Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲིའི་འོས་ཤོག

Posted on 2011-03-232011-03-23 By དབང་ཕྱུག་ 38 Comments on བཀའ་ཁྲིའི་འོས་ཤོག

དགུ་རོང་ཕོ་གསར།

འོས་ཤོག་གི་མཐའ་མའི་འགྲན་རྩོད་ཀྱི་རྒྱལ་ཕམ་ཐག་གཅོད་ནི་ཟླ་རྗེས་མའི་ཚེས་ ༢༧ ཉིན་གསལ་པོ་ཆགས་ཀྱི་རེད། དེ་དུས་གཞུང་འབྲེལ་གྱི་གསལ་བསྒྲགས་ཡོང་གི་ཡོད་པ་རེད། ད་ལྟ་ཁ་པར་ནས་ཁ་པར་བརྒྱུད་འོས་ཤོག་གི་རྒྱལ་ཕམ་གླེང་སྟངས་ལྟར་ན། ཡང་ན་ཚད་འཕེར་མིན་པའི་གླེང་སྟངས་ལྟར་ན། ཉིན་གཉིས་རིང་གི་འོས་བཤེར་དུས་ཚོད་ནང་ལ། གཤམ་གྱི་གྲངས་འབོར་དག་གླེང་གི་འདུག
སྦེལ་ཀོབ་གཞིས་ཆགས་གསར་པ་ནས་བཀྲས་མཐོང་མང་ཤོས་རེད། འོས་ཤོག་སྟོང་ཕྲག་གསུམ་ལྷག་འདུག བློ་སེང་ལ་བརྒྱ་གྲངས་ལས་མི་འདུག གཞིས་ཆགས་རྙིང་པ་ནས་བློ་སེང་མཐོ་བ་འདུག བཀྲས་མཐོང་དམའ་བ་འདུག རྡ་ས་ནས་ཉིན་དང་པོར་ཞིབ་བཤེར་ལྟར་ན། བཀྲ་དབང་ལགས་ལ་འོས་ཤོག་ཆིག་བརྒྱ་ཡས་མས་འདུག བློ་སེང་དེ་ལས་མང་བ་འདུག བཀྲས་མཐོང་མཐོ་ཤོས་རེད་ཟེར། ཡང་། མོན་གྷོ་ནས་བཀྲས་མཐོང་ལས་བློ་སེང་ཉིས་སྟོང་གིས་མང་བ་འདུག ལ་དྭགས་ནས་འོས་ཤོག་བརྒྱ་ཆ་དགུ་བཅུ་བཀྲས་མཐོང་ལ་བླུགས་འདུག སྒང་ཐོག་དང་རྡེ་ར་རྡུན་ཁུལ་ནས་བཀྲས་མཐོང་མཐོ་བ་འདུག ད་ལྟའི་བཤད་སྟངས་བྱས་ན། བཀྲས་མཐོང་ལས་བློ་སེང་འོས་ཤོག་ལྔ་སྟོང་ལྷག་གིས་མཐོ་བ་འདུག་ཅེས་གླེང་མུས་རེད།

གསར་འགྱུར།

Post navigation

Previous Post: བོད་གཞུང་ལན་འདེབས་དྲ་བ།
Next Post: རང་ལུས་མཆོད་མེར་སྒྲོན་པའི་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལ་སེམས་གཏིང་ནས་གུས་འདུད་ཞུ།

Comments (38) on “བཀའ་ཁྲིའི་འོས་ཤོག”

  1. དིང་རྡོར། says:
    2011-03-23 at 7:34 am

    བོད་པ་ནི་ད་དུང་ཡང་ལྷ་འདྲེ་ལ་ཡིད་ཆེས་བྱྲ་མཁན་ཞིག་མ་རེད་ལོ། སྔོན་ཤེས་ཤེས་མདོག་གི་ཡང་སྒོར་མདོག་ཁ་ཤས་ཤིག་རག་ཨེ་ཡོང་བལྟ་མཁན་ཞིག་ཐོན་ཡོང་གི་འདུག

  2. སྨྱུག་གསར། says:
    2011-03-23 at 8:10 am

    ཁ་སང་དེ་རིང་ས་གནས་ཁག་གི་འོས་བསྡུ་ལྷན་ཁང་ཁག་ན་འོས་བསྡུའི་སྒྲིག་གཞི་སྣང་མེད་དུ་འཇོག་པའི་ལས་བྱེད་མང་པོ་ཞིག་ཡོད་ཚོད་རེད། ངས་ཀྱང་དེའི་སྐོར་ནས་མང་པོ་ཞིག་གོ་སོང་། ཁོང་ཚོས་དབྱེ་ཞིབ་བྱེད་པ་ལྟར་ན་ད་སྐབས་ཤེས་ཚོད་ལ་བློ་སེང་ལ་བཀྲས་མཐོང་ལས་འོས་ཤོག་བརྒྱད་སྟོང་ཙམ་གྱི་མང་བ་འདུག་ཟེར།

  3. ten zin pema says:
    2011-03-23 at 8:20 am

    ཨ་རོ་དགུ་རོང་ཕོ་གསར་ལགས་
    ཁྱོད་ཀྱིས་བཤད་པའི་འོས་གྲང་གི་གྲངས་ཀ་གསལ་བོ་འབྲི་མི་འདུག། དེ་ན་བློ་སེང་ལ་ལྔ་སྟོང་གི་མང་་བ་ཡོད་པ་ག་འདྲའི་སུ་ཤེས་སོང་། ཁྱད་ཚར་རེད

  4. བསྟན་འཇམ། says:
    2011-03-23 at 9:15 am

    རྫུན་མ་བཤད ། འོས་ཤོག་གི་ཁ་མ་ཕྱེས་པར་འོས་ཤོག་གི་གྲངས་ཀ་སུས་ཤེས་ཡོད ། མངོན་མཁྱེན་ཡོ་ད་ན་མ་གཏོགས་་་་་

  5. Ogyend says:
    2011-03-23 at 10:54 am

    དགུ་རོང་ཕོ་སར་གྱིས་བཤད་པ་དང་ངས་གོ་ཐོས་བྱུང་བ་གཉིས་ཧ་ལམ་འདྲ་པོ་འདུག ཡིན་ནའང་ཁོང་གིས་གནས་ཚུལ་སྤེལ་ལུགས་ལྟར་བྱས་ན་བཀྲས་ཐོང་ལ་འོས་„ཤོག་མང་བ་དགོས་པ་ལས་ཁོང་གིས་བཀྲས་ཐོང་ལས་བློ་སེང་ལ་འོས་ཤོག་ལྔ་སྟོང་མང་བ་ཐོབ་ཡོད་པའི་སྐོར་བྲིས་པ་ནི་ཕྲན་བུ་མ་མཚམས་པ་ཞིག་ཆགས་ཀྱི་འདུག རྡོར་གླིང་དང་ཀ་ལིམ་པོང་དུའང་བཀྲས་ཐོང་ལ་རྒྱལ་ཁ་གང་མཚམས་ལེགས་པོ་བྱུང་ཡོད་ཚོད་འདུག ད་ལན་ཕྲན་ལ་འོས་བསྡུའི་ཉིན་མོར་ཆོལ་ཁའི་འཐེན་འཁྱེར་ཤུགས་ཆེན་པོ་ཡོད་པའི་མཐོང་ཚུལ་གསལ་པོ་བྱུང་། རྒྱུ་མཚན་དེ་ལ་བརྟེན་ནས་དབུས་གཙང་ཆོལ་ཁའི་མི་མང་མང་པོ་ཞིག་གིས་་བློ་སེང་ལ་འོས་ཤོག་བླུག་འདོད་བྱེད་ཀྱི་མི་འདུག གང་ལྟར་བོད་མི་མང་པོ་ཞིག་གིས་དོ་སྣང་ཧ་ཅང་ཆོན་པོ་གནས་སོང། བཀྲིས་བདེ་ལེགས།

  6. རྡོར་དབང་། says:
    2011-03-23 at 11:08 am

    བཀའ་ཁྲིའི་འོས་ཤོག་སྐོར་གླེང་མཁན་ཚོར་བདེན་ཞད་ཁྱོན་ནས་མེད་པ་ནི་ཡིན་ས་མ་རེད། བྷེལ་ཀོབ་གཞིས་ཆགས་རྙིང་པའི་འོས་འོག་གི་སྐོར་ལ། བློ་སེང་ལ་འོས་གྲངས་ 3157 འདུག བཀྲས་མཐོང་ལ་ 1338 འདུག བཀྲ་ཤིས་དབང་འདུས་ལ་ 87 འདུག་ཅེས་ཤོད་ཀྱིན་འདུག

  7. བཀྲ་ཤིས་སྒྲོལ་མ། says:
    2011-03-23 at 11:26 am

    རྩིས་རྒྱག་དུས་ངེས་པར་རྩིས་རྒྱག་ཤེས་པ་བྱས་ཏེ་རྩིས་རྒྱག་དགོས་རེད། ས་གནས་ག་གེ་མོ་ནས་འོས་ཤོག་འདི་འདྲ་ཞིག་གང་ཟག་ག་གེ་མོ་འདི་དང་འདི་ཞེས་པར་རེག་འདུག་ཅེས་འབྲི་དུས་བཀྲིས་མཐོང་ལ་མང་ཤོས་འདྲ་ཞིག་ཐོབ་པ་ལྟར་བྲིས་འདུག ཡང་མཇུག་ནས་བསྡོམས་བརྒྱབ་ཡོང་དུས་བཀྲས་མཐོང་ལས་བློ་སེང་མང་བའི་བཟོ་འདྲ་ཞིག་བཤད་སོང་། འདིའི་མིང་ལ་རྩིས་གཞི་དང་རྩིས་བསྡོམས་ཐོ་མ་ཐུག་པ་ལབ་རེད། འདི་རྩིས་ལོག་རེད། བློ་སེང་གིས་རྩིས་རྒྱག་སྟངས་དང་གཅིག་པ་རེད། ད་གཞན་ཕལ་ཞོགས་འོས་གྲངས་ཀྱང་རྩིས་རྒྱག་ཤེས་ཀྱི་མི་འདུག

  8. ཁ་བའི་སྒྲོན་མེ། says:
    2011-03-23 at 4:10 pm

    བློ་སེང་ལ་རྒྱ་ནག་གི་ཁ་རྡུང་།
    འདོན་སྤེལ། ༢༠༡༡/༠༣/༢༣
    ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་འབྲེལ་གསར་གནས་མི་དམངས་ཉིན་རེའི་ཚགས་པར་སྟེང་། ༼ དྲག་སྤྱོད་མི་སྣས་བཙན་བྱོལ་བོད་གཞུང་གི་སྣེ་འཁྲིད་པར་གྲ་སྒྲིག་བྱེད་བཞིན་ཡོད་དམ༽ཞེས་པའི་རྩོམ་ཞིག་སྤེལ་ཏེ་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་སུ་ཉེས་འཛུགས་དང་ཁ་རྡུང་བཏང་འདུག
    རྩོམ་ཡིག་དེའི་ནང་བློ་བཟང་སེང་གེ་ལགས་ནི་དེ་སྔ་གཞོན་ལྷན་གྱི་རྒྱུན་ལས་ཡིན་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་དྲག་སྤྱོད་རྩ་འཛུགས་ཤིག་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན། བོད་ཀྱི་མི་རབས་གསར་པས་བཙན་བྱོལ་བོད་གཞུང་གི་དབང་ཤུགས་བཟུང་ཚེ། མ་འོང་པར་དྲག་སྤྱོད་ཀྱི་རྣམ་པའི་ཐོག་ནས་བོད་རང་བཙན་རྩོད་སྲིད་པར་མ་ཟད། བོད་ནང་དུ་མུ་མཐུད་ངན་བྱུས་དང་འཁོན་འཛིན་གྱི་ས་བོན་གཏོར་སྲིད་པའི་སྐོར་བརྗོད་ཡོད་པ་རེད།
    གོང་གསལ་རྒྱ་ནག་གི་གཏམ་བརྗོད་དེའི་ཐད། བློ་བཟང་སེང་གེ་ལགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་རྒྱུར། རྒྱ་ནག་དམར་གཞུང་གིས་བཤད་སྟངས་འདི་ལས། ཁོ་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཡང་དག་པའི་དམངས་གཙོའི་ལམ་ལུགས་ལ་འཇིགས་སྣང་སྐྱེ་བཞིན་ཡོད་པ་གསལ་བོར་མཚོན་ཡོད། ཅེས་ལན་འདེབས་གནང་འདུག

  9. ཁ་བའི་སྒྲོན་མེ། says:
    2011-03-23 at 4:14 pm

    ངོ་མ་བློ་སེང་ལ་ཨམ་ཕྲུག་གི་སྐྱོན་བརྗོད་རྫོགས་ནས་རྒྱལ་ཁ་ཆེན་པོ་བསླད་ལ་ཉེར་བའི་དུས་རྒྱ་གཞུང་གི་དེ་ལས་སྡུག་པའི་བསྙོན་འཛུགས་གནང་འགོ་གཙུགས་མ་སོང་ངམ་།

  10. བན་ནག་ཚང་ says:
    2011-03-23 at 6:21 pm

    འོས་བསྡུ་ལས་ཁངས་ཀྱིས་འོས་ཤོག་གསལ་བསྒྲགས་མ་བྱེད་གོང་ལ་འདི་འདྲའི་རྫུན་དང་ཁྲམ་པ་བཤད་མཁན་དེ་ཚོ་ཁྲོམས་འགལ་རེད།
    དེ་བཞིན་བཙན་བྱོལ་བོད་གཞུང་འམ་འོས་བསྡུ་ལས་ཁངས་ཀྱི་དགུ་རོང་ཕོ་གསར་ཞེས་པའི་མི་འདི་ལ་ཁྲིམས་ཐག་བཅད་དགོས།

    དོན་མེད་ནང་ལ་རྫུན་དང་ཁྲམ་པ་འདི་འདྲ་བཤད་མཁན་དེ་ཚོ་རྩ་མེད་གཏོང་དགོས།བཙན་བྱོལ་བོད་གཞུང་ལ་ཕན་ཐོག་ཕར་ཞོག་གནོད་པ་བྱས་མཁན་རིགས་རེད།

  11. lungtok says:
    2011-03-23 at 6:42 pm

    གོང་ལ་བསྐྲས་མཐོང་ལ་འོས་མང་བ་ལྟ་བུ། འོག་ལ་བློ་སེང་ལ་མང་བ་ལྟ་བུ། ད་ངས་མགོ་འཚོས་མ་སོང་།

  12. ལ་རྒྱའི་བདག་པོ། says:
    2011-03-23 at 10:51 pm

    དྲ་གྲོགས་ཚོ་བཀྲིས་བདེ་ལེགས།
    ༡༽རེད།དྲ་གྲོགས་མང་པོས་གསུངས་པ་བཞིན་གོང་ལ་རེ་རེ་བཞིན་ཞིབ་རྩིས་བྱེད་དུས་བཀྲས་མཐོང་མཆོག་ལས་བློ་སེང་མང་བ་ལྟ་བུ་བྲིས་འདུག་པས་དེ་འདྲའི་འཁྲུལ་གཞི་གང་ཡིན་ནམ།
    ༢༽སྤྱིར་བཏང་དབུས་འོས་འདུ་ལས་ཁུངས་ཀྱིས་སྤྱི་བསྒྲགས་མ་བྱས་གོང་ས་གནས་སོ་སོའི་འོས་གྲངས་ཁ་ཤོར་བྱས་པ་མ་འོས་ཤིང་།གོང་དུ་དྲ་གྲོགས་འགའ་རེས་མངོན་པ་བྱས་པ་དེ་དག་བདེན་མིན་ཇི་ལྟར་ཡང་།དེ་ལྟར་མངོན་དཔག་བྱས་པས་ས་གནས་སོ་སོའི་མི་མང་གི་ཆོལ་ཁོངས་དང་འབྱུང་ཁུངས།བསམ་བློའི་གནས་ཚད་དང་གཏོང་ཕྱོགས་སོགས་ཤེས་རྟོགས་རྒྱུར་དགེ་མཚན་ཡོད།

