Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༤།༡༤་རྗེས་དྲན།

Posted on 2011-04-14 By ཁ་བརྡ་ 9 Comments on ༤།༡༤་རྗེས་དྲན།

(ཡུལ་ཤུལ་ལ་ཕུལ།།)

མུ་ཏིག་གིས།
འཇིག་རུང་གི་སྐྱ་རེངས་དེ་འདས་ནས། ལོ་ངོ་གཅིག་འདས་སོང་། ས་རྡུལ་དང་གྱང་རོ་ཁྲོད་ནས་བཞུད་ཟིན་པ་ཁྱེད་ཅག དངངས་སྐྲག་དང་ཕྱིར་མིག་གི་ཀློང་ནས་བཞུད་ཟིན་པ་ཁྱེད་ཅག གནམ་འོག་གི་ལན་ཆགས་ཡོད་ཚད་འཁུར་ནས། ད་བར་གང་ན་ཡོད།
ངོ་མདངས་ཤོར་བའི་ཕ་ཡུལ་དང་། ངུ་འབོད་ཆད་མ་མྱོང་བའི་ཤུལ་ལུས་ཚོའི་ཆེད་དུ། ཁྱེད་ཅག་གི་མིག་ཟུང་བཙུམ་མ་ཐུབ་དང་། རྣམ་ཤེས་བདེ་མ་ཐུབ་པ། ངས་སུ་ཞིག་ལ་དགོངས་དག་ཞུ་དགོས། བཞུད་ཟིན་པ་ཁྱེད་ཅག་ལ། མང་པོ་མང་པོ་ཞིག་ཆད་སོང་བ་ལྟ་བུའི་སེམས་ཚོར་ཞིག་གིས། དེ་རིང་། ཕ་ཡུལ་ལ་བལྟས་ནས་ངུ་བཞིན་ཡོད།

གལ་སྲིད་རྒྱུ་འབྲས་ཟེར་བའི་བློ་མིག་ཅིག་ཡོད་ན། བཞུད་ཟིན་པ་དག་ཁྱེད་ཅག་ཡིན་དོན་ཅི། བཤིག་ཟིན་པ་དག་ཀྱང་འུ་ཅག་གི་ཁྱིམ་ཚང་ཡིན་དོན་མེད། དེ་རིང་། གནམ་རྒན་མར་ཕྱོགས་རིས་འདུག་ཟེར་དགོས་བྱུང་། དེ་རིང་འཇིག་རྟེན་འདིའི་འཁོར་ཕྱོགས་ནོར་འདུག་པར། ལེ་འདའ་ཡང་ཡང་བྱས་དགོས་བྱུང་། དངོས་གནས་ཡིན། དེ་ལྟར་མིན་ན། གློག་གཟིམ་པ་བཞིན་ཡོད་ཚད་མེད་སོང་ན་ཅིས་མ་ཆོག

ད་བར་ཕ་ཡུལ་ན། པར་ཆས་མདུན་དུ་བཤམས་རྒྱུ་ལྟ་བུའི་ཁང་པ་འགའ་བརྒྱབ་འདུག གསར་འགྱུར་ནང་དུ་བསྒྲགས་རྒྱུ་ལྟ་བུའི་ལས་འཆར་འགའ་བཏོན་འདུག འོན་ཀྱང་། མུན་པ་ལྟ་བུའི་སེམས་ཀྱི་སྡུག་བསྔལ་འདི་ལ། སུས་ཀྱང་འོས་ཤིང་འཚམས་པའི་སྐད་ཆ་ཞིག་བཤད་མ་བྱུང་།

དེ་རིང་མཆོད་མེ་ཞིག་སྒྲོན་ནས། ཡིད་ལ་སིམ་ཡོད་པའི་ངོ་གདོང་མང་པོ་ཞིག་ལ་རྗེས་དྲན་བྱེད་ཀྱི་ཡོད། ད་ནས་བཟུང་ཕྱོགས་རིས་ལྟ་བུའི་འཇིག་སྣང་གི་སྐྱ་རེངས་དེ་འདྲ་ཞིག་མེད་པར་སྨོན། རྨི་ལམ་ལྟ་བུའི་རང་བྱུང་གི་འཇིགས་པ་ཞིག་ཅིས་ཀྱང་མེད་པར་སྨོན།

སྙན་ངག

Post navigation

Previous Post: བོད་ནང་གི་བོད་མི་དག་གིས་ད་ལྟ་ག་རེ་བསམ་ཡོད་དམ།
Next Post: ༸་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་ལ་ཕུལ་བའི་གསུང་འཕྲིན།

Comments (9) on “༤།༡༤་རྗེས་དྲན།”

