ནས་ཆེ་རུ་འགྲོ་བཞིན་འདུག དཔེར་ན་། ཁ་སང་ཨ་རིའི་voaབརྙན་འཕྲིན་ཀུན་གླེང་གི་མདོ་འཛིན་པ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་ཨ་རིའི་ཝ་ཤིན་ཏྲོན་གྱི་༸་གོང་ས་མཆོག་གི་འཁྲུང་སྐར་མཛད་སྒོའི་གནས་ཚུལ་ཐད་གཏོང་ལེན་ཚན་ནས་འདི་ལྟར། “དེ་རིང་སྐུ་མདུན་གྱི་འཁྲུངས་སྐར་ལ་མི་གང་མང་སླེབས་བཞིན་འདུག ད་ནངས་ཞོགས་པ་སྔ་མོ་ནས་མི་མང་པོ་བྷ་སུ་(Bus) ཞོན་ནས་སླེབས་ཀྱིན་འདུག”
ཟེར་ནས་བཤད་སྲོལ་ལ་ཅིག་ལྟོས་དང་། ངས་ཨ་རིའི་ VOA ཀུན་གླེང་ལེ་ཚན་གྱི་མདོ་འཛིན་པ་ཞིག་གིས་འདི་ལྟར་སྐད་ཆ་བཤད་པ་ཐོས་མ་ཐག བརྙན་འཕྲིན་གྱི་གློག་སྒོ་གཏད་ནས་ངུ་སྤྲོ་ལ་སེམས་པ་བརྣངས་ཤིང་ཡ་ཆུང་འཚངས་ནས་ཡོང་། ད་ནི་ང་ཚོ་ལ་རིག་གནས་ཀྱི་བཙན་འཛུལ་ཐེབས་སོང་ཟེར་ནས་རྒྱ་ནག་ལ་སྡིག་སྐད་རྒྱག་བཞིན་རང་མི་རིགས་ལ་མཐོང་ཆུང་བཟོས་པ་མ་རེད་དམ། མི་རིགས་ཀྱི་འདུ་ཤེས་དང་ང་རྒྱལ་ཡོངས་སུ་བྲལ་ནས་མི་རིགས་བྱ་བ་སྒྲུབ་པ་ནི་འཐུས་ཤོར་ཀུན་གྱི་རྩ་བ་རེད་། འདི་ནི་ཨ་རིའི་VOAབརྙན་འཕྲིན་ཁང་གི་ངོ་ཚ་དང་ཕྱི་སྡོད་བོད་ཀྱི་ངོ་ཚ་རེད་ལ།
ད་ནས་བཟུང་། ར་མ་ལུག་གི་སྐད་རྒྱག་མཁན་གྱི་བརྙན་འཕྲིན་འདི་དག་གི་སྒོ་བརྒྱབ་ཀྱང་ཆོག འདི་ལྟ་བུ་ནི་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག བོད་མི་རིགས་ཀྱི་བྱ་བ་སྒྲུབ་ལུགས་འདི་ལྟ་བུ་ཞིག་ཡིན་ནམ། ལས་རིམ་འདི་ལྟར་སྒྲུབ་པའི་ང་ཚོའི་འཚོ་བར་སྐྱུགས་མེར་མི་ལངས་སམ། བོད་ནང་གི་རིགས་ཞེན་པ་དག་གིས་ཕྱི་སྡོད་བོད་ཀྱི་ཡིག་ནོར་གྱི་ཕུང་བོའི་ལས་གྲུབ་པའི་ཀ་ཁའི་ཤི་རོའི་གསུང་རབས་དང་ཚེགས་པར་དུས་དེབ་པར་མ་དག་དང་། ར་མ་ལུག་གི་སྐད་ཀྱིས་ཡོངས་སུ་སྦགས་པའི་བརྙན་འཕྲིན་དང་རླུང་འཕྲིན་དག་གོ་མ་ཐག་སེམས་སུ་རེ་བ་ཅི་ཙམ་ཡོད། འདི་ནི་མི་རིགས་རིག་གནས་སྲུང་སྐྱོབ་བྱ་བ་ཡིན་ནམ་མི་རིགས་རིག་གནས་མེད་བརླག་གཏོང་བའི་དྲན་ཤེས་ཡིན་ཟེར་ན། ངས་མཐའ་གཅིག་དུ་འདི་ལ་༼མི་རིགས་རིག་གནས་རྩ་མེད་བཟོ་པའི་ཞི་ཐབས་སྐབས་འཚོལ་བ་༽ཟེར་ལ། འོག་ནས་རྒྱ་ནག་གིས་རིག་གཞུང་ཉམས་ཆགས་ཀྱི་ཤུགས་རྐྱེན་ཡར་སྤྲོད་པ་དང་། སྟོད་ནས་ཕྱི་སྡོད་བོད་ཀྱིས་རིག་གནས་ལ་ཤུགས་རྐྱེན་སོགས་ཡོང་བའི་བར་སྐབས་འདི་ནི་མཐའ་གཅིག་དུ་མཐར་ཐུག་རང་ཁ་སྒོར་མོ་རྡོ་ལ་གཏད་པ་རེད།། །།
མདོ་འཛིན་པས་དེ་ལྟར་བཤད་སོང་བ་དངོས་གནས་བདེན་ན་ཞབས་འདྲེན་རེད།
དོན་དམ་བདེན་པ་རེད་ཡིན་ཡང་མེད་པ་ལས་ཡོད་པ་ལེགས་པ་ཀུན་གྱི་ཤེས་གསལ་རེད། རང་ནུས་གང་ཡོད་ཀྱི་ཟབ་ཟབ་གནང་རྒྱུ་ངོ་མ་གལ་ཆེན་པོ་མ་ཡིན་ནམ། འདི་ལྟར་བརྗོད་པ་ཡིན་ན་གཞིས་བཞུགས་བོད་མི་ཚོའི་ང་ཚོ་ལ་རྒྱ་ནག་དམར་གཞུང་གི་སྐད་ཡིག་སྲོང་སྐྱོབས་བྱེད་མ་བཅུག་པ་རེད་ཁོང་ཚོ་ལ་སུ་ཞིག་གི་འདི་ལྟར་སྐད་ཡིག་ལ་བཙན་འཛུལ་བྱས་པ་ཡིན་ནམ་བསམ་སྲིད་པ་ཞིག་རེད། དུས་རྟག་ཏུ་མཉམ་འཇོག་གནང་རོགས་ཞུ།
འདི་ངོ་མ་རེད་དམ། ང་ཡོད་ས་ལྡི་ལི་གསར་པ་ནས་ཀུན་གླེང་ལ་ཡང་ལྟ་ཐུབ་གི་མི་འདུག
དེ་རིང་སྐུ་མདུན་གྱི་འཁྲུངས་སྐར་ལ་མི་གང་མང་སླེབས་བཞིན་འདུག ད་ནངས་ཞོགས་པ་སྔ་མོ་ནས་མི་མང་པོ་བྷ་སུ་(Bus) ཞོན་ནས་སླེབས་ཀྱིན་འདུག” གང་རྡེའུ་ལགས། ཁྱེད་ཀྱི་འདི་ལ་ལེགས་བཅོས་མེད་པའི་ཐོག་ལ་འདི་ལྟ་བུ་ནི། ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག ཅེས་འགན་མེད་པའི་ཚིག་ལ་ང་ཡང་བློ་ཕམ་བྱུང་ལགས།