  13. ཁ་བའི་སྒྲོན་མེ། says:
    2011-03-24 at 2:03 am

    བཀྲ་ཤིས་སྒྲོལ་མ་ལགས། ངས་དང་པོ་ནས་གསལ་པོ་ཞུས་པ་ཡིན། ཁྱེད་རང་སུ་ཡིན་ལྟ་དགོས་དོན་མེད་རུང་དོན་དངོས་ཐོག་ཁྱེད་རང་བུའི་ངོ་དགོངས་ཅན་ཞིག་ཡིན་མིན་ཡང་གསལ་པོ་བཤད་ཐུབ་ཀྱི་ཡོད་། ངས་འདིར་བཤད་དོན་གཙོ་བོ་ནི་རྒྱ་ཕྲུག་རྣམས་ཀྱི་བློ་སེང་ལ་བསྙོན་འཛུགས་མ་བྱས་པའི་སྔོན་དུ་ཨམ་ཕྲུག་ཁང་གསར་རྡོ་རྗེ་དང་སྐྱེས་གསར་ཀླུ་སྒྲུབ་སོགས་ཀྱི་བཀྲས་མཐོང་ལ་དཔེ་ལེགས་དང་རྒྱ་གཞུང་གི་ལས་དོན་གང་ཞིག་སྒྲུབ་ཀྱི་ཡོད་ནམ་མ་ཤེས་དོན་མེད་དགོས་མེད་ཐེངས་མང་བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་ཚིགས་གཉིས་ནང་དམིགས་བསལ་བློ་སེང་ལ་སྐྱོན་བརྗོད་བྱེད་པའི་ལེ་ཚན་ཞིག་གཙུག་སོང་ཅེས་དྲངས་པོ་བརྗོད་བཞིན་ཡོད། འདིར་ཆོལ་ཁ་གསུམ་བར་དང་ལྷག་དོན་མདོ་སྨད་ལ་དེ་འདྲ་བརྗོད་ཀྱི་མེད་། རྒྱུ་མཚན་ནི་མདོ་སྨད་ཆོལ་ཁས་ཐོག་མ་ནས་བློ་སེང་ལ་རྒྱབ་སྐྱོར་གནང་ཡོད་ལ་ཉམས་ཞིག་པ་ཀླུ་མཁར་བྱམས་དང་བོད་རྒྱ་བསྟན་འཛིན་རབས་རྒྱས་སོགས་ཀྱི་གང་དང་གང་བྱས་སོང་བཤད་མ་དགོས་པ་རེད་།

  14. ལྷག་བསམ། says:
    2011-03-24 at 2:06 am

    གང་ལྟར་གོང་གི་འོས་གྲངས་མང་པོ་ཞིག་ཚོད་དཔག་མ་རེད། དོན་དངོས་རེད། གསང་བ་ཕྱི་གྱར་བྱས་པ་རེད། གྲྭ་བཙུན་དང་གླེན་རྨོངས་གང་ན་ཚོགས་ཆེ་བ་ཡོད་པའི་ས་ན་བཀྲས་མཐོང་ལས་བློ་སེང་ལ་འོས་གྲངས་ལྡབ་གསུམ་ནས་བཞི་བར་གྱི་མང་བ་ཐོབ་འདུག ཤེས་ལྡན་མི་སྣའི་ཁྲོད་ནས་བརྒྱ་ཆ་བདུན་ཅུས་བཀྲས་མཐོང་ལ་འོས་འཕངས་འདུག གྲངས་བཤེར་བརྒྱབས་ཚར་བའི་ས་གནས་ཀྱི་འོས་གྲངས་ཇི་མ་ཇི་བཞིན་ཤེས་ཀྱི་ཡོད་ཀྱང་རེ་ཞིག་འདིར་འགོད་རྒྱུ་མིན། གང་ཡིན་ཞེ་ན། ཕྱོགས་བསྡོམས་ཀྱི་གནས་ཚུལ་ལ་སྒུག་བསྡད་ཡོད།

  15. བན་ནག་ཚང་ says:
    2011-03-24 at 11:39 am

    བཀྲ་ཤིས་སྒྲོལ་མ་ལགས་འོས་ཤོག་མང་ཉུང་དང་འོས་གྲངས་རྒྱག་ཤེས་མ་ཤེས་ད་དུང་རྩོད་པ་རྒྱག་དགོས་མ་རེད།

  16. བན་ནག་ཚང་ says:
    2011-03-24 at 11:43 am

    བླུག་དགོས་ཡ་འོས་ཤོག་དེ་བླུག་ཚར་ན་འོས་གྲངས་སྐབས་ཁྱེད་ཚོས་ལ་ཇུས་གཏོགས་ཡོད་མ་རེད།

  17. ཆོས་བཟང་ལྷ་མོ་ says:
    2011-03-24 at 2:39 pm

    གོང་དུ་ལྷག་བསམ་ཞེས་པ་དེས་གསང་བ་ཕྱིར་གྱར་བྱེད་པ་རེད་ཟེར་བཞིན་དུ་རང་ཉིད་ནས་ཡང་གསང་
    བ་རྡོལ་པར་མ་རེད་པས་? གྲ་བཙུན་དང་གླེན་རྨོངས་གང་ན་ཚོགས་ཆེ་བ་ཡོད་པའི་ས་ན་བཀྲས་མཐོང་
    ལས་བློ་སེང་ལ་འོས་གྲངས་ལྡབ་གསུམ་ནས་བཞི་བར་གྱི་མང་བ་ཐོབ་འདུག ཤེས་ལྡན་མི་སྣའི་ཁྲོད་
    བརྒྱ་ཆ་བདུན་ཅུས་བཀྲས་མཐོང་ལ་འོས་འཕངས་འདུག་ཟེར་ཨ་འུ་ནེ་ཙོས་འབུ་ཟ་བཞིན་མ་ནི་བགྲངས
    ་བར་ལྟར་ཡ་མཚར་རེད།

  18. ཀིརྟི་སྐྱབས། says:
    2011-03-25 at 2:46 am

    ལྷག་བསམ་གྱིས་བཤད་པ་བདེན་པ་རེད། ཆབ་སྲིད་མགོ་མི་ཚོས་ཤིང་ལུང་ཚན་གྱི་ན་ཚས་དབུགས་བརྒྱངས་ནས་ཡོད་པའི་ལྷོ་ཕྱོགས་ཀྱི་སྐུ་ཤོག་ཚོས་ད་ཐེངས་བློ་སེང་ལ་འོས་བླུག་པ་དང་། ཤེས་ཡོན་ཅན་བརྒྱ་ཆ་དགུ་བཅུས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་པ་ཚགས་པར་དང་དྲ་རྒྱ་སོགས་ལས་མཐོང་གསལ་ལྟར་རོ།

  19. ཀིརྟི་སྐྱབས། says:
    2011-03-25 at 2:52 am

    ཁ་བའི་སྒྲོན་མེ་ལ་བརྗོད་རྒྱུར། ཀླུ་མཁར་བྱམས་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་གཉིས་ཨ་མདོ་པ་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་རུང། དེ་གཉིས་ཨ་མདོ་པ་ཡིན་དུ་ཆུགས་ཀྱང། ཨ་མདོའི་ཤེས་ཡོན་པའི་འཐུས་ཚབ་རུང་ནི་མ་རེད་ལོ། གཞན་ཡང་ཁང་གསར་རྡོ་རྗེ་ལགས་ནི་ཨ་མདོ་པ་མ་རེད་ལ། ཁོང་གིས་གང་བྲིས་དག་ནི་ཁུངས་ལྡན་རྐྱང་པ་ཡིན་པ་ཞིབ་མོར་ལྟོས་དང་ཤེས་ཡོང། ཁུངས་ལྡན་གྱི་སྐད་ཆ་སྣང་བ་མ་སོང་ན་མིག་དང་སྣ་བ་ཚུམས་ནས་སྡོད་ལོ།་

  20. བསྟན་འཛིན says:
    2011-03-25 at 8:02 am

    འོས་ཤོག་མང་ཤོས་སུསཐོབ་ཡོད་མེད་ད་དུང་མི་ཤེས་མོལ། ལྷོ་ཕྱོགས་ནས་གྲྭ་བ་ཚང་མས་ཧ་གོ་འདུག།
    དེ་ཁྲིམས་འགལ་ཡིན་མིན་སུས་ཤེས།འོན་ཀྱང་གཞུང་གིས་མ་བསྒྲིགས་གོང་ནས་ལྷོ་ཕྱོགས་ཚོས་ཤེས་པ་འདི་ཡག་རྟགས་ཤིག་མ་རེད། གོང་དུ་དགུ་རོང་ཕོ་གསར་གྱི་བཤད་པ་སྐྱོན་མི་འདུག་ལྷོ་ཕྱོགས་ནས་ཡོངས་གྲགས་རེད།
    གཞུང་གི་འོས་བསྡུ་ལས་ཁུངས་ཀྱི་ལས་ཀ་ཚིགས་ཚུད་པ་མ་ཡིན་པ་རེད། རིམ་གྱིས་འོས་བསྡུ་ལས་ཁུངས་ཀྱིས་ལས་ཀ་སྔར་ལས་ཇེ་གཙང་ཡོང་བའི་རེ་བ་ཡོད།་དེ་མ་འོངས་པ་ཡིན།ད་ལྟ་ནི་ཚར་སོང་།

  21. ལྷག་བསམ། says:
    2011-03-25 at 12:19 pm

    ངས་སྔོན་མ་ནས་ལན་མང་བཤད་ཡོད། གྲྭ་བཙུན་དང་གླེན་རྨོངས་པ་གང་ན་ཚོགས་ཆེ་བ་ཡོད་ས་ན། བློ་སེང་ལ་འོས་བླངས་ཆོག་ཆོག་འདུག ཤེས་ལྡན་མི་སྣའི་དཔུང་ཁག་གི་ཁྲོད་ནས་བཀྲས་མཐོང་གིས་འོས་ཤོག་བླངས་ཆོག་འདུག ཚོད་དཔག་གྱིས་དང་། གྲྭ་བཙུན་དང་གླེན་རྨོངས་མང་བ་ཡོད་དམ་། ཤེས་ཡོན་པ་དང་རྣམ་དཔྱོད་ཅན་གྱི་རྒྱལ་ཞེན་པ་མང་བ་ཡོད། དེ་ནས་འོས་ཤོག་གི་རྒྱལ་ཕམ་ཤེས་ནུས།

  22. ཁ་བའི་སྒྲོན་མེ། says:
    2011-03-25 at 3:54 pm

    ཀིརྟི་སྐྱབས་མིང་ཅན་ལགས་ངས་ཁྱེད་རང་སུ་ཡིན་ཤེས་ཀྱི་མེད་རུང་། ཆོལ་ཁོངས་ཁམས་དང་ཨ་མདོ་བ་མ་ཡིན་པ་ཁྱེད་རང་གི་རྐུ་མིང་ནང་ཀིརྟི་སྐྱབས་ཅེས་ཨ་མདོའི་མི་ཡིན་ཁུལ་བྱེད་པའི་གཡོ་ཁྲབ་བྱེད་སྟངས་དེ་ཙམ་ལ་བལྟས་ནས་འགྲེལ་བཤད་ཁ་གསལ་རྒྱབ་དགོས་པའི་ངལ་བ་མ་བྱུང་། ཡིན་ཡང་ང་ནི་ཆོལ་ཁའི་ནད་རྙིང་གྱི་བརྫི་བའི་བོད་མི་རྒན་ཁོག་ཞིག་མ་ཡིན་པར་གུ་ཡངས་ཀྱི་བསམ་བློ་ཡོད་པའི་ན་གཞོན་དར་མ་གཅིག་ཡིན་པས་ཁྱེད་རང་གི་གནང་སྟངས་བྱབ་ཆུང་འདི་འདྲ་མ་འོངས་མ་གནང་བའི་རེ་བཀུལ་ཞུ་འདོད་ལས་གཞན་ཞུས་རྒྱུ་མེད་།

  23. ཟླ་བ་ཆོས་འཛོམས། says:
    2011-03-25 at 8:01 pm

    གོ་ཐོས་ལ་ཨ་རིའི་བྱང་ལ་ལས་ཧྥོ་ན་ཡར་བཀྲས་མཐོང་ལ་ཁ་རྒྱལ་ཁ་ཐོབ་འདུག་ཟེར།

  24. ལྷག་བསམ། says:
    2011-03-26 at 2:07 am

    ཨ་རི་ནས་ཐབ་ཀྱང་ཕན་ཐོགས་དེ་ཙམ་མེད། འོས་གྲངས་ཧ་ཅང་ཉུང་། རྒྱ་གར་ལྷོ་ཕྱོགས་ལ་འོས་སྟོང་ཕྲག་མང་པོ་སྡེབ་འཕེན་བྱས་པར་ཁ་གཏད་བཅོག་དཀའ། ལྷོ་ཕྱོགས་སྦེལ་ཀོབ་གཞིས་རྙིང་གཞིས་གྲོང་བཞི་པའི་བཙུན་དགོན་གྱི་མོན་རིགས་བཙུན་མ་མང་པོར་རང་བཙན་ལག་དེབ་བསྐུར་ཏེ་འོས་འཕེན་པར་བཙན་དབང་གིས་དེད་འདུག ཁྱོད་ཚོ་ཆོལ་ཁོངས་དབུས་གཙང་ཡིན་ཤོད་དགོས་ཅེས་བཙན་བཀའ་བཏང་འདུག འོས་ཤོག་འཕེན་སར་བཀོད་སྒྲིག་པས་འོས་འཕངས་འདུག གང་ལྟར་དྲང་པོ་བྱུང་མི་འདུག

  25. ལྷག་བསམ། says:
    2011-03-26 at 2:09 am

    ཨ་རི་ནས་ཐོབ་ཀྱང་ཕན་ཐོགས་དེ་ཙམ་མེད། འོས་གྲངས་ཧ་ཅང་ཉུང་། རྒྱ་གར་ལྷོ་ཕྱོགས་ལ་འོས་སྟོང་ཕྲག་མང་པོ་སྡེབ་འཕེན་བྱས་པར་ཁ་གཏད་བཅོག་དཀའ། ལྷོ་ཕྱོགས་སྦེལ་ཀོབ་གཞིས་རྙིང་གཞིས་གྲོང་བཞི་པའི་བཙུན་དགོན་གྱི་མོན་རིགས་བཙུན་མ་མང་པོར་རང་བཙན་ལག་དེབ་བསྐུར་ཏེ་འོས་འཕེན་པར་བཙན་དབང་གིས་དེད་འདུག ཁྱོད་ཚོ་ཆོལ་ཁོངས་དབུས་གཙང་ཡིན་ཤོད་དགོས་ཅེས་བཙན་བཀའ་བཏང་འདུག འོས་ཤོག་འཕེན་སར་བཀོད་སྒྲིག་པས་འོས་འཕངས་འདུག གང་ལྟར་དྲང་པོ་བྱུང་མི་འདུག རྣམ་གྲོལ་གླིང་དགོན་པ་ལ་དེ་ལས་ཀྱང་ཚབས་ཆེ། གང་ལྟར་ཆོལ་ཞེན་གྱིས་འཕངས་འདུག

  26. ལྷག་བསམ། says:
    2011-03-26 at 2:10 am

    ཨ་རི་ནས་ཐོབ་ཀྱང་ཕན་ཐོགས་དེ་ཙམ་མེད། འོས་གྲངས་ཧ་ཅང་ཉུང་། རྒྱ་གར་ལྷོ་ཕྱོགས་ལ་འོས་སྟོང་ཕྲག་མང་པོ་སྡེབ་འཕེན་བྱས་པར་ཁ་གཏད་བཅོག་དཀའ། ལྷོ་ཕྱོགས་སྦེལ་ཀོབ་གཞིས་རྙིང་གཞིས་གྲོང་བཞི་པའི་བཙུན་དགོན་གྱི་མོན་རིགས་བཙུན་མ་མང་པོར་རང་བཙན་ལག་དེབ་བསྐུར་ཏེ་འོས་འཕེན་པར་བཙན་དབང་གིས་དེད་འདུག ཁྱོད་ཚོ་ཆོལ་ཁོངས་དབུས་གཙང་ཡིན་ཤོད་དགོས་ཞེས་བཙན་བཀའ་བཏང་འདུག འོས་ཤོག་འཕེན་སར་བཀོད་སྒྲིག་པས་འོས་འཕངས་འདུག གང་ལྟར་དྲང་པོ་བྱུང་མི་འདུག རྣམ་གྲོལ་གླིང་དགོན་པ་ལ་དེ་ལས་ཀྱང་ཚབས་ཆེ། གང་ལྟར་ཆོལ་ཞེན་གྱིས་འཕངས་འདུག

  27. མིའུ་ཕྲུག says:
    2011-03-26 at 3:36 am

    ད་ནི་དྲ་འབུ་སྐྱག་གཟན་ཚོས་རྒོལ་གཏམ་ཇི་ལྟར་བཏང་ཡང་བློ་སེང་སེངྒེ་བཞིན་དུ་ཁྲི་ལ་འགྱིངས་ཚར་བ་རེད།

  28. སྤངས་སྤོས། says:
    2011-03-26 at 4:03 am

    བློ་སེང་དེ་སྲིད་དོན་པ་ནི་སྲིད་དོན་པ་རང་རེད། ༢༠༠༨ ལོའི་་བོང་ནང་ ༣། ༡༤་འོས་ལངས་བྱུང་སྐབས་ཉིན་མོ་འདི་ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་དམར་ནས་འཛིན་བཟུང་བྱས་པའི་དུས་དྲན་ཉིན་མོར་སྲུང་བརྩི་ཞུས་དགོས་སྐོར་ཧ་ཝ་ཌེའི་སློབ་གླིང་ནས་འབྲུག་་སྒྲ་འདིར་བ་བཞིན་བསྒྲགས་མོད་ཀྱང་རང་ཉིད་བཀའ་ཁྲིའི་འོས་མིར་ལངས་སྐབས་དེ་སྐོར་དགུན་དུས་ཀྱི་བ་སྤུའི་མེ་ཏོག་བཞིན་ཡལ་སོང་བར། བཀའ་ཁྲིའི་འོས་མི་མ་ཆགས་པའི་སྔོན་གྱི་་ལྷད་མེད་དྲང་བདེན་གྱི་མི་དེ་བཀའ་ཁྲིར་ལངས་རྗེས་དྲང་བདེན་གྱིས་དབེན་པའི་ཀླད་མེད་ཤེས་ཡོན་མེད་པའི་རླེན་པ་ཞིག་ཏུ་གྱུར་དགོས་དོན་ཅི།