  1. loemosilsil says:
    2011-04-14 at 5:47 am

    གང་ལྟར་ཁྱོད་ཁ་བརྡ་ཚང་དེ་འཐེན་འཁྱེར་ཤུགས་ཆེ་གིས།
    བོད་མགོ་ནག་ཡ་ཆུང་ཕམ་བཅུག་གིས།
    དེ་ཡིན་མིན་ཁྱེད་ཚང་དཔྱད་པ་གྱིས།

  2. ལྷ་སྡེ་གནམ་ལོ་ཡག says:
    2011-04-14 at 5:59 am

    ཡུལ་ཤུལ་ས་ཡོམ་གོད་ཆག་ལ་ཕུལ་བའི་གཞས།

    http://www.tudou.com/programs/view/3TvWXU0YYcU/

  3. ལྷ་སྡེ་གནམ་ལོ་ཡག says:
    2011-04-14 at 6:32 am

    གླུ་དབྱངས་འདིར་བོད་སྐད་ནང་ཉན་མཁན་ཚོས་གཤམ་གྱི་འབྲེལ་ཐག་འདིར་རྡེག་རོགས།

    http://v.youku.com/v_show/id_XMTY2ODY0NTEy.html

  4. ཆོས་བཟང་ལྷ་མོ་ says:
    2011-04-14 at 7:40 am

    ཡུལ་ཤུལ་ལ་གདུང་སེམས་མཉམ་སྐྱེས་དང་ཤི་བོ་རྣམས་དལ་འབྱོར་གྱི་རྟེན་བཟང་མྱུར་དུ་
    ཐོབ་པ་དང་གསོན་པོ་རྣམས་བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད་པའི་སྨོན་འདུན་ཞུ།

  5. གཅན་བཟོད་རྒྱམ། says:
    2011-04-14 at 9:47 am

    ཕོ་མོ་བརྩེ་བས་རིམ་ཏེ་ཞོགས་ཉལ་བྱས་དུས།།
    བུ་ཆུང་ཨ་མའི་རིམ་ན་འོ་མ་འཐུང་དུས།།
    རྒན་རྒོན་ཉལ་ལས་ལངས་ཏེ་སྐོར་བར་འགྲོ་དུས།
    ས་ཆེན་སྟོབས་ཀྱིས་འགུལ་ཏེ་ཡུལ་ཤུལ་སྟོར་སོང་།།

    རིགས་ཞེན་དུང་བས་བསྒུལ་ནས་སེམས་ཀྱིས་སྐྱོར་ཏེ།།
    མི་རིགས་སྣ་མང་འདུས་པས་ལག་པས་བརྩིགས་ཏེ།།
    རྡུལ་ནག་རྔུལ་ཆུས་བརྫུས་ནས་མཁར་དུ་བསྐྲུན་ཏེ།།
    ཕ་ཡུལ་ཡུལ་ཤུལ་སྔར་བཞིན་མཛེས་སྡུག་ལྡན་ཡོད།།

  6. བཙན་བྱོལ་བ། says:
    2011-04-14 at 1:38 pm

    ཡུལ་ཤུལ་སྐྱེ་དགུ་མདོའི་མི་མང། ང་ཚོ་ཁྱེད་ཅག་དང་ལྷན་དུ་ཡོད། ཚེ་འདི་ཙམ་མ་ཟད་ཕྱི་མའི་ནང་དུ་ཡང།

  7. ཁྲག་ཐིགས། says:
    2011-04-14 at 4:20 pm

    ངེད་ཅག་གི་སེམས་ཀྱི་ཕྱི་ནང་ལ་འབྱར་བའི་རྣམ་ཤེས་གསོན་པོ་དེ་དག་ལ
    སེམས་གསོའི་མཉམ་སྒྲོག་རོལ་དབྱངས་ཐེངས་ཤིག་གཏོང་།

  8. ཤེས་རབ་ཐོགས་མེད says:
    2011-04-18 at 3:05 am

    ཁོ་བོའི་རྩོམ་ཡིག་ཡིག་ཐོག་ཏུ་བཀོད་ཟིན་

  9. ཤེས་རབ་ཐོགས་མེད says:
    2011-04-18 at 3:10 am

    ས་བཅུད་ཡུལ་རྒྱལ་ཏང་གིས་རྐུས་པས་ས་གཞི་སྐྱོ་བའི་འགུལ་སྐྱོད་ཐོན།།
    ས་ལ་ཐིམ་པའི་རྣམ་ཤེས་སྟོང་གི་ས་ཕྱོགས་འདི་ལ་ཕྱི་ཤོར།།
    སར་གནས་བཞུགས་པའི་སེམས་དཔའ་ཡོད་ས་འདིར་ཐུགས་རྗེས་མྱུར་དུ་གཟིགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme