ཚེ་རིང་སྐྱིད་།
སྙིང་ཉེ་བའི་གྲོགས་མོ་གངས་སྒྲོན་ལགས།
ངས་ཁ་པར་ལག་ཏུ་བཟུང་ཏེ་ཡང་ཡང་དུ་མིང་ཐོ་བརྡ་རྟགས་གནོན་གྲབས་བྱེད་ཀྱང་ངས་ཁྱེད་ལ་ཁ་པར་གཏན་ནས་གཏོང་མི་ཕོད་ལ། དོན་དག་འདི་ང་ལ་མཚོན་ན་ཧ་ཅང་གློ་བུར་བ་ཞིག་ཡིན་པ་མ་ཟད་། ངས་འཆར་ཡན་ཁྲོད་ནས་མ་སྐྱེས་པའི་བྱིས་པ་དེར་ཉོས་པའི་གྱོན་ཆས་རྣམས་ཀྱང་ག་ལེར་མིག་ལམ་ནས་མོག་མོག་ཏུ་གྱུར་སོང་།-དུས་འཁོར་དབང་ཆེན་གྱི་ཆེད་དུ་རྡ་རམ་ས་ལའི་རྣམ་རྒྱལ་གྲྭ་ཚང་ནས་ཕེབས་པའི་དགེ་མདུན་པ་ཚོ་ཕྱིར་རྒྱ་གར་ལ་ལོག་འགྲོ་གིན་ཡོད་པས། ངས་ཁོང་ཚོའི་ལག་ཏུ་སྐུར་བར་འདོད་པའི། བྱིས་པ་དམར་རྗེན་ལ་མཁོ་བའི་རས་གདན་ཁྲ་ཁྲ་དེ་དང་ལོ་གཅིག་དང་ལོ་གཉིས། ལོ་གསུམ་ཅན་བཅས་ལོ་རེ་རེ་ཡི་གྱོན་ཆས་ཆ་ཚང་བ་རེ་ཉོས་ཡོད་པ་རྣམས་ལས་ཁུངས་སུ་ཁྱེར་ནས་ཡོང་ཡོད་ཀྱང་། དེ་རིང་ཞོགས་པ་དྲ་ཐོག་ནས་གློ་བུར་དུ་འབྲུག་བྷེ་དང་འཕྲད་བྱུང་ལ། ངས་ཁོང་ལ་སྐད་ཆ་དང་པོ་དེ་གངས་སྒྲོན་གྱི་བྱིས་པ་སྐྱེས་སོང་ངམ་ཞེས་དྲིས་དུས་ཁོས་བརྗོད་ན་གངས་སྒྲོན་ལ་ཆག་སྒོ་བྱུང་སོང་ཟེར་བས། ངའི་བསམ་པར། ཡང་ཁོས་འུར་སློང་གིན་འདུག་བསམ་བྱུང་མོད། བསམ་བློ་ཞིབ་མོ་བཏང་ན་རྒྱལ་ས་ཝ་ཤིན་ཀྲོན་ནས་དུས་དབང་སྐུར་བའི་སྔ་བཞུག་ཏུ་འགྲུལ་བ་བཅུ་ལྷག་གི་སྡོད་གནས་དང་གུང་སེང་མེད་པའི་ལས་ཀ་ལ་སོགས་པར་སེམས་ཁུར་དང་བྲེལ་བ་ཡིས་ཡར་མར་སུ་ལ་་ཡང་འབྲེལ་བ་བྱ་ཁོམ་མ་བྱུང་བར་བསམ་ཏེ། གཞི་ནས་ཁོ་གང་དུ་ཡོད་མེད་དང་དོན་དག་ཅི་ཞིག་བྱུང་ཡོད་མེད་དྲིས་སྐབས་ཁོས་མགོ་མཇུག་མེད་པའི་སྐད་ཆ་གང་མང་ཞིག་ལན་དུ་བྲིས་བྱུང་བས། མཇུག་མཐར་ཁོ་ལ་ཁ པར་བཏང་བ་ཡིན།
ཁ་པར་ཁྲོད་ནས་ངས་བློ་ཡུལ་ལ་གཏན་ནས་མ་ཤར་བའི་སྐྱོ་ལྷང་ལྷང་གི་ཚིག་འབྲུ་གང་མང་ཐོས་བྱུང་ལ། ངས་ངོ་མ་མུ་མཐུད་ནས་གང་བྱུང་མང་བྱུང་དུ་ཉན་མི་ཕོད་པར་གྱུར་སོང་། འབྲུག་བྷེ་ཡིས་ང་ལ་བརྗོད་ན། ན་ཟུག་དང་རྔུལ་ཆུས་བར་དུ་ཨམ་བཙིགས་ལྡན་པའི་ཁྱེད་ཀྱི་སྣང་ཚུལ་མཐོང་ཐེངས་རེར་ཁྱེད་ཀྱི་ཚབ་ཏུ་རང་ཉིད་ཡིན་ན་ཅི་མ་རུང་སྙམ་འདུག་ལ། མཚན་མོ་རེ་རེར་ཁ་རོག་གེར་མིག་ཆུ་ཤོར་བ་ཡང་གྲངས་མེད་ཟེར། འབྲུག་བྷེ་ཡིས་བརྗོད་ན་ཕྲུ་གུ་ཡང་ཕོ་གཅིག་རེད། ཡིན་ཡང་མེད་པར་ཆགས་སོང་། ད་དུང་མོའི་ཚེ་སྲོག་ལ་ཡང་ཉེན་ཁ་ཐུག་བྱུང་ཟེར། ངས་སྐབས་འདིར་སེམས་ངོགས་སུ་ཤར་བ་ནི། ཕ་མ་དང་ཕུ་ནུ་མིང་སྲིང་སུ་ཡང་མེད་པའི་ས་མཐའ་ཞིག་ཏུ། སྤྱི་ཚོགས་ཁྲོད་ཀྱི་ནད་ཡམས་ལྟ་བུའི་བཤད་ཡམས་དང་གནོན་ཤུགས་ཀྱི་བར་དུ་དམ་པོར་ལངས་པའི་ཁྱེད་བཟའ་མི་གཉིས་ཡིན་ལ། ཨ་མ་ཞིག་གིས་ཟླ་དགུ་ལ་མངལ་ནས་རུམ་པའི་ཕྲུ་གུ་མཇལ་རྒྱུ་མ་བྱུང་བའི་སེམས་ཁོང་རུས་པའི་སྟེང་གི་སྐྱོ་སྡུག་དང་ཕངས་སེམས་བསམ་ཞོར་ད་ལྟ་རང་ཁྱེད་ལ་ཁ པར་གཏོང་ན་འདོད་པ་མ་ཟད། ད་ལྟ་རང་ཁྱེད་ཀྱི་གམ་དུ་ཡོང་ནས་ཡུན་རིང་ལ་འཐམས་ན་འདོད།
སྐབས་འདིར་ངས་ད་དུང་སྔ་ཕྱི་བར་གསུམ་དུ་ཀླུ་མཁར་བྱམས་ལ་ནག་ཉེས་ཡར་མང་བཅོ་བརྒྱད་ཅིག་འགེལ་མཁན་གྱི་བཤད་ཡམས་ཁྱབ་སྤེལ་གཏོང་མཁན་མི་ཁ་དོག་ཅན་དེ་ཚོས་ད་དུང་ཁྱེད་གཉིས་ལ་ལྷ་ཡིས་སྤྱན་གྱིས་གཟིགས་པ་ལྟ་བུ་དང་ཀླུ་ཡིས་གནོད་པ་བཏང་བ་ལྟ་བུའི་སྐད་ཆ་ཐ་ཤལ་བ་ཤོད་བཞིན་པའི་ཚོད་དཔག་བྱ་ཐུབ་ལ། དེ་ལྟ་བུའི་མི་དེ་ཚོས་ཁྱེད་གཉིས་ཀྱི་འཚོ་བ་ལ་གཏོར་སྐྱོན་བཏང་ཏེ་ཐ་ན་འཇིག་རྟེན་མིག་གིས་མ་མཐོང་བའི་ཕྲུ་གུ་ཡང་བདེ་ཐང་གིས་སྐྱེས་ཤིང་འཚར་བར་འགོག་རྐྱེན་དང་གནོན་ཤུགས་གང་མང་སྤྲད་ཡོད་པ་བཤད་མ་དགོས་ཏེ། མི་དེ་ཚོའི་སེམས་དང་ཚོར་བ་དེ་ལ་ཤ་ཡིས་གྲུབ་པའི་སྙིང་རྗེ་དང་རྣམ་དཔྱོད་བརྡར་བའི་མིག་ཟུང་ཞིག་རྙེད་མེད་པས། དེ་ཚོས་ཁྱེད་གཉིས་ཀྱི་འཚོ་བ་དང་ལང་ཚོ། མི་ཚེ་དང་རེ་སྙེགས། བརྩེ་དུང་དང་མདུན་པ་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་བསམ་ན་སེམས་གཏིང་ནས་ཚིགས་པ་ཟ་མོད་དེ། སྤོབས་པ་དང་བློ་རྒྱ་ཆེ་ལ་ཐོག་མཐའ་བར་གསུམ་དུ་རང་གི་བཟའ་ཟླའི་མདུན་རྒྱབ་ནས་ཀ་བ་ལྟར་བགྲེངས་མྱོང་བའི་ཁྱེད་རང་གིས་ཐེངས་འདིའི་ཆག་སྒོ་ཡང་མིག་རྒྱང་རིང་བོས་གདོང་ལེན་བྱ་རོགས། འབྲུག་བྷེ་ཡིས་བརྗོདན། ཁྱེད་ལ་ན་ཟུག་ཇི་ལྟར་ཆེ་ཡང་མིག་ཆུ་དང་ངུ་སྐད་མི་ཤོར་བ་མ་ཟད། ཨབ་བཙིགས་བསྡམས་ནས་གདོང་ལེན་བྱ་བཞིན་འདུག་ཟེར་མོད། གྲོགས་མོ་ལགས། ཁྱེད་ཀྱིས་རང་གི་སྐྱོ་བ་མཐའ་དག་སེམས་སུ་སྤས་ཡོད་པ་ཤེས་པས་ཆག་སྒོ་བྱུང་བའི་རྒྱུད་རིམ་དེའི་བར་དུ་ང་རང་ཁྱེད་ཀྱི་གམ་དུ་ཡོད་ན་ཅི་མ་རུང་སྙམ་བྱུང་།
འབྲུག་བྷེ་ཡིས་ངའི་ངུ་ཁ ལེན་ཞོར་བརྗོད་དོན་ལྟར་ན། ཐེངས་འདིའི་ཆག་སྒོ་དེའི་ཁྲོད་ནས་མི་ངོ་མང་པོ་ཞིག་གིས་སེམས་བསམ་པས་ལག་པ་བསྲིངས་བྱུང་ཟེར་ལ། མི་མང་པོ་ཞིག་གིས་ཉིན་དེ་དག་ལ་ཐོག་མཐའ་བར་གསུམ་དུ་སེམས་ངོ་བསྟན་ནས་ཁྱེད་བཟའ་ཚང་གཉིས་ཀྱི་མདུན་རྒྱབ་ཏུ་སླེབས་བྱུང་ཟེར་བས་ང་རང་དགའ་བྱུང་་ལ་ངས་མི་དེ་དག་རེ་རེ་ལ་ལག་པ་གཏོང་ཞོར་བཀའ་དྲིན་ཞུ་འདོད། ངས་སྔོན་ནས་བརྗོད་པ་ལྟར། བླ་རྒན་གྱོང་བོ་ཁ་ཤས་དང་མི་སྐྱ་མགོ་བདེ་ཁ་ཤས་མ་གཏོགས་མི་མང་པོ་ཞིག་གིས་རྣམ་དཔྱོད་སྤྱད་དེ་གནས་ལུགས་ལ་བརྡར་ཤ་གཅོད་ངེས་ཡིན།
སྙིང་ཉེ་བའི་གྲོགས་མོ་ལགས། སེམས་བསམ་པ་ལྷོད་ལ་བབས་ཏེ་སླར་ཡང་གཅེས་ཕྲུག་ཅིག་ལ་ཤ་མཆིན་སྦྱོར་བའི་ལྟ་གོན་བྱ་རོགས། ང་ཚོ་མི་སུ་ཞིག་ཡིན་ཡང་ཐུན་མོང་གིས་ངོས་ལེན་བྱ་དགོས་པ་དང་ཡང་ན་ངོས་ལེན་བྱ་རུང་བ་ནི་འཆི་བ་ཞེས་པ་དང་མི་རྟག་པ་ཞེས་པ་འདི་ཡིན་ལ། འཆི་བ་དང་མི་རྟག་པ་ཞེས་པ་འདིར་སུ་དང་གང་ཡང་གཡོལ་མི་ཐུབ་པས་དེ་ལ་ང་ཚོས་ལས་སླ་བོའི་ངང་ནས་ངོས་ལེན་བྱ་དགོས་མོད། ཁྱེད་ཀྱིས་མ་བཤད་ཀྱང་ངས་ཤེས་ཐུབ་པ་ནི་འཆི་བ་དང་མི་རྟག་པ་ཞེས་པའི་རྒྱུད་རིམ་དེའི་ཁྲོད་དུ་མིག་ཆུ་དང་སྐྱོ་གདུང་བླ་ལྷག་ཏུ་ཆེ་ཡང་། ཁྱེད་ཀྱིས་སྔར་བཞིན་ཨམ་བཙིགས་བསྡམས་ནས་བརྩེ་བའི་སྟོབས་ཤུགས་ལ་བདེན་ཁ་སྟེར་ཞོར་འཚོ་བ་ལེགས་པར་སྐྱོང་རོགས་མཛོད། འཆི་བ་དང་མི་རྟག་པ་ནི་ཆོས་ཉིད་ཟེར་བའི་མི་ཚེ་ཡི་ཁྲིམས་ལུགས་ཤིག་ཀྱང་ཡིན་པས། སྙིང་ཉེ་བའི་གྲོགས་མོ་ལགས་ནས་བསྐྱར་དུ་འཚོ་བ་གསར་བ་ཞིག་གི་མགོ་རྩོམ་རོགས། གྲོགས་མོ་ལགས། སྐྱོ་སེམས་མ་གནང་རོགས། ཁྱེད་རང་ཉིད་དང་བཟའ་ཟླ། རྒྱང་རིང་ན་ཡོད་པའི་ཕ་མ་དང་སྤུན་ཟླ་ཚོའི་ཆེད་དུ་སྔར་བཞིན་ཨམ་བཙིགས་བསྡམས་ནས་འཚོ་རོགས། དེ་ལས་ཀྱང་ཁྱེད་གཉིས་ཀྱི་སྔ་བཞུག་ཏུ་ཉུལ་མ་ལྟར་རིག་རིག་མིག་གིས་ལྟ་ཞིང་ཅོར་ཅོར་རྣ་བས་ཉན་མཁན་ཚོས་མཐོང་འདོད་པའི་ཕམ་སེམས་སྐྱོ་ཡུས་ཀྱི་འཚོ་བའི་ངོས་ཤིག་ལ་མ་བསྐྱོད་རོགས་གནང་། སེམས་བསམ་པའི་སྟེང་གི་གྲོགས་མོ་ལགས། ཁྱེད་ཀྱི་ཚེ་སྲོག་ལ་ཉེན་ཁ་བྱུང་བ་དང་ཁྱེད་རང་དྲན་མེད་དུ་རྒྱལ་བའི་བརྙན་རིས་ཤིག་ང་ཡི་མིག་ལམ་ལ་རབ་རིབ་ཅིག་འཆར་ཡོང་དུས། ང་དངོས་སུ་ཁྱེད་ཀྱི་གམ་དུ་འབྱོར་ཏེ་དེ་ལྟ་བུའི་བདེ་སྡུག་གི་འཚོ་བ་ལ་མཉམ་གཅིག་ཏུ་གདོང་ལེན་བྱ་འདོད་ཀྱི་མདུན་པ་ཤིན་ཏུ་རྒོད་ལ། ང་རང་ཁྱེད་ཀྱི་མགུལ་དུ་འཁྱུད་དེ་གཏན་དུ་མི་ལྷོད་ན་ཡང་བསམ་བྱུང་།
འུ་ཚོ་མིང་སྲིང་གསུམ་མཚམས་རེར་འཆམ་མཐུན་གྱི་ལག་རྡང་སྦྲེལ་མྱོང་ལ་མཚམས་རེར་ལག་རྡང་འཐོར་ཏེ་ཕྱོགས་བཞི་ལ་སོང་མྱོང་མོད། རྩ་བའི་སྙིང་དཀྱིལ་དུ་ལུས་པའི་དམ་ཚིག་གི་རི་མོ་ནི་དུས་ནམ་ཡང་འོད་དུ་འཚེར་ཡོད་ལ། ལོ་ཟླ་མང་པོའི་གཞུང་ནས་ཕན་ཚུན་ཡང་ཡང་དྲན་མྱོང་བས། སྙིང་ཉེ་བའི་གྲོགས་མོ་ལགས། དཔའ་མོ་ཞིག་གི་རང་གཤིས་ལྡན་པའི་རང་ཚུགས་དེ་ངོམས་བཞིན་ཐེངས་གཉིས་པའི་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་སྙིང་ཉེ་བའི་མི་དེའི་ཆེད་དུ་སླར་ཡང་ངོ་གདོང་ལ་མེ་ཏོག་ལྟ་བུའི་འཛུམ་འདངས་ཤིག་ཤར་རོགས།
ཞེས་སྤྱི་ལོ་༢༠༡༡ལོའི་སྤྱི་ཟླ་བདུན་པའི་ཚེས་༡༩ཉིན་ལ་གུས་ཕུལ།
དངོས་གནས་སེམས་སྐྱོ་དགོས་པ་ཞིག་རེད། ཕ་མ་གཉིས་པོར་མཚོན་ན་འཇིག་རྟེན་འདིར་རང་གི་ཤ་ཁྲག་ལས་མཆེད་ཅིང་བྱམས་བརྩེའི་གཅེས་སྐྱོང་བྱ་ཡུལ་སྙིང་གི་ནོར་བུ་འདི་ཉིད་འཇིག་རྟེན་འདིར་སླེབས་མ་ཐག་ནས་འཆིག་བདག་བཀའ་དབང་བཙན་པོས་འཇིག་རྟེན་གཞན་དུ་ཁྲིད་པས་སྙིང་གི་ནོར་བུ་བོར་བ་ནི་དེ་ལྷག་པའི་སྡུག་མངལ་ཞིག་མེད་ཀྱང་། རང་ཅག་རྣམས་འཇིག་རྟེན་འཁོར་བར་རང་དབང་མེད་པར་དཀར་ནག་ལས་ཀྱི་གང་ཁྲིད་ལ་འགྲོ་དགོས་པས་ཐུགས་འཕྲེང་གནང་ཡང་བཅོས་ཐབས་མེད་པས་ཐུགས་སེམས་རྒྱ་ཆེ་ས་དགོངས་པ་བཞེས་དགོས། ཀླུ་དཀར་བྱམས་ལགས་མཆོག་ལ་ཆགས་གོ་དེ་ལྟར་བྱུང་བ་་ནི་བློ་ཕམ་དགོས་པ་ཞིག་ཡིན། ཁོང་ནི་བོད་མི་རིགས་ཀྱི་ལ་རྒྱ་དམ་ཅིང་། ལས་དོན་གང་བྱས་ཀྱང་མི་རིགས་འདིའི་ཕུག་བསམ་ཆེད་དུ་བྱ་མཁན་ཞིག་དང་། མི་རིགས་འདིས་མྱོང་བཞིན་པའི་སྡུག་མངལ་རྣམས་སེམས་ལ་མནག་ནས་མི་རིགས་འདིའི་བདེ་དོན་ཆེད་སེམས་ལ་གང་འཆར་རྣམས་ཞལ་ནས་ཤོད་ཕོད་མཁན་ཕུལ་བྱུང་གི་མི་སྣ་ཞིག་རེད །དེ་འདྲའི་ཉེ་ལེན་ལ་བརྟེན་ནས་ཆབ་སྲིད་ཀྱི་ལྟ་བ་འཁྲེགས་འཛིན་པ་དང་། དེང་རབས་ཀྱི་དག་རྫས་བརྒྱ་ཕྲག་བྱུག་ཀྱང་དག་ཐབས་མེད་པའི་ཀླད་རྙིང་པ་དང་། ཀླད་ཁྲ་རེ་ཟུང་ནས་མ་བཟོད་པར་དོན་མེད་གྱི་མེ་ཀླན་ཀ་འཚོལ་བ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད། རྣམ་དཔྱོད་དང་ལྡན་པ་ལགས་ངས་ཁྱེད་རང་མཇལ་མྱོང་མེད་ཡིན་ན་ཡང་ཁྱེད་རང་གི་རྩོམ་ཡིག་དང་། ལེགས་སྦྱར་མང་པོ་དྲ་རྒྱ་བརྒྱུད་བཀློག་རྒྱུའི་གོ་སྐབས་བྱུང་བས་རིམ་པས་ཁྱེད་རང་ངོ་ཤེས་སོང་། མཛངས་མ་ཚེ་རིང་སྐྱིད་ལགས་ནས་ཁོང་གཉིས་ལ་ཁ་ཕན་ཚིག་ཕན་དང་རྒྱུ་དངོས་སོགས་ཀྱི་ཕྱག་རོགས་གནང་བའི་རེ་བ་ཡོད།
བདག་གིས་ཚེ་རིང་སྐྱིད་ཀྱི་བརྩམས་ཆོས་ཁྲོད་ཆེས་ལེགས་ཤོས་སུ་མཐོང་བའི་བརྩམས་ཆོས་འདི་ཉིད་ཡིན་ཞེས་བརྗོད་པར་འདོད། ཡིན་ནའང་། མི་མང་པོ་ཞིག་གིས་ཁོ་མོའི་ཕྱི་ཤུན་གྱི་པགས་པ་ཁོ་ནས་བརྩམས་ཆོས་ཀྱི་གོང་ཐང་བཅད་པས་བདག་ཀྱང་ཁུ་སིམ་མེར་བསྡད་པ་ཡིན། ཨོ། འདི་ལས་གཞན་ཞིག་མཐོང་བ་ནི་ཀློག་པ་པོར་ཡིད་འགུག་གི་ནུས་པ་ཡོད་པ་ལས། རྩོམ་པ་པོའི་དོན་དངོས་ཀྱི་བསམ་བློའི་བར་ཐག་དང་ཉེ་མིན་ནི་ལྐོག་གྱུར་གྱི་གནས་ལུགས་ཤིག་རེད་སྙམ།
སྙིང་རྗེ། ཆག་སྒོ་སུ་ལ་བྱུང་ཡང་། རང་གཞན་ཁྱད་པར་མེད། ཚང་མས་རང་གི་ཁོག་པའི་ནང་ནས་སྡུག་བསྔལ་འདི་ལྟ་བུ་ཞིག་རང་ལ་བྱུང་ན་ཇི་ལྟར་བྱ་བསམ་བཞིན་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་ཁོ་ན་རེད།
ལྷག་པར་དུ། རང་རིགས་ཀྱི་ལ་རྒྱ་སྙིང་རྩར་བསྐོན་ནས། རང་རིགས་ཀྱི་མདུན་ལམ་འཚོལ་མཁན་ཀླུ་ཁར་འབྱམས་ལྟ་བུར་མཚོན་ན། འདི་ནི་ངོ་མ་སེམས་སྐྱོ་དགོས་པའི་གནས་ཚུལ་རེད།
ཡིན་ནའང་། ཚེ་རིང་སྐྱིད་ཀྱི་བརྗོད་པ་བཞིན། ཁྱེད་གཉིས་ཀྱིས་ནམ་ཡང་འཕྲལ་འཕྲལ་གྱི་དཀའ་ངལ་གྱིས་བློ་མི་ཞུམ་པར། ད་དུང་མུ་མཐུད། རང་གི་མི་རིགས་འདིའི་མདུན་ལམ་དང། བདེ་སྐྱིད་ལ་བསམས་ནས། དཀའ་ངལ་ཁྱད་སད་བྱ་རོགས་ཅེས་མགོ་བོ་ཁྱེད་གཉིས་ཀྱི་པུས་མོར་བཙུགས་ན་ཞུ་བ་འཐེན་ནོ། ངེད་ཚོས་ཀྱང་མཆོག་གསུམ་ལ་སྨོན་ལམ་དང་། ཚོགས་བསག་སྒྲིབ་སྦྱོང་བྱས་ནས་དགེ་བ་ཡོད་དོ་ཅོག་ཁྱེད་ཁྱོ་ཤུག་གཉིས་ཀྱི་བདེ་སྐྱིད་ཆེད་བསྔོས་ནས། མི་འགྱང་བར་ཁྱེད་གཉིས་ལ་ཕྲུ་གུ་བོད་མི་རིགས་ཀྱི་མགོན་སྐྱབས་ཏུ་འགྱུར་བ་ཞིག་བཙས་པའི་སྨོན་ལམ་ཡོད་དོ།
སྐུ་ཚེ་རིང་།
ཚེ་རིང་སྐྱིད་ཀྱིས་གངས་སྒྲོན་དང་ཀླུ་མཁར་བྱམས་ལ་གདུང་སེམས་སྟོན་པ་ལེགས་ཀྱང། ངེས་པར་དུ་གཞན་ལ་སྨད་ར་གཏོང་དགོས་དོན་ཡོད་དམ། གཞན་ལ་སྨད་ར་གཏོང་བ་དེ་ཡང་ཁོང་གཉིས་ལ་སྤྲེལ་ལད་འཁྲབ་ཆེད་ཡིན་ངེས་པས། ཚེ་རིང་སྐྱིད་ཀྱི་གཡོ་སྒྱུའི་སྤྱོད་ངན་དེ་ད་དུང་ཡང་རས་ཆས་སུ་ལུས་འདུག དེ་སྔ་ཁོ་མོ་ནུབ་ཕྱོགས་སུ་འགྲོ་སྐབས་དང་། དེ་རྗེས་ལས་ཀ་འཚོལ་སྐབས་སོགས་གཡོ་སྒྱུ་དང་སྤྲེལ་ལད་ཆེད་རང་ལུས་ཐེངས་ག་ཚོད་གཞན་ལ་སྦྱིན་ཡོད་དམ། འོན་ཀྱང་ད་ལྟ་འདོད་ཐོག་ལ་སླེབས་ཡོད་པར་སྨོན། ཁ་འགྲོ་བཀྲ་ཤིས། བདེ་མོ་གྱིས།
ཉིན་རེ་གཉིས་ཀྱི་འདྲིས་གཤིབ་དང་ཚིག་རེ་གཉིས་ཀྱི་གླེང་མོལ་ཁྲོད་ངོ་ཤེས་པའི་ཀླུ་མཁར་བྱམས་ལགས་ལ་མི་འདོད་ཐོག་བབ་ཀྱི་གནས་ཚུལ་འདི་འདྲ་ཞིག་བྱུང་བར་གཏིང་ནས་སྐྱོ། ངས་ཁྱོད་ཀྱི་ཡོད་ཚད་ཁས་བླངས་པ་མིན་མོད། འཐབ་རྩོད་པར་འབོད་པ་དག་གི་ཁྲོད་ནས་རང་ཚུགས་དང་སྤོབས་པ་ཆེས་ལེགས་ཤོས་སུ་མཐོང་བའི་ཁྱོད་ལ་འདི་ལྟ་བུའི་ཆག་སྒོ་བྱུང་བ་ནི་ཁྱོད་གཅིག་པུའི་ཆག་སྒོ་ཙམ་མ་ཟད་སྤར་མོ་གང་ལས་མེད་པའི་ང་ཚོའི་མི་རིགས་འདིའི་གྱོང་གུད་ཞིག་ཀྱང་རེད། དེ་བས་ངས་རང་ཉིད་དང་རང་ཉིད་ཀྱི་མི་རིགས་ཀྱི་ཆེད་དུ་ཁྱོད་དང་ཁྱོད་ཚོ་ལ་ད་དུང་ཡིད་དུ་འོངས་ཤིང་རང་ཚུགས་ཅན་གྱི་བུས་པ་མང་པོ་འཁྲུངས་པའི་སྨོན་ལམ་འདེབས།
གལ་སྲིད་གནད་དོན་འདིའི་ཐད་ནས་ཁྱོད་ལ་སྙིམ་ཚིམ་འདྲ་བརྗོད་མཁན་ཡོད་ན་དེ་སེམས་སུ་འཛིན་དགོས་དོན་མེད་ལ་ཡ་ལན་བྱེད་དགོས་དོན་དེ་བས་ཀྱང་མེད། གང་ལགས་ཤེ་ན་མི་གཤིས་མེད་པའི་བེམ་གཟིགས་ཤིག་ལ་དེ་ལྟར་བྱེད་དོན་མེད་པས་རེད། ཚེ་རིང་སྐྱིད་ཀྱིས་འདིའི་ཐད་ནས་ཤུགས་ཆེ་ཙམ་བཤད་པ་ལ་བློ་མི་བདེ་བ་ཙམ་བྱུང་ཞིང་མོ་རང་ཉིད་ལ་དེའི་ཐད་ནས་སྙིང་ལ་ནག་ཐིག་ཅིག་ཡོད་པའང་ཤེས། འོན་ཀྱང་འདིར་དེ་འདྲའི་གཡུལ་གཤོམ་ས་ཞིག་ཡིན་མི་རུང་ལ་མི་འོས་པས། རྣམ་པ་ཚོས་སྐད་ཆ་འདིའི་ཐད་ནས་དུས་དང་གནས་སྐབས་མ་ནོར་བ་གནང་རོགས། འདིར་བུས་པ་ཞིག་གི་རྣམ་ཤེས་འཁྱམ་ཞིང་ཕ མ་གཉིས་ཀྱི་སེམས་པ་སྨྲེང་ས་ནས། སྙིང་རྩ་་ཁྲག་གིས་བཟུང་ཞིང་སེམས་རྩ་དབུགས་ཀྱིས་བརྒྱང་ཡོད་མཁན་ཚོས་རང་གི་དེ་ཉིད་་སྙིང་ཁར་སྦྱར་ཏེ། མིའི་རིགས་ཀྱི་ཚོར་འདུའི་འདུ་བྱེད་ལ་མཐོང་ཆེན་དང་བསམ་ཤེས་གནང་རོགས། མཆན་མཁན་ཞིག་གིས་ཀྱང་ཚེ་རིང་སྐྱིད་ལ་མདུང་ཁ་གཏད་འདུག་མོད། རྒྱུ་མཚན་ཅི་ཞིག་ཡིན་རུང་འདིར་དེ་ཉིད་མི་མཛའ་བས་ཐུགས་དགོངས་ཡངས་ཙམ་གནང་བར་རིགས།
སྐད་ཆ་འདི་གོ་དུས་ནས་སེམས་པ་སྐྱོ་བོ་བྱུང་ལ། བོད་པ་ཡིན་ཚད་ལ་ཚོར་བ་གཅིག་པ་ཡིན་རྒྱུ་རེད། ལས་དང་སྐྱེས་འཆིའི་དོན་དག་འདི་ང་ཚོ་མིས་བཤད་ནས་ཐག་གི་ཆོད་པ་ཞིག་མིན་ཚུལ། ཀླུ་བྱམས་དང་གངས་སྒྲོན་གཉིས་ཀས་ལོས་ཤེས། དེ་ལ་གདུང་སེམས་མཉམ་བསྐྱེད་ཡོད།
འོན་ཀྱང་། ནག་མོའི་ཁ་འདི་འཁོན་གྱི་ཁ་ཞེས་བཤད་སྲོལ་ཡོད་པ་ལྟར། རང་གིས་རང་ལ་བདག་པོ་ཞེ་དྲག་རང་རྒྱག་མི་ཤེས་པའི་ཚེ་རིང་སྐྱིད་ཀྱིས་སེམས་པ་སྐྱོ་ནས་སྐྱོ་གཏམ་ཞུ་དགོས་མོད་ཀྱང་། འབྲེལ་མེད་མང་པོ་ཞིག་བཤད་འདུག་པས། རྐུབ་ལ་དྲི་མ་ཁ་བ་རྒྱང་ནས་ཚོར་གྱི་འདུག ལུག་ནས་རུལ་ནས་ཡོད་པའང་ཤེས་ཀྱི་འདུག
དེ་བས། སྲིད་པ་རྒན་པོའི་གཏམ་དཔེ་ལྟར། སྐད་ཆ་བསམ་ནས་ཤོད།། རྩམ་པ་ལྡད་ནས་མིད།། ཅེས་པ་འདི་དྲངས་ན་འདོད་བྱུང་།
ཨོམ་མ་ཎི་པདྨེ་ཧཱུམ།
ཨོམ་མ་ཎི་པདྨེ་ཧཱུམ། ཡང་བསྐྱར་བོད་ལ་སྐྱེ་བར་ཤོག །
མི་སུ་ཞིག་ཡིན་ཡང་འདི་འདྲའི་སྐབས་སེམས་གསོ་བྱེད་མཁན་དགོས་ནི་རེད། ཚེ་རིང་སྐྱིད་ལ་གདུང་སེམས་མཉམ་བསྐྱེད་བྱེད་པར་ཐུགས་རྗེ་ཆེ
མོ་རང་ལས་ངན་ནང་གི་ལས་ཅན་རེད། སོ་སོ་བདེ་བོ་འཚམ་པོ་བྱུང་བ་རེད། ལས་ངན་དེ་འདྲ་ཞིག་གཉོར་མ་དགོས་པར་ཕྱིན་པ་འོ་ཙི་རེད།
ང་རང་ཚོས་ག་རེ་བྱེད་དགོས་པ་རེད། པུ་གུ་དེ་ཚོ་གཉོར་སྐྱོང་བྱས། ཨ་མས་བྲང་གི་ནུ་མ་སྣུན། གཅིག་སྐྱག་སྒུག པ་ཕས་ནངས་དགོང་གཉིས་ཀར་པང་ལ་ཉར། གཉའ་ལ་ཁུར། ག་ལེར་པུ་གུ་འཚར་ལོངས་བྱུང་། སྤྲེལ་ལད་དང་བཅས་པ་ཕ་དང་ཨ་མའི་གདོང་ལ་བལྟས་ནས་གད་མོ་བགད། ཡུས་བཤད། སྙིང་རྗེ་བོ་འཁྲབ། ཚུར་ཡོང་སྟེ་འོ་བྱས། བརྩེ་བ་དང་རྩེད་མོར་མགོ་གཡེང་ས་འདྲ་བོ་ཆགས། ཕ་མ་གཉིས་ཀར་ཤ་ཁྲག་གི་འབྲེལ་བ་ཡོད་ཙམ་དུ་མ་ཟད། བརྩེ་དུང་ཡང་ཤ ཁྲག་རུས་གསུམ་ལ་ཕྱིར་འཐིམ་ཚར་བའི་རྗེས་ཀྱི་ཉིན་ཞིག་ལ་་་་་་
་་་་་་་་་གློ་བུར་་་་་་ཐོད་རྒྱག་ཏུ་་་་་་་ཕྱིན་ན་གང་འདྲ་བྱེད་དགོས་པ་རེད། ཨཱ།
གཡང་ལ་མཆོང་དགོས་པ་རེད་དམ། ཆུ་ལ་ལྕེབས་དགོས་པ་རེད། གནམ་ལ་འཕུར་ནས་ལྷ་ཡུལ་ནས་པུ་གུ་དེར་ཐུག་གི་རེད་དམ། ས་ལ་འཛུལ་ནས་དམྱལ་བ་ནས་པུ་གུ་དེ་སྐྱོབ་ཐུབ་གི་རེད་དམ། སྡུག་བསྔལ་ཅེས་པ་དེ་དངོས་གནས་ལྗིད་པོ་ཡོད་པ་རེད། མི་སུ་ཡིན་ཡང་ཐེག་དཀའ་གི་རེད། དེ་མ་ཐག་པར་ཤི་འགྲོ་བ་ཡང་མང་པོ་རེད།
མོ་རང་ལས་ངན་ནང་གི་ལས་ཅན་རེད། གཙོ་བོ་སོ་སོའི་སྲོག་འཚམ་པོ་བྱུང་བ་དེས་འགྲིག་པ་རེད།
ཚེ་རིང་སྐྱིད་ལགས་གསར་འགོད་ཀྱི་ལས་གནས་འདིར་ཞུགས་ནས་བཟུང་ཞིབ་ཏུ་བལྟས་པ་ཡིན། ཡག་ཐག་ཆོད་རེད། ད་དུང་ཧུར་ཙམ་བྱེད་པའི་རེ་བ་ཡོད།
ཡིན་ཡང་། དེ་རིང་གི་ཟིན་བྲིས་འདི་དངོས་གནས་བྱས་ན་སོ་སོའི་སྒེར་གྱི་ཉིན་དེབ་ཀྱི་ནང་ལ་འཇུག་དགོས་པ་རེད། མི་ཚང་མར་སྐྱིད་པོ་དང་སྡུག་པོ་སྣ་ཚོགས་བཤད་ཡ་ཡོད་པ་རེད། དེང་སྐབས་དེ་སྦས་མ་ཐུབ་པའི་དཀའ་ངལ་དང་དོན་དངོས་སུ་བཤད་ས་མེད་པའི་དཀའ་ངལ་མ་གཏོགས། ཁྱོད་རང་གི་གསང་བའི་ཡིག་ཆའི་ནང་ནས་བརྐུས་ཏེ་བཀྲམ་མཁན་དང་། དེའི་སྟེང་ལ་ཁ་རྒྱག་པ་དང་སྣ་བཙོག་པ་བཤད་མཁན་ཁེངས་བསྡད་ཡོད་པ་རེད། སྐབས་རེར་སྒེར་དང་སྤྱི་ཞེས་པ་དེའི་ས་མཚམས་ཀྱང་བགར་མི་ཤེས་པའི་ཚད་དུ་འགྲོ་གི་རེད།
འཕྲིན་ཡིག་འདི་ཁ་བརྡ་དྲ་རྒྱའི་སྟེང་གི་མདོ་མེད་ཚོའི་མིག་ལ་བཤམ་པ་ལས་ཁྱོད་ཀྱི་གྲོགས་མོ་དེར་ཁ་ཐུག་ཏུ་བཏང་ཡོད་ན་ཅི་མ་རུང་། གང་ལྟར། རང་གིས་གང་བྲིས་པ་དེ་ཚོ་ཡག་བྱུང་། ལྷག་བསམ་དང་གནོན་མ་ཐུབ་པའི་ཚོར་པ་ཞིག་འདུག་པ་མཐོང་སོང་། ད་འགྲོ་གི་ཡིན་དོ། རྗེས་མར་ཐུག་ཆོག
ཀླུ་བྱམས་བཟའ་ཟླ་གཉིས་ཀྱི་རེ་བའི་རྨི་ལམ་མངོན་གྱུར་བྱུང་མ་ཐུབ་པའི་སེམས་བསམ་པའི་གདུང་སེམས་མཉམ་བསྐྱེད་ཡོད། ད་དུང་བྱམས་ལྡན་གྱི་ཡབ་ཡུམ་ཟུང་གི་ཞལ་རེས་མཐོང་མ་མྱོངས་པའི་བོད་ཕྲུག་རྣལ་མ་དེའི་རྣམ་ཤེས་སླར་ཡང་དག་ཞིང་དུ་སྐྱེ་པའི་སྨོན་འདུན། བུད་མེད་ཞིག་ལ་མཚོན་ན་དཀའ་སྡུག་གི་འཚོ་པའི་ཁྲོད་ནས་རང་ལུས་ལ་མངལ་ཆགས་སུ་བཅུགས་པ་ནི་བུད་མེད་ཞིག་པའི་ཡིན་པས་ལས་འགན་ཙམ་ག་ལ་ཡིན། དེ་ནི
་རང་ཉིད་ཀྱི་ཁྱོ་བོ་ལ་བཅུངས་པའི་ལྷད་མེད་ཀྱི་བརྩེ་བ་གསོན་པོ་དེ་མཚོན་ཡོད། དེ་བས་བཟའ་ཟླའི་བར་བརྩེ་དུང་ལྡན་ན་འཚོ་བ་ཡི་བདེ་སྐྱིད་དེ་ཡིན། མཐར་་་ས་སྒང་འདིའི་ཕོ་མོ་ཡོད་ཚད་ཀྱི་རེ་པའི་རྨི་ལམ་མངོན་པའི་སྨོན་ལམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཚེ་རིང་སྐྱིད་ཀྱིས་འདི་ལྟར་ལྷག་བསམ་དྲོན་མོས་གླེང་མོལ་དང་བརྩེ་སེམས། སེམས་གསོ་སོགས་གནང་བར་ཁོ་བོ་ཡིད་འགུལ་ཐེབས་སུ་བཅུག་སོང་། རྡ་སའི་བོད་ཀྱི་ཉམ་ཞིབ་པ་ཆེན་མོ་མདོ་སྨད་པ་ཀླུ་མཁར་བྱམས་ལགས་ཀྱི་གཅེས་ཕྲུག་དེ་དེ་ལྟར་ལྔ་ལམ་དུ་ཕེབས་སོང་བར་སེམས་བསམ་པས་མྱ་ངན་ཞུ། ཁྱེད་ལྟ་བུའི་སེམས་ཤུགས་དང་། ལ་རྒྱ་ལྷག་བསམ། དྲངས་བདེན་ནམ་རླབས་ཆེན་གྱི་མི་ཞིག་ལ་འདི་ལྟར་ཡོང་དགོས་དོན་མེད་མོད། མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཟེར་བ་ལྟར། ཐབས་ཤེས་དང་བྱ་ཐབས་མེད་མོད། ཁོ་བོ་སོགས་ཁྱེད་དང་ཁྱེད་ཀྱི་ལྟ་སྤྱོད་ལ་རྒྱབ་སྐྱོར་དང་ཡི་རངས་ཡོད་མཁན་ཚོས་ནམ་ཡང་ཁྱེད་ལ་གདུང་སྲས་ཤིག་འཁྲུངས་བར་སྨོན་ལམ་འདེབས་བཞིན་ཡོད། བུ་རྒོད་པོ་སེམས་པ་མ་ཕམ། ཨ་ཅག་གངས་སྒྲོན་ལགས་སུ་ཡང་སེམས་གསོ་ཡོད།
ཚེ་རིང་སྐྱིད་ལགས་ཀྱིས་ངོ་མ་སེམས་བསམ་པའི་གཏིང་ནས་སྙིང་གཏམ་གླེང་ཡོད་གི་ངོ་མ་བཟང་གི་ད་ལྟའི་དུས་འདི་ལ་ཁོ་བཟའ་ཟླ་གཉིས་ལ་མཁོ་བ་ནི་སྡུག་གིས་ཁུར་བོ་མཉམ་ཁུར་བྱེད་མཁན་དང་སེམས་གསོ་བྱེད་མཁན་མཁོ་བའི་དུས་ཞིག་ཡིན། མི་བཟང་ལ་དོན་ངན་འབྱུང་རྒྱུ་མང་གི་མི་ངན་ལ་བདེ་སྣང་མང་གི་ཆ་མི་མཉམ་པའི་འཇིག་རྟེན་ཟེར་བ་ངོ་མ་རེད། ཡིད་སེམས་གཏིང་ནས་སྐྱོ་གི
ཁྱིམ་ཚང་ཞིག་གི་སྐྱིད་སྡུག་ནས་མི་སྒེར་བ་ཞིག་གི་གོད་ཆགས་དྲ་སྟེང་འདིར་ཅིའི་ཕྱིར་དུ་བཀོད་པ་ཡིན་ནམ། དྲ་སྟེགས་འདི་དོན་དངོས་བཤད་ན་ཡིག་འཁྱམས་བཀོད་ས་ནས། སུས་ཀྱང་ལོག་ལམ་དུ་བེད་སྤྱོད་བཏང་ཆོག་ཆོག་རེད། དེར་བརྟེན་ཁྱིམ་བཟའ་ཚང་གི་སྡུག་འདི་རླུང་ལ་བསྐུར་དོན། ཚེ་རིང་སྐྱིད་ལགས་ནས་གྲོགས་མོ་བཅངས་བའི་ལྷག་བསམ་ཡིན་ན། ཁྱོད་འདྲ་བའི་བསམ་གཞིགས་གཉིས་བརྩེགས་གཏོང་མཁན་ཞིག་ཡོད་པ་ལས་མེད་ན་དགའ་རབས། ད་དུང་ཞོར་དུ་དགོས་མི་དགོས་ཉ་ཉོག་གང་ཡང་ལབ་འདུག གྲོགས་མོ་ཤ་ཚ་བྱེད་སྟངས་འདི་འདྲ་མ་རེད། ཚེ་རིང་སྐྱིད་ལགས། ངས་ཁྱོད་ལ་སྐད་ཆ་དྲང་མོ་བཤད།དང་ཐོག་ཁྱོད་མཛེས་མ་ལ་མཐོང་མྱོང་ཡོད། གཉིས་བ་ཁྱོད་མཛངས་མ་ལ་མཐོང་མྱོང་། གསུམ་པ་དེ་རིང་གི་ཉིན་མོ་ནས་ཁྱོད་སྣ་ནག་མ་ཆགས་སོང་། ཀླུ་མཁར་ལགས་སེམས་ཁུར་མ་བྱེད། འཆི་བདག་ལས་དབང་ཆེན་སུ་ཡང་མེད་གསལ་རེད།
དྲ་གྲོགས་རྣམས་པས་ཀླུ་མཁར་བྱམས་གཟའ་ཚང་གཉིས་ལ་སེམས་གསོ་ཕུལ་བ་ནི་ཤིན་ཏུ་བཟང་ལ་གུས་པ་ཡང་བློ་ཕམ་ཆེན་པོ་བྱུང་། གལ་སྲིད་ཕྲུ་གུ་དེ་གསོན་པོ་གནས་ཡོད་ཚེ་གདོང་དམར་བའི་ཤ་རུས་ཚང་བའི་གངས་ཕྲུག་ཞིག་གསར་དུ་བྱུང་བ་ཡིན་ལ། དེ་ནི་ཆེས་གྲངས་ཉུང་ལས་གྲངས་ཉུང་དུ་ལུས་པའི་མི་རིགས་འདི་ལ་རིན་ཐང་བྲལ་བའི་དངོས་པོ་ཞིག་ཏུ་རྩི་ཆོག འོན་ཀྱང་ང་ཚོ་ནི་གོད་ཆག་དང་གྱོང་ཁས་མནར་བའི་མི་རིགས་ཤིག་ཡིན་ཙམ་དེ་ཡང་སྔར་རྒྱུན་བཞིན་རྐྱེན་ལམ་དུ་ཤོར་བ་རེད། དེ་ནི་ཀླུ་མཁར་བྱམས་གཟའ་མི་གཉིས་ལ་མཚོན་ན་ཡང་ཆེས་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ་ནི་མཐོང་ཆོས་སུ་གྱུར་ཡོད་ཀྱང་ཀླུ་མཁར་བྱམས་ཀྱི་ལྷ་བསམ་དང་སྙིང་སྟོབས་དྲངས་བདེན་སོགས་ནི་ཁོ་རང་སྒེར་གྱི་བསམ་བློ་ལས་བྱུང་བའི་ནུས་པ་དེ་རང་རིགས་དང་རང་རྒྱལ་ལ་ཕུལ་ཏེ་བྱ་བ་བྱེད་བཞིན་ཡོད། ཡིན་ན་ཡང་ཀླུ་མཁར་བྱམས་ཀྱི་ཕྲུ་གུའི་ཚེ་སྲོག་ནི་ཕྲུ་གུ་ཁོ་རང་གི་ལས་དབང་དང་འབྲེལ་བ་ལས་ཀླུ་མཁར་བྱམས་ཀྱི་
དཀོན་མཆོག་མཁྱེན།
ཟླ་མང་ཁོག་ལ་ཁུར་ཏེ་དཀའ་ལས་མྱོང་། །
ནམ་སྐྱེས་རེ་ཞགས་ཟབ་མོས་ཉིན་མཚན་བསྐྱར། །
སྐྱེས་ནས་ཉིན་འགའ་ཙམ་ལ་མ་བཞག་པར། །
གཤིན་རྗེའི་ལག་ཏུ་ལྷུང་བར་སྙིང་རེ་རྗེ། །
དཀོན་མཆོག་མཁྱེན།
འཕགས་མཆོག་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །
ཚེ་མཐའ་ཡས་པའི་མགོན་པོ་འོད་དཔག་མེད། །
སྲས་བཅས་རྒྱལ་བར་སྨོན་ལམ་བཏབ་པའི་མཐུས། །
འཇིགས་རུང་གཤིན་རྗེའི་འཕྲང་ལས་ཐར་བར་ཤོག །
ཚེ་རིང་སྐྱིད་ཀྱིས་སེམས་གསོ་གཏོང་བའི་ཞོར་དུ་གླུ་མཁར་བྱམས་ལ་དགོས་བ་མེད་པ་དང་ཕན་ཐོགས་མེད་པའི་སྐད་ཆ་ཞར་ཞོར་དུ་ཁུར་ཡོང་གི་འདུག འདི་གླུ་མཁར་བྱམས་ལ་མཚོན་ན་སེམས་གསོ་མ་རེད། སེམས་གསོད་རེད། །
ངས་འདི་ནས་མགོན་པོ་འོད་དཔག་མེད་ལ་གསོལ་འདེབས་བྱས་ནི་ཟླ་ཁ་མ་གང་པའི་བྱིས་པ་དེ་ཡང་བསྐྱར་རང་གི་ལས་ལ་བཀོད་པའི་ཕ་མ་མགྱོགས་སུ་རྙེད་པའི་སྨོན་ལམ་དང་། མགོན་པོ་ཚེ་དཔག་ཏུ་མེད་པ་དང་སངས་རྒྱས་སྨན་གྱི་བླ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཨ་མའི་གཟུགས་གཞི་ལ་ནད་མེད་ཚེ་རིང་ཡོངས་པའི་སྨོན་ལམ། ད་དུང་རྡོ་རྗེ་ཕག་མོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་བྱིས་སྲི་བཟློག་པ་དང་གང་མགྱོགས་གཟའ་ཟླ་གཉིས་ལ་བྱིས་པ་ཞིག་སྐྱེས་པའི་སྨོན་འདུན་ཞུ་རྒྱུ་ཡིན།
དེ་མིན་སེམས་གསོ་གཞན་བྱེད་མི་ཤེས་ཀི གོང་གི་ཚེ་སྐྱིད་ཀྱི་སེམས་གསོ་བྱེད་སྟངས་དེ་ནི་སེམས་གསོ་བྱེད་སྟངས་ཞིག་ཡིན་མིན་མི་ཤེས་ཀི འོན་ཀྱང་མི་ཤེས་གཅིག་བྱས་ན་དེང་རབས་ཅན་གྱི་སེམས་གསོ་བྱེད་སྟངས་ཞིག་ཡིན་ཡང་སྲིད།