བོད་ནང་དང་བསྡུར་ན་ས་དང་གནམ་གྱི་ཁྱད་པར་ཡོད། མི་རིགས་ལ་བཅངས་བའི་ལྷག་བསམ་དང་དམིགས་ཡུལ་ཤེས་འཇོན་གང་ཐད་ནས་ཨ་རིའི་རླུང་འཕྲིན་ཁང་ཞེ་དྲག་སྐྱོ་བོ་རེད། རྒྱ་ཆེ་ས་བཤད་མི་དགོས། དཔེ་མཚོན་ཙམ་བཤད་ན་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་པ་ཚོས་བོད་ཆས་ཙམ་ཡང་གྱོན་འདོད་ཀྱི་ཀུན་སློང་རྩ་བ་ནས་ཡོད་པ་མ་རེད། བོད་ནང་ལ་གཅིག་གཟིགས་དང་ག་འདྲ་རེད། ཨ་རིའི་་རླུང་འཕྲིན་ཁང་བཛུགས་ནས་ལོ་ངོ་ག་ཚོད་རེད། འགན་འཛིན་པ་རྡོ་རྗེ་ཚེ་བརྟན་སོགས་གཙོ་བོ་བྱས་པ་ཁོང་ཚོས་ཉིན་མ་གཅིག་ལ་ཡང་བོད་ཆས་གྱོན་མྱོང་མེད། གོང་ས་སྐྱབས་མགོན་མཆོག་གིས་རྒྱུན་དུ་མི་རིགས་ཤིག་ཡིན་ན་སྐད་དང་ཡིག་གེ་ཆས་གོས་གཙོ་བོ་ཡིན། ང་ཚོ་བོད་པ་ལ་ཡང་ཐུན་མོང་མ་ཡིན་པའི་ཆས་གོས་ཡོད། དེ་འདྲ་སོང་ཙང་་ཕྱིས་ཆ་ལུགས་ཀྱི་གྱོན་ཆས་གཙོ་བོ་ཡིན་པས་དོ་སྣང་བྱེད་དགོས་པ་གལ་ཆེ་གསུངས་པ་སྣང་མེད་དུ་བཞག་པ་མིན་འགྲོ།
བོད་ཀྱི་རིག་གཞུང་དང་ཤེས་ཡོན་སྲིད་བྱུས་ཇེ་ལེགས་དང་། སྐད་ཡིག་ཉམས་ཆགས་སླར་གསོ་སོགས་ཀྱི་ཆེད་དུ། ཕྱི་ནང་གཉིས་སུ་ལས་འགུལ་རིམ་པ་གང་མང་སྤེལ་བཞིན་ལྟར། ལྷག་དོན་བོད་ཕྱི་ནང་གང་གིས་བགྲོ་གླེང་གཏམ་བཤད་སོགས་ཀྱི་སྐབས་སུ་བོད་རང་གི་ཐུན་མོང་མ་ཡིན་པའི་བརྡ་དག་གི་འགྲོས་དང་བསྟུན་དགོས་རྒྱུ་ཆེ་ཤིན་ཏུ་ནས་གལ་ཆེ་བའི་གནས་སུ་མཆིས། དེ་དང་མཉམ་དུ་འདྲེས་པའི་རང་མི་རིགས་ཀྱི་ཆས་གོས་རྒྱུུན་འཛིན་བྱེད་གལ་ཆེ། སྐད་དང་ཡིག་གེ་ཆས་གོས་སོགས་གང་ཐད་ནས་མི་ཉམས་སླར་གསོ་བྱེད་དགོས་པ་སོགས་གང་ཡོད་སྤྱི་ཚོགས་ཁྱབ་སྤེལ་གནང་མཁན་གཙོ་བོ་བརྙན་འཕྲིན་ཁང་སོགས་ཡིན། དེ་ན་ཤེས་ཡོན་གཉིས་འཛོམས་ཀྱི་བརྙན་འཕྲིན་ཁང་སོ་སོས་འགན་འཛིན་རྣམས་པས་སྔར་ལྷག་ལས་བྱེད་ན་གཞོན་ཡོངས་གསོ་སྐྱོང་གང་ལེགས་གནང་རོགས་ཞུ།
ང་རང་དུས་རྒྱུན་རེས་གཟའ་ལྷག་པ་དང་རེས་གཟའ་པ་སངས་དགོང་དྲོ་ཆུ་ཚོད་ ༧།༣༠ ཟིན་མ་ཐག་རང་གི་ནང་པ་ལ་བརྙན་འཕྲིན་མེད་ཀྱང་། གྲོགས་པོ་དང་། ཡང་ན་ཟ་ཁང་ནང་ལ་ཨ་རིའི་བརྙན་འཕྲིན་བལྟ་བར་འགྲོ་བཞིན་ཡོད་ལ། ད་བར་ཧ་ལམ་བལྟ་རྒྱུ་ཆད་མྱོང་མེད། དམིགས་བསལ་ཀུན་གླེང་སྔོནགྱི་གསར་འགྱུར་གནས་བསྡུས་ལེ་ཚན་དེ་ལ་ཧ་ཅང་དགའ་ལ། ནོར་བུ་བསམ་འཕེལ་ལགས་ཀྱི་གསར་འགྱུར་རྒྱུད་བསྒྲགས་གནང་སྟངས་ལ་དེ་བས་དགའ། གོང་དུ་དྲ་གྲོགས་ཞིག་གིས་བོད་ཆས་གྱོན་དགོས་སྐོར་གྱི་བསམ་ཚུལ་དེ་ཐེངས་མང་ཁ་པར་བརྒྱུད་ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་ལ་ཞུ་མཁན་བྱུང་སོང་ཡང། ད་བར་སྣང་མེད་བཞག་སོང། དེའི་རྒྱུ་མཚན་གང་ཡིན་ཨ་རིའི་བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་སྡེ་ཚན་ནས་ལན་འདེབས་གསལ་པོ་གནང་དགོས་གལ་ཆེ།
ཞབས་འདྲེན་དེའི་རིགས་ལས་གནས་ནས་ཕྱིར་ཕུད་བཏང་ཏེ་བོད་ཀྱི་སྐད་ཡིག་གཉིས་ལ་བྱང་ཐག་ཆོད་པ་ཞིག་བཙལ་དགོས་རེད།
མོ་རང་གཅིག་པོ་ག་ལ་ཡིན། ང་ཚོའི་སྐུ་ངོ་དང་སྐུ་ལྕམ་དེ་དག་དུས་རྒྱུན་བཤད་གི་ཡོད་པ་ཁྱོད་ཚོས་མ་གོ་ཡིན་ནམ།
རང་སྐྱོན་རི་འདྲ་བོ་བཞག་ནས།།གཞན་སྐྱོན་ཤིག་འདྲ་བོ་བཙལ།། ཞེས་་་
ང་ཚོའི་སྡེ་བ་ན་གཏམ་དཔེ་འདི་འདྲ་ཞིག་ཡོད། གཏམ་དཔེ་འདིའི་གོ་དོན་མ་ཤོད་ནའང་གོ་བ་རང་བཞིན་གྱིས་ལོན་ཐུབ་པ་འདྲ་བོ་རེད།
དེས་ན། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་འདིས་ད་ལྟ་བར་དུ་བོད་མི་མང་གི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན། ཕྱོགས་གང་ཐད་ནས་འཛམ་གླིང་རྒྱལ་སྤྱིའི་གནས་ཚུལ་དག་ལོང་བ་ལ་མིག་དང་།འོན་པ་ལ་རྣ་སྦྱིན་པ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་བལྟ་ཐུབ་པའི་བྱས་རྗེས་ཆེན་པོ་རེད་བསམ། བྱས་རྗེས་འདི་འདྲར་ཡི་རངས་དང་བསྔགས་བརྗོད་མི་ཞུ་ཁར། ་ད་དུང་དེའི་ཐོག་ཁ་རྡུང་གི་ཚིག་མཚོན་འཕེན་པ་དག་ནི་གུང་ཁྲན་གི་བྱ་སྤྱོད་དང་འདྲ་བོ་རེད།
BUS ཞེས་པའི་ཚིག་འདི་ལ་ཆ་བཞག་ན་མ་གཞི་བོད་ཚིག་ཅིག་མིན་ནའང་དེང་གི་དུས་སུ་རྒྱལ་ཁར་ཧ་ཅང་པོས་གཅིག་གྱུར་གྱིས་བེད་སྤྱོད་གཏོང་བཞིན་པའི་ཚིག་ཅིག་རེད།
གསར་འགྱུར་ཤོད་དུས་བོད་ཆས་མ་གོན་ན་མི་འགྲིག་པ་ཤོད་པ་དེ་ཡང་འབྲེལ་མེད་དོན་གཞན་རང་རེད།
གང་ལྟར་ཨ་རིའི་རླུང་འཕྲིན་ཁང་གི་རླུང་རྟ་དར་བར་ཤོག
དངོས་གནས་རེད་མེད་པ་ལས་ཡོད་པ་ལེགས།ཡོད་པ་དེ་ཡར་རྒྱས་གཏོང་དགོས་པ་གལ་ཆེན་རེད།་མདོ་འཛིན་པ་ཞིག་ཤེས་ཚད་དེ་ལས་མེད་པ་ཐབས་སྐྱོ་བོ་རེད།་སྐྱོན་ལ་མཛུབ་མོ་བཙུགས་པ་ཡག་པོ་འདུག།ཏག་ཏག་རེད
དངོས་གནས་རེད་མེད་པ་ལས་ཡོད་པ་ལེགས།ཡོད་པ་དེ་ཡར་རྒྱས་གཏོང་དགོས་པ་གལ་ཆེན་རེད།་མདོ་འཛིན་པ་ཞིག་ཤེས་ཚད་དེ་ལས་མེད་པ་ཐབས་སྐྱོ་བོ་རེད།་སྐྱོན་ལ་མཛུབ་མོ་བཙུགས་པ་ཡག་པོ་འདུག།ཏག་ཏག་རེད
གང་རྡེའུ་ལགས་ཐུགས་རྗེ་ཆེ། ངོ་མ་བཤད་སྤྲོ་བ་ཞིག་དང་། ང་ཚོས་སྒྲུབ་འོས་པ་ཞིག་རེད། འདི་ལྟར་ང་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ཁོ་ཚོར་ངོ་ཚ་མ་བཟོས་པ་ཡིན་ན་རང་སྐད་ཡིན་ཤག་གིས་ར་མ་ལུག་གི་སྐད་ཆ་མང་པོ་བཤད་ཀྱི་འདུག རང་རང་གིས་འགན་འཁུར་པ་ཡིན་ན་དཀའ་ངལ་ཅི་ཡང་མི་འདུག དཔེར་ན་ང་ཚོས་ཟླ་ཕྱེད་སྔོན་ནས་འགོ་བཙུགས་ཏེ་རང་སྐད་རྐྱང་པ་ཤོད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། གལ་སྲིད་མི་གཅིག་གིས་གཞན་སྐད་ཚིག་རེ་ཤོར་ཚེ་སྒོར་མོ་གཅིག་རེ་ཉེས་ཆད་གཅོད་ཀྱི་ཡོད། ཉིན་རེར་སྒོར་མོ་བཅུ་བཅོ་ལྔ་ཤོར་འགྲོ་གི་འདུག ཡིན་ན་ཡང་ད་རུང་ང་ཚོར་མི་བརྒྱད་ལས་མེད། མུ་མཐུད་དུ་རིམ་གྱིས་གྲོགས་པོ་ཡོད་ཚད་ལ་ཤུགས་རྒྱག་གི་འཇུག་རྒྱུ་དེ་ངས་ལས་འགན་ཞིག་ཏུ་རྩི་བཞིན་ཡོད།
ཨ་རིའི་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་གང་ཡིན་རུང་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་དག་གི་འགྲོས་དང་བསྟུན་པའི་ཡོང་གྲགས་ཀྱི་ཐ་སྙད་གང་ལེགས་བཀོལ་སྤྱོད་གནང་གལ་ཆེ། ལྷག་པར་དུ་ལས་བྱེད་གཞོན་པ་ཚོས་ལ་དམིགས་བསལ་གྱིས་ཟབ་སྤྱོང་གང་མང་སྤྲོད་དགོས། གོང་དུ་དྲ་གྲོགས་ཚོས་བསམ་ཚུལ་ཙམ་མ་རེད། བོད་ནང་ལོགས་ནས་ཕྱིར་བསྡོད་བོད་པ་ཚོས་བོད་རང་གི་གྱོན་ཆས་སྣང་མེད་འཇོག་གནང་གི་འདུག་དེ་ཡག་པོ་ཁྱོན་ནས་མ་རེད་ཟེར་པ་སོགས་བློ་ཕམ་དང་རེ་བསྐུལ་གང་མང་ཡིག་ངག་གཉིས་ཐོག་ནས་འབྲེལ་ཡོད་ལས་བྱེད་རྣམས་ལ་སྙན་སང་ཞུས་པ་ཡིན་སྟེ་དོན་སྣང་གནང་མ་སོང་ཞེས་ངོ་ཤེས་ཁ་ཤས་ནས་བཤད་ཀྱིན་འདུག ལྷ་ས་བརྙན་འཕྲིན་དང་མཚོ་སྔོན་བརྙན་འཕྲིན་ཁང་ཁམས་པའི་བརྙན་འཕྲིན་སོགས་ལ་གཟིགས་དང་གསལ་བོ་ཤེས་ངེས་རེད།
༽ རྔ་བ་དབྱངས་ཅན་ནས། ཁྱེད་རང་གི་མཆན་བུ་དག་མཆན་ཐོབ་རྒྱུ་ལ་སྒུག་ཡོད།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༡ གི་ཆུ་ཚོད་ ༡༥ སྐར་མ་ ༡༥
ཨ་རིའི་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་གང་ཡིན་རུང་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་དག་གི་འགྲོས་དང་བསྟུན་པའི་ཡོང་གྲགས་ཀྱི་ཐ་སྙད་གང་ལེགས་བཀོལ་སྤྱོད་གནང་གལ་ཆེ། ལྷག་པར་དུ་ལས་བྱེད་གཞོན་པ་ཚོས་ལ་དམིགས་བསལ་གྱིས་ཟབ་སྤྱོང་གང་མང་སྤྲོད་དགོས། གོང་དུ་དྲ་གྲོགས་ཚོས་བསམ་ཚུལ་ཙམ་མ་རེད། བོད་ནང་ལོགས་ནས་ཕྱིར་བསྡོད་བོད་པ་ཚོས་བོད་རང་གི་གྱོན་ཆས་སྣང་མེད་འཇོག་གནང་གི་འདུག་དེ་ཡག་པོ་ཁྱོན་ནས་མ་རེད་ཟེར་པ་སོགས་བློ་ཕམ་དང་རེ་བསྐུལ་གང་མང་ཡིག་ངག་གཉིས་ཐོག་ནས་འབྲེལ་ཡོད་ལས་བྱེད་རྣམས་ལ་སྙན་སང་ཞུས་པ་ཡིན་སྟེ་དོན་སྣང་གནང་མ་སོང་ཞེས་ངོ་ཤེས་ཁ་ཤས་ནས་བཤད་ཀྱིན་འདུག ལྷ་ས་བརྙན་འཕྲིན་དང་མཚོ་སྔོན་བརྙན་འཕྲིན་ཁང་ཁམས་པའི་བརྙན་འཕྲིན་སོགས་ལ་གཟིགས་དང་གསལ་བོ་ཤེས་ངེས་རེད།
ཁོ་བོས་བལྟས་ན་རྩོམ་པ་པོ་དེ་ལྟ་རྒྱ་དང་མཐོང་རྒྱ་ཆུང་དྲགས་པ་རེད་འདུག སྤྱིར་བཏང་ནམ་རྒྱུན་ཚིག་ཁ་ཤས་བསྲེས་སླད་བྱེད་པ་ལ་ཧང་སང་དགོས་པ་དེ་འདྲ་རྩིས་གིན་མེད། འདི་ནི་ཁོ་བོ་བོད་མི་རིགས་ཀྱི་སྐད་ཡིག་ལ་ལར་ཞེན་མེད་པ་དེ་འདྲ་གཏན་ནས་མིན། ཕལ་ཆེར་ཁོ་བོ་ནི་སྐད་ཡིག་གི་སྐོར་ལ་ལར་ཞེན་ཡོག་མདོག་གི་མཆན་འདེབས་པ་དེ་དག་ལས་ཀྱང་ཆེ་བ་ཡོད་པར་སྙམ། དཔེར་ན། གཟིགས་དང་། རྒྱ་གར་དམངས་གཙོའི་རྒྱལ་ཁབ་ཀྱི་གསར་འགྱུ་བརྙན་འཕྲིན་ཁག་ལ་གཟིགས་དང་། གསར་འགྱུར་གྱི་སྐད་ཡིག་ནི་ཧ་ལམ་བརྒྱ་ཆ་བརྒྱ་ནས་ལྔ་བཅུ་ལྷག་དབྱན་སྐད་བསྲེས་ལྷད་བྱེད་བཞིན་ཡོད་ཀྱང་དེར་སྐད་ཡིག་ཉམ་ཆག་གཏང་གིན་འདུག་ཟེར་མཁན་ཧ་ལམ་མེད། དེ་བཞིན་དུ། གློག་བརྙན་ཁག་ལ་གཟིགས་དང་། དེ་བས་སྐད་ཡིག་བསྲེས་ལྷ་ཧ་ཅང་མང་།
བྱས་ཙང་། ང་ཚོ་བོད་མི་ཁ་ཤས་ནི་རང་ལྟ་མཆོག་འཛིན་ཧ་ཅང་ཤུགས་ཆེ་དྲག་ནས་བོད་ཕྱི་ནང་གཉིས་ཀྱི་ནང་ནས་ཕྱོགས་གཅིག་གི་སྐྱོན་རྐྱང་པ་མ་གཏོགས་མ་མཐོང་མཁན་རིགས་དེ་འདྲས་དུས་རྟག་ཏུ་རང་གི་སྐྱོན་རི་འདྲ་ཞིག་ཡོད་ན་ཡང་མ་མཐོང་བས་གཞན་སྐྱོན་ཕྲ་མོ་ཞིག་ཡོད་ན་ཡང་ཚབ་ཆེ་མདོག་བྱེད་པ་ནི་གཟུ་བོར་གནས་པ་དང་ཡ་རབས་ཀྱི་བྱ་སྤྱོད་ཞིག་མིན་པ་ཤེས་དགོས།
བཙན་བྱོལ་བ་ཤིན་ཏུ་བདེན། མིང་གི་རིགས་རང་འཇགས་དང་། ཕྱེད་འགྱུར་གང་ཡིན་ཡང་ཁྱད་མེད། འདིས་སྐད་ཡིག་བདག་པོ་རྒྱག་ཐུབ་དང་མ་ཐུབ་གང་ཡང་མི་མཚོན། དེ་མིན་བུབ་སུག་དོག་དྲགས་ན་བོད་མི་སུས་ཀྱང་བོད་སྐད་འབྲི་ཤོད་ལ་སྐྱུག་མེར་ལངས་མི་སྲིད་པ་མིན།
རང་རིགས་སྤྱི་དང་ལྷག་དོན་ཚད་ལྡན་གྱི་མདོ་འཛིན་པ་ཞིག་ཡིན་ན་ཆུང་ས་ནས་ཀྱང་སྐད་ཡིག་ལ་བདག་གཅེས་དང་གཟབ་ནན་གནང་དགོས་པར་མཐོང་།
ཁ་སང་དེ་རིང་གི་བར་མི་རིགས་རིག་གནས་དང་བཅས་སྲུང་སྐྱོབ་དང་བདག་སྐྱོང་བྱེད་དགོས་བའི་འབོད་དབྱངས་ཀུན་ལ་ཁྱབ་རྡལ་འགྲོ་བཞིན་པའི་སྒང་སོང་། རིམ་པའི་ཡར་རྒྱས་སུ་འགྲོ་ངེས་རེད་བསམ་གྱིན་འདུག
Bus ལབ་ན་དེ་ཙམ་སྐྱོན་མི་འདུག ཞོན་ནས་ལབ་ཡོད་ན་་་་་་་་་་ཧཧཧཧ
ཨ་རིའི་རླུང་འཕྲིན་ཁང་གཉིས་ཀའི་ལས་བྱེད་པ་རྣམས་ལ་བོད་ཀྱི་བརྡ་དག་གི་གོ་རྟོགས་དམན་པའི་སྐྱོན་ཆ་ཡོད་པ་དངོས་ཡོད་ཡིན། ཚིག་སྦྱོར་བསྡེབས་བཏང་དང་། སྒྲ་སྦྱོར་གྱི་འགྱུར་འགུག །ཚིག་བཙུན་ལ་ཉན་པ་པོའི་བློ་ངོར་འཇུག་པ་སོགས་ཀྱི་ཡོན་ཏན་ནི་བོད་ནང་གི་མདོ་འཛིན་པ་ཚོ་དང་བསྡུར་ན་ལོ་ངོ་བརྒྱ་ཕྲག་མང་པོའི་རྗེས་སུ་ལུས་འདུག །ཚིག་ལྷད་མང་ལ། ཚིག་སྔ་ཕྱི་འགལ་བ། ཡུལ་ལུང་དང་མི་སྣ་སོ་སོའི་མིང་འཚམས་སྦྱོར་སྐབས་གཅིག་པ་མེད་པ། ཚིག་གི་ཟུར་ཚང་མར་ ད་ག་རེ་ཟེར་གོས་རེད་དང་། ཨ་ནི་ཨ་ནི། ཐུགས་སེ་བྱེད་དུས། ཨེན་ཨེན། སོགས་ཀྱི་ཚིག་རོ་ནི་ཁོང་ཚོའི་ཁྱད་ཆོས་གཙོ་བོ་ཞིག་རེད། ཁོང་ཚོར་དམའ་འབེབས་པ་གང་ཡང་མིན་ཀྱང་གཞིས་ལུས་བོད་མི་ཚོའི་སེམས་ནང་ཕྱི་ལོག་ཏུ་བཞུག་མཁན་རྣམས་ཀྱི་སོ་སོའི་རིག་གཞུང་གི་མཁྱེན་རྒྱ་ངོ་མ་དེ་ཅི་འདྲའི་སྐྱོ་བ་ལ་དགོངས་ན་ང་ཚོ་སོ་སོའི་རིག་གཞུང་གཅེས་སྐྱོང་བྱ་མཁན་གྱི་མིང་འཛིན་པ་ཡིན་པའི་ཆ་ནས་ཐབས་སྐྱོ་བོ་ཞིག་མིན་ནམ། ཀུན་གཟིགས་པཎ་ཆེན་བཀའ་དྲིན་ཅན་དེས་སྐབས་ཤིག་རིང་བོད་ནང་མཐོ་དམན་འབྲིང་གསུམ་གྱི་ལས་བྱེད་རྣམས་ལ་བོད་ཡིག་སྦྱོང་དགོས་པའི་སྒྲིག་གཞི་ཞིག་ཀྱང་བཟོས་གནང་སོང་། དེ་བཞིན་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་ནས་བར་སེང་ཀུན་ཏུ་བོད་ཡིག་སྦྱོང་ཐུབ་ན་ཅི་མི་ལེགས།
ཨ་རིག་བོད་སྐད་གསར་འགོད་པ་བསོད་ནམ་ཆོས་འཛོམས་ལགས་ཀྱིས་ Bus ཞོན་ནས་ཞེས་ཚིག་སྦྱོར་བཀོལ་སྤྱོད་གནང་བར་དེ་ཙམ་གླེང་ཕྱོགས་བཟོ་དགོས་དོན་མི་འདུག། ཚིག་དོན་གྱི་ཆ་ནས་ནོར་ཚབ་བའི་རང་བཞིན་དུ་མ་མཐོང་།
དེ་ལས་ཆེས་ཤིན་ཏུ་འགལ་རྫོབ་ཆེ་བའི་གསར་འགོད་པ་དང་རྩོམ་པ་པོ་དེ་བཞིན་དྭ་ལམ་དུ་དཔྱད་གཏམ་སྤེལ་མཁན་སོགས་ཀྱིས་མིང་ཚིག་དང་བརྡ་དག་སོགས་ཡར་མར་ཟུང་གི་སྐད་ཡིག་གཉིས་ཐོག་ནས་རྒྱུན་དུ་ཐོན་བཞིན་འདུག་པས་དེར་དོ་སྣང་དང་ལེགས་སྤེལ་སོགས་ཀྱི་དགོངས་ཆ་ཡོད་ན་དགའ་བསུ་ཡོད།
ཡར་རྒྱས་ལ་མཐའ་མེད་པས་དང་ཐོག་རང་ཉིད་དང་དེ་ནས་དྭ་གྲོགས་རྣམ་པ་ཡོངས་ལ་ཡར་འདེབས་ཀྱི་དཔྱད་གཏམ་སྤེལ་བའི་རེ་བ་དང་བཅས་སོ།
གོང་དུ་དྲ་གྲོགས་རྣམས་ཀྱི་བསམ་ཚུལ་བཞིན་ང་ལ་ཡང་བསམ་བློ་ཞིག་འཁོར་བྱུང་། དངོས་གནས་བྱས་ན་ངས་ཀྱང་དེའི་ཉིན་གྱི་གསར་འགྱུར་དེ་བལྟས་ཡིན་ཏེ་དེ་འདྲའི་ཐ་སྙད་དེ་ལ་སྣང་བ་ཡེ་ནས་མ་བྱུང་དེ་རིང་ངས་དྲ་མཆན་འདི་མཐོང་མ་ཐག་ཡང་སྐྱར་གཅིག་བལྟས་པ་ཡིན་དངོས་གནས་ནོར་འདུག་ནོར་ཐག་ཆོད་རེད་འདུག་དེ་འདྲའི་རིགས་དེ་མེད་ཐབ་མ་བྱས་ན་སྐད་དང་ཡི་གེ་གྱོན་ཆས་གསུམ་པོ་དེ་རྒྱལ་ཁབ་སུ་ཡིན་རུང་སྲོག་རྩ་བཞིན་རྩི་བཞིན་ཡོད་པ་དང་། ང་ཚོའི་གཞིས་ལུས་བོད་མི་དག་གིས་དུག་རླང་དང་མེ་མདའི་སོ་ཁ་ན་བོད་ལ་གྱོན་བོད་སྐད་རྒྱག་བོད་ཡིག་ཀློག་གི་ཡོད་དུས་ཕྱི་ལོག་རང་དབང་གི་ལུང་པ་དག་ཏུ་གནས་པའི་བོད་མི་རྣམས་དང་ཁྱད་པར་དུ་མི་ཡུལ་གྱི་དག་ཞིང་དུ་རྩི་བའི་སྟོབས་ཆེན་གྱི་རྒྱལ་ཁབ་ཨ་རིའི་VOAརླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་མི་སྣ་རྣམས་ནི་བོད་མའི་བདེ་སྡུག་གི་གནས་ཚུལ་ཁྱབས་བསྒྲགས་བྱེད་དེ་འཛམ་བུ་གླིང་གི་མི་སྣ་དག་གིས་མཐོང་ས་དེ་བགྲེང་མཁན་ཞིག་ཡིན་ཙམ་ཁྱེད་རྣམས་པ་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློ་དང་ལྟ་བ་དེ་ཡོད་དགོས་ངེས་རེད། འོན་ཀྱང་བྱ་ལས་མང་ཆེ་བ་དག་ནི་བསམ་བློ་སྒེར་བ་ཞིག་ཏུ་སྔར་ཡང་མཐོང་ལ་ད་ཡང་འགྱུར་བ་ཆེར་བྱུང་མི་འདུག ད་ནས་བཟུང་སྟེ་ང་ཚོས་ངའི་ཨ་ཕའི་ལུགས་ངའི་ཨ་མའི་རིགས་ཞེས་པ་དེ་བོར་ནས་བོད་མི་རིགས་ཀྱི་ལུགས་བོད་རྒྱལ་ཁབ་ཆེན་པའི་རིགས་ཞེས་བསམ་སྟེ་ལག་ལེན་བྱས་ན་བཟང་། དེ་མིན་ན་ནི་མཁས་དབང་དང་མཛང་མ་བསམ་བློ་བ་དང་ཤེས་ལྡན་པ་ཅེས་པའི་མིང་དེ་དག་ནི་སྟོང་པ་སྟོང་ཀྱང་རེད་འདུག་ཞུ་ཡ་ཡིན།།
ཞོན་ནས་ལབ་ན་མ་འགྲིག་ཚུལ་དང་། དེ་ལྟར་ལབ་ན་འགྲིག་མེད་པ་ལུང་སྟོན་པའི་འགྲོས་དང་ཕ་སྐད་གང་གི་ངོས་རེད། གྲྭ་ཕྲུག་འདིས་སྐད་ཆ་ཞིག་གོ་བ་ཙམ་གྱིས་ཚུར་དཔྱུངས་ནས་དེ་ལྟར་ལབ་ཀྱི་འདུག་བྲིས་ཡོད་པ་ལས། བོད་ཀྱི་ཕ་སྐད་ལ་འགྲིག་མེད་ན་འགྲིག་མེད་ཚུལ་གྱི་རྒྱུ་མཚན་ཅུང་ཙམ་བཤད་དགོས་མོད་ཀྱང་། ཆོས་གྲྭ་ནས་བློ་འཛིན་འབའ་ཞིག་གིས་ཚ་རྒྱག་རེས་བྱེད་པའི་སློབ་གསོའི་ལམ་ལུགས་ནང་གྲྭ་ཕྲུག་ཚོ་འདི་ལས་མི་འཁྱོང་བ་གསལ་བོ་རེད།
དྲང་པོ་བཤད་ན། ཨ་རིའི་རླུང་འཕྲིན་ཁང་གི་མདོ་འཛིན་པས་བྷ་སི་གཞོན་ཞེས་ཟེར་བ་ནོར་བ་ཡིན་པ་བདེན་ཡང་། ཡོད་པ་ལས་མེད་པ་དགའ་ཟེར་བ་ནི་འགན་མ་ཁུར་བའི་སྐད་ཆ་ཙམ་རེད། ལར་ནས་བོད་ཆས་དང་མ་སྤྲས་པ་ནི་དེ་ཙམ་གྱིས་སྐྱོན་མེད་དེ། ང་ཚོ་ཡང་འཛམ་གླིང་སྤྱིའི་འགྲོས་དང་བསྟུན་ནས་འགྲོ་དགོས་པ་ལས་སྔར་གྱི་ལུགས་སྲོལ་རྙིང་པ་མཁྲེགས་བཟུང་བྱེད་དགོས་དོན་མེད་ལ། དེ་ཙམ་གྱིས་སྐྱོན་དུའང་མི་འགྱུར། དེ་ལས་བོད་སྐད་དག་མ་རེ་བཤད་རྒྱུའི་ཕྱོགས་སུ་སྐུལ་འདེད་དང་བསམ་ཚུལ་གསུངས་ནི་དགོས་ངོས་ཀྱི་སྐད་ཆའོ།།
གྲོགས་པོ་ལགས། ངས་ཁྱེད་ལ་ཚོགས་གཏམ་སྤྲོད་པ་མིན་ལ་ང་བོད་ཡིག་ལ་དུང་ཞེན་མེད་པ་དེ་བས་ཀྱང་ག་ལ་ཡིན། ཡིན་ནའང་། ཁྱེད་ཀྱི་རྩོམ་ཡིག་འདིའི་བརྗོད་དོན་ཧྲིལ་བོ་མདོར་བསྡུས་ན་ Bus ཟེར་བའི་ཚིག་གཅིག་ལ་ཐུག་འདུག་ཅིང་། ཚིག་འདི་བཤད་པ་སྐྱོན་མི་འདུག་ཟེར་གྱི་མེད་ཀྱང་། ཚིག་གཅིག་གི་ཆེད་དུ་འདི་ལྟ་བུའི་ཀུ་ཅོ་ཆེན་པོ་ཞིག་འདོན་དགོས་པའི་གནས་ནི་མ་མཐོང་།
གལ་སྲིད་ཁྱེད་ལ་ལྷག་བསམ་དང་འཇོན་ཐང་ཡོད་ན་འདི་ལས་ལྷག་དང་འདི་ལས་བཙོག་པའི་ཚིག་ངན་འཇུ་ས་དང་། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་ངོམ་སུམ་འཛེམ་མེད་ཀྱིས་རྡོག་རྫིས་གཏོང་མཁན་མང་བོ་ཡོད་པས་དེ་ཚོ་མཐོང་བར་བྱོས།
སྤྱིར་འུ་ཚོའི་སྤྱི་ཚོགས་འདི་གཡམ་རྒྱུག་ལ་དགའ་རྐྱེན་གོང་ནས་མང་བོ་ཞིག་གིས་ཚབས་ཆེན་ཞེ་དྲག་ཡིན་འདུག་བཤད་འདུག་ཀྱང་། དེ་ནི་ཡངས་པའི་རྒྱལ་ཁམས་དང་ཆེ་ས་མཐོ་ས་མ་མཐོང་བའི་སྐྱོན་ནོ། །
ཁོ་བོས་གོང་དུ་བྲིས་པ་བཞིན། བཙན་བྱོལ་སྤྱི་ཚོགས་ནི་ཆོལ་ཁ་གསུམ་ཁ་འདུས་པའི་སྤྱི་ཚོགས་ཤིག་ཡིན་པ་མ་ཟད། དུས་རྒྱུན་གྱི་འཚོ་བའི་ཁོར་ཡུག་ནང་གཞན་གྱི་སྐད་ཡིག་ལ་བརྟེན་དགོས་པའི་ཚོགས་སྡེ་ཞིག་ཡིན་པ་ཤེས་དགོས་པ་ནི་གནད་དང་པོ་ཡིན། བྱས་ཙང་། བཙན་བྱོལ་བའི་ཁ་སྐད་འདི་ནི་ཆོལ་ཁ་གསུམ་གའི་སྐད་མཉམ་སྲེས་བྱེད་པ་ལྟ་བུ་ཞིག་རེད་ཟེར་ན་ཡང་ཆོག ཕལ་ཆེར་ཁོ་བོས་བལྟས་ན་སྟོད་སྐད་དང་ཁམས་གཉིས་བསྲེས་པ་ལས་གྲུབ་པ་ཞིག་ཡིན། རྒྱུ་མཚན་ནི། སྤྱི་ཚོགས་འདི་ནི་ཡུལ་ལུང་དེ་གཉིས་ནས་ཡོང་བ་མང་ཤོས་ཆགས་ཡོད། བྱས་ཙང་། ཡུལ་སྐད་སྲེས་སླད་ཡོང་གི་ཡོད་པ་ནི་ཆོས་ཉིད་ཡིན། འགའ་ཞིག་གིས། བཙན་བྱོལ་བའི་སྐད་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་རྣར་མ་སྙན་མདོག་མདོག་དང་། ཉན་བཟོད་མི་འདུག་མདོག་མདོག བོད་སྐད་མ་རེད་མདོག་མདོག་གིས་རྣམ་འགྱུར་བཏོན་པ་ཙམ་དུ་མ་ཟད། མཆན་འདེབས་མཁན་ཡང་མང་དག་ཅིག་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་ཡིན། རང་གི་ཡུལ་ལུང་གི་སྐད་དང་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་དོར་དུ་ག་ལ་རུང་།
ཡང་འགའ་ཞིག་གིས་ བྷསི་ཟེར་བའི་དབྱིན་སྐད་སྲེས་པ་རྒྱུ་མཚན་དུ་བྱས་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་གནོད་པར་སྒྲོག་གིན་འདུག དེ་ཙམ་གྱིས་སྐད་ཡིག་ལ་གནོད་པར་འགྲོ་གིན་འདུག་ན། དེང་དུས་ཀྱི་རྩོམ་རིགས་མང་དག་ཅིག་ཡུལ་སྐད་ཀྱི་ལམ་ནས་བྲིས་པ་མང་དག་འདུག་པས་དེ་ལ་གངས་ལྡེའུ་ཡིས་སྐྱོན་དུ་མཐོང་གི་མེད་པ་ཡིན་ནམ། ཡང་ན་ལམ་ལུགས་འདིས་སྐད་ཡིག་སྲུང་སྐྱོབ་ལ་ཕན་གྱི་ཡོད་པར་འདོད་པ་གང་ཡིན། ཚིག་གཅིག་གིས་དེ་ཙམ་སྒྲོག་དགོས་ཀྱི་ཡོད་ན། དཔེར་ན། བོད་ནས་ཐོན་པའི་རྩོམ་མང་དག་དང་དམིགས་བསལ་གྱི་གློག་བརྙན་ཕབ་བསྒྱུར་གྱི་ལེའུ་རིགས་ནང་རྒྱ་སྐད་ ཀུང་སེ་ ཞེས་པ་དེ་སྔར་ནས་ཡང་སེ་བེད་སྤྱོད་བྱེད་བཞིན་ཡོད་པ་དེ་ལ་མཆན་འདེབས་པོ་རྣམས་ཀྱི་དགོངས་ཚུལ་གང་ཡོད་དམ། ཀུང་སེ་ཙམ་མ་ཡིན་པར་གཞན་ཡང་མང་དག་ཅིག་འདུག་པས་འབྲི་དགོས་ན་འབྲི་ཚད་ག་ལ་ཡོད།
བྷསི་༼ཆིབས་ཊོར་༽ཞོན་ནས་འགྲོ་ཟེར་བ་དང་། ཞོ་འཐུང་ཟེར་བ་སོགས་ནི་ཁ་སྐད་རང་ཡིན་པ་ལས་དག་ཡིག་དང་སྡེབ་སྦྱོར་དང་འགྲིག་མི་འགྲིག་གི་སྐད་ཆ་ཅིག་གང་ན་ཡོད།
ཨོ་རེད་་་་གངས་རྡེའུ་ལགས། དེ་རིང་ཁ་བརྡའི་དྲ་རྒྱ་ནང་དུ་སྐོར་ར་ཞིག་སླེབས་པ་ཡིན། ཁྱེད་ཀྱི་རྩོམ་འདི་ཡང་འགོ་ནས་མཐའ་བར་དུ་བཀླགས་པ་ཡིན། ཁྱེད་ཀྱིས་ར་མ་ལུག་སྐད་བརྒྱབས་ཀྱི་འདུག་གསུངས་ནས་ངར་བཞིན་པ་རེད་འདུག ངས་ཁྱེད་ལ་དྲི་བ་ཁག་གཅིག་ཡོད།
༡་་་མིང་བརྡ་ཡི་སྐོར་རུ་སློབ་སྦྱོང་བྱས་མྱངས་ཡོད་པས།
༢་་སྒྲ་རྟོག་ཡུལ་ལ་འཇུག་ཚུལ་ཤེས་ཀྱི་ཡོད་པས།
༣་་དངོས་མིང་དང་བཏགས་མིང་གི་མཚན་ཉིད་བཞག་ཤེས་ཀྱི་ཡོད་པས།
༤་་་་ཨ་རིའི་VOAབརྙན་འཕྲིན་ཁང་གི་ངོ་ཚ།ཞེས་པ་འདི་ཁྱེད་ཀྱི་རྩོམ་ཡིག་གི་འགོ་བརྗོད་རེད། འདི་སུ་ཡིས་འབྲི་སྟངས་རེད་དམ། རྩོམ་ཡིག་ར་མ་ལུག་འབྲི་སྟངས་རེད་པས། འགོ་བརྗོད་ར་མ་ལུག་རེད་དམ།
དྲི་བ་འདི་དག་ལ་ལན་གསལ་པོ་མེད་ན་ཁ་བཙུམ་རོགས་བྱོས། དོན་མེད་བོད་མི་ཞིག་ལ་ཁ་རྡུང་བཏང་མ་བསྡད། སེམས་གཏམ་ཙམ་ཡིན།།།
བཙན་བྱོལ་ནང་ནས་བོད་སྐད་གཙང་མ་བཤད་པ་ལ་ཧ་ཅང་དཀའ་ལས་ཁག་པོ་རེད་།voaབརྙན་འཕྲིན་ཁང་གིས་ཚེ་བརྟན་དབང་ཕྱུགས་ལགས་ཀྱིས་ཧ་ཅང་བོད་སྐད་སྲེས་ལྷད་མེད་པ་བརྒྱབས་གི་འདུག་།བཙན་བྱོལ་ནང་ནས་དུས་རྒྱུན་བརྙན་འཕྲིན་དང་གློག་འཕྲིན་ནང་དུ་དྲིས་བ་དྲི་ལན་ཀྱི་སྐབས་ལ་མོང་ཆེ་བ་གིས་བོད་སྐད་མིང་ཚིག་ཧ་མ་གོ་ནས་།དབྱིན་ཇིའི་གིས་མིང་ཚིག་བེད་སྤྱོད་ནས་།ང་ཚོ་དབྱིན་ནང་དུ་གཅིག་ལབ་ཀྱི་རེད་།ང་ཚོ་དབྱིན་ཇི་ནང་དུ་གཉིས་ལབ་ཀྱི་རེད་ཟེར་ནས་།ང་ཚོ་ཟེར་ན་ག་རེ་རེད་།ང་ཚོ་དབྱིན་ཇི་རེད་དམ་བོད་པ་རེད་།ང་ཡིན་ན་བོད་པ་ཞིག་ཡིན་པའི་ཆ་ནས་།བོད་པ་དང་ཐུག་ན་བོད་བརྒྱབས་།གཞན་རིགས་དང་ཐུག་ན་གཞན་སྐད་ཤེས་ན་བརྒྱབས་།རང་རིགས་ལ་མིང་ཚིགས་མེད་པ་མ་རེད་ཡོད་རེད་།ལྷག་པ་དུ་བོད་ནང་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཙོས་པའི་ལྷག་བསམ་ཅན་གྱིས་མཁས་དབང་མོང་པོ་ཞིག་གིས་།དེང་དུས་ཀྱི་མིང་ཚིགས་མོང་པོ་ཕྱོགས་སྒྲིགས་ནས་།ད་ལྟར་བོད་ནང་ནས་དེ་ལ་འབད་བརྩོན་བྱེད་བཞིན་པ་རེད་།འདི་ནས་དེ་འདྲ་མ་རེད་།དཔེ་ན་།མཐར་ན་ཚོང་ཁང་དང་ཟ་ཁང་ལ་སོགས་སྒོ་བྱང་དབྱིན་ཇི་མ་རྟོགས་ཕལ་ཆེ་མཐོང་ཡ་མེད་།བོད་ཀྱིས་་མཛངས་མ་འགྲན་སྡུར་ང་ཅང་དགའ་མོས་བྱེད་ས་ཞིག་ཆག་ཡོད་།ཡིན་ན་དེ་ལ་སྔོན་འགྲོའི་ཁྱབས་བསྒྲགས་དང་རྗེས་མ་གྲུབ་འབྲས་ལ་སོགས་གང་ཡིན་ན་བོད་ཡིག་འབྲུ་གཅིག་མཐོང་བ་མེད་ལབ་ན་འགྲིགས་།མི་མང་གིས་ཕལ་ཆེ་གིས་འདི་ལ་miss tibet ཞིག་འབོད་ཀྱི་ཡོད་།ཡང་ན་བོད་སྐད་ནང་ནས་མཛེས་མ་ལབ་ཀྱི་འདུག་།ཁ་ནས་བོད་མི་རིགས་གི་དོན་ཡིན་འདོག་འདོག་།དོན་དངོས་རང་དོན་ཁོ་ན་ལས་གཞན་སེམས་མེད་།།ང་རང་བསམས་ཚུལ་ལ་དངོས་གནས་བྱས་ན་མིང་ཚིག་གསར་པ་རྣམས་སློབ་གྲྭ་ཁག་ནས་འགོ་གཟུང་ནས་མི་མང་ཀྱི་་ཁྲོད་ལ་་དར་སྤེལ་གཏོང་།ད་ནི་ང་ཚོ་བཙན་བྱོལ་ནང་གིས་གཞིས་ཆག་རྣམས་ཕལ་ཆེ་ཚར་བཞག་།མི་རབས་རྗེས་མ་བུ་ཚ་དེ་ལས་རེ་བ་མི་འདུག་།བོད་པ་མིང་ཙམ་མ་རྟོགས་ལྷག་ས་མ་རེད་།ད་ལྟར་ནས་བོད་ཡིག་དང་སྐད་ཕར་ཞོག།མཐར་ན་བོད་ནང་ནས་གླུ་པ་ཚོའི་ཉན་ཁ་ཀྱིས་འོག་ནས་རང་གིས་མི་རིགས་གིས་ལ་རྒྱའི་་གླུ་གཞས་ང་ཅང་མོང་པོ་ཞིག་་ཐོན་བཞིན་ཡོད་པའི་གླུ་གཞས་དེ་དག་ཡང་ཉན་འདོད་མེད་།ཁ་ཤས་ཞིག་གིས་སྐད་གོ་ཀྱི་མི་འདུག་།ག་སྲིད་སྐད་མ་གོ་ན་དེང་སང་འོད་སྡེ་གྱིས་བརྙན་འཁོར་ནང་དུ་བོད་ཡིག་མང་ཆེ་བ་ལ་ཡོད་།་ནུབ་ཕྱོགས་དང་རྒྱ་གར་གིས་གླུ་གཞས་ལ་སོགས་ཧ་ཅང་གིས་དགའ་མོས་བྱེད་ས་ཆག་ཡོད་།
ཅོ་རི་ཉི་མ་ལགས་ཀྱི་དྲི་བ་ ༤༽ པ་དེ་ཧ་ཅང་གི་གནད་ལ་ཁེལ་པོ་དང་། བློ་ལ་བབ་པོ་ཞེ་དྲག་བྱུང་སོང་།
ཕྱོགས་རིས་གཡང་རྒྱུགས་ཅན་འདི་ཚོར་དྲི་བ་འདི་འདྲ་དགོས་སྙམ་མོ།།
ཅོ་རི་ལགས་ཁྱེད་ཀྱི་དྲི་བ་དེ་ཡག་བྱུང་ཟེར་རྒྱུ་ཡིན།
དེ་དངོས་གནས་བདེན་པ་རེད།
བོད་ཕྱི་ལོག་གི་མི་འདི་དག་ལ་ངོ་ཚ་ཡ་ཟེར་བ་ཞིག་ཁྱོན་ནས་མེད། མདོ་འཛིན་པ་དེ་དག་ཀྱང་བསྡུ་སྟངས་འགྲིག་མེད་པས་འདི་ལྟ་བུ་རང་གི་རིག་གཞུང་གི་ཤེས་ཡོན་ཏིལ་འབྲུ་ཙམ་ཡང་མེད་པ་འདི་ལྟ་བུ་བྱུང་བ་རེད།
གཞིས་སྐྱེས་གང་མང་ཞིག་གིས་མོ་ཊ་ཞོན་ནས་འགོྲ བུ་མོ་ཆག་པ་ཞིག་སླེབས་སོང་ཟེར་བ་ནི་རྒྱུན་ལྡན་རེད། ནོར་བཅོས་བྱས་ན་ད་དུང་ཁས་ལེན་གྱི་མ་རེད།
ཨ་རིའི་ཝི་ཨོ་ཨེ་བརྙན་འཕྲིན་ཁང་གི་ངོ་ཚ། འདི་གང་འགྲིག་མི་འདུག
ཅོ་རི་ཟེར་བ་ཅི་ཡང་མི་ཤེས་པ་ཁྱོད་ཀྱིས་ཅི་ཞིག་འཇོན་ནམ། ཁོང་སུ་ཡིན་མིན་མི་ཤེས་པ་དེ་ལས་ཁྱོད་ཀྱི་བོད་དོན་ཅི་ཞིག་སྒྲུབ་ཀྱིན་ཡོད་མེད་རྟོགས་ཐུབ་པ་འདུག ཞབས་འདྲེན་མ་ཞུ་རོགས
གོང་གི་མཆན་ཡོངས་ལ་ཐེངས་རེ་བཀླགས་རྗེས་སུ་ཨ་རི་རླུང་འཕྲིན་ཁང་གི་གསར་འགོད་བས་bus ཞེས་ལབ་པ་དེ་ཉེས་པ་ཆེ་པོ་ཡིན་པའི་སྐོར་ལ་ཚོགས་གཏམ་བཏང་བ་ལས་དོ་བདག་སོ་སོའི་ངོ་ནས་busཞེས་པའི་ཚབ་དུ་བོད་སྐད་ཀྱི་ཚིག་འདི་འདྲི་ཞིག་བེད་སྤྱོད་ཐུབ་ན་དགེ་ཕན་ཡོད་ཟེར་བ་སོགས་ཀྱི་ཐབས་གཅིག་ཀྱང་སྟོན་མི་འདུག དངོས་གནས་བྱས་ན་སྐྱོན་བསྒྲགས་པ་དང་མཉམ་དུ་དེའི་ཚབ་འོས་པ་འདི་དགོས་ཟེར་བ་ཞིག་ཡོད་ན་ཕྱོགས་གཉིས་ཀར་ཁས་ཕན་ཡོད་པ་བརྗོད་མེད་ཡིན།
Busཞིས་པའི་ཚབ་དུ་བོད་སྐད་ནང་འདི་ལྟར་བེད་སྤྱོད་ན་གང་འདྲ་འདུག་གམ།
སྤྱི་སྤྱོད་རླུངས་འཁོར།
སྤྱི་སྐྱེལ་རླུངས་འཁོར།
མགྲོན་སྤྱོད་རླུངས་འཁོར།
མགྲོན་སྐྱེལ་རླུངས་འཁོར།
འགྲིམ་འགྲུལ་སྣུམ་འཁོར།
འགྲུལ་སྐྱེལ་རླངས་འཁོར།
འགྲུལ་བཞུད་རླུངས་འཁོར།
སྤྱི་པའི་གླ་འཁོར།
བཙན་བྱོལ་བ་ལགས། ཁྱེད་ཀྱིས་བཤད་པ་ལྟར་ན། རྒྱ་གར་པ་ཚོས་དབྱིན་སྐད་དང་ཧིན་རྡིའི་སྐད་བསྲེས་པ་ནང་བཞིན། ང་ཚོས་ཀྱང་བོད་སྐད་ནང་དབྱིན་སྐད་དང་རྒྱ་སྐད་སོགས་བསྲེས་དགོས་ངེས་ཡིན་ནམ།
གོང་དུ་གངས་རྡེའུ་ནས། ཨ་རིའི་VOAབརྙན་འཕྲིན་འདི་འདྲ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་ཅེས་པའི་ཚིག་འདི་ཧ་ཅང་ཐལ་དྲག་འདུག་སྙན། ཚིག་གཅིག་ནོར་ན་རྗེས་སུ་ཉན་འཇོག་གནང་རོགས་ཞེས་ཞུ་ཆོག
མདོ་འཛིན་པ་རྣམ་པར་བོད་ཆས་གྱོན་རོགས་ཞེས་རེ་སྐུལ་ཞུས་ཀྱང་། སྣང་མེད་དུ་བཏང་པ་འདི། ཁྱེད་ཚོ་བརྙན་འཕྲིན་ཁང་གི་ངོ་ཚ་ཡིན་པ་ལས་གཟི་བརྗིད་མིན།
གང་ལྟར་བརྙན་འཕྲིན་ཁང་གི་རླུང་རྟ་དར་བར་ཤོག
ཕྲན་ཆུང་ནམ་མཁའ་ནས་ལྷག་བསམ་དང་བཅས་བྲིས།
ལས་འགུལ་འདིས་མི་ཁ་ཤས་ལ་ལྭ་སྐོན་རྒྱུ་ཡིན་ས་རེད། ཨ་རིའི་བརྙན་འཕྲིན་ཁང་དུ་སྲོལ་རྒྱུན་གྱི་གྱོན་ཆས་གཡོག་མཁན་ཐོག་མ་དེ་བོད་པ་ཚོ་ཆགས་ས་རེད། སྐད་ཡིག་ག་ཚོད་ཅིག་འདུག་གམ།
རྒྱ་སྐད་གཞི་ལ་བཞག་ནས་བྱེད་ལས་ཀྱི་ཐོག་ནས་ཐ་སྙད་གསར་བཟོ་བྱེད་པ་དང་སྐད་གདངས་ཀྱི་རྐྱེན་པས་བརྡ་སྤྲོད་བརྡལ་བཤིགས་གཏོང་བ་དེ་ཚོ་ལ་མིོ་དགའ་
ང་ནི་ཀོམ་པུ་ཀྲར་ཟེར་བ་དང་སྦ་སེ་ཟེར་ན་འདོད་
ཉེ་བའི་དུས་ནས་མེ་ཤུགས་འཕུར་བརྡེལ་ཟེར་བ་དང་ཀློག་ཀླད་ཟེར་བ་ ་སྣུམ་འཁོར་ཟེར་བ་འདི་ཚོ་ལབ་བདེ་བོ་མེད་པ་གང་ཞིག་ལ་དོན་མེད་ཀྱི་བོད་སྐད་དང་བོད་ཡིག་ཁག་ཏུ་གཏོང་གི་འདུག་
ང་ཚོས་ཉི་ཧོང་པས་སྲོལ་བཞིན་དངོས་མིང་གང་ཡིན་པ་དེ་དེ་རང་ལ་བཞག་ལ་དགའ་
ཁྱེད་རང་གི་ཨ་རིའི་རླུང་འཕྲིན་ལ་སྡང་ཟུག་བྱེད་པ་འདི་སྲིད་དོན་གཞན་ཞིག་རེད་ ཐ་སྙད་ཐོག་ལ་ཁྱེད་རང་གི་གང་ཤེས་ཀྱི་ཡོད་
ད་ནངས་ཞོགས་པ་སྔ་མོ་ནས་མི་མང་པོ་བྷ་སུ་(Bus) ཞོན་ནས་སླེབས་ཀྱིན་འདུག” རླིང་འཕྲིན་པའི་སྐྱོན་དུ་ངོས་འཛིན་པ་དེ། བོད་རང་རེ་མི་མངས་ཀྱིས་གཞི་རུ་རྒྱ་ནག་སྐད་དང་བསྲེས། རྒྱ་གར་དུ་ཧིནད་སོགས་དང་། ནུབ་ཕྱོགས་སུ་ཨིན་སྐད་བསྲེས་ནས་སྐད་རྒྱབ་པ་དེ་ལ་བཟོ་བཅོས་གཏང་དགོས། འོང་ཀྱང་བདག་གིས་བྱ་བ་འདི་ནི་ཤིན་ཏུ་བྱ་དཀའ་བ་ཞིག་ཏུ་མཐོང་། སྔོན་དུས་དཧ་སར་བོད་སྐད་གཙང་མ་རྒྱབ་པའི་འཆར་གཞི་སྒྲིག་པ་པོ་རང་གིས་དེ་རང་ཉིད་དུ་སྐད་འདྲེས་མ་རྒྱབ་པའི་ལོ་རྒྱུས་ཤིག་ཐོས་སོ།།
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com