  29. ཁ་བའི་སྒྲོན་མེ། says:
    2011-03-26 at 4:12 am

    ང་དངོས་གནས་ཡང་མཚན་སོང་བོད་རིགས་རྣམས་ཀྱི་སྤོགས་པ་སྐྱེ་འོས་པ་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་མཁས་དབང་བློ་སེང་མཆོག་གི་མི་རིགས་ཀྱི་ལ་རྒྱ་བསམ་ནས་བཙན་བྱོལ་ནང་ཕེབས་ནས་ཕྱག་ལས་གནང་འདོད་ཡོད་གསུངས་པ་ནས་གཟུང་མང་ཚོགས་ཀྱི་རྒྱབ་སྐྱོར་ཚད་མེད་ཐབ་རུང་བོད་རིགས་རྒྱ་ཁྱི་མི་ཉུང་བ་ཞིག་གི་སྐྱོན་འཛུགས་ཚད་ལས་བརྒལ་བ་གནང་སོང་།

  30. བོད་རང་བཙེན་ says:
    2011-03-26 at 8:57 am

    བོད་ལ་སྤྱིས་པའི་ཉི་མ་ཤར་ རངབཙེན་མྱུར་དུ་ཐོབ་ མཁས་དབང་བློ་སེང་ཁྲི་ལ་འགྱིངས་ རྒྱ་མར་བཙའ་མེད་བཏང་ བོད་རྒྱལ་ལོ

  31. བཙན་བྱོལ་བ་ says:
    2011-03-26 at 1:31 pm

    གཞིས་ཆགས་རྙིང་པའི་འོས་ཤོག་སྐོར་ལ་བློ་སེང་ལ་མཐོ་ཤོས་ཡིན་ཐག་ཆོད་རེད། འོས་མཐོ་ཤོས་སུ་ལ་ཐོབ་མིན་དེ་གནད་འགག་ཆེན་ོ་གང་ཡང་མ་རེད། གང་ཟག་སུ་ལ་ཐོབ་ན་ཡང་བཟང་སྤྱོད་ཀྱི་ཐོག་ནས་བཀྲིས་བདེ་ལེགས་ཞུ་རྒྱུ་རེད། ཡིན་ན་ཡང་། གནད་འགག་འོས་བསྡུའི་གསང་བ་དེ་ཕྱིར་འགྱང་གང་འདྲ་བྱས་ནས་བྱུང་བ་རེད་དམ། གདན་ས་ནང་ལ་སྐད་ཆ་དེ་འདྲ་ཁྱབ་པ་ནི་སེར་སྨད་བློ་དགའ་ཟེར་བའི་འོས་བསྡུ་ལས་བྱེད་པ་འདིས་བཤད་པ་ཡིན་ཐག་ཆོད་རེད། མི་འདིས་སྔ་ཕྱི་བར་གསུམ་བྱེད་སྟངས་ལ་བསྐྱར་སློག་བྱེད་ན་ཞེན་པ་ལོག་ཡས་རེད།

  32. མེ་ཏོག་དཀར་པོ། says:
    2011-03-26 at 1:46 pm

    ལྷག་བསམ་ཀྱི་སྐད་ཆ་ལ་ཁུངས་སྐྱེལ་བྱ་དགོས།

  33. མེ་ཏོག་དཀར་པོ། says:
    2011-03-26 at 1:49 pm

    ཁ་བའི་སྒྲོན་མེ་ལགས། བློ་སེང་ལ་སྐྱོན་འཛུགས་བྱེད་ན་རྒྱ་མིའི་རྒྱུགས་ཁྱི་ཇི་ལྟར་འགྱུར། བཀྲས་མཐོང་ལ་ཚིག་ངན་འཕེན་ལ་གུང་ཕྲན་ཏང་གི་ཕོགས་ཟན་ཇི་ལྟར་མི་འགྱུར་ཚུལ་གསུངས་རོགས།

  34. བཙན་བྱོལ་བ་ says:
    2011-03-26 at 2:03 pm

    ཐེ་ཝན་བོད་བཞུགས་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་གིས་འོས་བསྡུའི་སྒྲིག་གཞི་དང་འགལ་བའི་བྱ་ཕྱོགས་སྐོར་ཐེ་ཝན་གསར་འགྱུར་དྲ་རྒྱ་ཞིག་ཏུ་སྤེལ་འདུག ཁོང་གིས་ཐེ་ཝན་ནང་གི་བཀའ་ཁྲི་འོས་བསྡུའི་ནང་བློ་བཟང་སེང་གེ་ལ་འོས་གྲངས་ཇི་ཙམཐོབ་མིན་ཚགས་པར་ལ་བཤད་འདུག་པ་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་བ་རེད། ཞིབ་ཕྲ་འོག་གི་དྲ་རྒྱའི་གནས་ཚུལ་ལ་གཟིགས་རོགས།
    http://www.taipeitimes.com/News/taiwan/archives/2011/03/21/2003498730/2

  35. ལ་རྒྱའི་བདག་པོ། says:
    2011-03-27 at 2:23 am

    ངས་ཀྱང་གོ་ཐོས་བྱུང་།སེར་སྨད་བློ་དགའ་ཟེར་བའི་མི་བུ་འདི་པས་ཞེན་ཁོག་བྱ་རྒྱུ་བྱུང་ན།རང་གི་དམ་སྡོམ་དང་།༸རྒྱལ་བའི་བཀའ་སློབ།ཟམ་གདོང་བླ་མའི་གསུང་བཤད།དགའ་ཁྲིའི་འབོད་སྐུལ་གང་ལའང་ལྟོས་མེད་རེད་ཅེས་གླེང་མཁན་མང་པོ་འདུག་པས་མི་བུ་འདིས་གྲྭ་ལྭ་དམར་པོ་འདི་གྱོན་ནས་འཆི་མི་དྲན།ལས་རྒྱུ་འབྲས་མི་དྲན་ཅི་འདྲའི་གླེན་པ་ཞིག་ཨང་།།