གླིང་ཆེན་འདི་རུ་འགྲན་ཟླ་བྲལ་བའི་གངས་ཅན་བོད་ཀྱི་མཛངས་མ། ཤིན་ཏུ་ཡིད་དབང་འཕྲོག་པའི་ཨ་མདོའི་ཡུལ་གྱི་བུ་མོ། བལྟ་བས་མི་ངོམ་མཛེས་པའི་བུ་མོ་ཚེ་རིང་སྐྱིད་ཀྱི་ལང་འཚོ། མངོན་པར་དགའ་བའི་ཞིང་དུ་གྱུར་ཀྱང་བུ་མོའི་སེམས་པ་བསྡུག་གིས་མནར་བ་ཐོས་དུས། ང་ཚོའི་གདུང་སེམས་མཉམ་བསྐྱེད་ཁྱེད་དང་ཁྱེད་ཀྱི་འཁོར་ལ་ཕུལ་བས། སེམས་གསོ་དགེ་བའི་སྡོང་གྲོགས་དམ་པར་གྱུར་བའི་རེ་སྨོན་ཞུས་ཡོད།
སྡུག་ཟེར་བ་ནི་མི་སུ་ཡིན་ན་མགོར་ཡོང་སྲིད་པ་ཞིག་རེད། དེའི་སྐབས་སེམས་གསོ་དགོས་པའང་གལ་ཆེན་པོ་རེད། ཡིན་ནའང་ཡི་གེ་འདི་དང་འབྲེལ་ནས་དགོས་མེད་མང་བོ་ཞིག་ཀྱང་གླེང་གིན་འདུག་ན། འདི་ཡང་སྡུག་ཐོག་ལ་སྡུག་ཡིན་པས། རབ་ཡིན་ན་རྩོམ་སྒྲིག་པས་རྩོམ་ཡིག་འདི་ཕྱིར་འཐེན་བྱས་ཡག་ས་རེད། རྒྱུ་མཚན་གང་ཡིན་ཟེར་ན་གང་མི་སྒེར་གྱི་དཀའ་ངལ་དང་མི་སྒེར་དོན་དག། ལྷག་པར་ཚེ་རིང་སྐྱིད་ཀྱིས་གླེང་བའི་ད་ལྟ་སྡུག་བསྔལ་རི་རབ་འདྲ་བ་ཞིག་གིས་མནན་ཡོད་པའི་ཁྱིམ་ཚང་གི་དཀའ་ངལ་འདིའི་རིགས་འདི་ལྟར་ཁྲོམ་བསྒྲགས་བྱས་ན་མི་འོས་སྟབས། འདིར་རྩོམ་སྒྲིག་པས་གཏིང་འཛིན་གནང་རོགས།
བོད་མི་ཚོ་ལ་འདི་འདྲ་སྙིང་རྗེ་ཞིག་ཡོད་པ་ནི་ངོ་མ་གླེང་རིན་ཡོད་པ་ཞིག་རེད། ཁོང་གཟའ་ཚང་གཉིས་ལ་སེམས་གསོ་ཡོད།
མི་སྒེར་པ་ཞིག་ལ་སེམས་གསོ་བཏང་བ་དེ་འདིར་བྲིས་པར་དེ་ཙམ་མི་སྐྱོན།
གང་ཡིན་ཟེར་ན་ང་ཚོ་ནི་མི་རིགས་གཅིག་ ཤ་རུས་གཅིག ཁྱིམ་ཚང་ཆེན་མོ་གཅིག སྤུན་ཟླ་མི་རིགས་ཤིག་ལ་སྡུག་ཞིག་བྱུང་ན་སྡུག་མཉམ་ཁུར་དང། སྤུན་ཟླ་མི་རིགས་ཤིག་ལ་སྐྱིད་ཅིག་བྱུང་ན་སྐྱིད་མཉམ་སྤྱོད་བྱེད་རྒྱུ་ཤིན་ཏུ་གལ་ཆེ།
ལྷག་པར་དུ་མོས་འདི་ལྟའི་གནས་ཚུལ་སྤེལ་བར་བླ་སྤྲུལ་དགེ་བཤེས་དགེ་སྦྱོར་པ། ཁ་འདོན་ཙམ་འདོན་མཁན་གྱིས་སེམས་གཏིང་ནས་བསྔོ་སྨོན་གང་ཐུབ་གནང་བ་དེ་ཡང་དགེ་བའི་མཚན་མ་ཞིག་རེད།
ལྷག་པར་དུ་ཚེ་སྐྱིད་ཀྱིས་འདི་ལྟར་གླེང་བར་དྲ་མཆན་པ་ཚོ་ལུག་ཆུ་ལ་མཆོང་མཆོང་བྱེད་དེ་ཕེབས་ཀྱི་རེད། ད་ཚེ་རིང་སྐྱིད་ཀྱིས་འདི་དང་འདྲ་བར་བོད་དོན་གྱི་སྐོར་ལ་གཅིག་གླེང་ན་དེ་བས་ཀྱང་ནུས་ཤུགས་ཆེ་བ་འབྱུང་སྲིད་པས།
དེ་ཐུགས་ལ་བཞག་རོགས།
ཚེ་སྐྱིད་ལགས་ཨ་ཁུ་ཚང་ལའང་ཡ་ལན་མང་ཙམ་གནང་རོགས་དེ་མིན་རང་ཤི་རྒྱབ་རྒྱུའི་ཉེན་ཁའང་མེད་པ་མིན།
མ་གཞི་ནས་ཕྲུག་གུ་ཟེར་བ་དེ་ཡིས་ཕ་མར་ལན་ཆགས་འཇལ་དུ་སླེབ་པ་རེད།
ཕ་ཤ་བཟའ་ཞིང་མ་ལ་སྡིག
སྡང་བའི་དགྲ་བོ་པང་དུ་བླངས།
དེ་ཡི་སྒྲུང་ངམ་ལོ་རྒྱུས་ངེས་འབྱུང་སྐྱེ་བྱེད་རིགས་དྲུག་སེམས་ཅན་ལ་བྱམས་སྡང་གཉིས་མེད་བསྒོམ་པའི་ཆེད་དུ་དྲང་དོན་གྱི་གཏམ་རྒྱུད་དེ་འདྲ་ཡོད་འདུག གཅིག་བྱས་ན་མོ་ཡི་སྡང་བའི་དགྲ་བོ་ཞིག་ཤི་བ་རེད། གཉིས་བྱས་ན་མོ་ཡི་ཤ་ཁྲག་རུས་པའི་དྭངས་མ་ལས་གྲུབ་པའི་སྙིང་ཚིལ་ཞིག་རེད།
དེང་སང་ཁ་བརྡ་རུ་རང་གི་ཉིན་ཐོ་དང་སྒེར་གྱི་འཕྲིན་ཡིག་སོགས་བཀོད་མཁན་མང་ཏུ་འགྲོ་བཞིན་འདུག ཕྱིས་ནས་བདག་གིས་ཀྱང་རྒྱ་གར་ཡོང་ཉྀན་ནས་བྲིས་པའི་ཟིན་བྲིས་བརྒྱ་ཤོག་མ་དག་ཁ་ཕྱེ་ནས་མུ་འགོད་བྱ་རྒྱུ་ཡིན།
སེམས་གཏིང་གི་སྐད་ཆ་དེ་སྤྱི་ཚོགས་བརྒྱུད་རང་གི་འབྲེལ་འདྲིས་དཀའ་ཁག་གི་དུས་སུ་སེམས་གསོར་ཉིན་ཐོ་དྲ་སྟེང་དུ་བཀོད་པ་ལོས་ཀྱིས་ཆོག གཞན་ལ་ཟུར་ཟ་བྱས་པ་དེ་འགན་འཁུར་གྱི་རྩ་བ་ནས་བྲལ་བས་མ་འགྲིག་པ་རེད།
ལ་སྟོད་བུས་བཤད་པའི་ལུག་ཁྱུ་དེར་ང་མེད།
ངས་སྔོན་མ་ཚེ་རིང་སྐྱིད་ལ་སྐྱོན་བརྗོད་ཀྱང་བྱེད་མྱོང་། དེ་ནི་མོའི་སྙན་ངག་གི་ཕྱོགས་ནས་ཡིན། ཁ་སང་གི་ཟིན་བྲིས་འདི་མི་སྒེར་བ་ཞིག་གི་ཆག་སྒོའི་སྐོར་རེད། སྟབས་མ་ལེགས་པར་དྲ་ཐོག་ལ་སྤེལ་འདུག ད་མང་པོ་ཤོད་སྡོད་པ་ལས་སྐད་ཆ་འདི་ཡར་མར་དཀྱོགས་ས་ཞིག་རྙེད་ན་བསམ་པ་ཡིན།
དོན་ངོ་མར། ཀླུ་མཁར་བྱམས་བཟའ་མི་གཉིས་ཀྱིས་གནས་ཚུལ་འདི་འཛམ་བུ་གླིང་ལ་སྒྲོག་འདོད་ཡོད་ཀྱི་རེད་དམ། ག་རེ་བྱས་ནས། ཚེ་རིང་སྐྱིད་ལ་སེམས་འགུལ་ཐེབས། སེམས་འགུལ་དེ་སྙན་ངག་གི་ཚོར་བས་སྐུལ། སྙན་ངག་མ་སླེབ་པར་ཟིན་བྲིས་ཤིག་གིས་སྐུལ། ཟིན་བྲིས་ཀྱི་ཚོར་བ་དེ་ཁ་བརྡ་དྲ་རྒྱས་སྐུལ། དེ་ལྟར་ག་ཡིན་འདི་ཡིན་མེད་པར་ཟིན་བྲིས་འདི་བྱུང་བ་རེད།
དོན་ངོ་མར་ཟིན་བྲིས་འདི་ནི་༼ ཆོ་ངེ་༽ ཞེས་པ་ཞིག་ཡོད་པ་དེ་རེད། ཆོ་ངེ་ཡིག་ཐོག་ལ་ཕབ་ན་འདི་འདྲ་ཞིག་རེད། དེ་མ་གཏོགས་མི་ཚང་མའི་མིག་ལམ་ལ་བཀྲམས་ཏེ་དོན་སྙིང་གཞན་པ་ཞིག་ལེན་རྒྱུ་མེད་ཚོད་རེད།
ཁ་བརྡའི་སྟེང་སེམས་ཀྱི་མིག་ཆུས་རྩོམ་ཡིག་ཅིག་བཀླགས་པ་ནི་འདི་ཐེངས་དང་པོ་ཡིན།
གངས་སྒྲོན་སྙིང་རྗེ། སེམས་ཁྲལ་མ་བྱེད། སྐྱེ་བའི་ཐ་མ་འཆི་བ་ཟེར་བ་རེད། འཆི་བ་ལ་སྔ་གཞུག་མེད། མི་ཚང་མ་འཆི་མི་དགོས་པར་སྡོད་ས་གཅིག་ཀྱང་ཡོད་པ་མ་རེད། བཅོམ་ལྡན་འདས་ཀྱིས། གང་དུ་གནས་ན་འཆི་བས་མི་ཚུགས་པ།།བར་སྣང་ལ་མེད་རྒྱ་མཚོའི་ནང་ནའང་མེད།།ཅེས་གསུངས་པ་ལྟར་དངོས་པོའི་ཆོས་ཉིད་ཅིག་རེད།
xxxxxxxxxxxxxxxxxxxxxxxxxx
ཚེ་རིང་སྐྱིད་ཀྱི་སེམས་ངོ་མའི་སྟོན་པའི་རྩོམ་ཡིག་ཧ་ལས་པ་ཡག་པོ་ཞིག་མཐོང་སོང་། གངས་ཅན་པ་ཟེར་བ་ཞིག་གིས་མིང་དངོས་སུ་སྨྲས་གོ་མ་ཆོད་པར། རྒྱབ་ལོགས་ཤིག་ནས་ཆོ་མེད་པའི་སྐད་ཆ་འགའ་བཤད་འདུག་ཀྱང་།དོན་ངོ་མར་ཁྱེད་ནི་ཚེ་རིང་སྐྱིད་ལ་ཕྲག་དོག་ཅི་ལྟར་བྱས་དགོས་པ་ཤེས་ཡོད་པས།་དོན་མེད་དུ་དྲ་ཐོག་ཏུ་འགན་མེད་པའི་སྐད་ཆ་མ་བཤད་ན་ཡག འུ་ཚོའི་ཐུན་མོང་གི་ཆེད་དུ་སྨྱུག་རྩེ་འགུལ་རོགས
དྲ་གྲོགས་གངས་ཅན་པ་ལགས། ཁྱེད་ཀྱིས་གསུངས་པ་དེ་དག་ལ་ཡང་སྐྱར་རིང་རྒྱུ་ཐུང་རྒྱུ་ཅི་ཡོད་མ་རེད་བེ། ངོ་མ་སྐད་ཆ་དེ་ཚོ་ལ་ཞེ་ནག་འདུག་ད། མ་གཞི་ང་ནི་ཁོང་གཉིས་ལ་ཆ་རྒྱུས་གང་ཡང་མེད་ཚེ་རིང་སྐྱིད་ནི་དྲ་ནང་གི་བོད་ཅེས་པའི་བརྙན་འཕྲིན་དེའི་ཐོག་ནས་རྒྱུན་དུ་ངས་མཐོང་གི་ཡོད་ལ་ཀླུ་མཁར་བྱམས་ལ་ནི་ཉམས་ཞིབ་པ་ཞིག་གི་མཚན་གནས་ཤིག་ཡོད་པ་ཐོས་དེ་ལས་གཞན་པ་དེ་རིང་ཁྱེད་ཀྱིས་གསུང་པ་ནང་བཞིན་གྱི་ལོ་རྒྱུས་དེ་འདྲ་མ་ཐོས་ལ་ལོ་རྒྱུས་ཐོས་པའི་འབྲེལ་འདྲིས་གང་ཡང་མེད།
དྲ་གྲོགས་དོམ་ཁྲ་ལགས།
གལ་སྲིད་ཁྱོད་ལ་ཆ་རྒྱུས་མེད་ན། དོན་དངོས་ལ་ཞིབ་འཇུག་བྱེད་དགོས་བ་རེད། ད་དུང་ང་ཚོས་མི་སུ་ཞིག་ཡིན་རུང་དེའི་རྒྱབ་ལོག་གི་ལོ་རྒྱུས་ཤེས་དགོས་བ་གལ་ཆེ། དེ་མིན་བོང་ཅལ་འགྲོགས་བཞིན་དོན་མེད་འདུར་རྒྱུགས་བྱེད་ན་དགོས་བ་གང་ཡང་མེད།
དྲ་གྲོགས་གངས་ཅན་པ་ལགས། སྐུ་ཁམས་བཟང། ཡང་ངས་ཁྱེད་དེ་རིང་འབོད་དགོས་ཐུགས་སོང་ཁྱེད་རང་གིས་གསུང་པ་བཞིན་ང་ལོ་ན་ཆུང་ཆུང་དེ་འདྲ་ཞིག་ཡིན་ན་ཅི་མ་རུང་ཕམ་པ་ཞིག་ལ་ང་ནི་གཞོན་ནུའི་ལང་ཚོ་དང་བྲལ་ཏེ་ཁ་ནས་སོ་བུད་མགོ་ནས་སྐྲ་དཀར་ཡ་ཐོད་རི་མོས་གང་ཚར་སོང་། འོན་ཀྱང་ཡག་ཤོས་ཤིག་ལ་གཟུགས་འཛིན་ལ་རབ་རིབ་མེད་ལ་སྒྲ་འཛིན་ལ་སྒྲ་གཡོལ་སོགས་ནི་གང་ཡང་མེད་ལོ་ན་དང་དུས་རབ་འདི་ཙམ་ཞིག་ཏུ་ལྷེབ་ཀྱང་ཤེས་མེད་ཀླད་སྟོང་ཞིག་ལས་འཕོ་འགྱུར་གང་ཡང་མ་བྱུང་ཚེ་ངས་ཁྱེད་རང་ལ་བུ་མོ་ཚེ་རིང་སྐྱིད་དང་ཀླུ་མཁར་བྱམས་གཉིས་ཀྱིས་འདས་པའི་ལོ་ཟླ་ཡོད་ཚད་ཅི་འདྲ་སྐྱལ་ཡོད་མེད་དང་ཁྱེད་པར་དུ་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་ཇི་ལྟར་ཞུས་ཡོད་མེད་ ཡུལ་དང་དུས་ མང་ཉུང་དང་བརྗོད་བྱ་སོགས་ཀྱི་ཐད་ལ་བཀའ་འདྲི་ཞིག་ཞུས་ན་ཁྱེད་རང་ལ་གསལ་པོ་ཞིག་གསུང་ཡ་ཡོད་ཚོད་རེད་བསམ་སྟེ་གུས་པས་ཞུ་ཁུལ་བྱས་པ་ཡིན་ཀྱང་གུས་པ་སྙན་ཚིག་དང་དག་ཆ་སོགས་ཀྱི་ཆུ་ཚད་ཤིན་ཏུ་ཞན་པོ་ཡིན་པ་དང་མ་ཚད་ཁྱེད་རང་ནི་སྐད་ཆ་གང་འདྲ་ཞིག་ཡིན་རུང་དངོས་ཤུག་རྒྱུད་གསུམ་གྱི་སྒོ་ནས་གོ་བ་མང་པོ་ཞིག་རྙེད་ཐུབ་མཁན་ཞིག་ཡིན་པ་འདྲ། དེས་ན་ཁྱེད་ཀྱི་ཐུགས་ལ་ཅུང་ཟད་མ་བདེ་བ་བྱུང་ཡོད་ཚོད་འདུག་པས་དེ་ནི་གུས་ངོས་ལས་ཞུ་ཆོག གནས་ཚུལ་གཞན་ཞིག་ནི་རི་བོང་ཅལ་འགྲོགས་ཞེས་པའི་དཔེ་དེ་ང་ལ་ཅུང་ཟད་མ་འཚམ་པ་འདུག་གང་ཡིན་ཞེ་ན་ངས་ནི་ཁྱེད་ལ་བཀའ་འདྲི་ཞུ་བ་ཙམ་ལས་སུའི་ཀྱང་ལད་མོ་བྱས་མེད་