  36. ཇ་མ་ says:
    2011-04-19 at 2:39 pm

    སྐྱེ་བདུན་རུ་བུ་ཐོན་རག་བར་ཨ་ཕའི་སྐྱེ་བ་ཟད་རྒྱུ་རེད་ཟེར་བ་ལྟར། བཀའ་ཁྲིའི་གསལ་བསྒྲགས་མ་བྱས་པར་ངའི་གང་ལ་ཉན་དགོས་མི་ཤེས་གི་ཡ། ཁོ་རེ་དྲ་བལྟ་ཚོ།

  37. karma says:
    2011-04-19 at 8:12 pm

    ཁར་སྔོན་བློ་སེང་ལ་སྔོན་འགྲོའི་གྲུབ་འབྲས་ཡག་པོ་བྱུང་བ་དེ་ཁ་མཁས་ཀྱིས་བསླུས་ཀྱང་དངོས་གཞི་ལ་དེ་ལྟར་མི་ཡོང་ཚུལ་དང་། དེ་བཞིན་བཀྲས་མཐོང་ལགས་ཀྱི་ཁྱབ་བསྒྲག་ཉུང་དྲག་ཚུལ་སོགས་བརྗོད་དེ་བཀྲས་མཐོང་ཡང་ས་གནས་གང་སར་སྐོར་བསྐྱོད་དང་འགྲན་བསྡུར་ཐེངས་བཅོ་ལྔ་ཙམ་ལ་འཛུལ་ཞུགས་བྱས། ཉི་ཟེར་སྦར་མོས་མི་ཁེབ་པའི་སྐབས་ཟེར་རྒྱུས་ཕོངས་པའི་མི་འདི་དག་གིས་ལྷོ་ཕྱོགས་ཀྱི་དགེ་འདུན་པ་འདི་དག་གི་བྱས་ཚུལ་སོགས་གཞི་མེད་ཀྱི་སྒྲོ་དཀུར་མང་པོ་འདེབས་བཞིན་པ་ནི་ཡ་མཚན་པ་རེད། གལ་སྲིད་འོས་བསྡུ་འདི་ཆོལ་ཁའི་ཞེན་དུ་སོང་ན་ལྷོ་ཕྱོགས་སྐུ་ཞོགས་ལ་སྤུལ་པ་མང་ཙམ་འབྱེད་རྒྱུ་ཡོད་ན་མ་གཏོགས་དབུས་གཙང་ལས་ཆོལ་ཁ་གཞན་ལ་རེ་བ་གཏན་ནས་མེད། གོང་ན་ལྷག་བསམ་ཟེར་བས་(གྲྭ་བཙུན་དང་གླེན་རྨོངས་པ་གང་ན་ཚོགས་ཆེ་བ་ཡོད་ས་ན། བློ་སེང་ལ་འོས་བླངས་ཆོག་ཆོག་འདུག ཤེས་ལྡན་མི་སྣའི་དཔུང་ཁག་གི་ཁྲོད་ནས་བཀྲས་མཐོང་གིས་འོས་ཤོག་བླངས་ཆོག་འདུག་)་ཁྱེད་རང་གླེན་རྨོངས་པ་ཡིན་ནམ་ཤེས་ལྡན་པ་ཡིན་ངས་མི་ཤིས། བཀྲས་མཐོང་གི་རྒྱབ་སྐྱོར་བ་ཡིན་པས་ཤེས་ལྡན་པ་ཡིན་པ་འདྲ། འོན་ཀྱང་ཁྱེད་ཀྱིས་རྙིང་ཞེན་ཅན་གྱི་རྒས་འཁོགས་དང་ཤེན་ཡོན་པའི་སྡེ་གཉིས་ཀྱི་དབྱེ་བ་ལེགས་པར་ཕྱེས་ན་ཁྱེད་ཀྱི་སེམས་ནང་གི་རྙོག་འཛིང་དེ་ཉུང་དུ་འགྲོ་ངེས་རེད། གཞུང་ཞབས་དང་གཞུང་ཞབས་ཟུར་པའི་ཁོང་ནས་བློ་སེང་ལས་བཀའ་ཁྲི་འོས་མི་གཞན་གཉིས་ལ་རྒྱབ་སྐྱོར་མང་བ་ཡོད་པ་གསལ་པོ་རེད།

  38. ཁ་བའི་སྒྲོན་མེ། says:
    2011-04-23 at 3:37 am

    བློ་སེང་ནི་བོད་རིགས་ཁྲོད་དེང་དུས་སློབ་སྦྱོང་ཐོག་མཁས་དབང་གི་མཚན་གནས་རག་མཁན་ཞིག་དང་སྐུ་དྲག་དང་བླ་མ་ལས་གཞན་པའི་ཆེས་ཕུལ་བྱུང་མི་སྣ་དང་པོ་དེ་རེད་ཟེར་ཆོག་པ་འདུག་ན་བོད་རིགས་ཙམ་ཟིན་རྣམས་ཀྱི་ཁོང་ལ་སྐྱོན་བརྗོད་བྱས་དགོས་ན་༧གོང་ས་མཆོག་གི་ཐོག་མར་སློབ་གྲ་འཛུགས་པའི་དམིགས་ཡུལ་དངོས་ལ་སྐྱོན་བརྗོད་བྱས་པ་དང་ཁྱེད་པ་ཅུང་ཟད་མེད་པ་ཤེས་དགོས་ངེས་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme